Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟའ་འཚོལ་སྟེགས་བུ།

Posted on 2011-04-22 By ཁ་བརྡ་ 2 Comments on བཟའ་འཚོལ་སྟེགས་བུ།

ཨ་རིག་འགྱུར་མེད།
བརྩེ་བའི་ཀློག་མཁན་རྣམ་པ། ཁྱེད་རྣམ་པའི་ཁམས་བཟང་།
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་དྲ་ཐོག་ཏུ་ཤར་གཏོང་བྱས་པའི་ ༼ གཞོན་ནུའི་འགྱུར་ཁུགས་ ༽ དྲ་བར་ཁྱེད་ཅག་གིས་ཡིག་ངག་གཉིས་ཐོག་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ཤིས་ཚིག་ཕུལ་བར་སྙིང་ནས་དགའ་ཞིང་སྤྲོ་བར་མ་ཟད། ངེད་ཅག་རྩོམ་སྒྲིག་ཚན་ཆུང་གིས་ཁྱེད་རྣམ་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་ཡིན། རེད། གཞོན་ནུའི་འགྱུར་ཁུགས་དྲ་བ་འདི་ལྟར་དྲ་ཐོག་ཏུ་ཤར་གཏོང་བྱས་ཏེ། ངེད་རྩོམ་སྒྲིག་ཁང་གིས་ཁྱེད་རྣམ་པ་དང་ལྷག་པར་དུ་བོད་མི་རིགས་ཀྱི་ཉག་ཕྲ་བའི་སྐད་ཡིག་གི་གནས་བབ་ལ་བསམ་ཞོར་ལམ་ལ་ཆས་པ་དང་། ཁྱེད་ཅག་གི་ཤིས་ཚིག་སྣ་ཚོགས་ཀྱིས་ངེད་ཅག་ལ་སེམས་གཏིང་ནས་རྒྱབ་སྐྱོར་གྱི་རྣམ་པ་རྗེན་རྗེན་དུ་བསྟན་པས། ངེད་ཅག་གི་སེམས་སུའང་ཁྱེད་ཅག་ནི་ངེད་ཅག་གི་རྒྱབ་རི་བྲག་དང་མདུན་རི་ནགས་ཡིན་པའི་ཡིད་ཆེས་བརྟན་པོ་རྙེད་བྱུང་། དེར་བརྟེན། འདི་རུ་ང་ཚོས་བསྐྱར་དུ་གཞོན་ནུའི་འགྱུར་ཁུགས་ཀྱིས་ཁྱེད་ཅག་ལ་བསྒྲུབ་ན་འདོད་པའི་ཞབས་ཕྱིའི་རྣམ་གྲངས་གསར་བ་ཞིག་ངོ་སྤྲོད་བྱེད། དེ་ནི་ཁྱེད་ཅག་གིས་མཁྱེན་གསལ་ལྟར་གཞོན་ནུའི་འགྱུར་ཁུགས་ཀྱི་ཆེད་བསྒྲིགས་ལེ་ཚན་ནམ་ ༼ དམིགས་བསལ་ལེ་ཚན་ ༽ ཡིན་ལ། འདིའི་རིགས་ནི་བོད་སྐད་ཡིག་གི་དྲ་ཤོག་དང་ཚགས་དེབ་སྣ་ཚོགས་སྟེང་བྱུང་མ་མྱོང་བ་ཙམ་ལས་ཕྱིའི་སྐད་རིགས་འདྲ་མིན་དང་བརྒྱུད་ལམ་འདྲ་མིན་དུ་དར་ཁྱབ་ཀྱང་ཆེན་པོ་ཡིན་རབས་འདུག
གང་ལྟར་ཡང་། ང་ཚོས་བཙན་བྱོལ་གྱི་ཁ་སྟབས་ཞན་པའི་འཚོ་བ་འདིའི་གཏིང་རིམ་བསྔོག་པའམ། ཡང་ན་སྐྱབས་བཅོལ་གྱི་འཚོ་བའི་གནས་བབ་འོག་ཏུ་གྲངས་ཉུང་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དགུ་འཐོར་དུ་སོང་བའི་བོད་རིགས་ན་གཞོན་རྣམས་དང་། ལྷག་པར་དུ་ལོའི་ན་ཚོད་ཀྱི་ཆ་ནས་ཚེ་གཅིག་གི་བཟའ་ཟླ་བཙལ་ཏེ་ཆང་ས་རྒྱག་པ་དང་བུ་བུ་མོ་བསྐྱེད་དེ་འཁོར་བ་སྐྱོང་བའི་དུས་ལ་བསླེབས་ཟིན་ཡང་། འཚོ་བའི་གནས་བབ་དང་ཁོར་ཡུག་གི་གནས་བབ། ཡང་ན་གཞན་བརྟེན་གྱི་འཚོ་བ་བཅས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཕོ་ཧྲེང་དུ་ལུས་པ་དང་གོ་རྒས་སུ་ལྷག་པ་རྣམས་ཀྱིས་དྲ་ཚིགས་འདི་བརྒྱུད་རང་ཉིད་ངོ་སྤྲོད་དང་། རང་ལ་ཚེ་གཅིག་གི་གཏན་གྲོགས་ཇི་ལྟ་བུ་ཞིག་དགོས་པ་སོགས་ངོ་སྤྲོད་བྱེད་ཆོག་པར་མ་ཟད། ངེད་ཅག་རྩོམ་སྒྲིག་པ་རྣམས་ཀྱིས་ཁྱེད་རྣམས་ཀྱི་རེ་འདུན་ལྟར་དུ་དང་འབད་བརྩོན་ལྟར་གྱི་གཏན་གྲོགས་ཤིག་རེག་རྒྱུར་རེ་བ་བྱེད།
ཇི་ལྟར་བཤད་རུང་ང་ཚོའི་མཛུབ་མོ་ལྔ་བོ་སྤུན་ཡིན་ལ་ལག་པའི་ཕྱི་ནང་ཤ་ཡིན་པས། འཛམ་གླིང་གི་རྒྱལ་ཁབ་གང་དུ་ཡོད་ཀྱང་ཆོག་ལ། གནས་བབ་ཇི་ལྟ་བུ་ཞིག་ཡིན་ཀྱང་ཆོག་སྟེ། ཁྱེད་ཅིག་གིས་འཛེམ་མེད་དོགས་མེད་ཀྱིས་ངེད་ཅག་རྩོམ་སྒྲིག་ཁང་ལ་རང་རང་གི་གནས་བབ་ངོ་སྤྲོད་དང་ཁྱེད་ལ་མི་ཚེའི་གཏན་གྲོགས་གང་འདྲ་ཞིག་དགོས་མིན། དེ་བཞིན་ཁྱེད་རང་སྟེང་གི་ཁྱད་ཆོས་ངོ་སྤྲོད་དང་ཕར་རོལ་བོའི་སྟེང་དུ་ཁྱད་ཆོས་གང་འདྲ་ཞིག་ལྡན་ན་ཁྱེད་རང་ཉིད་ལ་འོས་འཚམ་དུ་མཐོང་བཞིན་པ་བཅས་ངོ་སྤྲོད་གནང་ཚེ། ང་ཚོས་དེ་ལྟར་བརྒྱུད་ལམ་འདྲ་མིན་སྣ་ཚོགས་ནས་ཁྱེད་ཀྱི་རེ་འདུན་ལྟར་ཧུར་ཐག་བྱ་ཆོག
དེའི་དཔེ་མཚོན་རྩོམ་ཡིག་དམིགས་བསལ་ལེ་ཚན་གྱི་ ༼ བཟའ་འཚོལ་ ༽ ནང་དུ་འདྲེན་བཀོད་བྱས་ཡོད་ལ། དེར་གཟིགས་རྗེས་ཁྱེད་ཀྱིས་ཕལ་ཆེར་རང་ཉིད་ཀྱི་གནས་བབ་ཇི་ལྟར་ངོ་སྤྲོད་བྱེད་པ་དང་། ཡང་ན་རང་ལ་དགོས་པའི་བཟའ་ཟླར་ཁྱད་ཆོས་གང་བགྲང་དགོས་མིན་བཅས་རོབ་ཙམ་རྟོགས་ཐུབ།
ཡིན་ནའང་། ཁྱེད་ཀྱིས་ངེས་པར་དུ་ཐད་ཀར་འདི་ག་རྩོམ་སྒྲིག་ཁང་གི་ཚོགས་མི་གང་རུང་དང་། ཡང་ན་དྲ་ངོས་སུ་ཡོད་པའི་རྩོམ་སྒྲིག་ཁང་གི་ཁ་པར་ཨང་དང་གློག་འཕྲིན་ཐོག་འབྲེལ་བ་བྱས་ཏེ། ཐོག་མར་ཁྱེད་རང་ཉིད་ངོ་སྤྲོད་གསལ་བོ་བྱེད་དགོས་པར་མ་ཟད། ངེད་ཅག་རྩོམ་སྒྲིག་ཁང་གིས་ཁྱེད་ཀྱིས་དངོས་གནས་མི་ཚེའི་གཏན་གྲོགས་འཚོལ་བཞིན་པ་དང་། ཁྱེད་རང་གི་གནས་བབ་དང་དགོས་འདུན་སོགས་ལེགས་པར་རྟོགས་རྗེས་ད་གཟོད་ཁྱབ་བསྒྲགས་ཀྱི་རྣམ་པ་འགོ་འཛུགས་བྱེད་པ་ཡིན་པས་དེ་དོན་ཐུགས་ལ་ཉར་རོགས།

གཞན་ཡང་འདིར་ཞོར་འཕྲོས་སུ་བརྗོད་འདོད་པ་ནི། གཞོན་ནུའི་འགྱུར་ཁུགས་ཀྱིས་ཁྱེད་ཅག་ལ་ཁ་བཙོག་བཤད་སའི་སྟེགས་བུ་ཞིག་གོ་སྒྲིག་བྱས་ཡོད་ལ། ཁ་བཙོག་ནི་ཁ་བསང་སྟེ་བཤད་ན་འཁྲིག་གཏམ་སྣ་ཚོགས་བརྗོད་ས་ཞིག་ཡིན། དེ་ནི་དུས་རབས་འདིའི་བོད་མི་རིགས་ཀྱི་ན་གཞོན་རྣམས་ལ་ཆེད་དུ་གོ་སྒྲིག་བྱས་པ་ཞིག་དང་། ད་ལྟའི་ཆར་ཁ་བཙོག་ལེ་ཚན་དུ་ཐོར་རྒོད་པ་སྤྱན་ཆབ་ཀྱི་ ༼ འཁྲིག་སྤྱོད་ཀྱི་ལྡེམ་ཉུག་ ༽ དང་བེ་རི་འཇིགས་མེད་དབང་རྒྱལ་གྱི་ ༼ T.L ལ་ཕུལ་བ། ༽ མེ་ཏོག་དཀར་པོའི་ ༼ མ་མཐོང་དགུ་མཐོང་། ༽ ཨ་རིག་འགྱུར་མེད་ཀྱི་ ༼ འཁྲིག་པའི་སྔོན་འགྲོའི་རྒྱུ་བཤད་པ། ༽ དང་ ༼ འཁྲིག་སྤྱོད་ག་དུས་རེད་དམ། ༽ སེང་རྡོར་གྱི་ ༼ སྨད་འཚོང་མའི་ཐད་ཀྱི་སྐད་ཆ་དགུ་ཟུར་མ་ ༽ འབའ་སྲས་ཀྱི་ ༼ འཁྲིག་སྤྱོད་དམར་པོ་ ༽ ཉི་བུའི་ ༼ རྒྱོ་བཅད་ངོ་རྒོལ་ ༽ སོགས་བཀོད་ཡོད་ལ། ད་དུང་མུ་མཐུད་དེ་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་འདི་གར་བསྐུར་ཡོང་བའི་ཁ་བཙོག་གང་འདྲ་ཞིག་ཡིན་རུང་དྲ་ཐོག་ཏུ་འགོད་རྩིས་ཡོད།
ཡང་གཅིག་བཤད་ན། གཞོན་ནུའི་འགྱུར་ཁུགས་ཞེས་པའི་དྲ་ཚིགས་འདི་ནི་ཆེད་དུ་བསམ་བློ་གསར་བ་དང་ལྟ་བ་གསར་བ། མཆོང་སྐྱོད་གསར་བའི་རྗེས་སུ་སྙེག་གིན་པའི་དུས་རབས་འདིའི་ན་གཞོན་རྣམས་ཀྱི་ཆེད་དུ་དམིགས་ཏེ་བཟོ་སྒྲིག་བྱས་པ་དང་། དྲ་ཚིགས་འདི་བརྒྱུད་དེང་རབས་ཀྱི་ན་གཞོན་རྣམས་ཀྱིས་ཕན་ཚུན་ལ་གློ་རྒྱུ་མའི་སྐད་ཆ་བཤད་པ་དང་སེམས་དང་བསམ་པའི་རི་མོ་ཇི་བཞིན་བརྗོད་ཆོག་པར་མ་ཟད། ཁ་བཙོག་བཤད་པ་དང་དགའ་རོགས་འཚོལ་བ། ལ་གཞས་ལེན་པ། འཁྲིག་གཏམ་བརྗོད་པ། ཀུ་རེ་རྩེད་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་ཀྱང་རང་དབང་ཆེས་ཆེར་ལྡན་པ་ཡིན། ཞེས་པའི་དགོངས་དོན་དང་ཡོངས་སུ་མཐུན་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན།
Next Post: དགུ་བརྒྱའི་རྗེས་དྲན་གྱི་སྙན་ཚིག

Comments (2) on “བཟའ་འཚོལ་སྟེགས་བུ།”

  1. པ་མགོ་ says:
    2011-04-23 at 5:02 am

    དགའ་འོས་ལ་ཨ་རིག་འགྱུར་མེད་ཡང་བསྐྱར་རྩོམ་སྒྲིག་གི་སྟེགས་བུ་ངོམ་སོང་། བཟང་གི་ཨ་མའི་བུ་ཧུར་བརྩོན་བྱེད་རོགས་གནང་། ང་ཚོ་ཁྱེད་ལ་ཡིད་ཆེས་ཡོད།

  2. གཡུ་ཐོག་བུ། says:
    2011-04-25 at 8:50 am

    དྲ་རྒྱ་ཁ་བྱང་གང་རེད་དམ། ཨ་རིག་གིས་འགྲེལ་བཤད་ལ་བལྟས་ན་གསར་བརྗེའི་བསམ་བློ་ཞིག་གི་ཡོ་ལང་རེད་ན་འདོད། རྒྱབ་བསྐྱོར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme