Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲ་ཤིས་འཁྱིལ་གུང་ཐང་བླ་བྲང་གི་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་མདོར་བསྡུས།

Posted on 2011-03-312011-03-31 By ཁ་བརྡ་ 13 Comments on བཀྲ་ཤིས་འཁྱིལ་གུང་ཐང་བླ་བྲང་གི་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་མདོར་བསྡུས།

199962_135854703153151_100001858664797_230803_2303831_n
བསྟན་འཛིན་ནས།

ཕྱི་ལོ༡༩༢༣བོད་ས་བྱི་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་ཨ་མདོ་ཙ་ཡུས་ཞེས་པའི་ཡུལ་སྡེར་སྐུ་འཁྲུངས། བོད་དུ་རྒྱ་མིས་བཙན་གནོན་བྱས་ཏེ༡༩༥༩ལོར༧གོང་ས་མཆོག་གི་དབུས་བོད་མི་ཁྲི་ཕྲག་དུ་མ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་ཁོང་ཉིད་ཀྱང་བཙན་བྱོལ་དུ་ཕེབས། ལོ་དེར་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་གཅིག་གྱུར་ཏུ་དྲིལ་ནས་༧གོང་ས་མཆོག་གི་སྤྱན་སྔར་མནའ་གན་མཐུ་མོ་ཆེ་འཇོག་སྐབས་མདོ་སྨད་མི་འཐུས་ཀྱི་ཁོངས་སུ་བཅར། རྡ་རམ་ས་ལར་བཙན་བྱོལ་གཞུང་གསར་འཛུགས་གནང་བའི་སྐབས་མདོ་སྨད་མི་མང་གི་སྤྱི་འཐུས་ཐེངས་དང་པོ་གནང་། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་གི་མ་འོངས་སྔོན་གཟིགས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱལ་རབས་རྣམ་ཐར་ཕྱག་སྲོལ་གསར་གཏོད་གནང་བ་དེ་དག་འཁྲབ་སྟོན་བྱ་རྒྱུའི་དུས་སྐབས་ད་ལམ་ཡིན་པ་འདྲ་དགོངས་ནས་སྒྲ་བྲོ་གཞུང་གསུམ་ཁུངས་ལྡན་ཤེས་མཁན་ཁ་ཤས་ཀྱིས་གཙོས་པའི་མདོ་སྨད་མི་གྲངས༧༠སྐོར་ལས་གྲུབ་པའི་ཨ་མདོ་ཟློས་གར་ཚོགས་པ་ཞེས་པ་བོད་ཟླ༥ཚ ེས་༡༥འཛམ་གླིང་སྤྱི་བསངས་ཉིན་གསར་འཛུགས་བྱས་ཏེ་ཟླ་དྲུག་རིང་སྦྱོར་བརྡར་བྱས་རྗེས་༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེར་གཟིགས་འབུལ་ཞུས།
189902_135854529819835_100001858664797_230801_6879815_n
དེ་ནས་ཀ་ལི་ཀ་ཏ་དང་ལྡི་ལི་སྦོམ་སྦེ་སོགས་རྒྱ་གར་གྲོང་ཁྱེར་ཆེ་ཁག་གི་མི་མང་ལ་རྒྱལ་རབས་རྣམ་ཐར་སྤྱན་འབུལ་ཞུས་ཏེ་བོད་ལོ་རྒྱུས་ངོ་སྤྲོད་ཁྱབ་བསྒྲགས་སོགས་ཀྱི་མཛད་རྗེས་བླ་ན་མེད་པ་བཞག། ༡༩༦༢ལོར༧གོང་ས་མཆོག་ལ་ཟློས་གར་གཟིགས་འབུལ་ཞུ་སྐབས་ཐུགས་དགྱེས་ཚོར་དང་བཅས་བཀའི་ཕེབས་སྐོར། འདི་མུར་འགྲུལ་པ་ལྟ་བུའི་མི་ཡུལ་དུ་མི་ཚེ་འཁྱོལ་དཀའ་བས་གཞིས་ཆགས་ཤིག་ཚུགས་ཞེས་གསུངས་པ་བཞིན་ར་ཇྰ་པུར་དུ་ནེ་ཧ་རུ་རྗེས་དྲན་ཚོགས་པ་གསར་འཛུགས་གནང་། ལག་ནའུར་བཞུགས་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་ནུ་བ་སྦ་སྦའི་དྲུང་དུ་བཅར་ཏེ་ས་ཆ་སློང་པས་ད་ལྟ་ཀ་ལེ་མེན་ཀྲོན་གཞིས་ཆགས་ཀྱི་ས་ཆ་འདི་ཡིག་ཆ་དང་བཅས་བཀྲིན་བསྩལ་བའི་སྟེང་མི་རིགས་ལ་དབྱེ་འབྱེད། ཆོས་ལུགས་ལ་ཕྱོགས་རིས་མེད་པར་ཆོལ་གསུམ་མི་ཚང་༣༠༠སྐོར་གྱི་སྡོད་ཁང་དང་།207814_135854626486492_100001858664797_230802_7004395_n
དེ་མཚུངས་སློབ་གྲྭ། སྨན་ཁང་། དགེ་དགོན་བཀྲིས་འཁྱིལ། རྙིང་དགོན་སྨིན་གྲོལ་གླིང་། དཀར་དགོན་བདེ་ཆེན་ཆོས་འཁོར་བཅས་ཡོད་པའི་གཞིས་ཆགས་འཚུགས་ཤིང་དོན་གྲུབ་གླིང་ཞེས་༧གོང་ས་ཆེན་པོས་མིང་ཡང་སྩལ། ༡༩༧༨ཕྱི་ཟླ༦པའི་ཚེས༡༦དགོང་མོར་ཕུགས་བསམ་མེད་པའི་མི་སྣ་དག་གིས་ལྐོག་མདའ་རྒྱབ་ནས་རྨས་སྐྱོན་ཚབས་ཆེ་བཟོས་པ་སྨན་བཅོས་རིམ་གྲོ་གང་གིས་མ་བརྟན་པར་ཚེས་༡༨ཉིན་དགུང་གྲངས༥༥ཐོག་སྐུ་ཚེ་འཕེན་པ་རྫོགས། དེ་ལྟའི་བཀྲིན་བརྗེད་ཐབས་བྲལ་བའི་གུང་ཐང་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་དྲན་རྟེན་དུ་༢༠༡༠ཕྱི་ཟླ་ཚེས་ཉིན་བཞེངས།།

ཁེར་རྐྱང་གི་ཡུལ་གྱར་བའི་གདོང་དེབ་ནས་བདམས།

བསྟན་འཛིན་ནས།

སྣ་ཚོགས།

Post navigation

Previous Post: བོད་ཟེར་བའི་རྒྱལ་ཁབ་ཞིག་མེད་ཀི་ཟེར།
Next Post: ༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་གྱི་རང་རྩོམ་༼ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོའི༽རྒྱབ་དཔུང་དུ་སྤྲོས་པ།

Comments (13) on “བཀྲ་ཤིས་འཁྱིལ་གུང་ཐང་བླ་བྲང་གི་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་མདོར་བསྡུས།”

  1. འབའ་ལུ་གུ says:
    2011-03-31 at 2:02 am

    བྱས་རྗེས་ཁོ་ན་མ་གཏོགས་ཞབས་འདྲེན་ཞུས་མེད་བསམ་གྱིན་ཡོད་པས

  2. འབའ་ལུ་གུ says:
    2011-03-31 at 2:05 am

    དྲན་རྟེན་ཙ་ཡེས་སྡེ་བ་ན་བཞེངས་ཡོད་མ་གཏོགས། ཀ་ལི་མིན་གྲོང་ན་དེ་འདྲ་ཞིག་ཡོད་ཚོད་མི་འདུག

  3. འབའ་ལུ་གུ says:
    2011-03-31 at 2:07 am

    ནོར་བཅོས། ( ཡོད་ན་མ་གཏོགས )

  4. མིག་དམར། says:
    2011-03-31 at 3:33 am

    བསྟན་འཛིན་ལགས། ཁེར་རྐྱང་གི་ཡུལ་གྱར་བའི་གདོང་དེབ་ཞེས་པ་སུས་བྲིས་གནང་བ་དང་། ལག་ཏུ་རེག་མིན་གྱི་ལན་གསལ་ཡོད་པ་ཞུ། དཔེ་དེབ་བལྟ་ཀློག་གི་འདོད་པ་ཤིན་ཏུ་ཆེ་པས་ཐུགས་རྗེ་གཟིགས།

  5. གངས་ཅན་པ། says:
    2011-03-31 at 3:51 am

    རྒྱུས་ཡོད་ཀྱི་རྒན་པོ་ཁ་ཤས་ཀྱིས་བཤད་ན། ཨ་མདོ་ཡིས་ལྐུགས་རྟགས་བསྟན་ནས་ལྐོག་གསོད་བཏང་བ་དེ་ནོར་འཁྲུལ་ཆེན་པོ་ཤོར་བ་རེད། དེའི་རྐྱེན་གྱིས་ཨ་མདོ་གསར་འབྱོར་བ་ཚོ་ལ་ཆགས་ས་བརྟེན་ས་མེད་པར་ཆགས་པར་བཤད། ཁོས་ཆོལ་ཁའི་ཕྱོགས་ཞེན་གྱིས་ནོར་འཁྲུལ་བཟོས་ཡོད་ན་ཡང། རྒྱ་དམར་ནག་གི་མཉམ་དུ་ཆིངས་ཡིག་བཞག་པ་དང་དེ་འདྲའི་ནོར་འཁྲུལ་ཚབས་ཆེན་བཟོས་ཡོད་པ་མ་རེད། ཨ་མདོ་མི་ཡིས་ཁ་རྡུང་འདྲ་བཏང་ནས་མ་བསད་པར་བཞག་ཡོད་ན། གནས་ཚུལ་འགྱུར་ནས་ད་ལྟ་སྔོན་མའི་གནས་ཚུལ་རང་བཞིན་ལྟ་བུ་ཆགས་འགྲོ་བས། ང་ཚོ་ཨ་མདོ་གསར་འབྱོར་བ་ཚོ་རྡ་སར་ཁྱིམ་སྡོམ་ལྟར་འདུག་མི་དགོས་པར་གཞིས་ཆགས་ས་ཞིག་ཡོད་ཀྱང་། དེ་མེད་པར་བཟོས་པ་རེད། ཁམས་པས་ནང་ན་མི་དེ་འདྲ་མང་པོ་བྱུང་ཡོད་པ་རེད་དེ། གསོད་ཀྱི་འདུག་གམ། ད་ལྟ་ཁམས་པས་སྡེ་དགེ་གཞིས་ཆགས། ནང་ཆེན་གཞིས་ཆགས་ཞེས་སོ་སོའི་ལུང་པའི་མི་གསར་པ་འབྱོར་ན་འདུག་ན་འདུག་ཆོག་ཆོག་ལྟ་བུ་ཞིག་འདུག་ག་ཟེར་། ད་དུང་མི་དེ་ནི་མི་ལ་སྐད་ཆ་བཤད་དགོས་ན། འབྲེལ་བ་བྱེད་དགོས་ན། འཇོན་ཐང་ཅན་དེ་ལྟ་བུ་ཨ་མདོ་ནང་ན་དཀོན་པོ་རེད། ཕྱོགས་ཞེན་བྱེད་དགོས་པ་དེ་ཡང་སྐབས་དེ་དུས་ཀྱིས་སྐུ་དྲག་ཚོས་མཐའ་ལ་བཀར་ནས་་བྱུང་བ་རེད། ཁམས་དང་ཨ་མདོ་ལ་གཞུང་གི་ལས་ཀ་རག་ཁག་པ་དང། གཞིས་ཆགས་ལ་ཡང་ལམ་སང་མ་བཏང་བར་ནར་འགྱངས་བྱས་པར་བཤད།

  6. བློ་ཡར་ says:
    2011-03-31 at 4:28 am

    ཨ་ཁུ་ཚུལ་ཁྲིམས་ཀྱི་ལོ་རྒྱུས་གོ་མྱོང་། ཁོང་མི་མང་ལ་བལྟ་རྟོག་བྱེད་མཁན་དང་འཇོག་ཐང་ཅན་ཞིག་ཡིན་པ་དང། མི་ལ་འཇོན་ཐང་ཡོད་ན་ཕྲག་དོག་བྱེད་མཁན་མང་ལབ་པ་ནང་བཞིན་རེད།
    དེའི་སྐབས་ཀྱི་སྐུ་དྲག་ཚོས་ཕྲག་དོག་གིས་མེ་འབར་ཡོད་ཚོད་དང་ཨ་ཁུ་ཚུལ་ཁྲིམས་ཡང་ཕྲག་དོག་གི་མེ་མདའི་འོག་དུས་ལས་འདས་པ་དངོས་གནས་བོད་མི་ལ་གྱོང་རེད།

  7. དོན་གྲུབ། says:
    2011-03-31 at 6:46 am

    ཕྲན་གྱིས་ཨ་ཁུ་ཚུལ་ཁྲིམས་ཚང་གི་མཚན་ཐོས་པ་ཙམ་ལས་ཁོང་གི་སྐོར་གསལ་བོ་མི་ཤེས་པས། འདིའི་ཐད་ཤེས་མཁན་ཡོད་ན་ཅིག་གསུངས་རོགས་ཞུ། ཁོ་ལྐོག་གསོད་བྱས་པ་རེད་ཟེར། ག་རེ་བྱས་ནས་ལྐོག་གསོད་བྱས་པ་རེད། ལྐོག་གསོད་སུས་བྱས་པ་རེད། ལྐོག་གསོད་བྱེད་དགོས་དོན་ཅི་ཡིན་ནམ། གལ་སྲིད་འདིའི་སྐོར་ཤེས་མཁན་གྱིས་གསལ་བཤད་ཅིག་གནང་ཐུབ་ན་བཀའ་དྲིན་ཆེ།

  8. ལྟ་བ་རྒྱང་མཐོང་། says:
    2011-03-31 at 7:37 am

    འདི་སྐོེར་མང་ཙམ་འབྲི་དགོས

  9. ཀརྡོ་རབ་འབྱམས་པ་ says:
    2011-03-31 at 8:09 am

    ལྐོག་གསོད་ཨེ།

  10. བོད་པ་ཚང says:
    2011-03-31 at 8:57 am

    མང་ཆེ་བསཁོང་གོ་མིང་ལ་་གུང་ཐང་ཚུལ་ཁྲིམས་གསོལ། སྡེ་ར་ཏིན་ཟེར་བའི་གཞེས་ཆགས་ཀྱི་སྒོ་ཆེན་ཞིག་གི་
    འགྲམ་ཟུར་ན་ཁོང་གི་ལོ་རྒྱས་དང་བཀའ་དྲིན་གསལ་བོ་བྲིས་ཡོད། སྔོན་མ་ཡིན་ན་ལོ་ལྟར་རྗེས་དྲན་རེར་
    བྱེད་ཀྱིན་ཡོད་པ་ཁོང་ཁི་ཆུང་མས་ངར་བཤད་མྱོང་། རྗེས་དྲན་བྱེད་མཁན་ཁོང་གི་ནང་མི་གཙོས་ཨ་མདོ་
    ཁ་ཤས་དང་ཁམས་པ་ཡང་གཅིག་གཉིས་ཤིག་ཡོད་ཟེར། ཕྲན་གྱིས་འདིའི་སྐོར་ཁོང་གི་ཆུང་མར་དྲིས་སྐབས་
    མོས་བཤད་དོན་ང་ལས་བླ་བྲང་ཨ་ཁུ་བསམ་འགྲུབ་དང་རྔ་བ་ཕུར་ཀོ་གཉིས་ཀྱིས་ཡན་མི་སུ་གང་གིས་མི་
    ཤེས་ཟེར། ངས་ཕར་ཀོ་དྲིས་ཀྱང་ཁོང་གི་ལན་སྤྲད་མ་སོང་། ཁོང་གསོད་མཁན་དངོས་ནི་རེ་སྐོང་དོན་འགྲུད་རེད། ད་དུང་གསོད་མཁན་གྱི་རྒྱབ་སྐྱོར་ན་རྒྱལ་ལོ་དོན་འགྲུབ་
    དང་ཨ་ལགས་འཇིགས་མེད་སོགས་ཡོད་པ་རེད་ཟེར་བའི་གཏམ་ཞིག་མང་བོའི་ཁ་ན་གྲགས་ཀྱང་བདེན་པ་ཡིན་མིན་ཥི་ཤེས། ཁོ་གིས་མེ་ཏོག་ཅིག་འདེབ་ཀྱིན་སྐབས་རྒྱབ་ལོག་ནས་མེ་མདས་བརྒྱབ་ཏེ་བསད་པ་རེད།

  11. བོད་པ་ཚང says:
    2011-03-31 at 9:15 am

    སྐབས་དེར་གུང་ཐང་ཚུལ་ཁྲིམས་བཙན་བྱོལ་ནང་འཇོན་ཤོས་ཤིག་དང་དཀྲུག་ཤིང་བྱེད་མཁན་རེད་ཟེར་ནས་
    ཀུན་གྱིས་བཤད་མྱོང་བ་ཞིག་རེད། ཁོང་གི་ངན་གཙོ་བོ་ཐེ་ཝན་ནས་སྒོ་མོ་བླངས་ཏེ་བོད་ནང་ཁུལ་བསྐྲུགས་
    པ་རེད་ཟེར། ངས་བལྟས་ན་ཁོང་གིས་ཐེ་ཝན་ནས་སྒོ་མོ་བླང་ཡོད་རྒྱུ་རེད་བསམ་གྱིན་འདུག་འོན་ཀྱང་
    སྐབས་དེར་མདོ་དབུས་ཁམས་གསུམ་སུ་ཡིན་ན་ལྐོག་ནས་ཐེ་ཝན་སྒོ་མོ་བླངས་ཏེ་ཟོས་ཡོད་པ་ཞིག་རེད།
    གཞན་ཁོང་གིས་སྐུ་དྲག་ཚོ་དང་རྐུབ་ཅོག་བརྩད་པ་རེད་ཟེར་ཡང་དེ་ལ་ཁག་ཅེ་ཡོད། དེ་རྩོད་དགོས།

  12. དོན་གྲུབ། says:
    2011-03-31 at 9:35 am

    དྲ་གྲོགས་བོད་པ་ཚང་གུང་ཐང་ཚུལ་ཁྲིམས་ནང་མིར་འབྲེལ་འདྲིས་ཡོད་པ་འདྲ། ད་དུང་ཁྱེད་ཀྱིས་བཤད་པ་ལྟར་ན་ཁོའི་ཆུང་ད་དུང་ཡོད་པ་ཞིག་གོ་སོང་། དེས་ན་ཁོའི་ཆུང་མ་ཡོད་ཐོག་ལ་གུང་ཐང་ཚུལ་ཁྲིམས་ཀྱི་ལོ་རྒྱུས་གསལ་བོ་ཞིག་བཅར་འདྲི་བྱ་ཐུབ་ན་རབས་རེད།
    ཡ་མཚན་ཞིག་ཁོས་ག་རེ་བྱས་ཡོད་ན་མེད་ན། ཁོའི་རྗེས་དྲན་ཐོག་གི་ལོ་རྒྱུས་ལྟར་ན་ཁོས་བོད་མི་གཞིས་ཆགས་དང་གསར་རྙིང་དགོན་སྡེ་མང་བོ་ཞིག་གསར་འཛུགས་དང་ཕན་བཏགས་ཡོད་པ་ཁོ་ཐག་རེད། དེས་ན་འདི་ལྟ་བུའི་མི་འཇོན་པོ་ཞིག་ལ་ག་རེ་བྱས་ནས་མི་ངན་རེ་ཟུང་གིས་ལྐོག་གསོད་བྱ་དགོས་པ་རེད། འདི་ལ་འབྲེལ་ཡོད་གཞིས་ཆགས་དང་དགོན་སྡེ། ཁོའི་ཕ་ཡུལ་ཙ་ཡུས་ཕྱོགས་མི་སྣ་ཤེས་ཡོན་དག་གིས་དོ་སྣང་གནད་དགོས་པ་ཞིག་རེད། འདི་ལྟ་བུའི་མི་ཞིག་དོན་མེད་དམར་གསོད་བཏང་ཚར་ན་ད་དུང་ཁུ་སིམ་མེར་འདུག་དགོས་དོན་ཅི་ཡིན་ནམ།

  13. འབྲོང་བུ་སོག་ཚ། says:
    2011-03-31 at 9:41 am

    ༈ ཨ་ཁུ་ཚུལ་ཁྲིམས་ནི་སྐབས་དེ་དུས་བོད་བཙན་བྱོལ་གཞུང་ལས་ཀྱང་སྐད་གྲགས་ཆེ་བའི་མི་སྣ་ཞིག་ཀྱང་ཡིན་ཚོད་འདུག ང་རང་ལོ་ན་ཆུང་ཆུང་ཡིན་ཡང་ཕ་མ་རྒན་རྒོན་སོགས་ཀྱིས་ཞལ་ནས་མི་དེ་ནི་འཇོན་ཐང་ཅན་ཞིག་དང་། ཕུག་བསམ་ཅན་ཞིག་ཡིན་པ་ཁོང་ཚོས་རྗོད་བཞིན་འདུག་ལ། ཆོས་ལུགས་དང་། ཆོལ་ཁའི་དབྱེ་བ་མེད་པར་ཀུན་དང་བསྟུན་ཏེ་ཡུལ་གྱར་བའི་བོད་པ་ཚོ་ཕྱོགས་གཅིག་ཏུ་སྤུངས་ཏེ་དགྲ་བོ་རྒྱ་མིར་ཁ་ཐད་གཅོད་རྩིས་བྱས་པ་བཤད་རྒྱུ་འདུག ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཁོང་གི་ལོ་རྒྱུས་ཀྱི་ཤིང་སྡོང་དེ་ཚུལ་བཞིན་དུ་བཙུགས་མ་བཅུག་པར་རིན་ཐང་བྲལ་བའི་ཁོང་གི་སྐུ་སྲོག་དེ་འཕྲོགས་ཏེ། རྒྱ་མི་དགའ་རུ་འཇུག་ཡོད། དེ་ཚོ་ཚང་མའི་་རྒྱབ་ཏུ་སུ་ཡོད་བལྟ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་ཡིན་པས་ཕྱོགས་ལྷུང་མེད་པར་གཟིགས་ནས་དྲྭ་རྒྱའི་སྟེང་བཀོད་ཐུབ་ན་ཀུན་ལ་ཕན་ཐོག་ཆེ་བར་སེམས།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme