Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་བོད་མི་དག་གིས་ད་ལྟ་ག་རེ་བསམ་ཡོད་དམ།

Posted on 2011-04-13 By ཁ་བརྡ་ 2 Comments on བོད་ནང་གི་བོད་མི་དག་གིས་ད་ལྟ་ག་རེ་བསམ་ཡོད་དམ།

བོད། ལྷ་ཀླུ་གཉན་གསུམ།
སྤྱིར་འདི་ལྟར་གླེང་གཞི་འཛུགས་དོན་ནི། རང་རེ་སྟེ། གངས་ཅན་བོད་མི་རྣམས། ས་ཐོག་འདི། ས་སྒང་ཧྲིལ་བོའི་སྟེང་། འཛམ་གླིང་ཡུལ་གྲུ་སོ་སོ་ན་གནས་ཤིང་འཚོ་བའི་བོད་ཀྱི་རིགས་སུ་གཏོགས་པ་ཚང་མས། བོད་ནང་གི་བོད་མི་སྟེ། གཞིས་ལུས་རྒྱ་ཆེ་མི་མང་གི་ག་རེ་འདོད་ཀྱི་ཡོད་མེད་དེ་དངོས་ནས་ཤེས་ཀྱི་ཡོད་དམ་ཞེས་བསམ་གཞིགས་ནན་ཏན་ཞིག་བྱེད་རན་ལ་སླེབས་པ་ནི། འགོར་མེད་ན། སྔ་གཏན་ནས་མེད།

དེས་ན་བདག་གིས་འདི་ནས་རང་ཉིད་བོད་མི་དཀྱིས་མ་ཞིག་གི་དངོས་ནས་བོད་ནང་གི་བོད་རྒྱ་ཆེ་མི་མང་གི་ག་རེ་འདོད་ཀྱི་ཡོད་མེད་སྐོར་ལ་བསམ་གཞིགས་ནན་ཏན་ཞིག་བྱེད་ཁུལ་རྟག་པར་བྱས་པ་ལས། ཕྱིར་དྲན་ཞིག་ལ་འགྲོ་དགོས་པ་ནི། ཉིས་སྟོང་བརྒྱད། བོད་ཁྱོན་ཡོངས་ཀྱི་ཞི་རྒོལ་ཆེན་མོ་དེ་ཡིན། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ། སྔོན་ཆད་བྱུང་མ་མྱོང་བའི་ཞི་བའི་གྱེན་བླངས་དེ། བོད་རྒྱ་ཆེ་མི་མང་གི་མངོན་འདོད་ཆེ་ཤེས་དེ་འཛམ་གླིང་གི་ཡུལ་གྲུ་གང་སར་བྱེས་བཅར་བ་བོད་མི་ཡོངས་དང་། དྲང་བདེན་ལ་དགའ་བ་དང་བདེན་པ་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་ལ་བསྒྲགས་པ་དེ་ཡིན།

ཞི་རྒོལ་སྐབས་ཀྱི་འབོད་ཚིག་མང་ཤོས་དང་ཁྱབ་ཆེ་ཤོས་ནི། ༧གོང་ས་གདན་ཞུ། བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། ས་ཁུལ་ཁ་ཤས་ནས་བོད་རང་བཙན་དགོས་སོགས་ཡིན། དེ་དག་གཞི་ལ་བཞག་ནས་བོད་ནང་གི་རྒྱ་ཆེ་མི་མང་གི་མངོན་འདོད་དངོས་གླེང་ན། བོད་ནང་དུ་རང་དབང་ཞིག་མེད་པ་ནི་བཤད་མ་དགོས་པ་དེ་ཡིན། རང་དབང་དེ་ནི་ཇི་ལྟར་ཐོབ་དགོས་པའི་ཕྱོགས་སུ་ལས་ཀ་ཞིག་བྱེད་དགོས་པ་དེ་ནི་བོད་མི་ཡོངས་ཀྱི་ལས་འགན་ཡིན་ལ། བོད་ནང་གི་བོད་མི་དག་གིས་རང་དབང་གི་ཆེད་དུ་ལས་ཀ་བྱས་ཡོད། རང་རང་གི་ཚེ་སྲོག་བདེན་དབུང་དུ་བཞག་ནས་བྱས། དེ་ནི་ཞི་རྒོལ་ཆེན་མོ་ཡིན།

ཞི་རྒོལ་ཆེན་མོ་དེ་ལ་གྲུབ་འབྲས་ཤིག་བྱུང་ཡོད་པར་གླེང་མཁན་ཡང་ཆེས་མི་ཉུང་བ་ཞིག་བྱུང་ཡོད་ལ། དེ་དག་གི་ཡིད་ཚིམ་སྟངས་དེ་ཡང་དངོས་ནས་ཁྱད་མཚར་བོ་ཞིག་ཡིན། དེ་དང་འགྲོག་ནས་བོད་མི་འདུས་བསྡོད་ཀྱི་ས་ཁུལ་འཛམ་གླིང་གི་ཡུལ་སོ་སོ་ནས་གདུང་སེམས་མཉམ་བསྐྱེད་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་འབོད་ཚིག་གཙང་སྤྱོད་ཀྱི་བརྩིགས་ངོས་ནས་བཟུང་། ལྷ་ཁང་འདུ་ཁང་གི་བརྩིགས་ངོས་སོགས་ལ་སྤྱར་ཡིག་དེ་ཡི་བཀང་བ་དང་། འཛམ་གླིང་གི་གསར་འགྱུར་ཆེས་མི་ཉུང་བ་ཞིག་གི་གླེང་གཞི་ཡང་བོད་ལ་འཁོར་བ་རེད།

གསར་འགྱུར་ནི་གསར་འགྱུར་རེད། དུས་ལྟར་བསྒྲགས་ནས་དུས་ལྟར་ཚར་བ་རེད། འོན་ཀྱང་། བོད་རྒྱ་ཆེ་མི་མང་གི་འདོད་པ་ནི་དེ་འདྲ་ཞིག་ག་ལ་ཡིན། གཏན་ནས་མིན། དེ་མིན་པ་ང་ཚོས་ཤེས་དགོས་ལ། ཤེས་པ་དེ་ཡི་ཆེད་དུ། ང་ཚོ་འགུལ་དགོས་པ་ཡིན། རང་དོན་རང་གིས་མ་བྱས་ན། གསར་འགྱུར་བསྒྲགས་མཁན་དག་གི་ལས་ཀ་ནི་གསར་འགྱུར་བསྒྲགས་པ་དེ་ལས་གཞན་གང་ཡང་མེད་ལ། བདེན་པ་ལ་རྒྱབ་སྐྱོར་བྱེད་མཁན་དག་གིས་ཀྱང་བདེན་པ་རིག་དགོས་པ་ལས། རིག་རྒྱུ་མེད་པ་ཞིག་ལ་ཁོང་ཚོས་རྒྱབ་སྐྱོར་བྱེད་ས་མེད་པ་ཡིན། བོད་ནང་ནས་སྐད་གཅིག་གྲགས་མ་ཐག བོད་བྱེས་སུ་ཡོད་པ་དག་གིས་དེ་དག་གི་འགན་བླངས་དེ། དུས་ལྟར་རྒྱལ་ཁབ་སོ་སོའི་རྒྱ་ནག་གི་གཞུང་ཚབ་ཁང་འགྲམ་དུ་སླེབས་ཐུབ་དགོས་པ་མ་ཟད། དུས་ལྟར་མཚམས་འཇོག་བྱེད་པའི་སྐད་འབོད་དང་ཟས་བཅད་ངོ་རྒཽལ་བསྟུད་མར་བྱེད་མཁན་ཡོང་དགོས་ཀྱི་ཡོད་པ་ཡིན།

དེ་མ་གཏོགས། བོད་ནང་ནས་དེང་སང་སྐད་འདི་འདྲ་ཞིག་བཤད་ཀྱི་ཡོད། ང་ཚོས་འདི་ནས་སྲོག་ལ་མ་འཛེམས་པར་བདེན་་དོན་བརྩད་ཀྱང་། བྱེས་པ་དག་གིས་དུས་ཚོད་བཏང་ནས་བདེན་དབུང་ཙམ་ཡང་བྱེད་མ་ཐུབ་པ་ལོ་ནས་ལོ་མཐུད་དེ་སྒུག་ཡང་དོན་ལ་སྨིན་པའི་ལས་འགུལ་སྤེལ་ཐུབ་མཁན་གྱི་སྤྱི་སྒེར་མྱོང་བ་ནི་དངོས་སེམས་སྐྱོ་བ་ཞིག་རེད།

རེ་ཞིག་འདི་ལྟར་འབྲི་ཙམ་འཇོག མང་བོ་ཞིག་བྲིས་ན། སེམས་མི་སྐྱིད་པའི་སྒང་ལ། ཕན་མི་ཐོག་པའི་མི་ཞིག་དུ་གྱུར་སོང་དུས། ཉེ་རྒྱང་མང་བོ་ཞིག་དོན་མེད་དུ་སྡུག་ལ་གཏོད་སྲིད།

སྣ་ཚོགས།

Post navigation

Previous Post: བོད་གཞུང་དམངས་གཉིས་ཀ་སློབ་གྲྭར་འགྲོ་རན་སོང་།
Next Post: ༤།༡༤་རྗེས་དྲན།

Comments (2) on “བོད་ནང་གི་བོད་མི་དག་གིས་ད་ལྟ་ག་རེ་བསམ་ཡོད་དམ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-04-14 at 5:25 am

    བསམ་བློ་གཏོང་སྟངས་འདི་དངོས་ཡོད་རེད་ལ། དེ་ལ་དཔག་པའི་ལས་ཀ་ཞིག་ལས་དགོས་པ་གསལ་བོ་རེད།
    ངས་བལྟས་ན་དེང་སྐབས་ཚང་མས་ཐབས་ལམ་ཞིག་བཙལ་ཨེ་ཐུབ་ལ་རྩོམ་འབྲི་བྱེད་ཐུབ་ན་ཡག་པོ་འདུག་སྙམ། དེའང་བོད་དོན་ལ་དམིགས་པའི་བྱེ་བྲག་གི་ཐབས་ལམ་དང་སྤྱིའི་ཐབས་ལམ་སོ་སོར་དབྱེ་ཞིང་། ཨ་ལོང་མཐུད་པ་ལྟར་བང་བསྒྲིག་རན་འདུག

    དྲིལ་བསྒྲགས་ཀྱི་སྐོར་ནས་བཤད་ན། ཕྱི་ལོ ༢༠༠༨ལོའི་དོན་རྐྱེན་མང་པོ་ཞིག་ད་དུང་ལྷག་ཡོད་པ་རེད། དཔེར་ན། རྨ་ཆུ་རྫོང་ནས་ཤང་ཁག་རེ་གཉིས་སྐབས་དེར་ཞི་རྒོལ་བས་ཚུར་བླངས་པའི་ཁར། ཤང་ཀྲང་དང་ཧྲུའུ་ཅི་སོགས་ལ་སད་ཡིག་བསྐྱོན་དུ་བཅུག་ཡོད་ལ། དུས་ཡུན་ཆུ་ཚོད་ཁ་ཤས་སམ་ཉིན་གཅིག་ལས་མེད་སྲིད་མོད། མི་རིགས་ཤིག་གི་རང་དབང་འཐབ་རྩོད་ཁྲོད་ཀྱི་རྡོ་རིང་ཞིག་ཡིན་ལ། རྒྱལ་སྤྱིའི་སྒང་ལ་ངོམས་ཆོག་པའི་དོན་རྐྱེན་ཡན་གར་བ་ཞིག་ཀྱང་ཡིན། ད་དུང་ས་ཆ་གཞན་དུའང་དེ་མཚུངས་ཀྱི་དོན་རྐྱེན་བྱུང་ཡོད་ཚོད་ཡིན།

    དེ་མིན་ད་ལྟ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་འདི་ཡིན་ལ། རྒྱལ་སྤྱིའི་གསར་འགོད་པ་དེ་གར་བསྐྱོད་པར་འབོད་བསྐུལ་ཞུ་ཆོག་པ་དང་། མི་སྒེར་རམ་ཚོགས་སྐྱིད། གཞུང་གང་རུང་གི་ངོ་ཤེས་གསར་འགོད་པ་ཚོས་པེ་ཅིན་ནས་ཐད་ཀར་སྐད་ཆ་འདྲི་ཆོག་ལ། དེ་ལྟར་གནས་སྟངས་ཞི་འཇམ་དུ་གཏོང་བར་ཕན་པར་མ་ཟད། དྲིལ་བསྒྲགས་ཀྱང་ཡིན་པས། གོ་སྐབས་འདི་དག་མི་འཆོར་བ་གནང་རན་མེད་པའང་མིན།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-14 at 2:49 pm

    ལྷ་སྡེ་གནམ་ལོ་ཡག་ལགས། ཉིད་ནས་བསམ་ཚུལ་གསུངས་པ་དེར་མོས་གུས་ཞུ་་བ་དང་ཁྱབ་ཅིག དངོས་ནས་ང་ཚོའི་མི་རིགས་འདི་གཉིད་འདོད་ཡོད་པ་འདྲ། དམིགས་བསལ་གྱིས་བྱེས་སུ་བཅར་མཁན་དག་གིས་རང་དོན་ཟེར་ན་རེད། བོད་དོན་ཞིག་བྱེད་པར་དེ་འདྲའི་སྤྲོ་སྣང་མེད་པ་ལྟ་བུ་ཞིག་ཆགས་འདུག་པ་དེ་ཡི་དོན་དག་དངོས་དེ་གང་ལ་ཐུག་ཡོད་མེད་ཀྱི་སྐོར་ནས་སྐད་ཤུགས་ཆེ་ཙམ་རྒྱགས་པ་དང་། བོད་མི་ཞིག་གིས་བོད་དོན་ལ་འགན་ལེན་ཐུབ་པར་སྐུལ་ལྕགས་བྱེད་དགོས་པ་དེ་ཡང་བསྟུད་མར་བྱེད་མཁན་གྱི་ཚོགས་སྐྱིད་དང་། སྤྱི་སྒེར་གང་རུང་ཞིག་དགོས་ཀྱི་འདུག་པ་དེ་ནི་ཁ་ཚང་དགོས་གཏུགས་ཆགས་འདུག་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme