Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྲ་བཞར་ཁང་།

Posted on 2009-02-162009-02-16 By དགེ་རབ་ 14 Comments on སྐྲ་བཞར་ཁང་།

གཡང་སྐྱབས་རྒྱལ་གྱིས།
_______________
དེ་རིང་རེས་གཟའ་སྤེན་པ་རེད། ང་སྐྲ་བཞར་ཁང་ཞིག་ཏུ་སོང་། སྐྲ་བཞར་ཁང་དེའི་སྐྲ་བཞར་པ་རྣམས་ནི་དབྱིན་མོ་དཀར་པོ་ཤ་སྟག་རེད། ང་སྒོ་ནས་ཡར་འཛུལ། ཐོ་འགོད་ཀྱི་མདུན་ཅོག་དེའི་མདུན་ནས་ཡར་ལངས། བུ་མོ་ཞིག་འཛུམ་དང་བཅས་ཚུར་གློག་ཀླད་ཀྱི་མདུན་དེར་སླེབས།
“ཁྱེད་རང་གི་སྐྲ་བཞར་དགོས་ཡོད་དམ།”
“ལགས་ཡོད། ངའི་སྐྲ་བཞར་དགོས་ཡོད།”
“མིང་ལ་ཅི་ཟེར།” “ཁ་བྱང་དང་ཁ་པར་ཨང་གྲངས་ག་རེ་ཡིན།”
ངས་དྲི་བ་རེ་རེ་ལ་ལན་བཏབ། གུས་ཞབས་དང་བཅས་ལན་བཏབ།
“སྐར་མ་ ༢༠ ལ་སྒུག་དགོས།”

“ཡིན་དང་ཡིན། ང་སྐར་མ་ཉི་ཤུ་ནས་སླེབས་ཡོང་” ངས་ལན་དེ་སྤྲད་རྗེས་འཁྲིས་ཀྱི་ཇ་ཁང་ཞིག་ཏུ་འཛུལ། ཇ་ཁང་དེར་ང་ལ་ངན་ལང་དུ་ཤོར་ཟིན་པའི་འཚིག་ཇ་ཞིག་ཉོས་ནས་འཐུང་ཞོར་ཚགས་པར་བཀླགས་པ་ཡིན། སྐར་མ་ཉི་ཤུ་འགོར་སོང་། ག་ལེར་སླར་ཡང་སྐྲ་བཞར་ཁང་དུ་སོང་། དབྱིན་མོ་ལོ་ན་སུམ་བཅུ་བརྒལ་བ། སྐྲ་ཐུང་ངུ་རྣ་རྩ་ནས་བཅད་པ། སྐྱེ་གཟུགས་ལེགས་པ་ཞིག་གིས་ང་མཐོང་མ་ཐག་གློག་ཀླད་ཀྱི་མདུན་དེར་སླེབས་ཡོང་། ང་ཡང་གུས་ཞབས་དང་བཅས་མོའི་མདུན་དེར་རྒྱུགས། མོའི་གདོང་ན་འཛུམ་རིས་ཤིག་མི་འདུག ང་ནི་མི་གསོད་ཀྱི་དམེ་བོ་ཞིག་གམ། རིགས་ངན་གྱི་བུ་ཞིག་ཡིན་པ་ལྟར། སྣེ་ལེན་བྱས་བྱུང་།
“ཁྱོད་ཀྱི་མིང་ལ་ཅི་ཟེར”
“ངས་ངའི་མིང་ཐོ་བཀོད་ཟིན་པ་ཡིན།”
“ཡིན་ན་ཡང་། ང་ལ་མིང་ཐོ་དགོས།”
“ངས་མིང་ཐོ་བཀོད་ཡོད་པ་ལ་གཟིགས་རོགས།”
“མིང་ལ་ཅི་ཟེར།”
གདོང་ནག་སེང་ངེར་འདུག ཁྲོ་མིག་ཆེན་པོ་ཞིག་ངའི་གདོང་ལ་འཕངས། ཁ་མུར་མུར་གྱིས་ཅིག་ཟ་བཞིན་འདུག་ལ། ཧ་ལམ་ང་ནི་མོའི་མདུན་གྱི་ཉེས་ཅན་པ་ཞིག་དང་། མོ་ནི་ངའི་མདུན་གྱི་ཁྲིམས་དཔོན་ཞིག་དང་འདྲ། ངའི་སེམས་ལྗིད་ཏིག་གེར་གྱུར། ང་ལ་འདི་ལྟར་བྱེད་དོན་གང་ཡིན་ནམ། ངའི་ཨེ་ཤེ་ཡའི་གདོང་འདིའི་ནག་ཉེས་ཡིན་ནམ། སྐད་ཅིག་གི་རིང་། ང་ལ་དོན་འདི་ལ་གདོང་ལེན་བྱེད་པའི་ཐབས་མེད་པར་གྱུར།
“དགོངས་དག ངས་སྐྲ་བཞར་གྱི་ཐོ་བཀོད་པ་དེ་མེད་པ་བཟོ་རོགས།” ངའི་ཁ་ནས་ཚིག་དེ་ཤོར། ང་ཕྱིར་བསྣུར་བྱས། དེ་ནས་ང་ཁོང་ཚོ་དང་ཁ་བྲལ་ནས་སྐྲ་བཞར་ཁང་གཞན་ཞིག་ཏུ་ཕྱིན་པ་ཡིན། “འདྲ་མཉམ་དང་རང་དབང་”གི་འོད་སྣང་འཕྲོ་བའི་ས་ཆ་འདི་ན་ཡང་ “མཐོང་ཆུང་དང་ཁྱད་གསོད་”ཀྱི་མེ་ལྕེ་མཆེད་བཞིན་འདུག

བརྩམས་སྒྲུང་།

Post navigation

Previous Post: ཏུན་ཧོང་གཏེར་ཡིག་དང་རྡོ་རིང་སོགས་་ནང་ཕྲད་བཀོལ་སྟངས།
Next Post: ཁམས་ལི་ཐང་ནས་བོད་མི་ ༡༦ སྐད་འབོད་བྱས་འདུག

Comments (14) on “སྐྲ་བཞར་ཁང་།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-16 at 11:45 am

    ཨ་རོ། སྐྱབས་བཅོལ་བ་ཡིན་ཚར་བའི་རྗེས་ལ། གང་ནས་བསྡད་ན་ཡང་། ཕྱིའི་མཐུན་རྐྱེན་འགྲིག་བསྡད་རུང་། ནང་སེམས་པ་མི་སྐྱིད་གི་ཡ།

  2. དཀོན་མཆོག says:
    2009-02-16 at 12:02 pm

    ཁོ་མོས་ཁྱེད་རང་རྒྱ་རྒན་ཞིག་རེད་འདོད་པ་ཡིན་རྒྱུ་རེད།

  3. ཀླུ་སྨྱོན། says:
    2009-02-16 at 1:08 pm

    ངའི་ཉམས་མྱོང་ལྟར་ན་བྱ་བ་གང་ཐད་ནས་ཨ་རིའི་ནང་ལོ་རྒན་ལས་ལོ་གཞོན་གྱི་རྣམ་འགྱུར་ཡག

  4. ལྕགས་རྒྱ་འགྲམ་ནག says:
    2009-02-16 at 2:56 pm

    སྔོན་མ་ཞིག་ལ་བྱ་ཁྱུང་དགོན་པར་མཆོད་མཇལ་དུ་སོང་དུས། དཔའ་ལུང་ནས་ཡིན་པའི་དཀོར་གཉེར་ཞིག་གིས་ཕྱག་འཚལ་ན་ལྷ་ཁང་ཕྱི་རུ་སོང་ཟེར་བར། དེའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་པར། སྐད་ཆ་འདྲི་རྒྱུ་མ་མང་བར་སྒོར་སོང་ཟེར་ནས་ཕྱི་ལ་དེད་པ་དེ་དྲན་ཚེ། རང་གི་ཕ་ས་ཕ་ཡུལ་ནས་སྟོན་པའི་ན་བཟའ་གྱོན་མཁན་གྱི་མཆོད་གནས་ཚོའི་བརྙས་བཅོས་ཀྱང་མྱོང་དགོས་པ་དེ་དྲ་གྲོགས་ཚོར་དྲན་གསོ་ཤིག་ཞུས་ན་བསམ་བྱུང་། ཡིན་ནའང་བྱ་ཁྱུང་གསེར་སྡོང་ལྷ་ཁང་གི་དཀོར་གཉེར་དེ་ནི་གྲྭ་བ་བཟང་པོ་གསེར་འདྲ་འདྲ་ཞིག་རེད། གང་ལྟར་སྟོན་པའི་ན་བཟའི་ཕག་ན་ཡིན་མདོག་བྱེད་པའི་གྲྭ་རྫུན་བླ་རྫུན་ཚོའི་མཐོང་ཆུང་དང་ཁྱད་གསོད་ལས་ལྷག་གི་བློ་ཕམ་དང་རེ་ཆད་འབྱུང་ས་ཤིག་ཨེ་ཡོད་བསམ།

  5. སྟག་སྨྱོན། says:
    2009-02-16 at 3:46 pm

    ཕྱི་དཀྱུས་མ་ཞིག་གིས་རྣམ་འགྱུར་ལ་དེ་ཙམ་བློ་ཕམ་བྱེད་རིན་མེད་པ་མཐོང་། སེམས་སྐྱོ་བ་ཞིག་ལ་ལོ་གཅིག་ཙམ་གྱི་གོང་དུ་གུས་པའི་མ་རྒན་རྒྱ་གར་ལ་༧རྒྱལ་བ་རིན་པོ་ཆེ་མཇལ་དུ་ཡོང་བ་དང་བསམ་དོན་བཞིན་ཁོང་རིག་གི་ཕྱག་མཇལ་ཐོབ། ཞལ་གསུང་ཐོས་ནས་དགའ་འདུག དེ་ནས་རྒྱལ་བ་ཀརྨ་པ་མཇལ་དུ་སོང་དུས་མ་རྒན་ལོ་ལོན་མ་འབྱོར་དུས་ཀརྨ་པའི་མཇལ་ཁ་གནང་གི་མེད་པའི་ཉི་མར་ཁེལ་འདུག་པས། མཇལ་ཁ་ཐོབ་རྒྱུ་ཕར་ཤོག་ཉེ་འཁོར་གྱི་གྲྭ་བ་ཞིག་གིས་རྣམ་འགྱུར་སྡུག་སྐྱག་ཅིག་སྟོན་ཞོར་ལ་གཤེ་གཤེ་འདྲ་བོ་བཏང་ནས་ཕུད་འདུག དེ་ནས་ཁོང་ལ་མཇལ་མ་ཐུབ་པར་ཕྱིར་ཕ་ཡུལ་ལ་ལོག་སོང་བ་རེད། ཚེ་འདི་ལ་ཁོང་དང་སླར་ཡང་མཇལ་དུ་ཡོང་ཐུབ་ཀྱི་མེད་པ་རེད། སྐབས་དེར་ངའི་བསམ་པར་༧རྒྱལ་བ་རིན་པོ་ཆེས་བོད་ནས་མཇལ་བ་གསར་འབྱོར་ཚོར་དེ་ཙམ་གྱིས་བརྩེ་བས་གཟིགས་ཤིང་མཇལ་ཁ་གནང་གི་ཡོད་ན། རྒྱལ་བ་ཀརྨ་པས་མཇལ་རང་གི་གཟི་བརྗིད་སྟོན་སྟངས་དང་སྟོན་ས་འགྲིག་ཡོད་ན་དྲན་སོང་། ཁོང་གིས་ཉེ་འཁོར་གྱི་ལས་བྱེད་དེ་ཚོའི་སྤྱོད་པ་དང་བོད་ནས་ཕེབས་པའི་གསར་འབྱོར་ཚོའི་རེ་བ་དང་དད་པ་མཁྱེན་ཐུབ་ཡོད་ན་བསམ་ནས་སེམས་པ་སྐྱོ་བོ་བྱུང་།

  6. མདའ་ཚན་པ། says:
    2009-02-16 at 5:07 pm

    སྐྲ་ཅིག་བཞར་ན་ཡང་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་དགོས་པ་རེད་དམ།

  7. བློ་བཟང says:
    2009-02-16 at 11:33 pm

    ཤོབ་གཏམ་རེ་ཡེ་ཤོབ་གཏམ་རེ་བྱེད་ཡ། སྔ་མ་ཞིག་ལ་པེ་ཅིན་ལ་མའོ་ཙེ་ཏུང་གི་སྐུ་གདུང་མཇལ་དུ་སོང་བ་ཡིན། ངའི་སྐེ་ན་དར་དམར་པས་དམག་མི་ཚོས་ང་མཇལ་ཁ་ཡག་བཏང་སོང་། འདི་གནས་ཚུལ་ངོ་མ་ཡིན།

  8. གཞིས་ལུས་བོད་པ། says:
    2009-02-16 at 11:44 pm

    མའོ་ཙེ་ཏུང་གི་སྡིག་རོ་ལ་ཅི་ཞིག་ལྟ་རྒྱུ་འདུག

  9. dawashonu says:
    2009-02-17 at 3:29 am

    ཨོ་ལེ། མའོ་ཙེ་ཏུང་གི་རོ་ལ་ཇི་ཞིག་ལྟ་རྒྱུ།
    ད་གང་ལྟར་ང་ཚོས་ཤུགས་བརྒྱག་དགོས་ཀྱི་འདུག

  10. གཞིས་ལུས་བོད་པ། says:
    2009-02-18 at 10:55 am

    མ་གཞི་སྐྲ་བཞར་བ་ལ་ཐོ་འགོད་བྱེད་དགོས་པའང་ཡ་མཚན་རེད། དེ་རྒྱལ་ཁབ་སུ་ཞིག་གི་སྲོལ་རེད།

  11. གཡང་སྐྱབས་རྒྱལ་ says:
    2009-02-18 at 10:59 am

    གྲོགས་པོ་ཚོས་ངའི་རྩོམ་ལ་མཆན་བཏབ་པ་ལ་ཐུགས་རྗེ་ཆེ། དྲི་བ་གཉིས་འདུག ལན་ནི།
    སྐྲ་བཞར་དུས་ཐོ་འགོད་བྱེད་དགོས་ས་འདི་ཨ་མི་རི་ཀའི་ལུང་པ་རེད། ཁ་པར་ཨང་གྲངས་དང་ཁ་བྱང་ཡང་དགོས་གི་འདུག

  12. འདྲེ་འགོ་རྡོ་། says:
    2009-02-18 at 3:56 pm

    སྐྲ་བཞར་ཁང་དེའི་བུད་མེད་དེ་དཀའ་ལས་ཁག་ཡོད་ནའང་འདྲ་།གང་ལྟར་ང་ཚོས་ཕར་གླ་སྤྲོད་ཀྱི་ཡོད་པ་རེད་མ་གཏོགས་ཚུར་སྤྲད་པ་དཔེ་མི་སྲིད་།་སྒོར་མོ་སྤྲད་ན་སྐྲ་བཞར་ཁང་ནི་སོ་སོར་འདེམས་ཁ་ཡོད་བཞིན་།ཁྱེད་ཀྱིས་དེར་སྐར་བཞི་བཅུ་ལ་སྒུག་དགོས་དོན་ཅི།ཡང་ཅིག་མིན་ན་བུད་མེད་དེའི་རྣམ་པས་ཁྱེད་རང་་་་་་་་་་་་་་་་་་་་

  13. GPÅ-fÞGÅü says:
    2009-02-19 at 4:26 am

    ངའང་དོགས་པ་ཟ་གི

  14. བྱ་རྒོད་རྒྱལ་པོ། says:
    2009-04-27 at 9:00 am

    ཁྱེད་རང་གི་ནོར་འཁྲུལ་རེད། གཏོགས་ཙམ་བཟོད་གསན་དང་། མིང་ཡང་བསྐྱར་ཐེངས་ཤིག་ལབ་ན་འགྲིགས་ཀྱི་རེད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme