Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲན་རྩོམ་གསལ་བརྡ།

Posted on 2011-04-232011-04-23 By ཁ་བརྡ་ 14 Comments on འགྲན་རྩོམ་གསལ་བརྡ།

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་།
འདི་ལོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་བ་དོན་གྱི་བདག་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་གནང་ཞིང་། གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོ་ཕྱིར་བསྡུ་གནང་བའི་དུས་རིམ་གྱི་འཕོ་འགྱུར་ཧ་ཅང་གནད་འགག་ཅན་ཞིག་དང་། བོད་མི་རིགས་ལ་མཚོན་ན་སྐྱབས་མེད་མགོན་མེད་བྱིས་པ་ཐང་སྟོང་དུ་ལྷུང་པ་ལྟ་བུའི་མྱོང་ཚོར་ཟབ་མོ་འོང་བའི་དུས་ཚོད་གཉན་ཕྲང་ཅན་འདིར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་མཆོག་གིས་རང་ཅག་གངས་ཅན་བོད་མིའི་བདེ་སྡུག་ཇི་ལྟར་ཕྱག་དུ་བསྣམས་པ་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གངས་ཅན་པ་རྣམས་ལ་དྲིན་གྱིས་ཇི་ལྟར་བསྐྱངས་ཡོད་མེད་ཤེས་ཤིང་བཀའ་དྲིན་རྗེས་དྲན་དང་མི་རབས་ཕྱི་མ་རྣམས་ལ་རྩིས་སྤྲོད་དགོས་པ་ནི། ང་ཚོའི་མི་ཐིག་གི་ལས་འགན་ལ་སོང་། གངས་ལྗོངས་གེ་སར་ཚང་གིས་བརྗོད་བྱར།༼ གངས་རིའི་མགོན་པོ་དང་གངས་ཅན་པ།༽ཞེས་པའི་འགྲན་རྩོམ་འདི་གོ་སྒྲིག་བྱེད་བཞིན་ཡོད། འདིར་ལོ་ཚད་སོགས་ལ་ཚད་བཀག་གང་ཡང་མེད་པ་མ་ཟད་གཤམ་གསལ་ལྟར་གསོལ་རས་ཀྱང་མི་ཆུང་བ་འབུལ་རྩིས་ཡོད་ན། རྒྱ་ཆེའི་སྨྱུག་ཐོགས་པ་གང་མང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུ།
ཐུགས་སྣང་དགོས་པ།
༡༽ རྩོམ་ཡིག་གི་ལུས་ཇི་ལྟར་རུང་ཡང་། ཚེག་བར་ཉུང་མཐའ་ཉིས་སྟོང་ལྔ་བརྒྱ་དང་མང་མཐའ་བཞི་སྟོང་ཡིན།
༢༽ རྩོམ་ཡིག་དཔྱད་འདེམས་དང་བརྒྱ་ཆ་སྤྲོད་ཕྱོགས་ནི། རང་རིགས་བཙན་བྱོལ་ནང་ཚད་འཛིན་ཡོད་པའི་རྩོམ་པ་གང་མང་ལ་ཕུལ་ནས་དེ་དག་གིས་རྩོམ་ཡིག་རྩེ་ཕུད་བཅུ་ལ་གནང་བའི་ཨང་རིམ་ལ་བརྒྱ་ཆ་ལྔ་བཅུ་དང། རྩོམ་ཡིག་རྩེ་ཕུད་བཅུ་པོ་དེ་དག་དྲ་རྒྱའི་ཐོག་ཏུ་ཟླ་གཅིག་རིང་བཀོད་ཅིང་། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཡོད་དོ་ཅོག་གིས་འོས་ཤོག་ལ་བརྒྱ་ཆ་ལྔ་བཅུ་ཚད་འཛིན་བྱས་ཏེ་མཐའ་མའི་ཐག་གཅོད་གཏན་འབེབས་བྱ་རྒྱུ་ཡིན། བརྒྱ་ཆ་སྤྲོད་མཁན་སུ་ཡིན་དང། དྲ་རྒྱ་གང་དུ་འོས་ཇི་ལྟར་ལྡུག་དུས་ཐོག་ཏུ་གསལ་སྒྲོག་བྱ་རྒྱུ་ཡིན།
༣༽ རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་དང་བསྐུར་སའི་བརྒྱུད་ལམ། རྩོམ་ཡིག་བསྐུར་སའི་བརྒྱུད་ལམ་ནི་གློག་ཡིག་ཁོ་ན་ཡིན་པས། རྩོམ་པ་པོ་ཚང་མས་རྩོམ་ཡིག་གཤམ་གསལ་གློག་ཡིག་ཁ་བྱང་ཐོག་གཏོང་རོགས། རྩོམ་ཡིག་དང་ལྷན་དུ་འབྲེལ་བ་བྱེད་སའི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་གསལ་པོ་དང་རང་ཉིད་ཀྱི་ཕྱེད་དཔར་རེ་ཡང་བསྐུར་རོགས། རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་ནི་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཕྱི་ཟླ་༧་པའི་ཚེས་༦་ལ་ཡིན།
༤༽ དཔེ་དེབ་འགྲེམས་སྤེལ་དང་ཨང་རིམ་གསལ་སྒྲོག་གི་དུས་ཚོད། འགྲན་རྩོམ་ནང་གི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་འདེམས་སྒྲུག་གིས་དེབ་གཟུགས་སུ་དཔར་བཏབ་ནས་འདི་ལོའི་ལོ་མཇུག་དང་འཆར་ལོའི་ལོ་འགོར་༧གོང་ས་མཆོག་གི་རྡོ་གདན་དུས་དབང་སྐབས་འགྲེམས་སྤེལ་བྱ་རྒྱུ་དང་། ཨང་རིམ་གྱི་བྱ་དགའ་ཡང་དེའི་སྐབས་སྤྲོད་ཀྱི་ཡིན།
གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གྱི་བྱ་དགའ།
ཨང་རིམ་དང་པོ་ནས་གསུམ་པ་བར་ཨང་རིམ་གྱི་བྱ་དགའ།
ཨང་དང་པོར་ཧིན་སྒོར་ཁྲི་གསུམ་། ༼ ༣༠༠༠༠༽
ཨང་གཉིས་པར་ཧིན་སྒོར་ཁྲི་གཉིས། ༼༢༠༠༠༠༽
ཨང་གསུམ་པར་ཧིན་སྒོར་ཁྲི་གཅིག ༼༡༠༠༠༠༽
ཨང་བཞི་པ་ནས་བཅུ་པ་བར་ལེགས་བསྟོད་ཀྱི་བྱ་དགའ་། མི་རེ་ལ་ཧིན་སྐོར་ཆིག་སྟོང་ལྔ་བརྒྱ་བཅས་འབུལ་རྒྱུ་དང་རྩོམ་ཡིག་རྩེ་ཕུད་བཅུའི་རྩོམ་པ་པོར་ཕྱག་འཁྱེར་རེ་ཡང་འབུལ་རྒྱུ་ཡིན།
འབྲེལ་བ་བྱེད་ས།
ཨ་རིར། Kalsang GGT 1860 Shalburne རྒྱ་གར་ནང། Sonam Tsering Sermey Tsawakhamtsen
RD. S. Burlington VT 05403 USA House no:37 P.O Byllakupe distt Mysore
phone no: 0018028637110 (kS) India Phone no: 9945034410
E- Mail: kalsagggt9@yahoo.com E- Mail: kalsagggt9@yahoo.com
གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གོ་སྒྲིག་པས།

གསལ་བསྒྲགས།

Post navigation

Previous Post: དགུ་བརྒྱའི་རྗེས་དྲན་གྱི་སྙན་ཚིག
Next Post: ཀིརྟི་དགོན་པའི་གྲྭ་ ༣༠༠ འཛིན་བཟུང་།

Comments (14) on “འགྲན་རྩོམ་གསལ་བརྡ།”

  1. བོད་ཁམས་ཉི་མ་། says:
    2011-04-23 at 3:53 am

    བརྗོད་བྱ་ལ་ཚད་འཛིན་ཡོད་དམ་མེད་ སྤྱིར་སྙན་བརྩོམས་རིགས་ཡིན་ནམ།

  2. ཨ་གངས་ཞེན། says:
    2011-04-23 at 7:05 am

    སྲོལ་རྒྱུན་སྙན་ངག་དང་རང་མོའི་ལྷུག་རྩོམ་སོགས་གང་ཡིན། བརྗོད་བྱ་གང་འདྲ་ཞིག་ཡིན་ནམ་སྐུ་ཕྲེང་འདིའི་མཛད་འཕྲིན་གྱིས་ཆ་ནས་གླེང་དགོས་སམ་ཡང་ན་སྐུ་ཕྲེང་རིམ་བྱོན་གྱི་ཆ་ནས་གླེང་དགོས།

  3. གངས་རི། says:
    2011-04-23 at 8:05 am

    ཁོར་ཡུག་འདི་འདྲ་སྐལ་བ་བཟང་།། ཐུགས་ཆེ་མཁྱེན་ལྡན་སྤྱན་ཡངས་པ།། བྱ་བ་ལམ་ལྷོང་ཡོང་བར་སྨོན།།

  4. བྱ་ཁྲ་བསོད་ནམས། says:
    2011-04-23 at 11:54 am

    དྲ་གྲོགས་རྣམས་ལ་ཞུ་རྒྱུ། རབ་ཏུ་བྱུང་ན་སྙན་ཚིག་མིན་པ་ཞིག་ལ་རེ་བ་རྒྱག་བཞིན། བརྗོད་བྱར་ཚད་བཀག་གང་ཡང་མེད། རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་བྱ་གངས་རི་མགོན་པོ་དང་གངས་ཅན་པ་ཞེས་པའི་ཚིག་འདིའི་གོ་བ་ཇི་ལྟར་ཞིག་ལོན་ན། འདི་ལྟར་འབྲི་ཆོག་པ་ཡིན།

  5. བྱ་ཁྲ་བསོད་ནམས། says:
    2011-04-23 at 12:02 pm

    དྲ་གྲོགས་རྣམ་པར་གསལ་བཤད་ཞུ་རྒྱུ་ཞིག་ལ། ང་ཚོའི་ངོས་ནས་རབ་ཏུ་བྱུང་ན་སྙན་ཚིག་མིན་པ་ཞིག་ལ་རེ་བ་རྒྱག་བཞིན་ཡོད། བརྗོད་བྱར་ཚད་བཀག་གང་ཡང་མེད། ཁྱེད་རྣམ་པས་གསལ་སྒྲོག་ལེགས་པར་བཀླགས་རྗེས། གོ་བ་ཇི་ལྟར་ཞིག་ལོན་ན་དེར་ལྟར་འབྲི་ཆོག་ངེས་ཡིན།

  6. དབྱི་ཆུའི་རླབས་སྒྲ། says:
    2011-04-24 at 11:17 am

    མགྲན་རྩོམ་གོ་སྒྲིག་ཚོགས་ཀྱིས་འདི་འདྲའི་གོ་སྐབས་གནང་བར་རྗེས་སུ་ཡིད་རངས་ཡོད།
    ཁྱེད་རྣམ་པའི་བྱ་བཞག་ལམ་འགྲོ་ཡོང་བའི་ཆེད་དུ་རང་ཉིད་ལ་དུས་ཚོད་ཡོད་ན་ངེས་པར་རྩོམ་ཡིག་ཅིག་འབྲི་ངེས་ཡིན། ཐུགས་རྗེ་ཆེ།

  7. འོ་མ། says:
    2011-04-24 at 12:01 pm

    ཅི་ཞིག་འབྲི།
    རང་ཉིད་ཀྱིས་ཡིན་པ་ཞིག་གི་ཕྱོགས་བཤད་ན། གཞན་ཞིག་གིས་མིན་པ་ཞིག་ལ་གོ་བ་ལོག་ལེན་གྱིས་ཡོད་ཚད་ལ་སྙེད་འདོགས་དང་། ཡོད་ཚད་མངོན་ལྐོག་གང་རུང་ནས་འདྲེ་དགེགས་བྱེད་བཞིན་ཡོད་སྟབས། ཡིག་འབྲིའི་ཁྲོད་ནས་ཚེ་སྲོག་གི་ཐོབ་ཐང་ཡང་ཤོར་འགྲོ་ཡོད།

  8. འབྲོང་ངུར་བསྟན་འཛིན་ལམ་བཟང་ says:
    2011-04-24 at 1:33 pm

    འདི་དགའ་དགོས་པའི་གཏམ་བཟང་ཞིག་རེད། ཕྱོགས་གང་ཐད་ནས་བོད་སྐད་ཡིག་ཡར་རྒྱས་འགྲོ་ཐབས་ལ་འབད་པར་ཐུགས་རྗེ་ཞུ

  9. བྱ་ཁྲ་བསོད་ནམས། says:
    2011-04-24 at 4:00 pm

    རླབས་སྒྲ་ལགས། ཉིད་ཀྱིས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། ཁྱེད་ལྟ་བུ་བོད་ཀྱི་ཚེ་སྲོག་འཛིན་མཁན་རྩོམ་པ་པོ་རྣམས་ལ་ཆེད་དུ་བསྐྲུན་པའི་ལམ་བུ་ཞིག་ཡིན་པས། ད་ཐེངས་ཁྱེད་རྣམ་ངེས་པར་དུ་འཕེབས་རོགས། ང་ཚོ་གྲ་སྒྲིག་པའི་ངོས་ནས་དགའ་བསུ་ཞུ་བཞིན་ཡོད།
    འོ་མ་ལགས། འོ་མ་ལྟར་དཀར་བའི་སེམས་པའི་ཀུན་སློང་ཞིག་གིས་བརྗོད་གཞིར་ཞིབ་པར་དཔྱད་དེ་གོ་བ་ཞིག་བླངས་ན། གོ་བ་ལོག་པ་ནམ་ཡང་ལེན་མི་སྲིད་ལ། ཁྱེད་ཀྱི་ཚེ་སྲོག་ལ་ཡང་འཇིགས་དགོས་དོན་གང་མེད།

  10. བྱ་ཁྲ་བསོད་ནམས། says:
    2011-04-24 at 4:08 pm

    རྩོམ་པ་པོ་ཚང་མར་གསལ་བཤད་ཅིག་ལ།
    གསལ་སྒྲོག་གི་མཇུག་ཏུ་དྲ་རྒྱའི་ཤོག་བུ་ཆེ་ཆུང་ལ་བརྟེན་ནས། འབྲེལ་ལམ་གྱི་ཁ་བྱང་འཁྲུགས་ཏེ་གསལ་ཆ་མེད་པ་ཞིག་ཆགས་འདུག་ན། ངེད་ཅག་གིས་རྗེས་སུ་བང་ཆེན་གསར་ཤོག་དང་དུས་བབས་གསར་ཤོག་ཏུ་བཏང་ཡོད་པས། ཚང་མས་དེར་གཟིགས་གནང་ཡོང་བ་མཁྱེན

  11. lobsangtenje says:
    2011-04-26 at 5:49 pm

    གངས་ལྗོངས་གེ་སར་ཚང་དང་མཁས་དབང་བསོད་ནམས་ཚེ་རིང་གཉིས་ཀྱི་་ལས་གཞི་རླབས་ཆེན་འདི་འདྲ་བརྕམས་པར་སྙིང་ཁོག་རུས་པའི་གཏིང་ནས་བསྔགས།།
    བྱ་བ་ལམ་འགྲོ་ཡོངས་པའི་སྨོན་ལམ་དང་བཅས།།

  12. སྨར་ཁམས་ཐང་ཚང་གྲགས་པ་རྒྱ་མཚོ། says:
    2011-05-01 at 3:46 pm

    བརྩད་རྩོད་རིང་ཐང་རྙེད་པའི་ལུང་རིང་གཞི། རྨད་བྱུང་ལྷག་བསམ་གཏེང་བརྟོགས་གོ་བ་གཉིས།
    ལམ་ཕྱོགས་འབད་བསྒྲུབ་མཚན་མའི་སྔོན་ནས་བཅད་། འབྲས་འཚོལ་ཡུལ་ལ་སྨིན་པའི་ལག་ལེན་ཞིགས་བཅས།

    ཁྱེད་རྣམས་ཀྱི་ལས་གཞི་འདི་འདྲ་ཞིག་གནང་བ་ལ་ཐུགས་རྗེ་ཤིན་ཏུ་ཆེད་ཞུས།།

  13. ཨ་རིག་དགེ་མཐོང་། says:
    2011-05-09 at 11:10 am

    འགྲན་རྩོམ་འདི་གོ་སྒྲིག་བྱས་པ་ཙམ་ལ་ཁོ་བོས་སྙིང་ནས་གུས་བརྩི་དང་བཀའ་དྲིན་ཆེ་ཞུ། གཞན་ཁྱེད་ཚོའི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ། དུས་ཚོད་བྱུང་ན་ཨུ་ཚུགས་བརྒྱབས་ནས་ཅིག་འབྲི་གི་ཡིན།
    འགྲན་རྩོམ་ཡིན་པས་མི་མང་གིས་ཆ་ཤས་ལེན་རྒྱུ་དེ་གལ་ཆེན་རེད། རྩོམ་ཡིག་མང་བོ་ཞིག་གི་ཁྲོད་ནས་བདམས་ཐོན་བྱུང་ན་གཟི་བརྗིད་ཇེ་ཆེ་འགྲོ་ངེས་ཡིན་པས་མཉམ་ཞུགས་བྱེད་རྒྱུ་ཡིན།

  14. lobsangtenje says:
    2011-05-13 at 5:45 pm

    དྲ་རྒྱ་ཙམ་མ་ཡིན་པ་བོད་རིགས་འདུས་འཛོམས་དང་འགྲོ་སྡོད་བྱེད་ཡུལ་ཁག་ལ་སྦྱར་སྒྲག་ཐུབ་པ་ཡིན་ན་དྲ་རྒྱ་དང་གློག་ཀླད་མི་ཤེས་པའི་མཁས་པར་མི་ཉུང་བ་ཞིག་ལ་ཐུགས་ཕན་ཡོང་བར་སྙམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme