Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་ཚང་མ་སྙན་ངག་པ་ཡིན་ཆོག

Posted on 2011-04-122011-04-12 By ཡེ་ཤེས་ 18 Comments on ང་ཚོ་ཚང་མ་སྙན་ངག་པ་ཡིན་ཆོག

ཀླུ་སྨྱོན།
picasso1972
རང་སེམས་རང་གིས་མི་གསོ་སུ་ཡིས་གསོ། །རང་མགོ་རང་གིས་མི་འགྱོགས་སུ་ཡིས་འགྱོགས། །
་་་ཁ་བྱང་གི་འགྲེལ།
ཉིན་འགའི་སྔོན་ངས་བྲིས་བྲིས་ཚང་མ་སྙན་ ངག་ཡིན་ཞེས་པའི་ བསམ་ཚུལ་ཞིག་སྤེལ་བར་དྲ་གྲོགས་འགའ་རེས་དྲང་ལྡོག་ཅི་རིགས་ནས་བསམ་ཚུལ་སྤེལ་ སོང་བ་དང་ལ་ལས་ང་རྒྱལ་ཆེ་རབས་ཤིག་ཀྱང་བརྗོད་སོང་བས། འདིར་ཡང་སྐྱར་རང་གི་བསམ་ཚུལ་ཞིག་ཁ་སྣོན་དུ་མ་བྲིས་རང་བྲིས་ཆགས་སོང་། སྤྱིར་ན་སྙན་ངག་རིག་པ་འདི་ནི་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་། སྒྱུ་རྩལ་ཞེས་པ་དེ་ནི་མཐའ་དང་དབུས་ཞེས་ངོས་བཟུང་མེད་ཅིང་། འདི་དང་དེ་ཞེས་ཐག་གཅོད་དཀའ་བའི་མཁའ་ཁྱབ་ཀྱི་རིག་གཞུང་ཞིག་ཡིན་པས། སྤྱི་ལྡོག་ནས་བལྟས་ན་དེའི་ཁོངས་སུ་སྣང་སྲིད་ཀྱི་ཆོས་ཡོད་དོ་ཅོག་ཚུད་བསྡད་ འདུག་པས། སྣང་སྲིད་ཀྱི་ཆོས་བྱེ་བྲག་པ་ཞིག་སྙན་ངག་ཡིན་དང་མིན་པའི་ས་མཚམས་འབྱེད་རྒྱུ་ དེ་ནི་ངོ་མ་ལས་སླ་བོ་ཞིག་གཏན་ནས་མ་རེད།
*གོང་གི་འདྲ་པར་དེ་ནི་འཛམ་གླིང་སྒུལ་བའི་རི་མོ་བ་གྲགས་ཅན་པིས་ཁ་སོའི་རི་མོ་གྲགས་ཅན་ནང་གི་གཅིག་རེད།
རྩོམ་ཡིག་གི་འཕྲོ་ཀློགས།

དཔྱད་རྩོམ། Tags:``

Post navigation

Previous Post: ནམ་གུང་ཐོལ་གྱིས་བཞེངས་པའི་མགུར།
Next Post: ཉམ་ཉེས་ནང་གི་རེ་བ།

Comments (18) on “ང་ཚོ་ཚང་མ་སྙན་ངག་པ་ཡིན་ཆོག”

  1. འབའ་སྲས། says:
    2011-04-12 at 4:38 am

    རང་བཞིན་གྱིས་གྲུབ་སྤོབས་པ་དང་།།
    མང་དུ་ཐོས་པ་དྲི་མེད་པ།།
    ལེགས་པར་སྦྱོར་བ་མི་དམན་པ།།
    སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།

    ཞེས་པ་ལྟར་མ་མཐར་ཡང་རང་བཞིན་གྱིས་གྲུབ་པའི་རྣམ་རིག་དང་། སྙན་ངག་གི་སེམས་ཚོར་ལྡན་མཁན་ཞིག་ཡིན་ན། དེས་བྲིས་ཚང་མ་སྙན་ངག་དུ་འགྲོ་སྲིད་མོད། དེ་ལས་ཅིག་ཤོས་དག་ནི་སྨྱོན་པའི་སྐད་སྒྲ་ཙམ་ལས་གཞན་མིན་པའི་ཚད་མ་ཡང་རྙེད་སླའོ།།
    རི་མོ་ཡིག་རྒྱུགས་ཤིག་གི་སྟེང་རི་མོ་ཅི་ཡང་འབྲི་མི་ཤེས་པའི་མི་ཞིག་གིས་ཤོག་བུ་སྟེང་ཐིག་མ་བརྒྱབས་པར་ལག་པ་བསྐོར་ཐེངས་གཅིག་གིས་གོར་གོར་ཞིག་བྲིས་ཤིང་དེ་དཀྱིལ་དུ་ནག་ཐིག་ཅིག་བྲིས་པ་དེ། རྗེས་སུ་མི་མང་པོ་ཡ་མཚར་དགོས་པ་བྱུང་བའི་གཏམ་རྒྱུད་འདི་འདྲ་ཡང་འཇིག་རྟེན་དུ་བྱུང་མྱོང་ཡོད་དོ།།

  2. འབའ་སྲས། says:
    2011-04-12 at 4:44 am

    ངས་མཚན་གུང་གི་མཛའ་གཞས་པ་ཞིག་བསྐུར་བ་དྲ་ངོས་ལ་བཞག་མི་འདུག་ཨ་ཤི་རེ་ཁོ།

  3. ཀརྡོ་རབ་འབྱམས་པ་ says:
    2011-04-12 at 5:30 am

    སྙན་ངག་མཁན་ལ་ཅི་ཡང་རྒྱན། །
    བོད་རིགས་གཅིག་ལ་བོད་སྐད་རྒྱན། །
    བོད་ཡིག་བྲིས་ཤེས་བོད་རིགས་རྒྱན། །
    རྒྱན་མེད་དངོས་མེད་སྙན་ངག་རྒྱན། །
    ཐོལ་བྱུང་དུ།

  4. གནམ་ལྕགས། says:
    2011-04-12 at 6:15 am

    ཀླུ་སྨྱོན་ཟེར་བ་འདི་རྗེས་མར་སླེ་ལུང་བཞད་པའི་རྡོ་རྗེ་འདྲ་ཞིག་ཆགས་སྲིད་པ་འདྲ། རྒྱལ་དབང་ལྔ་བ་དང་དུས་མཉམ་ཡིན་པའི་མཁས་པ་དེ་སྔོན་ཆད་གདན་སའི་དགེ་བཤེས་ཤིག་དང་རྗེས་སུ་རིམ་གྱིས་སྔགས་ལ་ཞུགས་ནས། མཐར་བྲག་ཕུགས་དང་རི་སྟོང་ལུང་སྟོང་སོགས་སུ་མཁའ་འགྲོ་མ་འགའ་རེ་དང་མཉམ་དུ་མགུར་བཞེངས་ནས་བསྡད་པ་རེད། ཁོས་གཏེར་བཏོན་པའི་ཟིན་བྲིས་དང་མགུར་བཞེངས་པ་ཁོ་ནས་གྲུབ་པའི་གསུང་འབུམ་པོད་བཞི་བཅུ་ཞེ་ལྔ་བརྒལ་གྱི་ཡོད།

    གལ་སྲིད་ཀླུ་སྨྱོན་ཁོང་གིས་ཀྱང་སླེ་ལུང་བླ་མའི་རྣམ་ཐར་དེ་སྐྱོང་ངེས་ན། བདག་གིས་ཀྱིས་མཁའ་འགྲོ་མ་སྐོར་ཞིག་མཁོ་སྤྲོད་ཀྱི་ཞབས་འདེགས་བསྒྲུབ་ངེས།

  5. ཀླུ་སྨྱོན། says:
    2011-04-12 at 6:21 am

    གྲུབ་དབང་ཀློང་བརྡོལ་བླ་མས་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་སླེ་ལུང་བཞད་རྡོར་གཉིས་ལ་ཏོག་ཙམ་བཀའ་བཀྱོན་གནང་ཡོད་པ་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2011-04-12 at 6:33 am

    སླེ་ལུང་ བླ་མར་ མཁའ་འགྲོ་མ་ འགའ་རས་ བསྐོར་ནས་ བཞུགས་མཁན་ཅིག་ ཡིན་ན། ང་ཡང་ སླེ་ལུང་པའི་ སྐྱེ་བ་ཅིག་ ཡིན་ན། སྐྱིད་པ་ལགས། དེང་སང་ མཁའ་འགྲོ་མ་ མགོ་སེར་ཅིག་ གསར་བཅུག་ བྱས་ཆོག་པ། རྩེད་མོ་ཡིན་གདའ།

  7. ཤར་ཕྱོགས་ཁུག་རྟ། says:
    2011-04-12 at 6:44 am

    ད་ཁྱེད་རིན་ཆེན་དྲུག་པ་འདྲ་ཞིག་མ་གནང་མ་གཏོགས། འཇམ་བཞད་འདྲ་ཞིག་ཐོན་པ་ཡིན་ན་ཁྲི་ལས་ཕབས་ན་ཐང་ཀོ

  8. ཆུ་བཟང says:
    2011-04-12 at 7:03 am

    དུས་ད་ལྟ་བར་དུ་སྙན་ངག་ལ་མཚན་ཉིད་མང་པོ་ཞིག་ཡོད་པ་དེས་སྙན་ངག་ནི་སོ་སོའི་སེམས་ཚོར་ལས་བྱུང་བ་ཞོར་ནས་རྟོགས་ཐུབ།དེི་བས་ན་སྙན་་ངག་ཡིན་དང་མིན་ཡང་རྒྱ་ཆེན་པོའི་གོ་བ་བླངས་བ་ཡིན་ན།་་་་་་་་་
    དཔེར་ན།ང་ཚོའི་མིག་མདུན་ན་སྒེག་ལྡན་མཛེས་མ་ཞིག་འགྲོ་སྐབས་ངས་དེ་མ་ཉིད་དུ་ ང་ཚོའི་མིག་མདུན་ན་སྙན་ངག་གསོན་པོ་ཞིག་གདའ་ཞེས་ལབ་ཐུབ།སྙན་ངག་མ་རེད་ཟེར་ཐུབ་བམ།

  9. སྤོབས་པ་མཐའ་ཡས། says:
    2011-04-12 at 10:18 am

    ད་ཆུ་བཟང་ཁྱོད་སྨྱོས་བཞག་པ་འདྲ་མིན་ནམ། སྙན་ངག་ནི་ངག་གི་ངག་རིག་བྱེད་ཅིག་ཡིན་དགོས་པ་རེད། མཛེས་མ་སྙན་ངག་རེད་ལབ་ན་ག་རེ་རེད།

  10. ཀླུ་སྨྱོན། says:
    2011-04-12 at 3:59 pm

    ཁྱེད་རྣམ་པ་འདིར་ཕེབས་ནས་དགོངས་ཚུལ་རེ་གསུངས་པར་དགའ་ནས་བསྡད་ཡོད། ང་ཡོད་ས་འདི་ནས་བོད་མགོ་ནག་ཅིག་གི་མགོ་ཐུ་རིག་རྒྱུ་ཡང་ཞེ་དྲགས་དཀའ་མོ་རེད་ཡ།

  11. ང་དུར་ཁྲོད། says:
    2011-04-12 at 5:01 pm

    ངས་བལྟས་ན་ལན་རེར་ལྡོག་ཕྱོགས་ཀྱི་ནུས་པས་འཇིག་རྟེན་རྨོངས་པར་བྱེད་བཞིན་འདུག་ལ། གཅེར་བུར་སྲང་དུ་རྒྱུགས་པ་དང་། བླུན་པོའི་འོལ་ཚོད་སོགས་ཀྱང་སྙན་ངག་པའི་སེམས་ཁམས་དང་སྙན་ངག་ཏུ་ངོས་འཛིན་མཁན་ཡོད་པས། ཨ་ན་དང་མནའ་མ་ནོར་ཉེན་ཆེ་བའི་ཚུལ་དུ་འདུག་གོ

  12. ང་དུར་ཁྲོད། says:
    2011-04-12 at 5:02 pm

    དགོངས་དག ཨ་ན་ཞེས་བ་དེ་ཨ་མ་ལ་བཅོས་རོགས

  13. ང་དུར་ཁྲོད། says:
    2011-04-12 at 5:05 pm

    དགོངས་དག སྒང་གི་ཨ་ན་ཞེས་པ་དེ་ཨ་མ་ལ་བཅོ་རོགས།

  14. མེ་ཏོག་དཀར་པོ། says:
    2011-04-12 at 5:50 pm

    ཇོ་བོ་རིན་པོ། གོང་འདི་པར་འདི་རི་མོ་གྲགས་ཅན་ཞིག་གིས་བྲིས་པར་གྲགས་ཀྱང་། ངའི་ཕྲུ་གུ་རྩེད་མོས་ངལ་ཞིང་ཐང་ཆད་དུས་ཀྱང་འདི་ལས་ལྡབ་ཀྱིས་ལེགས་པ་བྲིས་གི་ཡོད།

  15. ཀླུ་སྨྱོན། says:
    2011-04-12 at 5:59 pm

    ང་ཡོད་ས་འདིར་སྤྱི་ཟླ་ལྔ་བའི་ནང་དུ་གཅེར་རྒྱུགས་དུས་ཆེན་ཞིག་འདུག་པས། དུས་ཆེན་དེ་སྲུང་རྩི་བྱེད་དུས་ཕོ་མོ་དབྱེར་མེད་ཀྱིས་ལུས་པོ་ཡོངས་རྫོགས་དམར་ཧྲེང་མར་བུད་དེ་སྲང་ལམ་རིང་པོ་ཞིག་ཡོངས་སུ་ཁེངས་འགྲོ་བས། གལ་སྲིད་ངོ་ཚ་ཡོད་མདོག་གིས་གྱོན་ཆས་གྱོན་ནས་དེ་རུ་སོང་ན་མི་མང་པོས་སྡང་མིག་གིས་བལྟས་ཏེ་ཉིན་དེ་དང་ས་དེ་རུ་མི་གྲལ་དུ་མི་ཚུད་པའི་དཀའ་ངལ་ཆེན་པོ་ཞིག་ཀྱང་འདུག དེ་བས་ང་ཚོས་གཅེར་བུ་དང་གྱོན་ཆས་གཉིས་ཀྱི་བར་ནས་གཉུག་མ་དང་གློ་བུར་ཞེས་པའི་གོ་དོན་རེ་ཡང་རྙེད་ཡོང་ན་ཐང་ཀི ནང་ཆོས་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་བཞིན། ལུས་པོའི་རང་བཞིན་གཅེར་བུ་ཉིད། །འོན་ཀྱང་གློ་བུར་གོས་ཀྱིས་བསྒྲིབས། །ཞེས་ན་ཡང་མ་ཆོག་པ་མི་འདུག་བསམ།

  16. ཀརྡོ་རབ་འབྱམས་པ་ says:
    2011-04-12 at 9:19 pm

    གཅེར་ཧྲེང་འདུས་ཚོགས་ནི་ངོ་ཚ་དགོས་ཏེ།

    ཡ་རབ་ལུས་ཀྱི་མཛེས་མི་མཛེས། །
    གོས་ཀྱིས་བསྟུམ་དགོས་ཡ་རབ་རྒྱན། །
    གཅེར་རྒྱུགས་བོད་མི་མེད་པ་ནི། །
    དེ་ཡང་བོད་མིའི་རྒྱན་ཡིན་ཆོག །

    ངས་ཀྱང་གཅེར་རྒྱུགས་བྱས་པའི་པར་རིས་མཐོང་མྱོངས་བས། སེམས་ཀྱི་མ་བཟོད་ནས་བྲིས་ཐལ་ཤོར་སོང་།

  17. བསྟན་འཛིན་ཤེས་རབ། says:
    2011-04-14 at 7:13 am

    ེདེ་རིང་ཁྱེད་ཀྱིས་བྲིས་ཚད་སྙན་ངག་ཡིན་མིན་མི་རྩོད། དེ་ལས་གཏམ་སྙན་པོ་ཞིག་བཤད་རྒྱུ་བྱེད། མི་རིང་བར་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གནང་བཞིན་པའི་འོད་དཀར་དྲ་ཚིགས་ཀྱི་ངོས་ནས་སྙན་ངག་གི་འགུལ་སྐྱོད་ཅིག་བྱ་རྒྱུ་ཡིན། དེ་ཡང་སྙན་ངག་གྱེར་འདོན་འགྲན་ཚོགས་དང། སྙན་ངག་རྩོམ་རིག་གི་ཚོགས་ཆེན། བཙན་བྱོལ་ནང་གི་སྙན་ངག་པ་གཅིག་དང་སྙན་ངག་གཅིག་བཅས་ལ་སྙན་ངག་རྩོམ་རིག་གི་བཟང་རྟགས་བྱ་དགའ་འབུལ་རྒྱུ། བོད་ཕྱི་ནང་གི་སྙན་ངག་པ་བཅུ་ལ་སྙན་ངག་རྩོམ་རིག་གི་གཟེངས་བསྟོད་འབུལ་རྒྱུ་བཅས་ཡིན། ཆ་རྐྱེན་གཅིག་ཡོད་པ་ནི་གྱེར་འདོན་བོད་སྐད་ཀྱིས་བྱེད་དགོས་ཤིང་སྙན་ངག་བོད་ཡིག་གིས་བྲིས་པ་ཁོ་ན་ཡིན་དགོས། སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་ནི་ཐོག་མར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་རིམ་པ་གཅིག་ནས་གཉིས་བར་བསྡུ་སྐོང་གིས་ལེགས་འདེམ་བྱེད་རྒྱུ་ཡིན་ལ། མཐའ་མའི་འགྲན་ཚོགས་ནི་སྙན་ངག་གི་ཚོགས་ཆེན་དང་ལྷན་ཏུ་བསྡུ་རྒྱུ། གྱེར་འདོན་འགྲན་བསྡུར་བ་རྣམས་ཀྱིས་རང་ཉིད་ཀྱི་སྙན་ངག་གྱེར་ཆོག་ལ་གནའ་དེང་གི་བོད་ཀྱི་སྙན་ངག་ཁྲོད་ནས་གདམ་གསེས་ཀྱིས་གྱེར་ཆོག ཨང་རིམ་དང་བོ་དང་གཉིས་པ། གསུམ་པ་བཅས་སུ་དགར་སྟེ་བྱ་དགའ་འབུལ་རྒྱུ་ཡིན་པས། སྐད་ངག་བདེ་ཞིང་སྙན་ཚིག་ལ་དུང་བའི་རིགས་ཀྱི་བུ་རྒོད་རྣམས་ཀྱིས་ད་ལྟ་ནས་གྲ་སྒྲིག་གིས་འགྲན་ཚོགས་དེར་ཞུགས་རྒྱུར་རེ་བ་ཆེ། སྙན་ངག་པ་དང་སྙན་ངག་གི་བྱ་དགའ་བཟང་རྟགས་འདེམས་ཕྱོགས་ཐད་ནས། ང་ཚོ་མི་ཁ་ཤས་ཤིག་གིས་འདེམས་སྒྲུག་བྱ་ཐུབ་པ་ཞིག་མིན་པས། རྒྱ་ཆེའི་སྙན་ངག་པ་དང་རྩོམ་པ་པོ་གཙོས་པའི་ཤེས་ཡོན་ཅན་རྣམས་ཀྱིས་ད་སྔ་དེབ་དང་དྲ་ཐོག་ཅི་རིགས་ནས་ཤེས་རྟོགས་བྱུང་བའི་སྙན་ངག་དང་སྙན་ངག་པ་ཕུལ་དུ་བྱུང་བ་དག་ལེགས་འདེམས་ཀྱིས་མཚམས་སྦྱོར་གནང་རྒྱུ་མཁྱེན་ཞེས་རེ་བ་ཞུ་བཞིན་ཡོད། ཁ་གསལ་གྱི་གསལ་བསྒྲགས་གཞི་ནས་སྤེལ་རྒྱུ་ཡིན་མོད། ངས་འདི་གར་བཤད་དོན་ནི། གཅིག་ནས་དུས་ཚོད་རིང་བོ་མེད་པས་གྲ་སྒྲིག་ཅིག་ཡོང་ཐུབ་རྒྱུ་དང་། གཉིས་ནས་ཚགས་ཚུད་པོ་ཞིག་ཡོང་ཐུབ་པའི་རེ་བ་བཅས་ཀྱིས་ཡིན།

  18. ཀླུ་སྨྱོན། says:
    2011-04-14 at 3:42 pm

    དུས་ཚོད་དང་ས་གནས་འདི་དང་དེ་ཡིན་གཏན་ཁེལ་བྱེད་ཐུབ་ན་ལེགས། གསར་འགྱུར་སྙན་པ་ལ་ཚོད་ཅིག་མེད་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme