Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སའི་གོ་ལ་ཤོང་བའི་ཚིག

Posted on 2011-03-18 By ཁ་བརྡ་ No Comments on སའི་གོ་ལ་ཤོང་བའི་ཚིག

༼རྒྱལ་ཁབ་དང་མི་རིགས་ཆེད་བསམ་བློ་བཏང་མྱོང་མེད་ཞེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་བཀའ་སློབ་གནང་རྗེས་བྲིས།༽
འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ཡུལ་དུ་འགྲུལ་བཞུད་ཐོག་མའི་དབུ་འཁྱུད་འཐེན་མ་ཐག་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡང་ཕེབས་ཡོད། སྐབས་དེར་ཁོང་དགུང་ལོ་ཉེར་བཞི་རེད། དུས་དེ་ནས་བཟུང་རིན་པོ་ཆེ་མཆོག་༧རྒྱལ་བ་རིན་པོ་ཆེའི་ཕྱག་གཡས་པ་ལྟར་འདས་པའི་མི་ལོ་ལྔ་བཅུའི་དུས་རིམ་་ནང་སྐྱབས་བཅོལ་བོད་མིའི་ཆོས། ཆབ་སྲིད། ཤེས་ཡོན་བཅས་དར་རྒྱས་གཏོང་བའི་རྐང་འཛིན་དང་སྣེ་ཤན་པ་ལྟ་བུར་གྱུར་ཡོད།
རིན་པོ་ཆེ་དགུང་ལོ་ཉེར་གྲངས་ནས་བདུན་ཅུ་དོན་གྲངས་དང་། དབུ་སྐྲ་ནག་པོ་ནས་དབུ་སྐྲ་དཀར་པོར་གྱུར་བ་མ་ཟད་ཕྱག་ལ་འཁར་བ་བསྣམས་པའི་བགྲེས་སོང་དུ་གྱུར་བའི་དེ་རིང་བར། ཁོང་གིས་འཐོར་ཞིག་ཏུ་གྱུར་བའི་མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ངང་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད།
ཁོང་ནི་བསམ་བློ་བ། བྱང་ཆུབ་སེམས་པའི་ལམ་ལ་འཇུག་པའི་ཆོས་པ་རྣམ་དག་གཅིག སྐད་རིགས་སྣ་མང་དང་གནའ་དེང་གི་ཤེས་བྱ་མང་དག་ལ་རྣམ་དཔྱོད་མཆོག་ཏུ་མངའ་ཞིང་། བོད་མི་རིགས་ལ་སྔར་ན་བྱུང་མ་མྱོང་ལ་མ་འོངས་པར་ཡང་འབྱུང་བར་དཀའ་བའི་རིག་པའི་སེང་ཆེན་ཞིག་སྟེ། འཛམ་གླིང་ཤར་ནུབ་ཀྱི་མི་བུ་སྟོང་ཕྲག་མང་པོའི་གཙུག་ཏུ་བཀུར་ཞིང་། སྲིད་འབྱོར་རིག་གསུམ་མེ་ལྕེ་ལྟར་འཕྱུར་བཞིན་པའི་རྒྱ་ནག་ཀླ་ཀློའི་དཔུང་ཚོགས་ཀྱང་འཇིགས་ཞུམ་བྱེད་སའི་རླབས་ཆེན་གྱི་བསམ་བློ་བ་ཞིག་ཡིན་པ་ལོ་རྒྱུས་ཀྱི་དཀར་ཆག་ངོས་ནས་ང་ཚོའི་གསལ་འདོན་བྱེད་ཐུབ་ངེས་རེད།
ཁོང་གི་རླབས་ཆེན་གྱི་མཛད་རྗེས་དག་ལ་ཕྱིར་མིག་ཅིག་བལྟས་ཚེ། ཁོང་གི་མཛད་རྣམ་ནི་མི་སྣ་གཅིག་གི་རང་རྣམ་མིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འཕེལ་རིམ་ལོ་རྒྱུས་ཧྲིལ་པོ་དང་འབྲེལ་ཡོད། ཕྱི་ལོ་ ༡༩༥༩ ལོར་ཁོང་ཕྱི་ཡུལ་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཐོ་གཞུང་ནང་འབྲི་མཁན་ཞིག་ནས་རིམ་པར་ལས་གནས་སྣ་མང་གི་རྐང་འཛིན་མི་སྣར་གྱུར།

ཕྱི་ལོ ༡༩༦༡ ལོར་རྒྱ་གར་ནང་ཐོག་མའི་སློབ་གྲྭ་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ་གནང་བ་དང་ལོ་གསུམ་རྗེས་སུ་རྡོར་གླིང་ལ་ཕྱག་ལས་གནང་བ་དང་ལྷན་ཏུ་ཉིན་རེའི་སློབ་འཁྲིད་གཞིར་བཞག་ཐོག་བརྡ་དག་གསལ་གསུམ་དང་། རྩོམ་ཡིག རྒྱལ་རབས་ཆོས་འབྱུང་སོགས་ཕྱི་ཡུལ་གྱི་ལོ་རྒྱུས་ནང་ཆེས་ཐོག་མའི་བོད་ཡིག་ཀློག་དེབ་བསྒྲིགས་གནང་བ་དང་།

༡༩༦༥ལོ་ནས་༡༩༧༠ལོ་མཇུག་བར་ཊལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་ལས་ཁུར་ཞུ་མོས་ལ་སློབ་གཉེར་མཇུག་སྐྱོང་དང་། ཕྱི་ལོ་༡༩༧༡ནས་༡༩༧༧བར་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་འགན་གཅིག་ལྕོགས། ཕྱི་ལོ་༡༩༨༨ནས་༢༠༠༠ལོ་མཇུག་བར་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ངེས་སྟོན་པའི་མཛད་འགན་བཞེས།

བརྒྱུད་རིམ་དེ་དག་གི་ནང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་གཞིར་བཞག་གི་དམའ་རིམ་དང་མཐོ་རིམ་དབར་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ཡོད་ནའང་། ཁོང་གི་ཤེས་ཡོན་གྱི་སྲིད་བྱུས་དེ་དག་ལ་ཁ་ཡ་དང་ལག་བསྟར་བྱེད་མཁན་མ་བྱུང་བར་ལུས་པས། ཁོང་གི་ཤེས་ཡོན་ལ་ཐུགས་འཁུར་དང་གསར་གཏོད་ཆེས་ཐོག་མ་དེ་ཡང་འགྲུལ་བཞུད་ཁྱེར་རྐྱང་ཞིག་ཏུ་གྱུར་འདུག

དེ་བས་ཕྱི་ལོ་༡༩༧༠ནས་༡༩༧༣བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ༡༩༧༣བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཊལ་ཧོར་གཏན་སློབ་ཀྱི་སློབ་སྤྱིའི་ཕྱག་ལས་གནང་མུས་སྐབས་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་ཆོས་དོན་ལྷན་ཁང་མཚན་གནས་དྲུང་ཆེའི་མཛད་འགན་བཞེས། དེ་བཞིན་ཝར་ཎར་བོད་རང་དབང་བདེན་པའི་ལས་འགུལ་ཐོག་མར་འཛུགས་སྐབས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་ལམ་སྟོན་མཐིལ་ཕྱིན་གནང་།

ཁོང་གི་དུས་སྐབས་གཅིག་གི་ནང་ལ་ཕྱག་ལས་གཉིས་དང་གསུམ་རེ་ལྷན་ཏུ་མཛད་འགན་བཞེས་པ་མ་ཟད། ཕྱི་ལོ༡༩༩༠ལོར་རྩ་ཁྲིམས་རིན་པོ་ཟིན་འབྲི་ཚོགས་ཆུང་གི་ཚོགས་མི་དང་དེའི་རྒྱབ་ལོག་གི་ཡིག་ཆ་སྟོང་ཕྲག་མང་པོ་འཚོལ་སྒྲུབ་དང་ཞིབ་དཔྱོད་མཛད་ཡོད། ཁོང་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་མ་གནང་གོང་ནས་ཚང་མར་རྒྱུ་མངའ་ཆེ་ནའང་གྲོས་ཚོགས་ཀྱི་ཕྱི་ནས་ཕྱག་ལས་གནང་ཚེ་ཕན་པ་ཆེ་ཚུལ་ཡང་གསུངས་འདུག འདི་ནི་ཁོང་གི་ལྷག་བསམ་གྱི་མདུན་མཆོངས་དང་དཀའ་ངལ་ལ་གདོང་ལེན་གྱི་བརྒྱུད་རིམ་ཞིག་རེད།

ཕྱི་ལོ༡༩༩༡ལོ་ཆོས་ཁ་ཆོས་ལུགས་ཀྱི་འཐུས་མི་རྣམས་ཀྱིས་ཡིད་རྟོན་ཆེན་པོའི་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་བཀོད། སྤྱི་ལོ༡༩༩༦ནས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མདོ་སྟོད་ཀྱི་སྤྱི་འཐུས་དང་ཚོགས་གཙོའི་མཛད་འགན་བཞེས།
༢༠༠༡ལོའི་ཕྱི་ཟླ༧པའི་ཚེས༢༩ཉིན་བཀའ་བློན་ཁྲི་པར་འོོས་འདེམས་ཆེན་མོའི་ནང་བརྒྱ་ཆ༨༤།༤༥རྒྱལ་ཁའི་ཐོག་ནས་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་། སྐབས་དེར་ཁོང་གིས་”རྒྱལ་ཁབ་གཅིག་གི་དབུ་འཁྲིད་བརྗེ་པ་ནི་མོ་ཊའི་ཁ་ལོ་བ་བརྗེ་བ་ལྟར་ཆབ་སྲིད་ལ་གྱུར་བ་འགྲོ་གྱིན་མ་རེད་ཞེས་གསུངས་སྲོལ་ཡོད་ནའང་། ང་ཚོའི་གཞུང་འདི་ནི་མོ་ཊ་བཙའ་བརྒྱབ་པའི་རྙིང་ཁོག་གཅིག་ལྟར་རེད་ལ། ཕྱོགས་ཡོངས་ནས་བཅོས་བསྒྱུར་དགོས།’ཞེས་གསུངས་ཏེ་བཙན་བྱོལ་བོད་གཞུང་གི་འགྲོ་ལུགས་འགྲོ་སྟངས་ཆ་ཚང་ལ་བསྒྱུར་བཅོས་བྱེད་འགོ་བཙུགས་ཡོད།

དེ་བཞིན་ཕྱི་ལོ༢༠༠༦ཕྱི་ཟླ༧པའི་ཚེས༡ཉིན་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་བསྡུ་ནང་བརྒྱ་ཆ༩༠།༢༧ཐོག་ནས་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་སྟེ་ལོ་ངོ་ཧྲིལ་བོ་ཉི་ཤུའི་རིང་ལ་གཅིག་རྗེས་གཉིས་མཐུད་ངང་བཙན་བྱོལ་བོད་གཞུང་ལ་ཕྱག་ལས་གནང་སྟེ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ཐོག་ཤར་བསྐྱོད་གནང་བ།

བརྒྱུད་རིམ་དེ་དག་གི་ནང་ལ་བུ་ལོན་འོག་ཏུ་ལྷུང་བའི་གཞུང་འདིའི་དཔལ་འབྱོར་གྱི་མ་རྩ་བཙུགས་པ་དང་། སྤྱི་འཐུས་ལྷན་ཁང་སྒྲིག་གཞི་སྲ་བརྟན། གཞུང་ཞབས་པ་རྣམས་ཀྱི་ལས་དོན་དང་ལས་མི་བསྒྱུར་བཅོས། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དང་བོད་མི་མང་གི་མངོན་འདོད་ལྟར་གཉིས་ཕན་དབུ་མའི་ལམ་ཆེན་ལ་ཤར་བསྐྱོད་དང་མཐུས་སྒོ་ཇེ་ཚང་ལ་བཏང་བ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བསམ་འཆར་ཡིག་ཆ་ཕུལ་བ་རྣམས་ནི་རླབས་ཆེན་ཆབ་སྲིད་ཀྱི་ཕུགས་རྒྱང་རིང་པོའི་ཐུགས་རེ་དང་གསར་བསྟོད་ཤ་སྟག་མ་ཡིན་ནམ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྲོལ་རྒྱུན་རིག་གནས་གཙོ་བོར་འཛིན་ཅིང་”བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་མ་ཐུབ་ཚེ་བོད་ལ་རང་བཙན་ཐོབ་ནའང་ཁེ་ཕན་མེད་”ཚུལ་སོགས་གསུངས་དོན་ལས་ང་ཚོའི་གསལ་ཐག་ཆོད་པར་རྟོགས་ཐུབ་པ་ནི་ཁོང་གི་ཆོས། སྐད་ཡིག་དང་ལེགས་བྱང་སོགས་ལ་བཅངས་བའི་ལྷད་མེད་དང་གཙང་གི་ཕུགས་རེ་རེད།

ཁོང་གི་དགོངས་གཞིར་ཕྱི་ཡུལ་ལ་གྱར་བའི་ཉིན་དང་པོ་ནས་རང་རེའི་ཤེས་ཡོན་སྲིད་བྱུས་དགོས་ཀྱིན་ཡོད་པ་དགོངས་ཡོད། དེ་ལྟར་དཀའ་སྡུག་དང་སྐུ་ཚེག་གི་བརྒྱུད་རིམ་མང་པོའི་ཁྲོད་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བར་མ་ཟད་ད་ལྟ་ང་ཚོ་དང་ཁ་ཐག་ཐུང་བའི་སྤྱི་ཚོགས་ནང་དངོས་སུ་ལག་བལྟར་གནང་བཞིན་མཆིས་མོད། འདི་ནི་མི་རིགས་འཆི་གསོན་གྱི་ཁྲོད་ཀྱི་མདུན་མཆོངས་ཀྱི་ལེའུ་ཞིག་རེད།

སློབ་དཔོན་ཁོང་ནི་སྲོལ་རྒྱུན་རིག་གནས་དང་ལྷན་ཏུ་ནར་གསོན་ཅིང་སྲོལ་རྒྱུན་རིག་གནས་དང་ལྷན་ཏུ་ན་རྒ་བའི་བརྒྱུད་རིམ་ཀྱིས་ལེའུ་ཤ་སྟག་རེད། ཁོང་གི་སྐུ་ཚེ་ཧྲིལ་བོ་རིག་གནས་གཅིག་འཛིན་སྐྱོང་དང་། དར་སྤེལ་ངང་རྫོགས་ལ་ཉེ་བས་དེ་རིང་བཀའ་དྲིན་རྗེས་དྲན་་གྱི་རྟགས་མ་ཕུལ་བ་མ་ཟད་དེ་ལས་བརྗིད་ཉམས་ལྡན་པའི་གསོལ་རས་དང་གཟེངས་རྟགས་མང་དག་གཅིག་ཐོབ་འོས་པ་རེད་ལ་ཐོབ་དགོས་ངེས་རེད།
གང་ལགས་ཞེ་ན། ཁོང་ནི་བྱམས་བརྩེའི་ཀུན་ནས་བླངས་བའི་བྱང་ཆུབ་སེམས་པ་གཅིག་རེད་ལ། མི་རིགས་འཆམ་མཐུན་དང་། ཁོར་ཡུག་སྲུང་སྐྱོབ། སྐད་རིགས་སྣ་མང་ལ་མཁས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས་ཁོང་གི་༼མི་རིགས་དང་རྒྱལ་ཁབ་ཆེད་བསམ་བློ་བཏང་མྱོང་མེད།༽ཞེས་པའི་གསུངས་ལ་རླབས་ཆེན་གྱི་དགོངས་པ་དང་། རྒྱང་གཟིགས་ཀྱི་ལྟ་བ་ལས་བྱུང་ཞིང། ཁོང་གིས་འཇིག་རྟེན་སྤྱི་ཡོངས་ལ་དམིགས་པའི་དགོངས་དོན་དང་མཛད་ཕྱོགས་དེ་དག་གི་རྒྱབ་ལྗོངས་ནས་བལྟས་ན། ཁོང་གི་གསུང་མོལ་དུམ་བུ་འདི་མ་མཐའང་སའི་གོ་ལ་ཤོང་བའི་ཚིག་ཅིག་ཡིན་ངེས།

རྩོམ་རིག

Post navigation

Previous Post: གསུང་འཕྲིན་ཕྱིར་སློག་གི་གྲོས་ཆོད་བཀླགས་རྗེས།
Next Post: བཀའ་བློན། བོད་རྒྱ་ཁོངས་དུ་སྤྲོད་མཁན་ཞིག་ཡོང་གི་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme