Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་ཟླའི་ཚེས་ཉེར་དགུའི་ཉིན་ནི་དབྱིན་ཇིའི་རྒྱལ་སྲས་ཀྱི་གཉེན་སྟོན་ཉིན་རེད།

Posted on 2011-04-222011-04-22 By སྤོབས་པ་མཐའ་ཡས། 8 Comments on འདི་ཟླའི་ཚེས་ཉེར་དགུའི་ཉིན་ནི་དབྱིན་ཇིའི་རྒྱལ་སྲས་ཀྱི་གཉེན་སྟོན་ཉིན་རེད།

kate-willim1དབྱིན་ཇིའི་རྒྱལ་སྲས་ཝིལ་ལིམ་དང་ཁོང་གི་དགའ་རོགས་ཁེ་ཁྲི་མི་ཌིལ་ཁྲོན་གཉིས་གྱི་གཉེན་སྟོན་ལ་ཉིན་ཁ་ཤས་ལས་མི་འདུག གཉེན་སྟོན་གྱི་འགྲོ་སོང་སྤྱིར་དབྱིན་ཇིའི་རྒྱལ་ཁབ་གཞུང་གིས་གཏོང་འོས་པ་ཞིག་ཡིན་མོད་དེང་སྐབས་སུ་དབྱིན་ཡུལ་ལ་དཔལ་འབྱོར་གྱི་དཀའ་ངལ་ཅུང་ཟད་འཕྲད་བཞིན་པར་བརྟེན་རྒྱལ་པོའི་བང་མཛོད་རང་ནས་གཏོང་རྒྱུར་ཞལ་བཞེས་ཐོབ་འདུག གཉེན་སྟོན་ཆུང་སེ་བ་ཞིག་ལས་གྲ་སྒྲིག་མེད་སྟབས་འགྲོ་སོང་ལ་མ་མཐར་ཌོ་ལར་ས་ཡ་བཞི་བཅུ་ལས་མི་ཉུང་ཙམ་ལ་ཚོད་དཔག་བྱེད་ཀྱིན་ཡོད་འདུག རྒྱལ་སྲས་ཝིལ་ལིམ་ལགས་དང་ལྷ་ལྕམ་ཁེ་ཁྲི་ལགས་གཉིས་ནི་༢༠༠༡ལོར་གཙུལ་ལག་སློབ་གྲར་སྒྱུ་རྩལ་ལོ་རྒྱུས་ཀྱི་སྡེ་ཚན་དུ་སློབ་སྦྱོང་བྱེད་སྐབས་སུ་འཕྲད་པ་རེད། ཁེ་ཁྲི་ལགས་ནི་འབྱོར་འབྲིང་གྲལ་རིམ་༼ཆེད་ལས་ཅན་གྱི་ལས་ཀ་བ་ཁྱིམ་ཚང༽གྱི་ཁྱིམ་ཚང་ནས་ཡོང་བ་ཞིག་ལས་སྐུ་དྲགས་ཀྱི་བརྒྱུད་པ་གང་ཡང་མ་རེད། དེར་བརྟེན་མི་དཀྱུས་མ་ཞིག་རྒྱལ་ཁབ་མང་པོའི་དབུ་ཁྲིད་དུ་གྱུར་པའི་རྒྱལ་པོ་ཚང་གི་མནའ་མར་གྱུར་པ་དེ་ལ་མི་མང་པོའི་དོ་སྣང་འདྲེན་བཞིན་ཡོད་འདུག གཅིག་བྱས་ན་ཁེ་ཁྲི་ནི་མ་འོངས་པར་རྒྱལ་མོར་འགྱུར་སྲིད་པ་རེད།

གསར་འགྱུར།

Post navigation

Previous Post: ཁྱེད་རྣམས་དྲན་བཞིན་ཡོད་ལ། ཁྱེད་རྣམས་གླེང་བཞིན་ཡོད།
Next Post: མིག་ཡ་གཅིག་ལས་མེད་པའི་ཨ་མ།

Comments (8) on “འདི་ཟླའི་ཚེས་ཉེར་དགུའི་ཉིན་ནི་དབྱིན་ཇིའི་རྒྱལ་སྲས་ཀྱི་གཉེན་སྟོན་ཉིན་རེད།”

  1. ཀརྡོ་རབ་འབྱམས་པ་ says:
    2011-04-22 at 6:49 am

    གཉེན་སྒྲིག་ཀླད་མེད། འཚོར་མེད་གཅིག་ལ་ངོས་འཛིན་བྱེད་མཁན་ཅིག་ཡིན། གང་ཡིན་ཟེར་ན། འཛམ་གླིང་ནང་འཛམ་གླིང་མི་སེར་ས་ཡ་མང་པོ་ལྟོག་ཤི་ཐེབས་པའི་དུས་ཚོད་ལ། མི་གཉིས་ཀྱི་གཉེན་སྒྲིག་གི་ཆེ་དུ་ཨ་སྒོར་ས་ཡ་མང་པོ་ཉིན་འགའ་ནང་རྩ་མེད་བཟོ་མཁན་ཅིག་ལ་རྩིས་བཞིན་ཡོད། ཡང་ང་ལ་དངོས་ཕྲག་མདོག་ཀྱང་མེད་དེ་་་་་

  2. ལུང་སྟོན་པ། says:
    2011-04-22 at 7:41 am

    རྒྱལ་སྲས་ཁོང་གི་གཉེན་སྟོན་ཉིན་ང་ཚོར་ཅང་རེག་ནི་མ་རེད།

  3. མི says:
    2011-04-22 at 11:57 am

    ཁྱོས་འདི་འདྲ་བྲིས་ནས་བོད་པའི་དམར་ཕྱོགས་གི་བག་ཆགས་ཡོད་མཁན་ཚོའི་སྣང་བ་འགྲོ་གི་མ་རེད། དེ་མིན་མང་གཙོ་རྒྱལ་ཁབ་ནང་སྐུ་དྲག་ནི་སྡུག་ཅག་ཅིག་ཡིན་པ་ངེས་འཛིན་བབྱེད་གི་མེད་པ་ཤེས་ན་ཆོག་གི མང་གཙོ་རྒྱལ་ཁབ་ནང་གྲལ་རིམ་འཐབ་རྩོད་མེད་པ་ཤེས་ན་ཆོག་གི

  4. དགེ་འདུན་རབ་གསལ་ says:
    2011-04-22 at 3:06 pm

    གཉེན་སྒྲིག་གི་གནད་དོན་འདི་ལ་ཧ་ལས་པ་འགའ་ཞིག་འདུག ཨ་རི་ན་གསར་འགྱུར་ལས་ཁུངས་མང་པོས་ཆེད་གཉེར་མི་སྣ་བཏང་སྟེ་འདིའི་སྐོར་གྱི་གསར་འགྱུར་དུས་ཐོག་གཏོང་རྒྱུ་ཡིན་པ་སོགས་ཀྱི་བྲེལ་བ་འཚུབ་འཚུབ་རེད་འདུག ཨ་རིའི་མི་མང་གིས་ དབྱིན་ཇིའི་རྒྱལ་པོའི་གཉེན་སྟོན་ལ་དགའ་སྣང་དེ་ཙམ་ཅིའི་ཕྱིར་བྱེད་ཀྱི་ཡོད་དམ། འདི་ལ་ཞད་ཅིག་འདུག ཡང་མི་ཁ་ཤས་ཀྱིས་ “ང་ཚོ་ དབྱིན་ཇིའི་རྒྱལ་ཁོངས་ནས་ཐོན་ཏེ་རང་བཙན་རྒྱལ་ཁབ་བཙུགས་པ་རེད། ཅིའི་ཕྱིར་ང་ཚོས་གཉེན་སྟོན་འདི་ལ་དགའ་ཚོར་བྱེད་”ཅེས་ཀྱང་ཟེར། ཨ་རི་བ་མང་པོ་ཞིག་ལ་ཡུ་རོབ་ནས་མཆེད་པའི་ཞེན་ཁོག་ད་ལྟའང་ཤུགས་ཆེ་ཡོད་པར་སྣང་།

  5. བོད་པ་ཚང says:
    2011-04-22 at 7:58 pm

    གཉེན་སྟོན་ལམ་འགྲོ་ཡོང་བར་རྟེན་འབྲེལ་ལེགས། རྒྱུ་མཚན་ནི་སྲས་ཀྱི་ཡབ་ནི་གོང་ས་མཆོག་དང་བོད་དོན་ལ་
    རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་སྲས་ཁོང་ལྟ་བུ་བོད་དོན་ཐོག་ལ་དཀོན་པོ་ཡིན། ཁོང་གིས་རོགས་སྐྱོར་འོག་
    དབྱིན་ཡུལ་བོད་ཀྱི་དགེ་རྕ་ཚོགས་པ་ཡོད། ཁོང་གི་ཁ་ལག་གཉིས་ཀས་བོད་དོན་ལ་རོགས་པ་བྱས་པ་གོ་མེད་ན་
    རང་སྐྱོན་ཡིན། རོགས་པ་བྱས་ཀྱང་མ་བྱས་ཟེར་ན་ངན་པ་ཁྲེད་མེད་རེད། འོན་ཀྱང་བོད་པ་རང་གིས་རོགས་
    དངུལ་དེ་བོད་དོན་གང་ལ་བཏང་ཡོད་མེད་རྣམ་པ་ཚོས་བརྟག་དགོས་སོ། དེས་ཆོག་པ་བྱོས།

  6. ཀརྡོ་རབ་འབྱམས་པ་ says:
    2011-04-23 at 3:15 am

    འཛམ་གླིང་གི་རྒྱུ་དངོས་སྤྱི་དང་། ས་གཏེར་ཡོད་ཚད་འཛམ་གླིང་གི་མི་སེར་སྤྱི་ལ་བདག་ཡོད་པས། ཁོར་ཡུག་སྲུང་སྐྱོབ་དང་། གོ་ལ་སྲུང་སྐྱོབ་ནི་མི་རིགས་སྤྱི་ལ་འཁྲིས་པའི་ལེན་མཁན་རེད། སྔར་ཨིན་ཇིས་བདུག་རྩུབ་དང་། བར་ཧིཊ་ལཱར་གྱིས་མི་གསོད་དང་། ཕྱིས་སུ་མྰ་འོ་ཀླ་ཀློའི་འཇག་བཅོམ་ཚོགས་པ་རྣམས་འབྱུང་འགྱུར་མི་རིགས་སུས་བལྟས་ཀྱང་། ལག་དམར་ཅན་ཞིག་ཏུ་མཐོང་བར་ངེས་པས། ད་ལྟའི་མི་རིགས་མ་མཐོང་བ་ཚོས་ཀྱང་ལོ་རྒྱུས་ལ་སློབ་སྦྱོང་མ་བྱས་ནས། མ་ཤེས་པ་ནི་རང་མཚང་དེ་ལས་ཆེ་བ་ཡིན་པ་ནི། ཆུང་ངུའི་ཕྱིར་དུ་ཆེ་གཏོང་། ཞེས་པ་ལྟ་བུ་ཞིག་གསུངས་པ་མ་ཡིན་ནམ།

  7. ཀརྡོ་རབ་འབྱམས་པ་ says:
    2011-04-23 at 3:18 am

    ཆེ་”མི་”གཏོང་གི་ དགག་སྒྲ་ ཆད་འདུག་ དགོངས་དག

  8. བོད་པ་ཚང says:
    2011-04-23 at 8:33 am

    ལོ་རྒྱས་ཐོག་ནས་བལྟས་ན་བོད་འདི་རྒྱ་དང་ཐ་དད་ཡིན་པ་བོད་བཙན་པོའི་སྐབས་སུ་གསལ་བོར་བྲིས་ཡོད།
    དེ་ནས་དབྱིན་ཇི་འདིས་བོད་ལ་དྲན་གསོ་མ་བྱས་ན་བོད་པ་ཚོས་བོད་ཅེས་པ་རྒྱལ་ཁབ་ཅིག་དང་མི་རིགས་
    ཤིག་ཡིན་པ་ངོས་མ་ཤེས་པ་ཡིན། དགེ་ཆོས་དང་རྒྱལདབང་གོང་མ་སོགས་ཀྱི་སྐབས་སུ་བོད་ལ་བཟང་ངན་
    གཉིས་བྱུང་ཡོད་ཀྱང་བཟང་ཕྱོགས་དེ་དབྱིན་ཇིའི་ཚོས་བསྐུལ་མའམ་དྲན་བཟོ་བྱས་པ་རེད་ངའི་བསམ་གྱིན་
    ཡོད། རྒྱལ་དབང་གོང་མས་དགོད་བྲོ་བའི་གཏམ་རེ་ཡོབ་རོབ་ནང་ནས་མཐོང་ཡང་འདིར་བཀོད་དགོས་དོན་
    མེད། དེ་ཙམ་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme