Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། །གསུམ་བཅུའི་དུས་དྲན་གྱི་དམ་བཅའ།

Posted on 2009-02-18 By དགེ་རབ་ 23 Comments on ༄༅།། །གསུམ་བཅུའི་དུས་དྲན་གྱི་དམ་བཅའ།

པདྨ་ཚེ་དབང་ཤཱསྟྲི།
——–
རང་ཡུལ་གངས་ཅན་གྱི་ལྗོངས་སུ་སྲིད་པ་ཆགས་པ་ནས་བཟུང་སྟེ་རང་ཅག་གངས་ཅན་པ་རྒན་གཞོན་བར་གསུམ་ཚང་མས་རང་རང་སོ་སོའི་བསམ་བློའི་འཁྱེར་སོ་དང་། ལངས་ཕྱོགས། སྙིང་སྟོབས། ཆོད་སེམས་སོགས་ལ་ལྟོས་ཏེ་མི་ཚེའི་ནང་དམ་བཅའམ། ཁས་ལེན་ཆེ་ཆུང་དུ་མ་ཞིག་གནང་ཡོད་པ་ནི་གོར་མ་ཆགས། ལྷག་པར་དུ་ནང་ཆོས་དར་ཁྱབ་བྱུང་ནས་བཟུང་སྟེ། ཆེ་ས་ནས་འགའ་ཞིག་གིས་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་སེམས་ཅན་ཐམས་ཅད་ཐར་པ་དང་། ཐམས་ཅད་མཁྱེན་པའི་ས་ལ་འགོད་མ་ཐུབ་ཀྱི་བར་དུ་རང་ཉིད་ཚངས་མི་རྒྱ་བའི་དམ་བཅའ་གནང་བ་དང་། འགའ་ཞིག་གིས་རང་ཉིད་འཁོར་བ་དང་ངན་སོང་གི་གནས་ལས་གྲོལ་ཕྱིར་ལས་ཉོན་གྱི་གཞན་དབང་དུ་མི་གཏོང་བའི་དམ་བཅའ་གནང་བ། འགའ་ཞིག་གིས་རང་ཉིད་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ཕྱིར་དགེ་བ་བཅུ་སྒྲུབ་པ་དང་། མི་དགེ་བཅུ་སྤོང་བའི་དམ་བཅའ་གནང་བ། འགའ་ཞིག་གིས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ལྷོད་སྡོད་མི་བྱེད་པའི་དམ་བཅའ་གནང་བ། དེ་བཞིན་འགའ་ཞིག་གིས་༸གོང་ས་མཆོག་གིས་ཅི་གསུངས་བཀའ་བསྒྲུབ་ཞུ་རྒྱུའི་དམ་བཅའ་གནང་བ་སོགས་དུ་མ་ཞིག་བྱུང་ཡོད།་ ཡང་འགའ་ཞིག་ལོ་ནའི་བབ་དང་། ཁོར་ཡུག་གནས་སྟངས། བསམ་བློའི་གནས་ཚད་སོགས་རྒྱུ་མཚན་དུ་མའི་རྐྱེན་གྱིས་དམ་བཅའ་གང་ཡང་མ་གནང་མཁན་ཡང་ཉུང་ཉུང་ཡིན་མདོག་ཁ་པོ་མ་རེད།
འོན་ཀྱང་རང་ཡུལ་གངས་ཅན་གྱི་ལྗོངས་དེར་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་མི་ལོ་དྲུག་ཅུ་དང་། བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་སྐབས་དང་། ལྷག་པར་དུ་སྔ་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་སྟེ་བོད་རྒྱ་ཁྱབ་ཏུ་བོད་མི་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཚུན་བློས་གཏོང་གིས་ཞི་རྒོལ་ལོ་རྒྱུས་ཀྱི་སྙིང་དོན་ལྡན་པ་གནང་རྗེས་སུ་རྒྱ་ནག་གཞུང་གིས་སྙིང་རྗེ་ཡ་ང་སྤུ་ཙམ་མེད་པར་དྲག་གནོན་བྱས་ཏེ། ཉེས་མེད་བོད་མི་གྲངས་ལས་འདས་པ་གསོད་རྡུང་བཙོན་འཇུག་བྱས་དང་བྱེད་བཞིན་པ་སོགས་རྒྱུ་མཚན་སྣ་མང་ལ་བརྟེན་ནས་གཞིས་བྱེས་བོད་མི་ཡོངས་ནས་ས་གླང་ལོ་འདིར་ལོ་གསར་གྱི་སྤྲོ་སྐྱིད་གནང་རྒྱུའི་ཚབ་ཏུ་བོད་ནང་འདས་གྲོངས་སུ་གྱུར་བ་དང་། བཙོན་དུ་ཡོད་པ། དེ་བཞིན་དྲག་གནོན་དམ་དྲག་ཇི་བྱས་ལ་ལྟོས་མེད་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞི་རྒོལ་འཐབ་རྩོད་གནང་དང་གནང་བཞིན་པ་རྣམས་ལ་བསྔོ་སྨོན་དང་། རྒྱབ་སྐྱོར་། གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་༢༠༠༩ འདི་བཞིན་བོད་ཀྱི་ལོ་ནག་ཏུ་རྩི་སྲུང་བྱེད་རྒྱུར་གཞིས་བྱེས་མང་ཚོགས་གྲུ་ནང་བསམ་པ་གཅིག་མཐུན་བྱུང་བ་དང་ལྷན་དུ་མི་ལོ་ལྔ་བཅུ་འཁོར་བའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདིར་གངས་ཅན་པ་མི་རེ་ངོ་རེ་ནས་དམ་བཅའ་གསར་པ་ཞིག་འཇོག་དགོས་པ་གལ་ཆེར་མངོན། དེ་ཡང་ཇི་སྲིད་བོད་ལ་བདེ་སྐྱིད་ཀྱི་ཉི་མ་མ་ཤར་གྱི་བར་དུ་གངས་ཅན་པ་ཡོངས་ཀྱིས་།
ཀླད་པའི་དཀྱིལ་འཁོར་མ་ཞིག་བར་དུ།།
རང་ཡུལ་བསམ་པའི་དམ་བཅའ་དགོས།།
སྲོག་གི་རྒྱུ་བ་མ་ཆད་བར་དུ།།
རང་ཡུལ་སྲུང་བའི་དམ་བཅའ་དགོས།།
ལྕེ་ཡིི་གཡོ་འགུལ་མ་འགག་བར་དུ།།
རང་སྐད་སྤྱོད་པའི་དམ་བཅའ་དགོས།།
འབྲི་སྙུག་སྣག་ཚ་མ་རྫོགས་བར་དུ།།
བོད་དོན་འབྲི་བའི་དམ་བཅའ་དགོས།།
ལག་པའི་ནུས་རྩལ་མ་ཉམས་བར་དུ།།
བོད་དོན་བྱེད་པའི་དམ་བཅའ་དགོས།།
མིག་གི་རྒྱང་ཤེལ་མ་ཆག་བར་དུ།།
བོད་དོན་ལྟ་བའི་དམ་བཅའ་དགོས།།
རྐང་པའི་འཁོར་ལོ་མ་རྫོགས་བར་དུ།།
བོད་དོན་འགྲིམ་པའི་དམ་བཅའ་དགོས།།
མདང་སྐྱེས་བྱིས་པའི་རྣ་བ་ཕྲ་ཡང་།།
བོད་དོན་ཐོས་པའི་དམ་བཅའ་དགོས།།
རྣམ་གཡེངས་དྲི་བཟས་མདའ་མཚོན་སྣུན་ཀྱང་།།
བོད་དོན་དྲན་པའི་དམ་བཅའ་དགོས།།
གྲུབ་ཆེན་ཕུག་ཏུ་ཏིང་འཛིན་མངར་ཡང་།།
བོད་དོན་སྒོམ་པའི་དམ་བཅའ་དགོས།།
མཁས་དབང་ཚོགས་སུ་ངག་རྩལ་མཐོ་ཡང་།།
བོད་དོན་ཤོད་པའི་དམ་བཅའ་དགོས།།
མི་དབང་མཐོན་པོའི་ཁྲི་ལ་བཞུགས་ཀྱང་།།
བོད་དོན་སྤྱོད་པའི་དམ་བཅའ་དགོས།།
སྤྲང་ཕྲུག་ཉིན་རེའི་བཟས་ལ་རྒྱུ་ཡང་།།
བོད་དོན་མི་བརྗེད་དམ་བཅའ་དགོས།།
འགྲོ་བའི་དོན་དུ་རྫོགས་སངས་རྒྱས་ཀྱང་།།
བོད་དོན་སྟོན་པའི་དམ་བཅའ་དགོས།།
བྱང་ཆུབ་སེམས་མཆོག་དངོས་སུ་སྐྱེས་ཀྱང་།།
བོད་མིར་བྱམས་པའི་དམ་བཅའ་དགོས།།
མི་ཡུལ་ལུང་པའི་རྩྭ་ཁ་བཟང་ཡང་།།
རང་ཡུལ་མི་བརྗེད་དམ་བཅའ་དགོས།།
གཞིས་བྱེས་གཉིས་སུ་གྱེས་པར་གྱུར་ཀྱང་།།
མྱུར་དུ་འཛོམས་རྒྱུའི་དམ་བཅའ་དགོས།།
སྐར་མ་ལྔ་ཅན་དམར་དར་ཕབ་སྟེ།།
སེང་དར་བསྒྲེངས་པའི་དམ་བཅའ་དགོས།། །།

རྩོམ་རིག

Post navigation

Previous Post: དོན་ངོ་མར་ཁ་བྲལ་དུ་གཏོང་མཁན་དེ་སུ་ཡིན།
Next Post: ལྔ་བཅུ་འཁོར་བའི་བདེན་གླུ།

Comments (23) on “༄༅།། །གསུམ་བཅུའི་དུས་དྲན་གྱི་དམ་བཅའ།”

  1. བསྟན་འཛིན། says:
    2009-02-18 at 8:28 pm

    པ་སངས་སྐར་མ་ལྟ་བུར། གཅིག་པུར་འགྲུལ་ནས། རང་གི་འོད་སྦྱིན་བཞིན་དུ་བོད་ཀྱི་གོ་ལ་འདི་ལ་སྐོར་བ་རྒྱག་མཁན་གྱི་པད་མ་ཚེ་དབང་ལགས་ནི་ངོ་མཚར་ཆེ། ད་བར་ྩོམ་ཡིག་མང་པོ་ཞིག་བྲིས་ནས་བཙན་བྱོལ་བོད་མི་ཚོའི་སྤྱི་ཚོགས་ནང་འཆི་ཁའི་མེ་ཞིག་སླྲར་གསོ་བྱེད་པར་བྱེད། ཀུན་སློང་བཟང་ཞིང་། བློ་གྲོས་མི་དམན་པ། བློ་ཁོག་ཆེ་ལ། འབད་པས་ཕྱུག་པ། ད་དུང་རྣམ་ཀུན་སེམས་པ་ཆུང་ལ་གཤིས་ཀ་འཇམ་པའི་བོད་པ་ཁོང་ནི་ངོ་མཚར་ཅན་གྱི་པ་སངས་སྐར་མའོ། ངེད་ཚོ་ན་གཞོན་རྣམས་ཀྱིས་ཀྱང་ཁོང་ལ་མིག་དཔེ་ལྟས་ནས། ང་རྒྱལ་ཆུང་ལ་རང་ནུས་ཆེ་བ། འཐོན་འབྲས་མང་ལ་རང་བསྟོད་ཉུང་བ། དོན་ལ་གཙིགས་ལ་ཚིག་ལ་བཏང་ྙོམས་སོགས་བྱེད་ཐུབ་ན་མི་བཟང་ངམ།

      

  2. གཞིས་ལུས་བོད་པ། says:
    2009-02-18 at 10:38 pm

    བོད་མི་ཀུན་ལ་དེ་འདྲའི་དམ་བཅའ་ཞིག་ཡོད་ན་རིམ་གྱིས་འུ་ཚོ་ལ་མདུན་ལམ་ཡོད་ངེས།

  3. ཟུར་གནས། says:
    2009-02-19 at 2:12 pm

    ད་དུང་།
    རྒྱ་མོ་དཀར་མོའི་ཤ་འཇམ་ཡང་།
    མནའ་མར་མི་ལེན་དམ་བཅའ་དགོས།

    ཕྱི་རྒྱལ་བུ་མོའི་ནུ་ཆེ་ཡང་།
    ཟླ་བོ་མི་དོར་དམ་བཅའ་དགོས།

    དབྱིན་ཇིའི་སྐད་ཡིག་སྟབས་བདེ་ཡང་།
    བོད་སྐད་སྤྱོད་པར་དམ་བཅའ་དགོས།

    ཕྱི་ལུགས་ཕྱི་ནས་མཛེས་འགྱུར་ཡང་།
    བོད་ལུགས་འཇགས་པར་དམ་བཅའ་དགོས།

    རྒྱ་མིའི་ཐུག་པ་བྲོ་ཆེ་ཡང་།
    ྩམ་པས་འཁྱོལ་བའི་དམ་བཅའ་དགོས།

  4. སྟག་སྨྱོན། says:
    2009-02-19 at 4:25 pm

    བོད་མི་ཉེས་མེད་མང་པོ་བསད་མང་པོ་བཙན་དུ་བཅུག མདོར་ན་བོད་མི་རིགས་འདི་ཉི་འོད་དྲོ་བོ་འདི་དང་ཁ་རླུང་དྭངས་མ་འདིར་རང་དབང་གིས་ལོངས་སྤྱོད་དུ་མི་འཇུག་པས། གང་ལྟར་ང་ཚོ་སྲོག་གཏོང་རྒྱུར་སེམས་ཐག་གཅོད་དགོས་པའི་དུས་ལ་སླེབས་ཟིན། དང་པོ་ལྐོག་ཇུས་ཟབ་མོ་ཞིག་བཏིང་ནས་ལྷ་སར་འཐེན་པའི་ལྕགས་ལམ་དེ་གཏོར་དགོས་ཀྱི་འདུག འདི་གཏོར་རྒོལ་བྱེད་ས་ལས་སླ་ཤོས་དང་སྙིང་ནད་རྩོད་ས་ལྟེ་བ་ཞིག་ཆགས་ཡོད། འཚེ་མེད་ཞི་བ་ག་ཚོད་བཤད་ཀྱང་རྒྱ་ནག་གི་དྲག་སྤྱོད་ཀྱི་དབང་གིས་བོད་ལ་ཞི་བདེ་ཤར་དུ་མི་འཇུག་ཐག་ཆོད་པས་འཚེ་མེད་ཞི་བ་ཡོང་མི་སྲིད་པ་ཞིག་རེད། ང་ཚོས་དྲག་སྤྱོད་ཀྱི་ལས་འགུལ་དངོས་སུ་སྤེལ་བ་ཡིན་ནའང་ད་ལྟ་ལས་ལྷག་པའི་སྡུག་པོ་མྱོང་རྒྱུ་ཡོད་པ་མ་རེད། གང་ལྟར་ལྕགས་ལམ་དེ་གཏོར་ཐབས་ག་རེ་འདུག་གམ། བོད་མི་དེ་ཚོད་ཅིག་བསད་པའི་རོ་སྐྱིན་ཨེ་ལོན་ལྟའི་རྒྱུ་དམ་བཅའ་ཡོད།

  5. པད་མ་ཡང་སངས་ says:
    2009-02-19 at 4:35 pm

    ལྷ་སར་འཐེན་པའི་ལྕགས་ལམ་རིའི་འོག་ནས་འགྲོ་ས་ཞིག་ནས་གཏོར་དགོས་ཀྱི་འདུག འབར་རྫས་དུས་ཚོད་ཀྱིས་འཐེན་ཆོག་པ་ཞིག་བཟོས་ནས་གཏོར་དགོས་ཀྱི་འདུག འདི་ངོ་མ་བྱེད་དགོས་པ་ཞིག་རེད། ཡིན་དཱ།

  6. སྟག་སྨྱོན། says:
    2009-02-19 at 4:37 pm

    རྒྱ་དམག་གིས་ཁེངས་པའི་བོད་ཀྱི་དགོན་པ་དང་གྲོང་ཁྱེར་ཁག་ཏུ་ང་ཚོས་གདོང་དང་གདོང་གཏུགས་ནས་སྐད་འབོད་བརྒྱག་མི་རུང། མི་སྲོག་གི་འགྲོ་སྒོ་གང་ཉུང་ཉུང་དང་རྒྱ་གཞུང་ལ་ན་ཟུག་གང་ས་གང་ནས་སྤྲོད་ཐབས་ལ་བསམ་བློ་གཏོང་དགོས། Gorilla ཞེས་པའི་འཐབ་མོ་བ་དེ་དག་གི་ཐབས་ལམ་ལ་ང་ཚོས་དོ་སྣང་བྱེད་དགོས། བོད་ལ་རེ་བ་ཞིག་ཡོད་ན་ཐབས་ལམ་དེ་ལས་ལྷག་ཅིག་ཡོད་མི་སྲིད། འཚེ་མེད་ཞི་བ་བྱས་ནའང་སྲོག་ཤོར་བ་དང་། དངོས་སུ་དྲག་པོའི་ལམ་ལ་སོང་ནའང་སྲོག་ཤོར་རྒྱུ་ལས་ལྷག་པའི་ཉེན་ཁ་གང་ཡང་མེད། སྲོག་གཏོང་ཐུབ་ས་ནས་དྲག་ལས་སྤེལ་རྒྱུར་ཞེད་དོན་མི་འདུག

  7. སྟག་སྨྱོན། says:
    2009-02-19 at 4:53 pm

    ང་ཚོས་དོ་སྣང་བྱེད་དགོས་ས་ http://en.wikipedia.org/wiki/FARC འདི་རིགས་རེད། Guerrilla warfare དམག་འཐབ་ཀྱི་ཐབས་ཇུས་དེ་ལ་དོ་སྣང་བྱེད་དགོས་ཀྱི་འདུག

  8. པད་མ་ཡང་སངས་ says:
    2009-02-19 at 4:54 pm

    ལྕགས་ལམ་གྱི་ལམ་ཁ་ལ་འཁེལ་སའི་ས་ཆ་ཞིག་ནས་ང་ཚོ་འཐབ་དམག་གྲོགས་པོ་འགའ་དགོས་པ་རེད། དེ་མིན་ས་རྒྱུས་དང་ལམ་རྒྱུས་ལ་བརྟེན་ནས་ཉེན་ཁ་ཡོད་སྲིད་པ་རེད། འདི་ལ་ཚེ་སྲོག་གཏོང་དགོས་དོན་མེད།

  9. མགོན་པོ་ཕྱག་གཉིས་པ། says:
    2009-02-19 at 5:07 pm

    རྒྱ་ནག་མི་མང་གིས་སྔོན་ཉི་ཧོང་གི་ལྩགས་ལམ་གཏོར་བ་དེ་ལས་ང་ཚོས་ཉམས་མྱོང་ལེན་དགོས་པ་འདུག

  10. སྟག་སྨྱོན། says:
    2009-02-19 at 5:29 pm

    http://en.wikipedia.org/wiki/Irregular_warfare དམག་འཐབ་འདི་ཚོ་བོད་ཁ་ཚ་དགོས་གཏུགས་ཀྱི་ཐབས་ལམ་ཞིག་ཆགས་འདུག ང་ཚོས་མི་སྲོག་ལ་སེར་སྣ་བྱེད་དགོས་ཀྱི་འདུག སྔར་ལོ་དང་ད་ལོ་ནང་བཞི་དཔའ་པོ་ཚང་མ་ཉིན་དཀར་རྒྱ་དམག་གི་སྔུན་ལ་ལག་སྟོང་དུ་བོད་རང་བཙན་སྒྲོག་བཞིན་རྒྱུགས་ནས་ཁྱུ་ཁྱུ་བྱས་ཏེ་སྡེབས་གསོད་བྱེད་བཅུག་ན་འཕང་པོ་རེད། ང་ཚོས་སྙིང་སྟོབས་ཆུད་ཟོས་སུ་གཏོང་མི་རུང་། སྲོག་ལ་གྲོན་ཆུང་བྱེད་དགོས་ཀྱི་འདུག འདི་ཚོའི་ཐོག་ལ་སློབ་སྦྱོང་བྱས་ནས་གང་ལྟར་བོད་འདི་རྒྱ་འོག་མི་འཇོག་པའི་དམ་བཅའ་འཇོག་དགོས།

  11. ཀླུ་སྨྱོན། says:
    2009-02-19 at 7:55 pm

    ལུས་པོ་ཨ་རིར་གནས། དམག་ཇུས་བོད་ལ་འཐེན། འཇམ་ནོར་དམག་དཔོན་བྱོས། བསམ་དོན་ཡིད་བཞིན་འགྲུབ།

  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-19 at 8:25 pm

    གསུམ་བཅུའི་དུས་དྲན་སླེབས།།
    བོད་མིས་དམ་བཅའ་བཞག།
    གསུམ་བཅུའི་དུས་དྲན་རྫོགས།།
    བོད་མིའི་དམ་བཅའ་བརླགས།།

  13. སྟག་སྨྱོན། says:
    2009-02-20 at 8:53 am

    བཙན་བྱོལ་བོད་གཞུང་ནི་ CNN and BCC ཁང་གི་ཡན་ལག་ལས་ཁུངས་ཤིག་ཏུ་མཐོང་གི་འདུག བཀའ་སྤྱི་གཉིས་དང་ཚོགས་པ་ཚང་མའི་ནུས་པ་གཙོ་བོ་བོད་ནང་ལ་རྒྱ་གཞུང་གིས་མནར་གཅོད་ག་ཚོད་ཅིག་གཏོང་གི་ཡོད་པ་རྒྱལ་སྤྱིའི་ཐོག་ཁྱབ་སྒྲག་བྱེད་རྒྱུའི་ཐོག་ལ་འདོན་གྱི་ཡོད་པ་མཐོང་། ཁྱབ་བསྒྲགས་ཀྱི་ལས་ཀ་འདི་བཙན་བྱོལ་ནང་གི་གཞུང་སྒེར་གཉིས་ཀའི་ལྟོ་གོས་སྒྲུབ་བྱེད་ཀྱི་ལས་ཀ་དེ་ཡིན་པ་མཐོང་།

  14. སྟག་སྨྱོན། says:
    2009-02-22 at 2:22 pm

    བོད་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ལ་ཕན་ཐོགས་པའི་ལས་དོན་ཐ་དག་ཚགས་ཚུད་པོ་གཏིང་ཟབ་པོའི་ངང་ཡག་པོ་བྱས་ཡོད། དཔེར་ན་མ་འོངས་ཆབ་སྲིད་ལམ་སྟོན་ལྟ་བུ་རེད། འོན་ཀྱང་ཁ་ཡོད་ལག་ཡོད་བོད་ནང་གི་བོད་མི་ཚོའི་གནས་སྟངས་དང་མཚམས་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཁ་གསལ་བོ་གང་ཡང་ཡོད་པ་མ་རེད། བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་འཚེ་མེད་ཞི་བ་ཡིན་ཟེར་བ་ཙམ་ལས། ལས་འགུལ་གྱི་རྣམ་གྲངས་དང་སྤེལ་ཕྱོགས་སོགས་ལམ་སྟོན་གང་ཡང་ཡོད་པ་མ་རེད། དེའི་མཇུག་འབྲས་ལྟ་བུར་བོད་ནང་གི་བོད་མི་ཚོས་རང་གི་ཚེ་སྲོག་བློས་བཏང་ནས། དྲག་ཆས་སྟོབས་ཆེན་ཡོད་མཁན་གྱི་རྒྱ་དམག་གི་གདོང་ལ་བུད་ནས་བོད་རང་བཙན་གྱི་སྐད་འབོད་བརྒྱག་རྒྱུ་དེ་ལས་ལྷག་པའི་ལས་འགུལ་གང་ཡང་སྤེལ་ཤེས་ཀྱི་མེད་པ་རེད།
    དོན་དངོས་ཡིན་ཡིན་ན་ཟམ་གདོང་གཞུང་གིས་གྲུབ་འབྲས་མེད་པའི་སོ་ནམ་ཞིང་ལས་དང་དུས་དང་མི་མཚམས་པའི་ཤེས་ཡོན་སྲིད་ཇུས་སོགས་ཀྱི་ཐོག་ལ་ཁ་བདེ་བོ་བཤད་ནས་མ་བསྡད་པར། བོད་ནང་གི་གནས་སྟངས་དང་འཚམས་པའི་འཚེ་མེད་ཞི་བའི་ལས་འགུལ་གྱི་རྣམས་གྲངས་གང་དང་གང་སྤེལ་དགོས་མིན་རིམ་པ་དང་དབྱེ་བ་མང་པོ་དབྱེ་དགོས་པ་རེད། བོད་ནང་ལ་མ་འོངས་ཆབ་སྲིད་ལམ་སྟོན་ལས་ཀྱང་ད་ལྟའི་ཆབ་སྲིད་ལམ་སྟོན་སྤུས་དག་ཅིག་མཁོ་ཡོད་ཀྱང་། བོད་གཞུང་གི་དེ་ཐོག་གྲུབ་འབྲས་གང་བཏོན་ཡོད་པ་མ་རེད། བོད་ནང་གི་བོད་མི་ཚོའོ་ཚེ་སྲོག་དང་འཚོ་བ་གལ་ཆེར་བཞག དེའི་ཐོག་ནས་བོད་སྤྱི་བའི་སྲིད་དོན་བསྒྲུབ་ཐུབ་པའི་ལམ་སྟོན་གནང་དགོས་པ་རེད། འཚ་མེད་ཞི་བ་ལག་ཆ་མེད་པར་སྐད་འབོད་བརྒྱག་རྒྱུ་དེ་ཙམ་གྱི་མི་ཚད། བོད་གཞུང་གིས་བོད་ནང་གི་བོད་མའི་ཡིད་ཆེས་དང་རྒྱབ་སྐྱོར་གལ་ཆེར་པོ་བརྩི་གི་ཡོད་པ་ལས། ཁོང་ཚོ་ལ་ཕར་ཕན་སྲིད་ཇུས་གང་ཡང་བཟོ་གི་མེད་པ་རེད།

  15. སྟག་སྨྱོན། says:
    2009-02-22 at 3:16 pm

    བཙན་བྱོལ་བོད་གཞུང་གིས་དོན་དངོས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་དབུ་ཁྲིད་བྱེད་ཀྱི་ཡོད་ན། བོད་ནང་གི་གནས་སྟངས་དང་མཚམས་པ། འཚེ་མེད་ཞི་བ་དང་མི་འགལ་བ། རྒྱ་ནག་ལ་བསྟན་པའི་རྣམ་འགྱུར་ཁ་གསལ་བ་བ་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་རིགས་ནང་པོ་ངོ་སྤྲོད་གནང་དགོས་པ་རེད། དཔེར་ཧ་ཅང་ཆུང་ཆུང་ཞིག་བཞག་ན། བོད་ནང་གི་བོད་མི་གཅིག་གིས་ཀྱང་རྒྱ་གཞས་ལ་ནམ་ཡང་མི་ཉན་ལྟ་བུ་རེད། དེ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ཞིང་ཐད་ཀར་རྒྱ་ནག་ལ་རྒོལ་སྟངས་མངོན་གསལ་དོད་པོ་ཞིག་ཡིན་ན་ཡང་། རྒྱ་ནག་གིས་དེ་ལ་བཙན་གནོན་གང་ཡང་བྱེད་ཐབས་ཡོད་པ་མ་རེད། གང་ལྟར་བོད་ནང་ལ་མཚམས་པའི་ལས་འགུལ་གྱི་རྣམ་གྲངས་གང་མང་ངོ་སྤྲོད་དང་གསལ་བཤད་བྱེད་རྒྱུ་གལ་ཆེན་པ་རེད།
    མ་འོང་ཆབ་སྲིད་ལམ་སྟོན་ལས་ཀྱང་ད་ལྟའི་ཆབ་སྲིད་ལམ་སྟོན་འཐུས་ཚང་ཞིག་བཟོ་རྒྱུ་གལ་ཆེ་ཆགས་ཡོད།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2009-02-22 at 7:08 pm

    ད་རེབ་ད་དངོས་ནས་སྟག་སྨྱོན་གྱིས་དོན་ཐོལ་འཁེལ་བའི་སྐད་ཆ་ཞིག་བཤད་འདུག ངས་སྔ་མོ་དེའི་བསྐོར་ལ་བསམ་བློ་མང་བོ་ཞིག་བཏང་མྱོང་བ་མ་ཟད། བཙན་བྱོལ་ནང་གི་མི་མང་བོ་ཞིག་ལ་ཁ་རྒྱག་པ་བཤད་པ་ལས་ལག་ལེན་ཇི་ལྟར་བྱེད་དགོས་མིན་གྱི་བསྐོར་ཁོང་ཚོ་ལ་ལམ་སྟོན་གསལ་བོ་ཞིག་བྱེད་རྒྱུ་མེད་པ་དེའི་བོད་ནང་གི་བོད་མི་དག་གི་ཚེ་སྲོག་ལ་དོ་ཕོག་འགྲོ་བཞིན་ཡོད་པ་རེད། ད་ནི་དངོས་ནས་འཚེ་མེད་ཞི་བ་ཁ་ནས་བཤད་པ་ལས་ལག་ནས་ལག་ལེན་བྱེད་རྒྱུའི་དུས་སུ་སླེབས་འདུག

  17. མགོན་པོ་ཕྱག་གཉིས་པ། says:
    2009-02-22 at 9:49 pm

    སྟག་སྨྱོན་གྱིས་འཆོལ་བཤད་བྱས། ལྷ་ཀླུ་གཉན་གསུམ་གྱིས་དེ་ལ་རྒྱབ་སྐྱོབ་བྱས་འདུག་ཀྱང་ངས་དེ་ལ་ངོ་རྒོལ་བྱེད་གི་ཡིན། གལ་སྲིད་ང་བོད་གཞུང་ཡིན་ན་ངས་བོད་ནང་གི་བོད་མི་མང་ལ་དེ་བྱེད་དགོས་རེད་འདི་བྱེད་དགོས་རེད་ཟེར་ནས་སྐུལ་སློང་བྱེད་པའི་འོས་བབ་ང་ལ་མེད།
    ངས་འོས་འགན་ནི་བོད་མི་མང་གི་ཚབ་བྱས་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་དང་བོད་མི་མང་གི་མངོན་འདོད་འགྲུབ་པར་རྒྱལ་སྤྱིའི་ཐོག་དང་རྒྱ་གཞུང་ལ་གང་ཐུབ་ཐུབ་ཀྱིས་འབྲེལ་གཏུགས་བྱེད་རྒྱུ་དེ་ཡིན་བསམ་གི་ཡོད།
    ངས་བོད་ནང་ལ་ངན་སྐུལ་གི་བྱ་བ་གང་ཡང་བྱེད་གི་མིན་ལ་རྒྱ་ནག་གིས་མ་བྱས་བྱས་ཚུལ་གྱི་ཡ་ལ་དཀྲི་བཞིན་པ་དེ་ཚོར་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐའ་གསལ་ཡོང་བའི་རེ་འབོད་ཞུ་གི་ཡིན། དཔེར་ན། བོད་ནང་ལོ་སར་གྱི་མེད་པ་དེ་བཙན་བྱོལ་བོད་གཞུང་གིས་སྒྲིག་འཛུགས་རྒྱབ་སྐྱོར་བྱེད་གི་ཡོད་པ་རེད་ཟེར་བ་ལྟ་བུ།
    ནམ་ཞིག་བོད་མི་མང་གིས་ང་ཚོར་རང་བཙན་དགོས་གི་མེད། ང་ཚོར་ཚད་མཐོའི་རང་སྐྱོང་དགོས་གི་མེད་ཅེས་བརྗོད་པ་ཡིན་ན་ངས་དེ་མ་ཐག་བཙན་བྱོལ་བོད་གཞུང་བསྡུ་གསོག་རྒྱབ་ནས་ང་ཕ་ཡུལ་ལ་ལོག་འགྲོ་གི་ཡིན། ཇི་སྲིད་བོད་མི་མང་གི་འདོད་པ་མ་ཁེངས་པ་དེ་སྲིད་དུ་བཙན་བྱོལ་བོད་གཞུང་ནས་ཁོང་ཚོའི་འདོད་པ་འགྲུབ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན།

  18. སྟག་སྨྱོན། says:
    2009-02-23 at 2:43 am

    བཙོལ་བྱོལ་བོད་གཞུང་ཀི་གནང་སྟངས་དེ་སྐབས་པ་འདྲ་བོ་རེད། བོད་ནང་ལ་གནས་ཚུལ་སྡུག་པོ་ཞིག་ཡོང་རྒྱུར་རེ་བ་བརྒྱབ་ནས་བསྡད་ཡོད་པ་དང་། བོད་ནང་ལ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཚབས་ཆེན་ཞིག་ཡོང་བ་དང་དགའ་ཐག་ཆོད་ནས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་ཀི་འདུག གལ་སྲིད་བོད་ནང་ལ་བསྐུལ་སློང་བྱེད་ཀི་མེད་ན། ཅི་ཕྱིར་གསར་འབྱོར་ཡོད་ཚད་ཀི་ལག་པ་ལ་༧རྒྱལ་བ་རིན་ཆེའི་མཛད་རྣམ་དང་སུམ་ཅུའི་དུས་དྲན་གྱི་བཀའ་སློབ། མ་འོངས་ཆབ་སྲིད་ལམ་སྟོན་བོད་ནང་ལ་གང་ཐུབ་ཐུབ་བཀྲམས་ཀི་ཡོད་པའི་རྒྱུ་ག་རེ་ཡིན་ནམ། གལ་སྲིད་བོད་ནང་ལ་མཁོ་བ་མ་འོངས་ཆབ་སྲིད་ལམ་སྟོན་མ་ཡིན་པར། ད་ལྟའི་ཆབ་སྲིད་ལམ་སྟོན་ཆགས་ཡོད། བོད་གཞུང་ལ་མཁོ་བ་གསར་འགོད་ཀྱི་རྒྱུ་ཆ་ཙམ་རེད།

  19. སྟག་སྨྱོན། says:
    2009-02-23 at 7:50 am

    ཁྱེད་ཚོར་རྒྱལ་སྤྱིའི་ཐོག་བཤད་ས་ཞིག་ཡོད་ན་ཤོད་དང་དཔང་རྟགས་དང་རྒྱུ་མཚན་ད་ལྟ་ལས་མང་བ་ཞིག་ནམ་ཡང་རག་མི་སྲིད། ད་ལྟ་བོད་ནང་མི་གསོད་ཁྲག་འབྱིན་དང་བཙོན་འཇུག་རྒྱུན་མ་ཆད་པར་བྱེད་ཀི་ཡོད་སྟབས། རྒྱལ་སྤྱི་ཞེས་བཤད་ས་ཆེན་པོ་ཞིག་ཡོད་ན་ཤོད་དང་དགོས་དུས་རེད་འདུག ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་གཞུང་བསླུས། བོད་གཞུང་གིས་བོད་ནང་གི་བོད་མི་ཚོར་མགོ་བསྐོར་ཐེབས་འཇུག་གི་ཡོད་ཀི་བསམ། བཙན་བྱོལ་བོད་གཞུང་གི་ཕྱི་ལ་བོད་ནང་གི་གནས་སྟངས་སྐྱོ་བོ་རྣམས་ཁྱབ་བསྒྲགས་བྱེད་ཀི་ཡོད་པ་དང་། བོད་ནང་ལ་ཨ་རི་སོགས་ཀྱིས་བོད་ལ་རྒྱབ་སྐྱོར་ཆེན་པོ་ཡོད་མདོག་ཁྱབ་བསྒྲགས་བྱེད་ཀི་ཡོད་པ་རེད། ངས་ལྟོས་ན་བོད་ཀྱི་རེ་བ་བཅོལ་ས་བོད་ནང་གི་བོད་མི་ལས་གཞན་མེད་པ་མཐོང་། དེ་ཚོར་ཕན་པའི་སྲིད་ཇུས་རེ་བཟོ་ཐུབ་ན་བཟང་བ་ལས། དེ་མིན་གཞན་གྱི་ས་ཐོག་ནས་སོ་ནམ་ཞིང་ལས་དང་དུས་རབས་ཉེ་གཅིག་པའི་ནང་ལ་མི་མཚམས་པའི་ཤེས་ཡོན་སོགས་གྱོང་བཤད་བརྒྱབ་ནས་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་ཀི་ཡོད་པ་དེ་ཡ་མཚར་མི་སྐྱེས་སོ།

  20. སྟག་སྨྱོན། says:
    2009-02-23 at 10:26 am

    ཨ་རི་བོད་སྐད་རླུང་འཕྲིན་ཁང་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་ནང་གི་བོད་མི་ཚོར་མགོ་བསྐོར་དང་བསླུ་བྲིད་ཐེབས་ཏུ་འཇུག་གི་ཡོད་པར་སྣང། ག་དུས་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་གིས་བོད་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ལུགས་ཀྱི་གསར་འགྱུར་བཅོས་མ་མང་པོ་བོད་ནང་ལ་ཁྱབ་བསྒྲགས་བྱེད་ཀྱི་འདུག དྲང་པོ་བཤད་ན་གསར་འགྱུར་འགོད་པ་ཚོས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྐད་ཆ་སྙན་པོ་བཤད་ནས་འཛམ་གླིང་གང་སར་དཀྲུགས་ཤིང་སློང་བ་ལས། དོན་དངོས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་རྒྱབ་སྐྱོར་བྱེད་མི་སྲིད་པ་གསལ་བཤད་བྱེད་དགོས་པ་དང། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་ཚོའི་སྐད་ཆ་ལ་ཡིད་ཆེས་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚིག་འདི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོའི་ཆབ་སྲིད་ཀྱི་ལག་ཆ་ཁོ་ན་ཡིན་པ་ངོས་ཟིན་ཏུ་འཇུག་དགོས་པ་རེད། བོད་གཞུང་གིས་ནུབ་ཕྱོགས་མགོ་སེར་གྱི་རིགས་ལ་ཨ་གསར་བྱེད་རྒྱུ་མང་དྲགས་པའི་དབང་གིས་ནད་ཚ་དེ་བོད་ནང་ལའང་འགོས་ཡོད་པ་རེད། དེའི་ཕྱིར་ཁོང་ཚོས་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་མཐོང་ནའང་དེའི་མདུན་དུ་རྒྱུགས་ནས་བོད་མའི་སྡུག་བསྔལ་བཤད་ཀི་ཡོད་པ་རེད། དེ་ཚོ་མཐོང་དུས་སེམས་པ་སྡུག་ནས་མཆུ་མ་ལྷུང་ཡོང་གི་འདུག མི་དེ་ཚོའི་ཕན་ག་རེ་ཐོག་གི་རེད་དམ། ཕྱི་རྒྱལ་བ་ཚོ་ལ་ནུས་པ་རྫུན་འཕྲུལ་ག་རེ་ཡོད་པ་རེད་དམ། ཨ་རི་སྲིད་འཛིན་ལ་རྒྱབ་བཅོལ་བ་ལས་བོད་ཀྱི་ཁྱི་ཞིག་ལ་དཔུང་རོགས་བཅོལ་ན་མཉམ་ཤི་བྱེད་ངེས་རེད། སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་བཀའ་མོལ་ཕ་ཡུལ་ནང་གཟིགས་དང་། ཨ་རིས་བོད་ལ་བསླུ་བྲིད་ག་ཚོད་ཅིག་བྱས་འདུག་གམ། ཨ་རི་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་ནི་ཆབ་སྲིད་ཀྱི་ལག་ཆ་དང་རྙོག་དྲ་སློང་སྤྱད། མི་སྲོག་ནི་རྩེད་མོ་རྩེད་སྤྱད་ཙམ་རེད།
    ཁ་ཆེ་ལུང་བ་མང་པོ་ཨ་རི་ལ་མི་དགའ་བ་རྒྱུ་མཚན་མེད་པ་མ་རེད། རིམ་བཞིན་ཨ་རི་གོ་ལ་ཧྲིལ་བོའི་སྟེང་གྲོགས་མེད་ཁེར་རྐྱང་དུ་ལྷག་ཡོང་གི་ཡོད་སྟབས། རྒྱ་ནག་སོགས་ལ་འུ་ཐུག་གི་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། ཨ་རི་ལ་རྒྱ་ནག་གི་རྣམ་འགྱུར་དེ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ད་ནས་ཨ་རི་རང་ཉིད་གཅིག་པོས་འཛམ་གླིང་ཐོག་གོ་ནས་ཆེན་པོ་ཞིག་མུ་མཐུད་ཉར་ཐུབ་རྒྱུ་རེ་བ་མེད་པ་མཐོང་གི་ཡོད་སྟོབས། རྒྱ་ནག་དང་གྲོགས་བསྡོངས་ནས་མུ་མཐུད་འཛམ་གླིང་ནང་གོ་གནས་ཆེན་པོ་ཞིག་ཟིན་རྒྱུའི་རེ་ངན་ཡོད་པ་རེད། དགོངས་ད་མུ་མཐུད་འབྲི་གི་ཡིན བོད་གཞུང་གིས་ཁ་ལྟ་ས་རྦད་དུ་ནོར་ཡོད་པ་རེད།

  21. ལྕགས་རྒྱ་འགྲམ་ནག says:
    2009-02-23 at 12:06 pm

    བོད་དོན་བརྩིས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་རྙོག་དྲ་ཁག་ལ་ངོས་འཛིན་གསལ་བོ་ཞིག་མ་བྱུང་བར་བོད་གཞུང་གིས་རྒྱལ་སྤྱིའི་རོགས་རམ་འཚོལ་བ་དང་རླུང་འཕྲིན་ཁག་གིས་དེ་དྲིལ་བསྒྲགས་བྱེད་པ་བཅས་ནི་མགོ་རྙོག་ཚ་བོ་རེད་ལ། སྐབས་འགར་དེ་ནི་སྟག་སྨྱོན་གྱིས་བཤད་པ་ལྟར་གཞིས་ལུས་བོད་མི་ཚོར་རེ་བ་བརྫུན་མ་ཞིག་སྤྲོད་ཀྱི་ཡོད་པའི་ཚོར་སྣང་སྐྱེས་འོང་། ཤུ། ད་བཤད་འདོད་ཀྱི་ངར་དེ་ཡལ་ནས་ལྷག་མི་འདུག མགྱོགས་པོར་ཕ་ཡུལ་དུ་ལོག་རྒྱུ་བྱུང་ན་བསམ …

  22. བོད། ལྷ་ཀླུ་གཉན་གསུམ། says:
    2009-02-23 at 6:15 pm

    སྟག་སྨྱོན་གྱི་བཤད་པའི་སྐད་ཆ་དེ་དག་ལ་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ངས་ཀྱང་ག་དུས་ཡིན་ཡང་རང་དོན་རང་གི་བྱེད་དགོས་པ་ལས་མི་གཞན་ལ་རེ་བ་ནི་འཆི་རྒྱུར་རེ་བ་དང་གཅིག་མཚུངས་ཡིན། དེ་ལས་བོད་པ་རང་གིས་རང་ཉིད་ཀྱི་ནུས་པ་ལ་བརྟེན་པ་ལས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་སུ་ཞིག་གིས་ཀྱང་བོད་ཀྱི་མགོ་ཐོག་གི་སྡུག་བསྔལ་འདི་སེལ་མི་ཐུབ་པ་ཤེས་དགོས་ཀྱི་འདུག་པ་མ་ཟད། དམིགས་གསལ་གྱིས་བོད་ནང་གི་བོད་མི་དེ་དག་གིས་རང་རང་གི་ཚེ་སྲོག་ལ་འགན་ཆགས་པའི་ལས་ཀ་རེ་བྱོས་དེ་འདུག་རྒྱུ་ནི་གལ་ཆེན་རེད་ལ། བཙན་བྱོལ་ཚང་གི་སྲིད་དོན་པ་ཚོ་ཡང་གཞན་ལ་སྐུལ་སློང་བྱས་དེ་བསྡོད་པ་ལས་རང་ཉིད་ཀྱི་འགོ་བརྩམས་ནས་བོད་དུ་ལོག་རྒྱུའི་མགོ་བཙུགས་ན་རེད།

  23. སྟག་སྨྱོན། says:
    2009-02-24 at 8:24 am

    བོད་གཞུང་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་དག་དག་འཚམ་པའི་ད་ལྟའི་ཆབ་སྲིད་ལམ་སྟོན་ཞིག་འཐུས་སྒོ་ཚང་བ་ཞིག་བཟོ་དགོས་པ་མཐོང་། དེ་ཡང་ད་ལྟ་རང་ལ་བོད་ནང་དུ་ལག་ལེན་བསྟར་ཐུབ་པའི་ལས་འགུལ་གྱི་རིགས་གསལ་འདོན་དང་ལམ་སྟོན་གནང་དགོས་པ་རེད། མ་འོངས་ཆབ་སྲིད་ལམ་སྟོན་ད་དུང་སྒམ་ནང་བཅུག་བཞག་ན་འགྲིག་གི་རེད། སྤྱི་འཐུས་ལ་བློ་རྩལ་འདོན་རྒྱུ་ཡོད་ན་འདིའི་ཐོག་ལ་འདོན་དགོས་པ་ལས། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་སྟངས་ཀྱི་ཐོག་ལ་དེ་ཙམ་འབད་བརྩོན་མ་བྱས་ཀྱང྄མ་འགྲིག་པ་མེད། ལྷག་པར་བོད་ནང་ལ་འཚམ་པའི་འཚེ་མེད་ཞི་བའི་ལས་འགུལ་རིགས་ལམ་སྟོན་གནང་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme