Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་པའི་དག་འབུད།

Posted on 2011-04-25 By ཁ་བརྡ་ No Comments on སེམས་པའི་དག་འབུད།

མཆོང་།

  ཉིན་དེར། ཁྱེད་ཉིད་ངའི་འཁྲིས་སུ་སླེབས། ཡ་མཚར་གྱི་རྐྱེན་ནམ། ཡང་ན་གློ་བུར་ཀྱི་སེམས་འགུལ་གྱིས་བགྱིས་པ་ཡིན་ནམ། དམིགས་བྱ་ཅི་ཡིན་མ་ངེས་ཏེ། ཁྱེད་ཉིད་ཀྱིས་འཛུམ་མུལ་མུལ་ངང་རྡེའུ་ཞིག་བླངས་ཏེ། པྲ་ཚགས་ཀྱི་ཚུལ་ཏུ་ངའི་ལྷིང་འཇགས་ཀྱི་ཡིད་མཚོའི་ཀློང་དུ་འཕངས།
  
  བྱ་སྤྱོད་འདིས། ངའི་སེམས་ཁུང་དུ་བཅོས་མིན་ར་རི་བྲལ་བའི་ལྗང་མཉེན་མཉེན་གྱི་མྱུ་གུ་སྐྱེ་སའི་ཞིང་ཁ་བསྐྲུན།
  
  མ་གཞི་ངས། ཁྱེད་ཀྱིས་ང་དང་འབྲེལ་འདྲིས་བྱས། འཇམ་ཞིང་མཉེན་པའི་བྱེད་ལས་བསྒྲུབས་རྗེས། ང་དང་འགྲོགས་ནས་ཁུ་སིམ་པའི་གནས་ཞིག་ནས་ངའི་སྙིང་རྩའི་འཕར་ལྡང་ཇི་ལྟར་ཇེ་མགྱོགས་འགྲོ་བར་ཉན་བཞིན། ལྷད་མེད་པའི་བརྩེ་བ་དེ་ཁྱེད་ལ་ཅི་ལྟར་སྤྲོད་པར་ངང་བསྒུག་བྱས་འདུག་སྙམ། དེ་ནི་དགའ་ཞིང་སྤྲོས་བའི་དུས་ཅིག་རེད་འདུག།ཡིན་ཡང་ཁྱེད་ཀྱི་འཕངས་བའི་རྡེའུ་དེས་ངའི་སེམས་མཚོ་ལས་འོད་མདངས་བཀྲ་བའི་རླབས་ཕྲིང་འཕྱོ་རྗེས། འཁྱུག་ཙམ་བསྡད་དེ་ཕྱི་མིག་ཀྱང་མེད་པར་རྒྱང་དུ་བཞུད་སོང་།

    ཁྱེད་ཀྱིས་ཤེས་ཡོད་དམ། ཁྱེད་སོང་ནས་བཟུང་། ངའི་སེམས་སུ་འཕྱོ་བའི་རླབས་ཕྲན་འཇགས་མ་མྱོང་། ངས་ནམ་ཡང་མཚོ་འགྲམ་གྱི་སྡོང་ལོ་མཉེན་པོའི་གྲིབ་གཟིགས་ཁྱེད་ཉིད་དུ་སྒོམ། ངའི་འཇམ་མཉེན་གྱི་རླབས་ཕྲན་དེས་བྱིལ་བྱིལ་བྱེད་ཞོར། དྲོད་ཁོལ་ལྡན་པའི་འོ་ཡང་ཡང་བྱས།
ཁྱེད་རང་དྲན་ནས་ང་རྒྱུན་དུ་བག་མ་ཕབ་པའི་ངང་དུ་གནས། བགྲང་བྱ་ངེས་མེད་ཀྱི་མཚན་མོ་གང་མང་ལ་འབའ་འབུ་གྱི་གླུ་དབྱངས་ཉན་བཞིན་ཁྱེད་ཀྱི་རྡོག་སྒྲར་རེ་སྒུག་བྱས་པ་དེར་སྐར་མ་དག་གིས་ཀྱང་གྲངས་སུ་མི་ཟིན།

    གཅིག་བྱས་ན། ཁྱེད་ཉིད་ངའི་འཁྲིས་སུ་ནམ་ཡང་ལོག་མི་དཔེ་ནའང་། ཁྱེད་ཀྱི་གཟི་བརྗིད་ལྡན་པའི་འཛུམ་མདངས་དེས་ངའི་ཁེར་རྐྱང་གི་འཇིག་རྟེན་དུ་དྲོད་ཁོལ་དང་འོད་ཟེར་ཡང་གནང་མི་སྲིད།
  
  འོན་ཀྱང་། ཁྱེད་ཀྱི་ལུས་དྲོད་འདྲེས་པའི་རྡེའུ་དེ་ངས་ཉར་ཚགས་བྱས་དང་བྱེད་བཞིན་པ་མ་ཟད། ལོ་ཟླའི་འགྲོས་དང་བསྟུན་དེས་དྲན་གདུང་ལྷག་ནས་ལྷག་དུ་ཁ་སྣོན་བྱེད་ཀྱིན་འདུག
  
ཉིན་ཞིག། བྱམས་སྙིང་རྗེ་མེད་པའི་ལོ་ཟླས་ངའི་འཚོ་རྟེན་གྱི་ཁྲག་བསྐོལ་ནས་ཡོངས་སུ་རླངས་པར་འགྱུར་དུས། ངས་གླུ་ལེན་མྱོང་བ་དང་ངུས་མྱོང་བའི་ཡུལ་དེར་རྡེའུ་ཉར་ཚགས་བྱས་ཡོད། མི་རྣམས་ཀྱིས་ཡ་མཚན་པའི་ངང་ཤ་བལ་སྟུག་པོས་བཏུམས་པའི་དྭངས་གཙང་རྡེའུ་དེ་རྙེད་སྲིད།
  
 
ཤ་བལ་ནི། ངའི་ཟུངས་ཁྲག་ལ་བངས་བའི་ཁྱེད་ལ་སྤྲད་པའི་བརྩེ་བ། འཇམ་ཞིང་མཉེན་པའམ་སྲ་ཞིང་མཁྲེགས་ལྗང་མདོག་ལྡན་པ་དེའི་སྟེང་དུ་འོད་ཆེམ་ཆེམ་འཕྲོས་བའི་ཟིལ་ཆུའི་ཕྲ་ཚོམས་བཏབ་ཡོད།

སྙན་ངག

Post navigation

Previous Post: ས་མཐའི་གྱེས་གདུང་།
Next Post: འདྲེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme