Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་གསུང་འཕྲིན་ཉམ་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ།

Posted on 2011-03-242011-03-24 By dhatsenpa 18 Comments on ༸གོང་ས་མཆོག་གི་གསུང་འཕྲིན་ཉམ་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ།

༈ ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ།

༄༅།། དཔལ་ལྡན་བཽད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀུར་འོས་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ་བསྩལ་བའི་བཀོད་ཁྱབ་ཨང་ ༡༨།༢༠༡༡།༥༡༩༤ ནང་གསལ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༥ འཁོད་པའི་དགོངས་དོན་ཚོགས་ཆུང་གི་མི་འགྲོར། བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་དང༌། བོད་མི་མང་སྤྱི་ལྷན་ཚོགས་གཞོན་རྒྱ་རི་སྒྲོལ་མ། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་ལ་བསྐོ་གཞག་གནང་སྟེ་ལས་འཆར་ཚོགས་ཆུང་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་འཆར་གཞི་ཞིབ་ཕྲ་ཞིག་བཀོད་དེ་འདི་ཟླའི་ཚེས་ ༢༣ ནས་འགྱངས་མེད་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ངེས་འབུལ་ཐུབ་པ་དགོས་རྒྱུ་ཞེས་གསལ་བ་བཞིན། ཕྲན་ཚོགས་མི་གསུམ་ནས་འདི་ཟླའི་ཚེས་ ༢༡ ཕྱི་དྲོ་ཚོུད་ ༢ཿ༤༥ ནས་འགོ་འཛུགས་ཀྱིས་བསམ་ཞིབ་གོ་བསྡུར་ཞིབ་ནན་ཞུས་པའི་ལས་རིམ་འཆར་གཞི་རྒྱབ་གཉེར་སྙན་ཐོ་འགོད་འབུལ་ཞུས་པ་གཤམ་གསལ།
གཞིས་བྱེས་བོད་མི་ཡོངས་ཀྱི་བློ་ཡུལ་དུ་ཤོང་དཀའ་བའི་གསུང་འཕྲིན་རིན་པོ་ཆེའི་ནང་ བྱབྱད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།བྱབྱ ཅེས་དང༌། ཡང་ བྱབྱདཻར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་རྒྱུ།བྱབྱ ཞེས་དང༌། ཡང་ བྱབྱབོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མྀའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང་བྱབྱ ཞེས་ཕེབས་པ་མ་ཟད། སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ྋགོང་ས་མཆོག་ལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྔར་བཞིན་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་གྲོས་ཆོད་ཀྱང་དགོངས་བཞེས་མ་གནང་བར་ཕྱིར་སློག་གནང༌། དེ་མཚུངས་འདི་ཟླའི་ཚེས་ ༡༩ སྔ་དྲོ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་སྐབས་སླར་ཡང་བཀའ་སློབ་གསུང་གི་བདུད་རྩི་ཟབ་ནན་ཕེབས་པ་བཅས་ལ་བརྟེན། ད་ཆ་གསུང་འཕྲིན་ཇི་ཕེབས་ཀྱི་དགོངས་དོན་རྣམས་ཉམས་ལེན་ལག་བསྟར་ཞུ་རྒྱུ་ལས་མ་འདས་ཤིང༌། ྋགོང་ས་མཆོག་གི་གསུང་འཕྲིན་ནང་ བྱབྱངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པ་དང༌། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།བྱབྱ ཞེས་གསུངས་པ་ལྟར། ད་རེས་སྐབས་ ༡༤ པའི་གྲོས་ཚོགས་ཀྱིས་བཀའ་དགོངས་ཉམས་ལེན་ཞུ་རྒྱུ་བསོད་བདེ་དམན་པ་ཞིག་ཏུ་མི་བརྩི་བར་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་ཤིག་ཏུ་བརྩིས་ཏེ།
ཀ༽ ཕྱོགས་གཅིག་ནས་ྋགོང་ས་མཆོག་གི་བཀའི་ཕེབས་སྒོ་གཞིར་བཟུང་བཅའ་ཁྲིམས་རིན་པོ་ཆེའི་སྒྲོམ་གཞི་ལ་འགྱུར་བ་གཏོང་བའི་བསྐྱར་བཅོས་དང་འབྲེལ་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་ཁུར་ཆ་ཚང་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུ་དང༌།
ཁ༽ དེ་དང་ཆབས་ཅིག་ཕྱོགས་གཞན་ནས་གསུང་འཕྲིན་རིན་པོ་ཆེའི་ནང་ བྱབྱངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བོད་ཀྱི་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌།བྱབྱ ཞེས་པའི་ཞལ་བཞེས་བཟང་པོ་ལ་འཁྲིལ་ཏཻ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གཞིས་བྱེས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང༌། བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་པ་ཞིག་འཚོལ་ཐུབ་པའི་ཐབས་ཤེས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ་ཡིན།
ཀ༽ བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད། གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་བཞིན་ྋགོང་ས་མཆོག་གི་སྐུ་དབང་དང་མཛད་འགན་ཁག་ཁྲིམས་ཞིབ་པ་དང༌། བཀའ་བློན་ཁྲི་པ། སྤྱི་འཐུས་གྲོས་ཚོགས། སྤྱི་འཐུས་ཚོགས་གཙོ་བཅས་ལ་གང་ལ་ཇི་འོས་ཆ་བགོས་དང༌། སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཁག་ཕྱིར་བསྡུ་བྱ་རྒྱུ། སྔོན་གླེང་དང༌། ྋགོང་ས་མཆོག་གི་སྐོར་དོན་ཚན་གཅིག་གསར་སྣོན་བྱ་རྒྱུ། དེ་དང་ཆབས་ཅིག་བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་སླད་ད་ལན་བསྐྱར་བཅོས་འདི་མཉམ་ཡུལ་ཁྲིམས་དང་སྲིད་དོན་གྱི་ཐོག་ནས་འབྱུང་འགྱུར་སྐུ་ངལ་འཕྲད་གཞིའི་མིང་ཚིག་རེ་ཟུང་ཡོད་པ་རྣམས་ཀྱང་ཆབས་ཅིག་བསྐྱར་བཅོས་ཐུབ་ན་བཀའ་དགོངས་དང་མཐུན་པ་ཡོང་རྒྱུ། བཅའ་ཁྲིམས་བསྐྱར་བཅོས་མཛད་ཕྱོགས་སྐོར་རགས་ཟིན་ཟུར་འཛར་དང་པོར་ཕུལ་ཡོད།
ཁ༽ ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང༌། གཞི་རྩའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རྒྱུའི་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་ ༡༤ པའི་སྤྱི་འཐུས་ལས་དུས་མ་རྫོགས་གོང་བསྡུ་བསྐོང་ཐོག སྐབས་ ༡༥ པའི་སྤྱི་འཐུས་འོས་འདེམས་གསལ་བསྒྲགས་ཐོན་པ་རྣམས་ཀྱང་མཉམ་ཞུགས་ཀྱིས་མང་ཚོགས་དང་ལྷན་དུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་རྣམས་བགྲོ་གླེང་མཐིལ་ཕྱིན་གནང་སྟེ། མོས་མཐུན་བྱུང་མཚམས་ྋགོང་ས་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སྤྱན་ཞུ་དང་འབྲེལ་གསོལ་འདེབས་ཨུ་ནན་ཞུ་རྒྱུ། སྔོན་གླེང་དང༌། དོན་ཚན་དང་པོ་གསར་བཅུག་གི་རགས་ཟིན་ཟུར་འཛར་གཉིས་པར་ཕུལ་ཡོད།
ྋགོང་ས་མཆོག་གིས་ཞལ་བཞེས་བྱུང་མཚམས་སྐབས་ ༡༤ པའི་སྤྱི་འཐུས་ཀྱི་གྲོས་ཚོགས་འཕར་མ་ཞིག་གམ། ཡང་ན་སྐབས་ ༡༥ པའི་སྤྱི་འཐུས་དམ་འབུལ་ཟིན་འཕྲལ་ཚོགས་དུས་འཕར་མ་ཞིག་ཚོགས་ཏེ་བཅའ་ཁྲིམས་བསྐྱར་བཅོས་ཡོངས་རྫོགས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཡོང་ཐབས་གནང་རྒྱུ་དང༌། གཏན་འབེབས་ཟིན་འཕྲལ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཆོག་མཆན་ཞུས་རྗེས་རྩ་འཛིན་གནང་རྒྱུ།
ཡང་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་སྐབས་ ༡༤ པའི་གྲོས་ཚོགས་ནས་མོས་མཐུན་བྱུང་བ་དེ་དག་ས་གནས་འཐུས་ཚོགས་དང༌། རང་བདེན་ཚོགས་ཆུང༌། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་བརྒྱུད་འགྲེམས་སྤེལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་རྒྱུ་ཇི་དགེའི་བཀའ་བསྡུར་གྱིས་གདམ་ཁ་གང་ཡང་རུང་བ་ཞིག་ལ་གཏན་འབེབས་ཀྱིས་ཚོགས་ཆུང་བསྐོ་འཛུགས་ཀྱིས་མཚོན་ལས་འཆར་གང་ཡིན་འཕྲལ་དུ་འགོ་འཛུགས་གནང་རྒྱུ།
གལ་གནད་ཆེ་ཤོས་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་རགས་པ་ཙམ་ད་ལན་ཚོགས་དུས་འདི་ཐོག་ཐུགས་གཏན་འཁེལ་བ་དགོས་གལ་ཆེ་བ་མ་ཟད། མཐའ་མའི་གཏན་འབེབས་སྤྱི་འཐུས་སྐབས་ ༡༤ དང་ ༡༥ སུས་གནང་རྒྱུའི་ཐག་གཅོད་ཀྱིས་གང་ལྟར་ ༢༠༡༡ ཕྱི་ཟླ་ ༦ པའི་ཚེས་ཤར་ལ་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་གྲུབ་པ་གནང་གལ་ཆེ་བ་བཅས་ཀྱི་རྒྱབ་གཉེར་སྙན་ཞུར། ལས་འཆར་ཚོགས་ཆུང་ཐུན་མོང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ལ་ཕུལ།།

༡། བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༢། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༣། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

སྣ་ཚོགས།

Post navigation

Previous Post: ཁུངས་མེད་རུ་དཔུང་གི་གཡམ་སྒྲོགས།
Next Post: སེམས་ཀྱི་མི་དང་གྱེས་པ།

Comments (18) on “༸གོང་ས་མཆོག་གི་གསུང་འཕྲིན་ཉམ་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ།”

  1. མདའ་ཚན་པ། says:
    2011-03-24 at 5:22 pm

    མཁས་དབང་རྣམ་པ་གང་ན་སུ་བཞུགས་པ་ཚོས་བོད་ཀྱི་མ་འོངས་པའི་རྩ་དོན་དང་དངོས་སུ་འབྲེལ་བའི་དོན་དག་འདི་འདྲའི་ཐོག་བསམ་བློ་ཞིབ་ཚགས་ཤིག་བཏང་ནས་བགྲོ་གླེང་གནང་ཐུབ་ན་ལེགས་ཚོགས་ཆེ་བར་མཐོང་བས་བགྲོ་གླེང་གི་ཆ་ཤས་བཞེས་གནང་རྒྱུའི་རེ་སྐུལ་ཞུ་གི་ཡོད།

  2. དཔལ་ལྡན་རྒྱལ། says:
    2011-03-24 at 5:54 pm

    ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ཟུར་འཛར་དང་པོ། གཉིས་བ་གཉིས་ཞིབ་ཏུ་ཀློག་རྒྱུ་གལ་ཆེ། སྤྲེལ་ཐག་འདིར་མནོན་རོགས། http://www.chithu.org/index.php?option=com_content&view=article&id=275:2011-03-23-11-30-20&catid=67:2011-02-16-04-57-22

    http://www.chithu.org/index.php?option=com_content&view=article&id=276:2011-03-23-11-34-20&catid=67:2011-02-16-04-57-22

  3. སྤངས་སྤོས། says:
    2011-03-25 at 12:51 am

    སྤྱི་འཐུས་ལྷན་ཚོགས་ནས་ཐུགས་བསམ་ཟབ་ནན་བཞེས་དགོས་མི་རིགས་གཅིག་གི་མ་འོངས་པའི་གནད་དོན་ཐག་གཅོད་ཀྱི་ལས་དོན་ཞིག་ལ་ཐུགས་ཡོད།

  4. ལ་རྒྱའི་བདག་པོ། says:
    2011-03-25 at 2:28 am

    ་་་་་་་་་་་་་་་་་་་་་༸གོང་ས་མཆོག་བགྲེས་ཡོལ་ལ་བྱོན་རྗེས་ཀྱི་མཚན་གནས་གསར་པ།

    ༡༽བོད་ཀྱི་ཆོས་བརྒྱུད་ལྔ་དང་སྤྱི་ལྷན་ཐུན་མོང་ནས་མགྲིན་དབྱངས་གཅིག་འགྱུར་གྱིས་བོད་དང་ནང་པའི་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དུ་ཁྲིམས་ཐོག་ནས་ཆ་རྐྱེན་བསྐྲུན་དགོས་པ།
    ༢༽བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལམ་སྟོན་པའམ་མཛུབ་སྟོན་པར་ཁྲིམས་ཐོག་ནས་མཚན་གནས་འབུལ་དགོས་པ།
    ༣༽གཞིས་བྱེས་བོད་མིའི་མགྲིན་ཚབ་གཙོ་བོའི་ཐོག་ནས་མཚན་གནས་ཁྲིམས་ཐོག་ཆ་རྐྱེན་འབུལ་དགོས་པ།
    ༤༽རྒྱལ་སྤྱིའི་ཞི་བདེའི་དེད་དཔོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་རྒྱུན་འཇགས་འབུལ་དགོས་པ།
    ༥༽གང་ཉིད་ནི་གཞིས་བྱེས་མི་མང་ལ་བཀྲིན་ཅན་གྱི་མེས་པོར་བསྐུར་དགོས་པ།
    ༦༽མ་འོངས་པར་བཀའ་སྤྱི་གཉིས་སམ་གང་ཟག་སུ་རུང་གིས་བོད་ཀྱི་རྩ་དོན་ཐད་ཐག་གཅོད་དཀའ་བའི་གནད་དོན་ལྷག་ཚེ་༸གོང་ས་མཆོག་ནས་དངོས་སུ་ཕྱག་འཆང་ཆོག་པའི་བཅའ་ཁྲིམས་ནང་ཆ་རྐྱེན་བསྐྲུན་དགོས་པ་བཅས་སོ།།

  5. མདའ་ཚན་པ། says:
    2011-03-25 at 2:52 am

    དཔལ་ལྡན་རྒྱལ། ཟུར་འཛར་དེ་གཉིས་འདིར་བཞག་པར་ཐུགས་རྗེ་ཆེ་ཞུ།
    ཟུར་འཛར་དེ་གཉིས་ཀྱི་ནང་། དགའ་ལྡན་ཕོ་བྲང་གི་མིང་བྱང་འགྱུར་བ་གཏོང་བའི་སྐོར་ཅང་མཐོང་མ་སོང་བསམས་སོང་། སྤྱིར་དགའ་ལྡན་ཕོ་བྲང་ཟེར་བའི་མིང་འདི་ཡང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མིང་ཞིག་ཡིན་དུ་ཆུག་ཀྱང་། དེའི་ཚབ་ལ། བཙན་བྱོལ་བོད་དམངས་གཙོའི་གཞུང་ལྟ་བུ་ཞིག་ཏུ་བརྗེས་ན། མིང་དེ་རང་གི་ཐོག་ནས། བོད་གཞུང་ལ་རྒྱུས་ཡོད་མེད་ཀྱི་མི་སུ་ཞིག་གིས་གོ་ནའང་། དེས་གང་དེ་ལ། མཐོང་ཚུལ་དང་། ཆ་འཇོག བག་ཆགས། ཤུགས་རྐྱེན་སོགས་མ་འདྲ་བ་ཞིག་འཇོག་ཐུབ་ཀྱི་རེད་སྙམ།

  6. མི་ says:
    2011-03-25 at 3:49 am

    གཅིག་བྱས་ན་གཞུང་གཉིས་ཆགས་སྲིད་གི་རེད། བཀའ་ཁྲིས་སྐྱོང་བའི་བཙན་བྱོལ་བ་༡༣༠༠༠༠་ལ་ཁྱབ་བའི་བཙན་བྱོལ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་སྐྱོང་བའི་བོད་ཆོལ་གསུམ་ལ་ཁྱབ་པའི་དགའ་ལྡན་ཕོ་བྲང་གཞུང་གཉིས།

  7. སྨར་ཁམས་ཐང་ཚང་གྲགས་པ་རྒྱ་མཚོ། says:
    2011-03-25 at 4:13 am

    སྲིད་གཞུང་གཅིག་མ་རྟོག་གཉིས་ཡོངས་ཐབས་ཡོད་མ་རེད་། ཐུགས་ཕྲལ་རྩ་བ་ནས་མ་གནང་མི་དགོས་པ་ཤིན་ཏུ་གལ་ཆེད་། ཁྱོད་ལ་དངུལ་མང་ལོད་རག་སོང་།

  8. བོད་པ་ says:
    2011-03-25 at 4:51 am

    རྙོགས་དྲ་ཚ་བོ་རེད། དངོས་གནས་བྱས་ན་དབྱིན་ཇི་རྒྱལ་མོ་ནང་བཞིན་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁབ་ཀྱི་རྒྱལ་བོ་འམ་དབུ་ཁྲིད་ལ་བཞུགས་ནས་ ཆབ་སྲིད་ཀྱི་དབང་ཆ་ཡོང་རྫོགས་བཀའ་བློན་ཁྲི་བ་ནས་འགན་བཞེས་བ་ཡིན་ན་བོད་མི་མང་གི་བློ་ངོར་བདེ་ཞིང་ལོ་རྒྱུས་ལ་ཡང་མི་གནོད་མོད། རྒྱལ་བ་རིན་ཆེ་ནས་དབུ་མའི་ལམ་ནས་་རང་སྐྱོང་དགོས་གསུངས་སོང་བས་བོད་རྒྱལ་ཁབ་དང་རྒྱལ་བོ་གསུངས་་བ་ལྟབས་བདེ་བོ་ཡོད་པ་མ་རེད།
    གྲོས་ཚོགས་ཀྱིས་རང་བཙན་གྱི་ལམ་ཁ་འདེམས་པར་ཁྱབ་བསྒྲགས་བྱས་ནས་རྒྱལ་བ་རིན་པོ་བོད་ཀྱི་རྒྱལ་བོ་ལ་མུ་འཐུད་དུ་བཞུགས་དགོས་པར་ཁྱབ་བསྒྲགས་བྱེད་དགོས་པ་རེད། ཡང་ན་༧་གོང་ས་མཆོག་གིས་དབུ་མའི་ལམ་དོར་བ་ཡིན་པར་ཁྱབ་བསྒྲགས་བྱེད་དགོས་པ་རེད། བོད་པ་མང་ཆེ་ཤོས་ཀྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀྱི་ཁྱད་པར་ཤེས་གི་མི་འདུག མདོར་ན་དབང་ཆ་ལ་འཕོ་འགྱུར་གཏོང་བ་ལས་གང་ཟག་འཕོ་འགྱུར་གཏོང་དགོས་དོན་མི་འདུག་བསམ་གི

  9. ཀརྡོ་རབ་འབྱམས་པ་ says:
    2011-03-25 at 5:13 am

    ༸རྒྱལ་བ་རིན་པོ་ཆེ་བཀའ་དགོངས་ལྟར། བསྒྱུར་བ་བཏང་ན། ཕྱི་ནང་གསང་གསུམ་ནས་བསྒྱུར་བ་གཏོང་ཤོག དེ་མིན་ན། བཙན་བྱོལ་སྐྱིད་སྡུག་གི་དམངས་གཚོའི་ཀ་བ་གསུམ་གྱི་གནས་ལས། རང་བཞིན་གྱིས་རྩ་དགོངས་ཞུས་ན། སྤྱི་སྒེར་གཉིས་ཀ་ལ་ཕན་བགྱིད་རེད།

  10. ཐུབ་བསྟན། says:
    2011-03-25 at 5:48 am

    ༸སྐྱབས་མགོན་རིན་ཆེས་གསུང་ནང་བཞིན་འགྱུར་བ་གཏོང་ན་དེ་ཡག་པོ་རེད། འོན་ཅིང་གཏོང་ཐུབ་ཀྱི་མེད་ན་རང་འཇག་མ་བྱས་རང་བྱས་རེད། ཡིན་ལ་མིན་ལ་ཡོད་འགྲོ་མེད་འགྲོ་དེ་འདྲ་མགོ་རྙོག་ཚ་བོ་རེད།
    བཀའ་ཁྲི་ཅན་ཚོགས་ཆུང་གི་བཏོན་པའི་སྙན་ཐོའི་ནང་གི་༸སྐྱབས་མགོན་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཁག་ཉིན་གཅིག་ཁོང་མ་བཞུགས་པའི་ཉིན་མོར་སུས་བྱེད་དགོས་པ་རེད།
    མི་ལོ་བཞི་བརྒྱ་ལ་ཉེ་བར་སོན་པའི་དགའ་ལྡན་ཕོ་བྲང་གི་དབང་ཚད་དེ་དགའ་ལྡན་ཕོ་བྲང་བ་ཆེན་པོ་ཁོང་གིས་ཕྱིར་འཐེན་བྱེད་ཕོད་པའི་ཐུགས་སྟོབས་ལྡན་ན་ཟམ་གདོང་དང་ཀྲིས་མཐོང་གཉིས་ཀྱིས་བརྒྱུད་འཛིན་མི་འོང་ངེས་ཅན་རེད། ཀླད་རྙིང་གི་ནང་སྙིང་ཕྱི་ལ་མ་སྟོན་རོགས། ད་དུང་ཁྲི་བྱང་གིས་བྲིས་བོད་ཀྱི་རྒྱལ་གླུ་གནམ་སྐོས་དགའ་བརྒྱ་མ་དང་། ད་དུང་གསེར་མདོག་བཅོད་པཎ་འཆང་བའི་རང་ལུགས་ཡངས་པའི་ཐ་གྲུ་ཀུན་ཏུ་ཁྱབ་པ་མཚོན་བྱེད་ཀྱི་བོད་ཀྱི་རྒྱལ་དར་མཐའ་སེར་མ་སོགས་འགྱུར་བ་གཏོང་རན།།

  11. འཇིགས་བྲལ་བསྟན་འཛིན། says:
    2011-03-25 at 10:30 am

    ༸གོང་ས་མཆོག་གིས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་ནང་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་འཕེལ་ཕྱོགས་ངོ་སྤྲོད་གནང་ཡོད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཀོད་ན་ཏག་ཏག་རེད་མ་གཏོགས། ད་ལན་ལས་འཆར་ཚོགས་ཆུང་གིས་སྔོན་གླེང་གསར་པ་ཞིག་བཟོས་ཡོད་པ་དེ་ད་ལན་༸གོང་ས་ཆེན་པོས་གནང་བའི་གསུང་འཕྲིན་གྱི་ནང་གསལ་བའི་བོད་ཀྱི་ལོ་རྒྱུས་གསུང་ཕྱོགས་དང་ཏག་ཏག་སྡོད་ཀྱི་མི་འདུག མདོར་ན་བཅའ་ཁྲིམས་བཟོ་སྐབས་གྲོས་ཆོད་གླེང་བ་འདི་རིགས་ཏག་ཏག་སྡོད་ཀྱི་མ་རེད་སེམས།
    དེ་ཡང་ལས་འཆར་འཆར་ཚོགས་ཆུང་གིས་བཟོས་པའི་སྔོན་གླེང་ནང་། ཕྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ྋགོང་ས་ལྔ་པ་ཆེན་པོས་ཆོས་སྲིད་ཀྱི་མངའ་དབང་བཞེས་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་དེ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དུ་གྱུར་ཅིང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་བསྐྱངས། ཕྱི་ལོ་ ༡༩༥༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཤིང༌། ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་སྟེ་དགའ་ལྡན་ཕོ་བྲང་པའི་གཞུང་ས་གནས་གཞུང་ལྟ་བུར་གྱུར་ཀྱང༌། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་ངོ་བོར་རྒྱུན་གནས་ཐོག ྋགོང་ས་མཆོག་གི་སྔར་ཡོད་སྐུ་དབང་ལ་འགྱུར་བ་མེད་པ་གྲོས་མཐུན་དུ་གསལ། རྒྱ་དམར་དཔུང་དམག་གིས་གྲོས་མཐུན་རྩིས་མེད་དང་དྲག་གནོན་དབང་གིས་ྋགོང་ས་མཆོག་དང་བཀའ་ཤག་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེ་འཕྲལ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་བསྐྱངས། གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་བཞིན་པ་ཡིན།

  12. འཇིགས་བྲལ་བསྟན་འཛིན། says:
    2011-03-25 at 10:32 am

    ༸གོང་ས་མཆོག་གིས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་ནང་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་འཕེལ་ཕྱོགས་ངོ་སྤྲོད་གནང་ཡོད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཀོད་ན་ཏག་ཏག་རེད་མ་གཏོགས། ད་ལན་ལས་འཆར་ཚོགས་ཆུང་གིས་སྔོན་གླེང་གསར་པ་ཞིག་བཟོས་ཡོད་པ་དེ་ད་ལན་༸གོང་ས་ཆེན་པོས་གནང་བའི་གསུང་འཕྲིན་གྱི་ནང་གསལ་བའི་བོད་ཀྱི་ལོ་རྒྱུས་གསུང་ཕྱོགས་དང་ཏག་ཏག་སྡོད་ཀྱི་མི་འདུག མདོར་ན་བཅའ་ཁྲིམས་བཟོ་སྐབས་གྲོས་ཆོད་གླེང་བ་འདི་རིགས་ཏག་ཏག་སྡོད་ཀྱི་མ་རེད་སེམས།
    དེ་ཡང་ལས་འཆར་འཆར་ཚོགས་ཆུང་གིས་བཟོས་པའི་སྔོན་གླེང་ནང་། ཕྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ྋགོང་ས་ལྔ་པ་ཆེན་པོས་ཆོས་སྲིད་ཀྱི་མངའ་དབང་བཞེས་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་དེ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དུ་གྱུར་ཅིང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་བསྐྱངས། ཕྱི་ལོ་ ༡༩༥༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཤིང༌། ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་སྟེ་དགའ་ལྡན་ཕོ་བྲང་པའི་གཞུང་ས་གནས་གཞུང་ལྟ་བུར་གྱུར་ཀྱང༌། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་ངོ་བོར་རྒྱུན་གནས་ཐོག ྋགོང་ས་མཆོག་གི་སྔར་ཡོད་སྐུ་དབང་ལ་འགྱུར་བ་མེད་པ་གྲོས་མཐུན་དུ་གསལ། རྒྱ་དམར་དཔུང་དམག་གིས་གྲོས་མཐུན་རྩིས་མེད་དང་དྲག་གནོན་དབང་གིས་ྋགོང་ས་མཆོག་དང་བཀའ་ཤག་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེ་འཕྲལ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་བསྐྱངས། གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་བཞིན་པ་ཡིན། འདི་༸གོང་ས་མཆོག་གི་གསུང་འཕྲིན་དང་ཏག་ཏག་སྡོད་ཀྱི་འདུག་དང་མི་འདུག དེ་བསམ་བློ་གཟབ་ནན་གཏོང་དགོས་པ་ཞིག་རེད།

  13. jigdal tenzin says:
    2011-03-25 at 10:45 am

    དེ་ནས་༸གོང་ས་མཆོག་གིས་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་བཟོ་དགོས་པའི་ལམ་སྟོན་བཀའ་ནན་ཕེབས་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས། ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། ཞེས་ནན་ཏན་དུ་གསུངས་གནང་ཡོད།
    ཡིན་ནའང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་འདིའི་ཐོག་རྩ་བ་ནས་གོམས་པ་སྤོས་ཡོད་པ་མ་རེད།
    དེ་ཡང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་ནི། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབང་ལུང་བརྒྱུད་སྤྲོད་གནང་བ་ཡིན་ནའང་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས། ཅེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ཅེས་ཡང་ཡང་ནན་ཏན་དུ་གསུངས་པའི་བླ་ན་མེད་པའི་ལམ་སྟོན་ལ་ཡིད་ཆེས་ཡོད་ན་ད་ལན་༸གོང་ས་མཆོག་གི་ལམ་སྟོན་བཞིན་བྱེད་དགོས་པ་ལ་དེ་བཞིན་བྱེད་ཀྱི་མི་འདུག དེ་ཡང་ ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་འགན་ཁུར་བྱེད་དགོས་པ་སྟེ་བོད་ཀྱི་ཆབ་སྲིད་འཐབ་རྩོད་མི་རབས་བརྒྱུད་སྤྲོད་བྱེད་དགོས་པའི་ལམ་སྟོན་སྣང་མེད་དུ་བཏང་ནས་མུ་མཐུད་འགན་ཚང་མ་༸གོང་ས་མཆོག་གིས་ཁུར་དགོས་པའི་ལས་འཆར་ཞིག་བཏོན་ཡོད་པ་དང་གཅིག ༸གོང་ས་མཆོག་གི་ལམ་སྟོན་བཞིན་བཙན་བོད་ཀྱི་ཡུལ་མིའི་སྲིད་གཞུང་བཟོ་རྒྱུ་ལས་ལྡོག་སྟེ་བཙན་བྱོལ་བོད་མི་ཚོའི་བདེ་སྡུག་ལ་བལྟ་རྟོགས་བྱེད་མཁན་གྱི་ཚོགས་སྡེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དོན་དངོས་སུ་བསྒྱུར་རྒྱུ་དང་གཉིས། ལས་དོན་འདི་གཉིས་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་གྱི་ཡོད་མེད་དེ་གནད་འགག་ཆགས་ཡོད་པ་རེད།

  14. jigdal tenzin says:
    2011-03-25 at 10:46 am

    དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་ཞེས་༸གོང་ས་མཆོག་གིས་ལམ་སྟོན་ནན་ཏན་དུ་གསུང་དོན་གང་ལ་ཐུག་གི་ཡོད་པ་རེད། ད་ལན་བཅའ་ཁྲིམས་བསྐྱར་བཅོས་ལ་དེ་རྩ་བ་ནས་གླེང་གི་མེད་པ་འདི་གནད་དོན་ག་རེ་བརྟེན་ནས་འགག་བསྡད་ཀྱི་ཡོད་པ་རེད།

  15. jigdal tenzin says:
    2011-03-25 at 10:49 am

    འཇིགས་བྲལ་བསྟན་འཛིན་དུ་བཅོས་རོགས་གནང་། དེང་སང་མཆན་འཇོག་པར་དཀའ་ངལ་འཕྲད་ཡོང་གི་འདུག དེ་ལ་བརྩད་གཅོད་གནང་རོགས། དེ་སྔོན་འཇིགས་བྲལ་བསྟན་འཛིན་ཟེར་བ་དང་། དེ་རིང་གི་jigdal tenzin ཟེར་བ་གཉིས་གཅིག་པ་ཡིན།

  16. འཇིགས་བྲལ་བསྟན་འཛིན། says:
    2011-03-25 at 11:00 am

    དེ་ནས་༸གོང་ས་མཆོག་གིས་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་བཟོ་དགོས་པའི་ལམ་སྟོན་བཀའ་ནན་ཕེབས་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས། ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། ཞེས་ནན་ཏན་དུ་གསུངས་གནང་ཡོད།
    ཡིན་ནའང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་འདིའི་ཐོག་རྩ་བ་ནས་གོམས་པ་སྤོས་ཡོད་པ་མ་རེད།
    དེ་ཡང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་ནི། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབང་ལུང་བརྒྱུད་སྤྲོད་གནང་བ་ཡིན་ནའང་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས། ཅེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ཅེས་ཡང་ཡང་ནན་ཏན་དུ་གསུངས་པའི་བླ་ན་མེད་པའི་ལམ་སྟོན་ལ་ཡིད་ཆེས་ཡོད་ན་ད་ལན་༸གོང་ས་མཆོག་གི་ལམ་སྟོན་བཞིན་བྱེད་དགོས་པ་ལ་དེ་བཞིན་བྱེད་ཀྱི་མི་འདུག དེ་ཡང་ ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་འགན་ཁུར་བྱེད་དགོས་པ་སྟེ་བོད་ཀྱི་ཆབ་སྲིད་འཐབ་རྩོད་མི་རབས་བརྒྱུད་སྤྲོད་བྱེད་དགོས་པའི་ལམ་སྟོན་སྣང་མེད་དུ་བཏང་ནས་མུ་མཐུད་འགན་ཚང་མ་༸གོང་ས་མཆོག་གིས་ཁུར་དགོས་པའི་ལས་འཆར་ཞིག་བཏོན་ཡོད་པ་དང་གཅིག ༸གོང་ས་མཆོག་གི་ལམ་སྟོན་བཞིན་བཙན་བོད་ཀྱི་ཡུལ་མིའི་སྲིད་གཞུང་བཟོ་རྒྱུ་ལས་ལྡོག་སྟེ་བཙན་བྱོལ་བོད་མི་ཚོའི་བདེ་སྡུག་ལ་བལྟ་རྟོགས་བྱེད་མཁན་གྱི་ཚོགས་སྡེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དོན་དངོས་སུ་བསྒྱུར་རྒྱུ་དང་གཉིས། ལས་དོན་འདི་གཉིས་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་གྱི་ཡོད་མེད་དེ་གནད་འགག་ཆགས་ཡོད་པ་རེད།

  17. སྤངས་སྤོས། says:
    2011-03-25 at 10:51 pm

    བོད་པ་ཚང་དེ་ལས་མ་དག་པ་ཞིག་རེད་རྒྱལ་བ་ཚང་དང་། པཎ་ཆེན་ཚང་མི་དགོས་པ་ཞིག་རེད། བོད་ལ་ཡག་པོ་བྱས་ན་བྱ་མཁན་དེ་ངན་ལེ་རེད།

  18. སྤངས་སྤོས། says:
    2011-03-25 at 10:51 pm

    བོད་པ་ཚང་དེ་ལས་མ་དག་པ་ཞིག་རེད་རྒྱལ་བ་ཚང་དང་། པཎ་ཆེན་ཚང་མི་དགོས་པ་ཞིག་རེད། བོད་ལ་ཡག་པོ་བྱས་ན་བྱ་མཁན་དེ་ངན་ལེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme