Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁུངས་མེད་རུ་དཔུང་གི་གཡམ་སྒྲོགས།

Posted on 2011-03-242011-03-25 By དབང་ཕྱུག་ 16 Comments on ཁུངས་མེད་རུ་དཔུང་གི་གཡམ་སྒྲོགས།

ཤར་ཕྱོགས་ཁུག་རྟ།

ཉིན་ཁ་ཤས་ཀྱི་གོང་ནས་༧གསུང་འཕྲིན་རིན་པོ་ཆེར་བགྲོ་གླེང་གིས་མི་རྣམས་བག་ཕེབས་པོ་རང་མ་བཞག་པའི་སྐབས་དེ་ཤེད་དུ། ཁོ་བོས་རྒྱ་གར་དུ་ཡོང་བའི་དོན་རྩ་གཞན་ཞིག་སྟེ། སྐྱབས་གཞན་ལ་བཅོལ་བའི་མི་ལོ་ ༥༢ གྱི་བྱུང་རབས་ཀྱི་ཟུར་གཞན་ཞིག་ལ་རྒྱབ་བསྙེས་ཏེ། ༧བླ་ན་མེད་པའི་སྐྱེས་བུ་དེའི་༧གསུང་འཕྲིན་རིན་པོ་ཆེའི་ཕྱི་ནང་གསང་གསུམ་མིན་པའི་ངོས་གཞན་ཞིག་ལ་གཟུགས་རིས་ཤིག་བྲིས་པ་ཡིན། གཟུགས་རིས་དེ་མི་རྣམས་ཀྱི་སྤྱན་ནས་ཁ། ཁ་ནས་རྣ་སྒོ་འགྲིམས་རྗེས་ཁོ་བོས་གོ་བ་ཞིག་ནི། ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱིས་གང་བྱེད་ཀྱི་ཡོད་མེད་ས་རིས་ཐང་གསལ་རེད་ལ། དེ་ལ་ཡངས་མོ་བལ་ལས་ལྷག་གི་ལྗིད་ཁོག་ཅིག་ཡོད་པའི་སྦྲང་སྐད་ཙམ་ཐོས་ཚེ་ཁོ་བོས་རྒྱུ་མཚན་རེ་བགྲང་རྒྱུ་གྲ་སྒྲིག་ཨང་གསར་ཡིན་མོད་ཀྱང་། ཁ་བརྒྱ་མིག་སྟོང་ནི་ཤེས་རབ་ཀྱི་བདག་པོ་ཡིན་པའི་བཤད་སྲོལ་ལྟར། ཁོ་བོའི་ངག་ནས་བརྡོལ་བའི་༼ ཁུངས་མེད་རུ་དཔུང་༽ནི་ནམ་ནམ་ཞར་ཞར་དུ་ཁུངས་མེད་རུ་དཔུང་ཡིན་སོང་བ་དེས། གནད་ཀྱི་འགག་སར་མི་རྣམས་ཀྱི་ཁ་རྣ་མིག་གསུམ་གྱིས་ཤེས་རབ་ཀྱི་དབྱངས་སྒྲོག་པར་ངེས་པ་ཅུང་ཙམ་ཐོབ།
ཡིན་ནའང་། ཁུངས་མེད་རུ་དཔུང་གི་གཡམ་སྒྲོག་གི་འོབས་སུ་ཚུད་མཁན་ཚོས། ཁོ་བོ་མྱི་ཆུང་ཆུང་གིས་༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་མདུན་རྒྱབ་འདི་ལས་མ་མཐོང་ངོ་ཞེས་རླུང་རྒྱག་ཕྱོགས་ལ་རན་པའི་ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱི་སྐད་ཆ་དེ་དག་བསྐྱར་ཟློས་སྟོང་འགྱུར་རེ་བྱེད་ནའང་། སྤྱིར་བཏང་༧གསུང་འཕྲིན་རིན་པོ་ཆེ་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་ཡིད་དུ་ཤོང་དཀའ་བ་མཁས་པ་ཆེན་པོ་དག་གིས་གསུངས་པ་ལྟར། ཁོ་བོ་ནི་དེ་བས་ཀྱང་སྲིན་འབུ་མེ་ཁྱེར་གྱིས་ཟླ་འོད་ལ་ཚད་གཞལ་བ་དང་རྟག་ཏུ་ནས་མཚུངས་བ་རང་ཅི་ལ་མིན་ནམ། མཚམས་འདིར་ངས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གྲོས་ཚོགས་སུ་དྲངས་པའི་ཚིག་བཅད་དེའང་ཡིད་ལ་ལྷང་ལྷང་དྲན་འོང་གི་འདུག
ཞོར་དུ་ཚིག་འགའ་ཞུ་བར་འདོད་དེ། མཁས་པ་དང་དཔྱོད་ལྡན་གྲོགས་པོ་དག་གིས། ང་ལ་ཁུངས་མེད་རུ་དཔུང་གི་ལས་གཉེར་ཉི་ཚེ་བ་དེ་དག་ཁྱེད་ཀྱིས་གལ་ཆེན་བཟོ་ཡི་འདུག་ཅེས་གནད་འགག་ཅན་གྱི་བཀའ་མོལ་གནང་ནའང་། ཁོ་བོས་སྔ་མོ་ནས་གྲལ་གྱི་མཐའ་ན་གནས་པའི་ང་འདྲའི་ཆབ་སྲིད་ཀྱི་བློ་མིག་ཆེན་པོ་རང་མ་ཕྱེས་པའི་མི་མང་གི་དོགས་པ་སེལ་ཆེད་དུ་འབྲི་ཁུལ་ཡིན་ལ། ཁུངས་མེད་རུ་དཔུང་གི་ལས་གཉེར་ཉི་ཚེ་བ་ཚོས་བསམ་ངན་སྦྱོར་རྩུབ་ཀྱི་བྱ་སྤྱོད་ཅི་ལྟར་བརྩམས་ཀྱང་རུང་། ཁོ་བོ་ནི་སྨྱུ་གུ་འདིར་འཇུ་དགོས་དོན་ཀྱང་མཐར་གཏུག་ན་གྲལ་གྱི་མཐའ་ན་གནས་པའི་ང་འདྲའི་མི་མང་ཉམས་ཆུང་དེ་ཚོའི་ཕྱིར་དུ་ཡིན་པས། ལག་པ་ཅི་ཙམ་འགུལ་ཐུབ་པ་དེ་སྲིད་དུ་ཀུན་པོའི་རྣ་ལ་འགྲོ་མིན་ཅི་ལྟར་ཡང་འགུལ་ནི་འགུལ་གྱི་ཡིན།
དེ་བས་ཀྱང་གྲལ་གྱི་མཐའ་ན་གནས་པའི་མི་མང་ཚོའི་མདུན་སར་སྤྲིངས་འདོད་པ་ཞིག་ནི། ༧གསུང་འཕྲིན་རིན་པོ་ཆེར་བློ་ངོར་མ་ཤོང་ཡིད་སེམས་ནག་ཁུངས་ཡིན་པ་ཁྱེད་ཚོས་གསལ་བོར་ཤེས་ཀྱང་། ཉི་ཚེ་བ་དག་གིས་ཁོ་བོས་༧གསུང་འཕྲིན་རིན་པོ་ཆེ་ཕེབས་དོན་གྱི་རྒྱུ་མཚན་ཉག་གཅིག་ཁུངས་མེད་རུ་དཔུང་གི་བྱེད་རྐྱེན་དུ་སྒྲོགས་བཞིན་པ་ནི། རང་ལ་ནོངས་འགྱོད་ཡོད་པ་གཞིར་བཞག་གི་སྐད་ཆ་ཞིག་ཡིན་མོད། ངས་སྐད་གསེང་མཐོན་པོས་ཡང་ཡང་ཞུས་པ་ལྟར། ༧གསུང་འཕྲིན་གྱི་གཏིང་མཐའ་གང་ཡང་མིན་ལ། ཕྱི་ནང་གསང་གསུམ་གང་ཡང་མིན་པའི་ངོས་ཤིག་གླེང་བ་མ་ནོར་བའི་རེ་བ་ཆེ།
མཇུག་ཏུ་ཁུངས་མེད་རུ་དཔུང་གི་མང་གཙོའི་གེགས་རྡོ་ཡིན་པའི་༧རྒྱལ་བ་རིན་པོ་ཆེ་མཆོག་ལའང་། ཁྱེད་ཀྱི་མཁས་མཛངས་ཐུགས་ཀློང་ན་མེད་པའི་མ་དག་སྐད་ཀྱི་དངན་པ་འདི་ང་རང་མི་ཞིག་ཡིན་པས་དཔྱད་པ་མཐར་གཏུག་གི་གཟུགས་བརྙན་ཡང་ཡིན་ལ། ཁྱེད་ཀྱི་མདུན་སར་ཅོ་འདྲི་བའི་སྙིང་ཁམས་ཅན་དག་གི་མགོ་གཅོག་ཀྱང་ཡིན་ཞེས་བསྐྱར་དུ་ཞུ་རྒྱུ་ཡིན།

བརྩམས་སྒྲུང་།, སྣ་ཚོགས།

Post navigation

Previous Post: བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།
Next Post: ༸གོང་ས་མཆོག་གི་གསུང་འཕྲིན་ཉམ་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ།

Comments (16) on “ཁུངས་མེད་རུ་དཔུང་གི་གཡམ་སྒྲོགས།”

  1. དོན་གྲུབ། says:
    2011-03-24 at 9:23 am

    རྩོམ་འདི་བཀླགས་ཏེ་རྩོམ་ཡིག་གཞན་ཞིག་ཡིད་ལ་དྲན་པ།

  2. དོན་གྲུབ། says:
    2011-03-24 at 9:23 am

    གསུང་འཕྲིན་རིན་པོ་ཆེ་དང་ཁུངས་མེད་རུ་དཔུང་ཞེས་པ་བཀླགས་པ།
    བཀྲ་ཤིས་ཚེ་རིང་།

    ཆོས་མེད་སྐྱ་སྡེ་ལ་ལྷུང་བའི་ལྐོག་འབྲེལ་གཡེན་འཁྱེར་གྱི་ལུང་ཚན་སྲིད་དོན་པ་ཚོས། རྟག་ཏུ་སྐབས་འཚོལ་རིང་ལུགས་ཀྱི་ཁེ་གཉེར་བྱ་རྒྱུར་དགའ། སྤྱི་ཚོགས་ཀྱི་བློ་ཟང་ཟིང་གི་གོ་སྐབས་དམ་དུ་བཟུང་སྟེ་ཅི་ཞིག་མཐོང་བ་དང་གང་ཞིག་ཤེས་ཟིན་པའི་ཉམས་སྣང་བཏོད་དེ་སྤུན་ཟླའི་ནང་ཁུལ་ལ་དཀྲུག་ཤིང་འཕེན། དེ་དག་ནི་མི་གཤིས་ཕར་ཟད་ཁྱི་གཤིས་ཀྱང་མེད་པའི་ཟིང་སློང་རུ་དཔུང་ཞིག་ཡིན་ལ། ཁོ་ཚོ་ནི་སྐྱ་མིན་སེར་མིན་གྱིས་གྲུབ་པའི་ཕྱོགས་འཐེན་སྐོར་ཚོགས་ཤིག་ཡིན། འདི་དག་གི་གྲས་ན་གྲྭ་ཆོས་འོག་ནས་བུད་མེད་ཉར་བ་དང་གྲྭ་ཆོས་གྱོན་ནས་མཁས་པའི་སྤྲུལ་སྐུར་བརྫུས་པའི་གཏམ་རྒྱུད་མང་། ཁོང་ཚོ་རྒྱུན་དུ་ཡར་འགྲོ་མར་འགྲོ་ཚང་མར་ཇུས་གཏོགས་བྱ་རྒྱུར་དགའ་བའི་སྐྱ་སེར་རིགས་གཅིག་ཡིན། བཀོར་ནག་གི་ངར་ཤུགས་ཅུང་ཙམ་ལུས་ཡོད་པའི་གྲྭ་ལོག་རེ་ཟུང་ཞིག་ཡིན།

    ད་ཐེངས་ཀྱི་གསུང་འཕྲིན་བཀའ་དྲིན་ཅན་ཞིབ་ཏུ་བཀླགས་མྱོང་མཁན་ཞིག་ཡིན་ན། བློ་ལ་ཤིན་ཏུ་གསལ་བ་ཞིག་སྟེ། རྒྱལ་བ་དོན་གྱི་བདག་པོས་ཞིབ་ཅིང་བརྟག་མཐར་ཐུགས་དགོངས་རྒྱ་ཆེར་གཟིགས་ནས། བོད་གངས་ཅན་པའི་འདས་མ་ད་གསུམ་གྱི་མང་གཙོའི་ཁེ་ཕན་འགྲུབ་སླད། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལམ་ལུགས་ཕྱིར་བསྡུ་བྱ་རྒྱུའི་བཀའ་སློབ་དང་གསུང་འཕྲིན་ང་ཚོར་གནང་། འཛམ་གླིང་གི་དབུ་ཁྲིད་རྣམས་དང་གསར་འགྱུར་སྡེ་ཚན་ཁག་གིས་འདིའི་ཐད་དོ་སྣང་དང་ཡིད་སྨོན་སྐྱེས་གཞི་ཞིག་ཆགས་ཡོད་ལ། འདིས་ཁོང་ཚང་གི་བླ་ན་མེད་པའི་མཛད་རྗེས་ལ་སྔར་ལས་ལྷག་པའི་འོད་སྣང་འཕྲོ་རུ་བཅུགས་ཡོད། ཡིན་ནའང་། བོད་གཞིས་བྱེས་གཉིས་སུ་མི་སེར་དཀྱུས་མའི་ནང་དངོས་གནས་བློ་འཚུབ་བྱུང་བའི་རིགས་ཧ་ཅང་མང་བར་བཤད། དེ་ནི་ཁག་ཅི་ཡོད་དེ། དད་པ་དད་འདུན་གྱི་བསམ་བློ་ཁོ་ནས་བསྐྲུན་པའི་སྔངས་སྐྲག་ཅིག་ཡིན། ཡིན་ནའང་། ང་ཚོ་བོད་རྒྱལ་བ་ཁབ་ཆེན་པོ་འདི་བསྐལ་བ་ནས་བསྐལ་བར་གནས་དགོས་པར་འདོད་ན། ༧གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་འདི་དེང་དུ་ལེན་དགོས་པའི་དུས་ཤིག་ཡིན་པ་མ་ཟད། ཁོང་ཚང་གི་གཟིགས་རྒྱང་རིང་བོར་ཡིད་ཆེས་གཙང་མས་ཕྱིར་ནུར་བྱ་མི་འོས་པའི་དུས་ལ་སླེབས་ཚར་ཡོད་པས་སོ།

    ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལ་ཟང་སློང་རུང་དཔུང་ལ་དོ་སྣང་དང་སེམས་ཁུར་དོག་ཙམ་མེད་པར་སྤྱི་ཚོགས་ཀྱི་མི་སེར་དཀྱུས་མིའི་ཕྱོགས་སུ་ལམ་དུ་ཆས། ཁོང་ཚོའི་དམིགས་གཞི་ནི་ཡིན་མདོག་གིས་སྤྱི་ཚོགས་ནང་འུར་སློང་བྱ་རྒྱུ་དེ་ཁོ་ན་རེད། འདི་དེང་གི་བསམ་ཁ་ཡངས་པའི་ཤེས་ཡོན་པའི་ཚོགས་སྡེ་རུ་མཚོན་ན་སྤྱིར་བཏང་བ་ཞིག་ཡིན་པས་སུས་ཀྱང་མིག་གིས་མི་ལྟ་མོད། དབེན་གནས་སྒོམ་སྒྲུབ་ལ་བཞུགས་པའི་ཆོས་པ་དག་དང་། མི་ཚེ་གཡེང་ཁར་སླེབས་པའི་རྒན་གསོ་ཁང་གི་ལོ་ལོན་ཚོས་ཁོང་ཚོའི་ཀུ་ཅོ་འདིར་སེམས་ཁྲལ་གནང་སྲིད་པ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གང་དུ་འཐོར་བའི་བོད་མི་ཡོད་དོ་ཅོག་གིས། ཟིང་སློང་རུ་དཔུང་གི་ཁ་རྗེས་མི་འབྲང་བར་བློ་རྣལ་དུ་ཕབ་སྟེ༧གོང་ས་ཡིད་བཞིན་ནོར་བུའི་བཀའ་སློབ་དམིགས་རྩར་བཟུང་ནས་སོ་སོའི་འཇོན་ཐང་གིས་མི་རིགས་འདིའི་ཁེ་ཕན་བསྒྲུབ་རྒྱུར་ཚང་མས་འབད་པ་ལྷུར་ལེན་གནང་རན་ཡོད།

    ཡང་ཟིང་སློང་རུ་དཔུང་གིས་རྒྱལ་བ་ཐམས་ཅད་མཁྱེན་པ་ཐུགས་ཕམ་ཆེན་པོས་བཀའ་ཡིག་ཕེབས་དགོས་ཐུག་པའི་ཁུངས་མེད་ལུང་མེད་ཀྱི་ཆལ་གཏམ་སྤེལ་འགོ་བརྩམས། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་ཚང་གི་ཁ་སང་གསུང་ཆོས་ར་བའི་ནང་མི་མང་ཡོངས་ལ། ང་རང་འུ་ཐུག་པ་དང་། བོད་དོན་བློས་བཏང་བ་དེ་འདྲ་རྩ་བ་ནས་མིན། ག་སྲིད་དགོས་མཁོ་ཐུག་པ་ཡིན་ན། ང་ཡོད་ཡོད་པ་རེད། འདི་ངས་ཡུན་རིང་བསམ་བློ་བཏང་སྟེ་ཐག་བཅད་པ་ཞིག་ཡིན། ང་ཚོའི་ཕུགས་རྒྱང་རིང་པོར་བསམ་བློ་བཏང་བ་ཞིག་ཡིན། ང་ཚོའི་མང་གཙོའི་ཁེ་ཕན་ཡོང་བའི་ཆེད་དུ་ཡིན་ཞེས་གསུང་བཀའ་དྲིན་ཅན་བསྩལ་བ་མ་ཟད། ཡང་དང་བསྐྱར་དུ་ཚང་མས་ཡག་པོར་སེམས་ལ་ཟུངས་ཞེས་བཀའ་ནན་པོར་གནང་ཡོད།

    ད་ལྟ་འུར་ལ་བསྐུར་མཁན་ཟིང་སློང་རུ་དཔུང་གི་ལས་གཉེར་བ་ཆོས་འབྱོར་ཟེར་བའི་བཤད་སྟངས་དེ་མི་ཁར་བརྒྱུད་སོང་དུས། རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་དགོངས་རླབས་པོ་ཆེ་ནག་པོའི་དྲི་བགོ་སྲིད་ལ། ཁོ་ཚོ་ལྟ་བུའི་བཤད་ཡམས་འུར་ལ་སྤྲོ་བ་དག་གིས་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་རྩིས་ཡོད་པའི་སྣང་བ་སྟེར། འདི་དག་གིས་ཚིག་གི་ནང་སྙིང་མ་ལོན་གོང་ལ་ལྟོ་བ་ཕྱིར་བསྲིངས་ཏེ་མཁས་གཏམ་འཐེན་རྩིས་བྱེད་པར་དགོད་ཁ་གཏིང་ནས་འཆོར་བ་ཞིག་རེད། ༧གོང་ས་མཆོག་གིས་ད་ནི་དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབས་ཡོད་པ་རེད། གང་ལྟར་འགྱུར་བ་ཞིག་འགྲོ་དགོས་པ་དངོས་ཡོད་རེད། དེའི་སྟབས་རང་གིས་འདི་ལྟར་ཐག་བཅད་པ་ཡིན་ཞེས་གསུང་འདུག་ལ། སྲིད་པའི་ཡང་སྟེང་འདིར་མི་རིགས་ཤིག་གི་དབུ་ཁྲིད་ཀྱིས་མང་ཚོགས་ལ་མར་སྲིད་དབང་རྩིས་སྤྲོད་གནང་བ་ཐོག་མ་རེད། འདི་ལྟ་བུའི་ཁོང་ཚང་གི་སྐུ་ཕྲེང་རིམ་བྱོན་ལས་ཁྱད་དུ་འཕགས་པའི་བྱུས་རྗེས་རླབས་ཆེན་དང་། འཛམ་གླིང་རང་བཞིན་ལ་ཤུགས་རྐྱེན་སྤྲོད་པ། འཇིག་རྟེན་གྱི་མི་སྡེ་སྤྱི་ཚོགས་ལ་སློབ་གསོའི་རང་བཞིན་ལྡན་པའི་མཛད་པ་བསྐྱངས་པ་ནི་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་རྒྱལ་བ་བསྟན་འཛིན་རྒྱ་མཚོའོ།

    ད་ནི་ཁོང་ཚང་གི་གསུངས་འཕྲིན་བཀའ་དྲིན་ཅན་འདི་རིགས་ལ་ཁུངས་མེད་ཀྱིས་སྐུར་བ་འདེབས་པ་ནི་བློ་ཡིད་དུ་མི་ཤོངས་པ་ཞིག་རེད། གོང་དུ་ཞུས་པ་ནང་བཞིན་ཆོས་འབྱོར་ཟེར་བ་ཞིག་གིས་མང་ཚོགས་ཀྱིས་བཀའ་མ་བརྩིས་ཐུགས་ཕམ་ཆེན་པོས་སྲིད་དབང་རྩིས་སྤྲོད་གནང་བ་རེད་ཟེར་བ་ནི་ཅི་གང་མི་ཤེས་པའི་གླེན་རྟགས་གློའུ་རྟགས་གཤམས་པ་ཤིག་ལས་ཅི་གང་མི་མཐོང་སྟབས། ཆོས་འབྱོར་ནི་ཆོས་འབྱོར་རང་རེད་དོ། ངོ་མི་ཤེས་ཀྱང་མིག་གིས་མཐོང་བ་ལྟར་སྣང་འོང་། དེ་ལས་གཞན། གལ་སྲིད་ང་ཚོས༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་པར་བསམ་ན། བོད་ཕྱི་ནང་གི་འབྲེལ་ལམ་ཇེ་ཡག་ཏུ་གཏོང་བ་དང་། བཙན་བྱོལ་ནང་ཁུལ་གྱི་མཐུན་ལམ་ཇེ་མཛེས་སུ་ཡོང་བར་ཤུགས་སྣོན་དགོས་པ། བོད་མི་སུ་ཡིན་རུང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཆེད་རང་རང་གི་རྣམ་དཔྱོད་སྤྱད་ནས་མི་རིགས་འདིའི་དེ་རིང་སང་ཉིན་གྱི་ཕྱིར་དུ། རང་གིས་ཅི་ཞིག་བསྒྲུབ་འོས་པ་དང་གང་ཞིག་འཇོན་བསམ་པ་དེ་ཉིད་བསྒྲུབ་དགོས་པའི་དུས་ལ་སླེབས་ཡོད། འདི་ལྟར་མི་རིགས་ཀྱི་མང་གཙོའི་ཁེ་ཕན་གོང་མཐོར་འགྲོ་དགོས་ན་མང་ཚོགས་ཀྱི་སྨྲ་བ་ཚད་འཛིན་བྱེད་མི་འོས་ལ། ཤ་ཁྲག་གཅིག་པའི་སྤུན་ཟླའི་ནང་དབྱེན་སྦྱོར་མི་ཉན་པ་དེ་ཡིན། དེ་ལྟར་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་བགྲོ་དགོས་པའང་མང་གཙོའི་བྱ་ལས་ཡར་རྒྱས་སུ་གཏོང་ཕྱོགས་ཤིག་ཡིན་པ་དང་། རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལག་ཏུ་བསྟར་བ་ཞིག་ཡིན་པ་ཐག་གཅོད་ཐུབ་བོ།

    ག་དུས་ཡིན་ན་ཟིང་སློང་རུ་དཔུང་གི་ལས་གཉེར་བ་ཚོས་དྲ་བ་དང་རྩིག་ངོས། ཚོགས་པ་སྐྱིད་སྡུག རང་གི་ཉེ་འཁོར་གྱི་སྐྱ་སེར་རྒན་རྒོན་ཚང་མའི་རྣ་རྩར་ལུང་ཚན་གྱི་སྐད་ཆ་བཤད་པ་དང་། རང་གཅིག་པུའི་ཁེ་ཕན་ལེན་ཆེད་སྐབས་འཚོལ་གྱི་ལས་སུ་ཞུགས་ཏེ། སྣང་བར་མི་འགྲོ་བའི་མི་དེ་ལ་བསམ་གཟས་ཁོས་ལྷ་མི་མཆོད་ཅིང་བླ་མ་མི་བཀུར་བའི་འུར་བརྒྱབས་ཏེ། ཆོས་ལུགས་པའི་སེམས་སུ་ཕོག་སླ་བའི་སྐད་ཆ་སྣ་ཚོགས་བཟོས་ནས་སྤྱི་ཚོགས་མི་བདེ་བར་བཟོ་བ་ནི་རྒྱ་མིའི་སོ་མྱུལ་ལས་ཀྱང་སྡུག་ཆག་ཏུ་སེམས་ཡོད། དེའི་སྟབས་ཀྱིས་དྲ་ངོས་སུ་འབོད་པའི་ལུང་ཚན་སྲིད་དོན་པ་དང་ཟིང་སློང་རུ་དཔུང་ཞེས་པའི་མི་རེ་ཟུང་གིས་གྲུབ་པའི་སྐོར་ཚོགས་འདི། དེང་སང་ངན་ལངས་སྐྱག་ལངས་ལ་གཏོང་རྒྱུ་མང་དྲགས་འདུག་གོ།

    ༢༠༡༡ཕྱི་ཟླ་༣ཚེས༡༩ཉིན།

    ཟུར་མཆན།

    ཆོས་འབྱོར་གྱིས་ཁ་བརྡའི་ཐོག་སྤེལ་བའི<>ཞེས་པ་བཀླགས་རྗེས།

    ཤོག་ངོས་འདི་ཐེངས་ (༧༢) ལ་བཀླགས་འདུག
    ཡར་འཇོག་མཁན། : དྲ་ཞབས་སེང་གེ
    རྩོམ་པ་པོ། : བཀྲ་ཤིས་ཚེ་རིང་།
    ཡོང་ཁུངས། : ངེད་དྲ་བ།
    སྤེལ་དུས : ༢༠༡༡/༠༣/༢༡ ༢༡:༣༣:༡༢

  3. རིན་པོ་ཆེ། says:
    2011-03-24 at 9:24 am

    ཤར་ཕྱོགས་ཁུག་རྟ་དྲིན་ཅན་པོ། ཁྱེད་ཀྱི་གསུང་ཉིན་རེ་ནས་ཉིན་རེ་སྙན་དུ་སྙན་དུ། འཚེ་མེད་ཞི་བ་ཆབ་སྲིད་ཀྱི་ངག་དང་ཚིག་གི་འགྲོས་ལ་དཔེ་མཚོན་ཅིག་འཇོག་དགོས་ན་ངས་འདི་འདྲའི་རིགས་འཇོག་པར་ཐེ་མི་ཚོམ། ཨ་མའི་བུ།

  4. ཤར་ཕྱོགས་ཁུག་རྟ། says:
    2011-03-24 at 9:55 am

    ཀློག་མཁན་རྣམས་བྱ་རྒོད་བཞིན་ལྡིང་བྱུང་བ་ཐུགས་རྗེ་ཆེ། འདི་ལ་བསམ་ངན་སྦྱོར་རྩུབ་ཀྱི་རུལ་དྲི་མི་ཁ་ལ། རང་རྒྱལ་གཞན་ཕམ་གྱི་སྨྱན་སྦྱོར་དེ་བས་མེད། གོང་དུ་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར་འཚེ་མེད་ཞི་བ་ཆབ་སྲིད་ཀྱི་ངག་དང་ཚིག་གི་འགྲོས་སུ་སྦྱངས་འདོད་པ་ནི་སྔ་མོ་ནས་ཡོད་པའི་རྨི་ལམ་རང་ཡིན་ལ། ད་ལྟའང་དེ་མུར་གནས་ཡོད་པས་ཨུ་ཚུགས་རྒྱག་ཁུལ་ཡིན། གནད་དོན་གྱི་གཞི་རྩར་ཤེས་རབ་ཀྱི་ལག་པས་ཕྲིས་ན། ངས་ཨག་སྐད་ཐན་ཐཱན་གྱི་ལན་འདེབས་དང་མི་ཤེས་ས་ནས་སློབ་སྟོན་ཚུལ་བཞིན་ཞུ་ངེས་ཀྱི་གྲ་སྒྲིག་ཡོད་ལགས།

    ཚིག་ཕྲེང་མཐའ་མའི་ལྕོག་དེ་གཅོག་ལ་བཟོ་བཅོས་གནང་རོགས་ཞུ། ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་གུས་ཞབས་དང་བཅས།

  5. རྡོ་རྗེ་ཚེ་བརྟན། says:
    2011-03-24 at 10:07 am

    ཆོ་མེད་པའི་སྐད་ཆ་འདིའི་རིགས་ནི། སྤྱི་ཚོགས་ཀྱི་གད་སྙིགས་རང་རེད་དོ།།

  6. ཤར་ཕྱོགས་ཁུག་རྟ། says:
    2011-03-24 at 10:22 am

    ཨ་རིའི་རླུང་འཕྲིན་ཁང་གི་རྡོ་བརྟན་ཡིན་ཤག་གིས་ཞུ་བཞིན་ཡོད།

    ཆོ་མེད་ཅེས་པ་དེ་ངས་གསལ་བོ་ཧ་གོ་ཡི་མེད། ལྷ་སའི་ཡུལ་སྐད་དེ་ཡིན་ཤག་གིས་ཞུས་ན། སྤྱིར་རང་གི་ཤེས་བྱའི་སྤྱི་བབ་ཞན་དབང་གིས་ཡི་གེ་རེ་བྲིས་ཀྱང་དོན་མེད་པ་ཁྱེད་བདེན་ཡང་། ངས་ཀྱང་ཁྱེད་ལྟར་འདི་ལ་ཆོ་ཡོད་བསམ་གྱི་འདུག ཡིན་ནའང་། འདི་ལ་མཆེ་བ་མེད་བཞིན་དུ་མི་མང་པོ་ཞིག་ལ་ན་ཟུག་ལངས་ཀྱི་ཡོད་ས་རེད། ཨ་ལ་རྩེད་མོ་ཡིན།
    གང་ལྟར་ཆོ་མེད་ས་སློབ་སྟོན་གནང་ནས་ངོ་སྤྲད་ན་མ་འགྲིག་ས་ནས་དགོངས་དག་ཟེར་ཐུབ་ཀྱི་ཡོད་ལགས།

  7. ས་མཐའི་བུ་ says:
    2011-03-24 at 10:24 am

    ཁུངས་མེད་རུ་དཔུང་གི་གཡམ་སྒྲོག་ཅེས་པའི་རྩོམ་དེ་ཆ་ཚང་ཀློག་ཁོམ་མ་བྱུང་ཡང་། གཤམ་ནས་དོན་གྲུབ་ཀྱིས་བྲིས་པའི་མཆན་དེ་ཆ་ཚང་ཀློག་པ་ཡིན། ཐོག་མར་དོན་གྲུབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་དངོས་ནས་བཤད་དགོས་ཡ་དང་བསམ་དགོས་ཡ་ཚང་མ་དག་དག་དེ་རེད། ཁྱེད་ཀྱིས་གསུང་བ་ལ་རྒྱབ་སྐྱོར་ཡོད་ལ་མོས་མཐུན་ཀྱང་ཡོད། ད་དུང་མུ་མཐུད་དུ་གཡམ་སྒྲོག་འདྲ་མིན་གྱིས་རང་ཉིད་སྒེར་གྱི་གོ་སྐབས་འཚོལ་ཕྱིར་མི་མང་གི་མདུན་ནས་འཁྲབ་སྟོན་འདྲ་མིན་བྱེད་རྒྱུ་ཡིན་པ་གསལ་བོ་རེད། ༼གོ་ཐོས་ལ་ཉིན་ཤས་གོང་སྤྱི་འཐུས་གྲོས་ཚོགས་ནས་ཚོགས་ཟུར་ཀརྨ་ཆོས་འཕེལ་གྱིས་༸གོང་ས་མཆོག་གི་སྐུ་དབང་ལེན་ཕོད་ཀྱི་མི་འདུག་ཟེར་གྱིན་ཕྱི་རོལ་ཏུ་བུད་པ་རེད་ཟེར་བ་ཞིག་གོ་སོང་། ཧ་ཅང་ཐབས་སྐྱོ་བོ་རེད། འཁྲབ་སྟོན་པ་རང་རེད། ངོ་མ་བཤད་ན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ག་རེ་འདུག རང་ཉིད་ཀྱིས་འབྱོན་པའི་བྱ་བ་ག་རེ་འདུག མི་མང་ལ་ལམ་སྟོན་དང་མཐུན་ལམ་གྱི་སྐོར་ལ་འབད་བརྩོན་བྱེད་དགོས་པ་ག་རེ་འདུག་བལྟ་དགོས་པ་གལ་ཆེན་པོ་རེད། ངོ་མ་དད་པ་ཡོད་ན་བོད་དོན་ངོ་མ་དེ་སེམས་ལ་ཉར་ནས་ཕྱོགས་རིས་འཐེན་ཁྱེར་སྤོངས་རོགས་ཞེས་ཀརྨ་ཆོས་འཕེལ་ལ་ཞུ་དགོས་པ་ཆགས་སོང་།༽

  8. ཤར་ཕྱོགས་ཁུག་རྟ། says:
    2011-03-24 at 10:36 am

    དུས་བབ་ནང་བཀོད་པའི་མཆན་འདིར་བཤུས་པ་ཡིན།

    མི་གཅིག་གི་དབང་འཛིན་པའི་དུས་སྐབས་རྫོགས་ཟིན་པ་བདེན་ཡང་། ༧གོང་ས་སྐྱབས་མགོན་པོའི་མཚན་གནས་རྗེས་འབྲེལ་དང་བྲལ་བའི་ཆབ་སྲིད་ལམ་ལུགས་ཤིག་མེད་ན་མང་གཙོ་མི་ཡོང་པའི་ཚིག་ཐག་སུས་ཀྱང་མ་བཅད་ལ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལྟ་བུའི་མཁས་མཛངས་ཀྱི་༧རྒྱལ་བ་རིན་པོ་ཆེ་རིམ་པར་བྱོན་པ་ཡིན་ན། ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ཅིའི་ཕྱིར་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། ༧རྒྱལ་བ་རིན་པོ་ཆེ་འདིའི་ཐུགས་རྗེ་ཀློང་གི་མ་འོངས་བོད་དེ་མངོན་འགྱུར་བྱེད་དགོས་ཚེ། ཁོང་གི་འགན་ཁུར་ཆེན་པོ་གསུམ་དང་འབྲེལ་བའི་ལྟ་སྤྱོད་ལ་རྗེས་འཇུག་བོད་མི་མང་དག་ཅིག་བྱོན་དགོས་ཚེ། དེས་འཛམ་གླིང་སྤྱི་ནས་ཁྱིམ་ཚང་གཅིག་གི་འཚོ་བ་ཚུན་ཆུད་དུ་བདེ་སྐྱིད་སྤྲོད་རྒྱུའི་གོམས་གཤིས་རུས་གསེང་དུ་འཇགས་དགོས་ཚེ། ༧རྒྱལ་བ་རིན་པོ་ཆེའི་མཁས་མཛངས་དང་ཡ་མ་བྲལ་བའི་བཅའ་ཁྲིམས་ཤིག་དགོང་ངེས་ལ། ༧རྒྱལ་བ་རིན་པོ་ཆེས་དོན་དམ་མི་གཅིག་དབང་འཛིན་གནང་གི་མེད་པས་ད་ལྟའི་ལུགས་སྲོལ་འདིས་མང་གཙོ་ཁོ་ལག་རྫོགས་རྒྱུར་དོན་དམ་པས་ཅི་ཞིག་གནོད་ཀྱི་ཡོད་ན། སུ་ཞིག་གིས་མ་འོངས་བོད་མི་རིགས་འདིའི་ཁ་སྟབས་ཁོ་ནར་བསམས་ནས་འདི་དང་འདིས་གནོད་ཀྱི་འདུག་ཅེས་སྨྲ་ཐུབ་མཁན་ཞིག་བོད་པ་ཕར་ཞོག ས་ཡི་གོ་ལ་འདིར་མི་ཞིག་ཨེ་ཡོད་ན། ང་ལ་དོགས་པ་ཡིན།

  9. ཤར་ཕྱོགས་ཁུག་རྟ། says:
    2011-03-24 at 10:38 am

    མི་གཅིག་གི་དབང་འཛིན་པའི་དུས་སྐབས་རྫོགས་ཟིན་པ་བདེན་ཡང་། ༧གོང་ས་སྐྱབས་མགོན་པོའི་མཚན་གནས་རྗེས་འབྲེལ་དང་བྲལ་བའི་ཆབ་སྲིད་ལམ་ལུགས་ཤིག་མེད་ན་མང་གཙོ་མི་ཡོང་པའི་ཚིག་ཐག་སུས་ཀྱང་མ་བཅད་ལ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལྟ་བུའི་མཁས་མཛངས་ཀྱི་༧རྒྱལ་བ་རིན་པོ་ཆེ་རིམ་པར་བྱོན་པ་ཡིན་ན། ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ཅིའི་ཕྱིར་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། ༧རྒྱལ་བ་རིན་པོ་ཆེ་འདིའི་ཐུགས་རྗེ་ཀློང་གི་མ་འོངས་བོད་དེ་མངོན་འགྱུར་བྱེད་དགོས་ཚེ། ཁོང་གི་འགན་ཁུར་ཆེན་པོ་གསུམ་དང་འབྲེལ་བའི་ལྟ་སྤྱོད་ལ་རྗེས་འཇུག་བོད་མི་མང་དག་ཅིག་བྱོན་དགོས་ཚེ། དེས་འཛམ་གླིང་སྤྱི་ནས་ཁྱིམ་ཚང་གཅིག་གི་འཚོ་བ་ཚུན་ཆུད་དུ་བདེ་སྐྱིད་སྤྲོད་རྒྱུའི་གོམས་གཤིས་རུས་གསེང་དུ་འཇགས་དགོས་ཚེ། ༧རྒྱལ་བ་རིན་པོ་ཆེའི་མཁས་མཛངས་དང་ཡ་མ་བྲལ་བའི་བཅའ་ཁྲིམས་ཤིག་དགོང་ངེས་ལ། ༧རྒྱལ་བ་རིན་པོ་ཆེས་དོན་དམ་མི་གཅིག་དབང་འཛིན་གནང་གི་མེད་པས་ད་ལྟའི་ལུགས་སྲོལ་འདིས་མང་གཙོ་ཁོ་ལག་རྫོགས་རྒྱུར་དོན་དམ་པས་ཅི་ཞིག་གནོད་ཀྱི་ཡོད་ན། སུ་ཞིག་གིས་མ་འོངས་བོད་མི་རིགས་འདིའི་ཁ་སྟབས་ཁོ་ནར་བསམས་ནས་འདི་དང་འདིས་གནོད་ཀྱི་འདུག་ཅེས་སྨྲ་ཐུབ་མཁན་ཞིག་བོད་པ་ཕར་ཞོག ས་ཡི་གོ་ལ་འདིར་མི་ཞིག་ཨེ་ཡོད་ན། ང་ལ་དོགས་པ་ཡིན།

  10. ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན། says:
    2011-03-24 at 1:38 pm

    གོང་དེར་རྡོ་རྗེ་ཚེ་བརྟན་ཞེས་པ་ཞིག་གིས་རྩོམ་ཡིག་འདིར་རང་གི་ལྟ་ཚུལ་བརྗོད་པའི་མཆན་ཞིག་བྲིས་འདུག་པ་དང་། དེའི་འོག་དེར་ཨ་རིའི་རླུང་འཕྲིན་ཁང་གི་རྡོ་ཚེ་ཡིན་ཤག་གིས་ཞུ་བཞིན་ཡོད་ཅེས་ཤར་ཕྱོགས་ཁུག་ཏས་ལན་འདེབས་ཤིག་བྲིས་འདུག ང་ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་ཡིན། ང་ལ་ལས་རོགས་ཤིག་གིས་རྩོམ་ཡིག་འདི་ཟུར་དུ་ངོ་བཤུས་བརྒྱབ་ནས་ཨི་མེལ་ནང་དུ་མ་བསྐུར་བར་དུ་རྩོམ་ཡིག་འདི་དང་མཆན་འདི་འདྲ་ཞིག་ཡོད་པ་མཐོང་མ་མྱོང་ཞིང་། གུས་པ་ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་གྱིས་རྩོམ་ཡིག་འདིར་རང་གི་ལྟ་ཚུལ་དང་མཆན་འགྲེལ་སོགས་ཅི་ཡང་བྲིས་མེད། གོང་གི་མཆན་དེས་སུ་ཞིག་ལ་འཕོག་ཐུག་འདྲ་སོང་ཡོད་ན་དེ་ནི་ང་ལ་འབྲེལ་བ་མེད་པ་དགོངས་འཇགས་འཚལ།། ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་གྱིས་ཕྱི་ཟླ་༣་ཚེས་༢༤་ཉིན་ཕུལ།

  11. ལྷ་ནོར། says:
    2011-03-24 at 3:27 pm

    བདེན་བ།དེན་འདྲ་ཡང་དཔྱད་པར་འཚལ

  12. ཤར་ཕྱོགས་ཁུག་རྟ། says:
    2011-03-25 at 5:18 am

    ཨ་རིའི་རླུང་འཕྲིན་ཁང་གི་མཁྱེན་ལྡན་རྡོ་རྗེ་ཚེ་བརྟན་ལགས་སུ་དགོངས་འགལ་མེད་ཞུ་བཞིན་ཡོད།

  13. Pama tso says:
    2011-03-25 at 10:58 am

    བོད་མི་མང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ད་ལྟ་རང་བརྙན་འཕྲིན་བརྒྱུད་དེ་གསུངས་སོང་། ཤར་ཕྱོགས་ཁུག་རྟ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་སོང་། ངོ་ལོག་པ་དེ་ཚོས་གཞི་མེད་སྐུར་འདེབས་བྱེད་པ་དག་ལ་མུ་མཐུད་ནས་ཁ་གཏད་གཅོག་དགོས་པའི་ལམ་སྟོན་གནང་སོང་། ཧཧཧཧཧ ད་སྐྱིད་པ་ལ།

    ཤར་ཕྱོགས་ཁུག་རྟ་ཁྱེད་ཨ་མའི་བུ་རེད།

  14. Pama tso says:
    2011-03-25 at 11:01 am

    བོད་མི་ཚང་མས་སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་གཅིག་པའི་ཚོགས་གཙོ་མཆོག་གི་མཇུག་སྡོམ་གསུང་བཤད་ལ་ཉན་རོགས། དེ་ནས་ས་རིས་ཐང་གསལ་ཆགས་ཀྱི་རེད།

  15. རིན་པོ་ཆེ། says:
    2011-03-25 at 11:19 am

    བཀུར་འོས་བོད་མི་མང་ཚོགས་གཙོ་མཆོག ད་ལྟ་བརྙན་འཕྲིན་བརྒྱུད་ནས་ཁྱེད་ཀྱི་གཏམ་བཤད་ཐོས་སྐབས་སེམས་ལ་དགའ་སྐྱོ་མཉམ་ཏུ་བྱུང་། རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་ལ་གུས་འདུད་ཡོད། ཁྱེད་མཁས་མཛངས་ལྡན་ནོ་ཚོགས་གཙོ་མཆོག

    ད་དུང་དྲ་རྒྱའི་སྒང་དུ་རྒྱ་མིས་སོ་པ་༧སྐུ་མདུན་ལ་སྐུར་འདེབས་བྱེད་རྒྱུ་ཆེད་མངགས་བཙུགས་བཞག་པ་མིན་ནམ་བསམས་པའི་དོགས་པ་ནི་ང་ཚོ་བོད་མི་ཚང་མར་ཡོད། ང་ཚོས་གཟབ་གཟབ་བྱེད་དགོས་པ་ལྟར་བྱེད་ཀྱི་ཡིན། ད་དུང་བོད་བསྟན་སྲིད་ཆེད་མུ་མཐུད་ཁ་གཏད་གཅོག་གི་ཡིན་ལགས།

  16. རིན་པོ་ཆེ། says:
    2011-03-25 at 11:24 am

    ཁུངས་མེད་རུ་དཔུང་ནི་ད་དངོས་གནས་ཁུངས་མེད་རུ་དཔུང་རང་རེད། ད་བོད་མི་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་རེད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme