Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་རྗེའི་རང་གཟུགས།

Posted on 2011-04-142011-04-14 By ཁ་བརྡ་ 6 Comments on སྙིང་རྗེའི་རང་གཟུགས།

བླ་བྲང་བཀྲ་ཤིས་འཁྱིལ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་ཟིན་བྲིས།

གསར་འགྱུར།

Post navigation

Previous Post: ཨེ་བེ་བེ་དང་རྒྱ་ནག
Next Post: ཆེས་སྙིང་ལས་གཅེས་པའི་ཨ་ཕ་ལགས།

Comments (6) on “སྙིང་རྗེའི་རང་གཟུགས།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2011-04-15 at 12:07 am

    ཀྱེ། ངའི་བརྩེ་བའི་སྤུན་ཟླ། ཐུགས་མ་ཕམ་ཤིག
    ཀྱེ། ངའི་བརྩེ་བའི་སྤུན་ཟླ། ཐུགས་མ་ཕམ་ཤིག
    རླངས་རྫས་དང་གློག་སྐུད་ཀྱི་བརྒྱུད་ནས་འཆེད་པའི་མེ་ལྕེ་འབར་མཚམས་མ་ཆད་ཅིང་། ཐོལ་རླུང་གིས་བསྐུལ་བའི་ཐལ་རྡུལ་གྱིས་ནམ་མཁའ་དང་ས་གཞི་བར་མེད་དུ་དཀྲིགས། ཡོངས་སུ་འགྱེལ་ཟིན་པའི་གྲོང་དང་ཁང་ཁྱིམ་དག་ནི་མཐོང་བ་ཙམ་གྱིས་འཇིགས་སུ་རུང་བར་སྣང་། ཡ་ཡོར་གྱུར་ཅིང་ཧྲལ་ཧྲུལ་དུ་འཐོར་བའི་གྱང་བར་གྱི་གས་སྲིབ་དག་ན་གསལ་ལ་མི་གསལ་བའི་ངུ་ངག་འབྱིན་མཚམས་ད་དུང་མ་ཆད།
    ཆད་མ་མཐུད་ཀྱི་ཁ་པར་གྱི་སྐུད་སྣེ་འགའ་རེ་ན་ང་སྐྱོབས་ཤིག་ཅེས་པའི་ཆེས་མཐའ་མཇུག་གི་ཞུ་བ་བར་མ་ཆད་དུ་སྒྲོགས། འཇིག་པའི་བསྐལ་བ་ལྟ་བུའི་ང་ཡ་བའི་དོན་རྐྱེན་འདི་བྱུང་ནས་ཆུ་ཚོད་ལྔ་བཅུ་ང་དགུ་ལྷག་འདས་པའི་ད་ལྟའང་། མུན་ནག་གི་ས་འོག་ན་རྟ་རྔ་ལྟ་བུའི་ཚེ་སྲོག་གི་ཉག་ཐག་མང་པོ་ཆད་དང་འཆད་བཞིན་ཡོད།
    ས་གཞི་ཡོངས་རྫོགས་འཇིགས་རུང་གི་དུར་ཁྲོད་ཡུག་གཅིག་ཏུ་གྱུར་ཅིང་། ནམ་མཁའ་དང་བར་སྣང་མཐའ་དག་ཏུ་བྱ་རྒོད་ཀྱིས་འཚུབ་ཁ་བཀྱེ།
    ངུ་ཆོམ་དང་འཁུན་སྒྲ་བར་མེད་དུ་འདོན་པའི་རྨས་མ། གནམ་ལྩགས་མགོ་ལ་བབས་པ་ལྟ་བུའི་སྡུག་བསྔལ་གྱིས་མནོན་པའི་ནང་མི། ལམ་གོལ་ལྟར་རྟེན་མེད་དང་རྟོལ་མེད་དུ་ལུས་པའི་མི་མང་བཅས་ནི་མནག་པར་དཀའ་བའི་སྡུག་བསྔལ་གྱིས་ཡོངས་སུ་གཟིར།
    སྣང་ཚུལ་འདི་ཇི་བཞིན་སེམས་ལ་འཁོར་ཐབས་བྲལ་ཞིང་། དོན་དངོས་འདི་ཇི་བཞིན་ངག་ནས་ཤོད་ཐབས་བྲལ། འོན་ཀྱང་། ང་ཚོས་ཀྱང་རང་གི་བཅོས་མིན་གྱི་སེམས་གདུང་ཡོད་ཚད་ཕྱི་རུ་ཕྱུངས་ཏེ། ལྷད་མེད་ཀྱི་སྡུག་གཏམ་ཡོད་ཚད་ཁ་རུ་བཏོན་ཏེ་ཡིད་སྐྱོ་བའི་མྱ་ངན་གྱི་འཚམས་འདྲི་ཙམ་བྱེད། ད་ནི་འདི་ཙམ་ཁོ་ན་སྙིང་ཉེ་བའི་སྐྱེ་བོ་དེ་དག་ལ་སེམས་གསོ་དང་བསྐུལ་མ་ཡིན།། ཀྱེ། ངའི་སྙིང་ཉེ་དག། ཐུགས་མ་ཕམ་ཤིག
    དེ་ཡང་གནམ་དང་ས་ལ་བརྩེ་བ་མེད་པ་དེས་ང་ཚོ་རང་བྱུང་གི་ཆག་སྒོ་ཡ་ང་བ་དག་ལས་གཡོལ་མི་ཐུབ་ཅིང་། རང་བྱུང་གི་ཆག་སྒོ་འདི་ལྟ་བུ་དག་གིས་ང་ཚོར་དུས་ནས་དུས་སུ་འཇིགས་སྣང་བསྐུལ།
    འཇིགས་སྣང་དང་གདུང་བ་འདི་ལྟ་བུ་དག་གི་ཁྲོད་དུ་ང་ཚོས་རང་བྱུང་ཁམས་ལ་སློག་པའི་ཡ་ལན་དེ་ནི་གྲོག་མས་འཁོར་ལོ་འགོག་པ་ལྟ་བུ་ཞིག་རེད།
    འོན་ཀྱང་ང་ཚོར་གནས་བབ་འདི་ལྟ་བུའི་ཁྲོད་ནས་ཀྱང་བྱ་རྒྱུ་དང་བསམ་རྒྱུ་གཅིག་རང་ཡོད་པ་ནི། ཟོལ་གསོག་མེད་པའི་བརྩེ་བ་དང་བཅོས་མ་མིན་པའི་གདུང་ཚོར་ཕྱི་ལ་བཏོན་ཏེ་ཁྱེད་ཀྱི་གམ་ནས་བརྟན་པོར་འགྲེངས་ཐུབ་རྒྱུ་དེའོ། །
    ད་དུང་ང་ཚོ་སྟོན་པ་ཐུགས་རྗེ་ཅན་གྱི་བསླབ་པའི་འོད་ཟེར་དང་གདམས་པའི་གདུད་རྩི་ལ་གུས་པ་ཞིག་གི་ངོས་ནས་འདི་ནི་རང་གི་རྐྱེན་ངན་དང་སྡིག་སྒྲིབ་སྦྱོང་བའི་ཕྱགས་ཤིང་དང་། བྱམས་བརྩེ་དང་གཞན་ཕན་བསྒྲུབ་པའི་གོ་སྐབས་སུ་བལྟས་ནས་བཟོད་སྒོམ་ཆེན་པོས་ཆོས་ཀྱི་ཉམས་ལེན་ལ་བློ་སྦྱོང་ངེས་པར་དུ་བྱ་དགོས།
    བློ་སྦྱོང་དེ་ཡང་ལས་ངག་གི་བྱ་སྤྱོད་དངོས་ལ་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མངོན་གྱུར་བྱེད་དགོས།
    ཡིད་སྐྱོའི་གནས་ཚུལ་འདི་བྱུང་མ་ཐག༸རྒྱལ་བ་ཡིན་བཞིན་ནོར་བུས་བླ་ན་མེད་པའི་བཀའ་མཆིད་ཀྱི་བདུད་རྩི་ཕེབས་ཤིང་། འཛམ་བུ་གླིང་གི་རླབས་ཆེན་གྱི་དབུ་ཁྲིད་དང་ཆོས་ཀྱི་གཙོ་འཛིན། གནད་ཡོད་ཀྱི་ཚོགས་སྡེ་བཅས་ཤིན་ཏུ་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་བྱས།
    དེ་དང་ཆབ་གཅིག བོད་ཆོལ་ཁ་གསུམ་དང་གཞི་བྱེས་གཉིས་ཀྱི་སྤུན་ཟླ་ཡོངས་རྫོགས་བློ་གཅིག་སེམས་གཅིག་གིས་ཁྱེད་རྣམས་དང་ཐེ་ཚོམ་མེད་པར་ལག་བརྡང་སྦྲེལ་ནས་ཡོད།
    དེ་ཕྱོགས་ཀྱི་ལྷག་བསམ་དང་བརྩོན་པ་ཆེ་བའི་སྤུན་ཟླ་དཔའ་བོ་དག་གིས་དཀའ་ཚེགས་ཆེ་བའི་གཡུལ་ས་མདུན་མ་ན་ཡོད་ཚད་ཁྱད་དུ་བསད་ནས་ཁྱེད་རྣམས་ཀྱི་དཔུང་གཉེན་གནང་བཞིན་ཡོད་པ་བཞིན། ལེ་དབར་ཁྲི་ཕྲག་གི་ཆོད་པའི་ཐག་རིང་གི་སྤུན་ཟླ་ང་ཚོས་ཀྱང་སྐར་མེ་ཆུང་ཆུང་རེའི་འོད་ལ་གཡོ་བ་མེད་པའི་མིག་གིས་གཅེར་བཞིན་ཁྱེད་རྣམ་པའི་ཆེད་དུ་གསོལ་བ་འདེབས་བཞིན་ཡོད། དྭངས་གཙང་གི་སེམས་པ་འདིས་ཁྱེད་ལ་སྐྱོ་གྲོགས་བྱེད་ཀྱིན་ཡོད། རྣམ་དཀར་གྱི་ལེགས་བྱས་འདིས་ཁྱེད་ལ་བསྐྱེལ་མ་བྱེད་ཀྱིན་ཡོད།

    ཀྱེ། ངའི་བརྩེ་བའི་སྤུན་ཟླ། ཐུགས་མ་ཕམ་ཤིག ཁྱེད་ཀྱི་ཡིད་གདུང་གི་མཆི་མ་འབྱིད་པར་མཛོད་ཅིག་དང་ང་ནི་ནམ་ཡང་ཁྱེད་ཀྱི་གམ་དུ་ཡོད་དོ། །
    ཤིན་ཏུ་བྲེལ་ཟིང་ཆེ་བའི་བར་ནས་ཤིན་ཏུ་འབར་བའི་ཚོར་འདུའི་རི་མོ་ཡི་གེར་འབེབས་པ་པོ་ནི་རྫ་ཚེ་རིང་བཀྲ་ཤིས་སོ།
    ༢༠༡༠ལོའི་ཟླ་༤ཚེས༡༦ལ།

  2. སྤོབས་པ་མཐའ་ཡས། says:
    2011-04-15 at 1:46 am

    ཁར་སང་ཉམ་ཉེས་ཁྲོད་ཀྱི་རེ་བ་ཞེས་པ་དེ་དང་དེ་རིང་སྙིང་རྗེའི་རང་གཟུགས་འདི་གཉིས་པོའི་མགོ་རྔ་ཆ་ཚང་ལ་ཞིབ་ཏུ་ལྟ་ཉན་བྱས་པ་ཡིན། ཆོས་བྱེད་དགེ་འདུན་པ་ཚོས་རོགས་སྐྱོར་བྱ་སྟངས་དེས་སེམས་འགུལ་ཐེབས་བཅུག་སོང་ལ་ང་ཚོ་ལ་དགེ་འདུན་པ་མང་པོ་ཡོད་པ་དེས་སྤོབས་པ་ཞིག་ཀྱང་སྐྱེས་བཅུག་སོང་། མང་ཚོགས་ཞབས་ཞུ་སྤྱི་དང་ལྷག་པར་ཡང་དཀའ་སྡུག་འདི་འདྲའི་འོག་ཏུ་ལྷུང་དུས་དགེ་འདུན་པས་ཆོས་ཕྱོགས་ཀྱི་བསྔོ་སྨོན་དགོས་པ་སྨྲོས་མེད་དང་ཕྱོགས་གཞན་ནས་ཀྱང་རོགས་སྐྱོར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་འདུག དགོན་ཁག་ཚོར་མང་ཚོགས་གནོད་སེལ་གྱི་ཚོགས་པ་ལྟ་བུ་བཙུགས་ནས་སྦྱོང་བརྡར་སྤྲད་ཐུབ་ན་ཤིན་ཏུ་ལེགས་སྙམ།

  3. སྤངས་སྤོས། says:
    2011-04-16 at 12:09 am

    སྐབས་དེར་ས་གནས་དངོས་སུ་མ་བཀུལ་དངས་བླངས་ཀྱིས་སྲོག་སྐྱོབས་སུ་ཕེབས་པའི་དགེ་འདུན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ནི་གཤིན་པོའི་ལམ་འདྲེན་དང་། གསོན་པོའི་སྐྱབས་གནས་ཡིན། ཁྱོད་ཚོ་ནི་བོད་མི་ས་ཡ་དྲུག་གི་རིག་གཞུང་ཀུན་འཛིན་སྐྱོང་སྤེལ་བའི་བྱེད་པོ་ཡིན། བོད་པ་ཚང་གི་་ཕྱི་ལ་ངོམས་རྒྱུ་དང་། ནང་གི་རྒྱན་ཆ་ཡང་ཡིན། མདོར་ན་ཁྱོད་ཚོ་ནི་དམག་སྔ་དྲོ་འགྲོ་བའི་སྔོན་མ་དང་། ཕྱི་དྲོ་ལོག་པའི་རྗེས་མ་ཡིན། སྐྱབས་སུ་མཆི་ངུར་སྨྲིག་གི་བསྣབས་པའི་བོད་གངས་ཅན་གྱི་དགེ་འདུན་པ་རྣམས།

  4. འོ་མ། says:
    2011-04-17 at 7:46 am

    ཆེས་དཀོན་པའི་རྒྱུ་དང་འབྱོར་བ་ནི།།
    ཆེས་དཀའ་བའི་ལས་གྲུབ་པ་རེད།།
    བྱམས་སྙིང་ཆེད་དུ་སྦྱིན་མིན།།
    རང་མི་རགས་ཡིན་པས་སྟེར་ནི་རེད།།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-17 at 11:04 am

    བོད་པའི་དགེ་འདུན་ནི།

    དར་དམར་དམག་གི་འོག་ལ། །
    རབ་འབྱུང་དམར་པོས་མྱངས་ཡོད། །
    འབྱུང་འཁྲུགས་ས་འགུལ་སྐབས་ལ། །
    དགེ་འདུན་དམར་པོས་བསྐྱབས་བྱུང་། །

    དམར་མདོག་དབང་གི་དངོས་གྲུབ། །
    སྒྲུབ་ལ་འདུན་པའི་དགེ་འདུན། །
    དགེ་འདུན་འདུས་པ་རྒྱ་མཚོས། །
    དུས་གསུམ་བོད་རིགས་སྐྱོབས་རོགས། །

    ཁྲིམས་མཐུན་དབུ་འཕང་མཁའ་ལ་བསྙེགས་པར་ཤོག །

  6. ཀརྡོ་རབ་འབྱམས་པ་ says:
    2011-04-17 at 11:41 am

    བོད་རིགས་དགེ་འདུན་ནི།

    འཕགས་པའི་རིགས་བཞི་ཚང་བའི་དགེ་འདུན། །
    འཕགས་པའི་བདེན་བཞི་སྟོན་པའི་དགེ་འདུན། །
    འཕགས་ཆོས་ཉམས་ལེན་བོད་ཀྱི་དགེ་འདུན། །
    འཕགས་ཡུལ་ནང་པའི་ཆོས་ཀྱི་དགེ་འདུན། །

    ཆོས་བརྒྱུད་བཞི་ཡི་རིས་མེད་དགེ་འདུན། །
    ནམ་དུས་བཞི་ཡི་སྐྱབས་གནས་དགེ་འདུན། །
    འབྱུང་བཞི་འཁྲུགས་དུས་སྐྱོབ་མཁན་དགེ་འདུན། །
    བཞི་ཚང་བཞིར་གྱེས་བཞི་སྟོན་དགེ་འདུན། །

    འཕགས་པའི་དགེ་འདུན་རྣམས་ཀྱིས་བཀྲ་ཤིས་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme