Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལག་ལེན་དོན་ཐོག་ཏུ་སྨིན་རོགས་ཞུ་གིན་ཡོད།

Posted on 2011-03-17 By ཁ་བརྡ་ 3 Comments on ལག་ལེན་དོན་ཐོག་ཏུ་སྨིན་རོགས་ཞུ་གིན་ཡོད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་གཙོ་རྣམ་གཉིས་དབུས། བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་དང་སྤྱི་འཐུས་རྣམ་པའི་དྲུང་དུ།
ཆེད་འབུལ། དགོངས་མངའ་ལྟར་༧གོང་ས་མཆོག་གིས་ད་ཆ་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཕྱོགས་ལ་འགྱུར་བཅོས་ཞིག་གཏོང་དགོས་པར་རང་ཚོ་བོད་མིའི་ཟློག་ཏུ་མེད་པ་དང༌། གཡོལ་དུ་མེད་པ། དུས་ལ་བབ་པའི་གདམས་ངག་གསུང་འཕྲིན་ཞིག་ད་ལྟ་འཚོགས་བཞིན་པའི་གྲོས་ཚོགས་ལ་ཕེབས་དོན་ཞིབ་གསལ་ཡོད་པར་བསྐྱར་འགྲེལ་ཞུ་དགོས་མ་མཆིས། དོན་དུ་༧གོང་ས་མཆོག་ནས་བོད་མིའི་བདེན་དོན་འཐབ་རྩོད་སོགས་ལ་ཐུགས་འགན་མ་བཞེས་པ་གཏན་ནས་མིན་པར་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་སོགས་གང་ཅིར་འཕྲལ་གྱི་ངལ་བ་དང་ལེན་གྱིས་ཕུགས་ཐག་རིང་པོའི་དགོངས་པ་ཆེ་བཞེས་ལ།་ད་ཆ་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་ཀྱི་སྐུ་ཚབ་ནས་བཞེས་རྒྱུ་གལ་ཆེ་དོན་ཆེ་གསུངས་པ་དེ་རང་ཉིད་བོད་མིའི་ཆབ་འབངས་ཞིག་ཡིན་པའི་ཆ་ནས་གུས་བརྩི་ཆེན་པོས་ལེགས་སོ་ལེགས་སོ་ཞུ་བ་དང་སྦྲགས་བཀའ་འབྲེལ་དམ་དོན་ཞུ་རྒྱུ་ཡིན།
རྩ་བའི་ཕུགས་བསམ་རིང་པོའི་ལས་དོན་གང་ཞིག་འགྱུར་བཅོས་ཆེ་ཆུང་ལ་མ་ལྟོས་པར་ངལ་བ་འཕྲད་རྒྱུར་བོད་མི་རྣམས་སྙིང་སྟོབས་ཞུམ་མེད་ཀྱིས་འབད་བརྩོན་དང་ལེན་ཞུས་ན་དོན་ཕན་ཡོང་རྒྱུ་གདོན་མི་ཟད་ཆ་སྤྱི་འཐུས་རྣམ་པས་བཀའ་དགོངས་གསུང་འཕྲིན་གདམས་ངག་གཞིར་བཟུང་གིས་བཅའ་ཁྲིམས་ལ་འགྱུར་བཅོས་གཏོང་དགོས་རྣམས་བཏང་ནས། དོན་དུ་བོད་མིའི་ཆབ་སྲིད་ཀྱི་འཐུགས་འགན་ཆ་ཚང་མི་མང་གིས་འོས་འདེམས་ཞུས་པའི་སྐུ་ཚབ་ལ་ཉིན་འགྱང་ཞག་འགྱང་མེད་པས་འགན་དབང་འབུལ་རྒྱུར་ལག་ལེན་དོན་ཐོག་ཏུ་སྨིན་རོགས་ཞུ་གིན་ཡོད། གལ་སྲིད་མཁས་མཁས་འཇུག་འཇུག་དང་། གཡས་ཁག་གཡོན་དཀྲིས། དད་པ་དང་དམ་ཚིག་ཡིན་ཁུལ་གྱིས་ནར་འགྱང་གནང་བའི་གནས་ཚུལ་བྱུང་ན། ད་ཡོད་སྤྱི་འཐུས་རྣམ་པས་རྒྱལ་བའི་དགོངས་གཞི་དང༌། བོད་མི་མང་གི་ཐུགས་རེའི་ལས་འགན་ཡང་བཞེས་མ་ཐུབ་པར་ངོས་འཛིན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།
ཨ་རིར་གནས་སྡོད་སྤྱི་ཟུར་དབང་ཕྱུག་རྡོ་རྗེས། གུས་བཏུད་བཅས། ༢༠༡༡ ཟླ་ཚེས་ལ།
ཕུལ།

གསར་འགྱུར།

Post navigation

Previous Post: བློ་སེང་གི་སྙན་གྲགས།
Next Post: སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ལ་བཅར་འདྲི།

Comments (3) on “ལག་ལེན་དོན་ཐོག་ཏུ་སྨིན་རོགས་ཞུ་གིན་ཡོད།”

  1. བོད་ཁམས་ཉི་མ་། says:
    2011-03-17 at 11:09 pm

    དབང་ཕྱུག་རྡོ་རྗེས་བཤད་པ་བདེན་ ད་རེས་བཀའ་དགོང་མ་བསྒྲུབ་ན་སྐུ་ཚེ་བར་ཆད་ཞིག་ཏུའང་འགྱུར་སྲིད་།

  2. ཨ་ཁུ་སྟོན་པ། says:
    2011-03-17 at 11:58 pm

    ༌༈ ད་ལམ་༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་དུས་ཚོད་ཏག་ཏག་ཞིག་རེད། ད་ང་རང་ཚོ་བོད་མི་མང་གི་ངོས་ནས་འགན་འཁུར་ཆ་ཚང་འཁྱེར་ནས་ཕྱག་ལས་གནང་དགོས། ག་དུས་ཡིན་ཡང་བོད་ཀྱི་སྲིད་གཞུང་གི་དབང་ཆ་ཡར་ལ་ཀྱང་ཕུལ་ནས་བསྡད་ན་འགྲིག་གི་མེད། ང་རང་ཚོ་༧གོང་ས་དད་གུས་ཡོད་པ་ཡིན། ༧གོང་ས་མཆོག་གི་སྐུ་ངལ་ལ་གཟིགས་གཞིགས་གནང་དགོས། ༧གོང་ས་མཆོག་གིས་མཁྱེན་གཟིགས་ལ་བོད་གཞུང་གི་དབང་ཆ་དེ་མི་མང་རང་ལ་བརྩི་སྤྲོད་བྱས་ན་ལན་འགན་གྲུབ་ཐུབ་ཀྱི་ཡོད་པ་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ཡོད། ང་རང་ཚོས་ག་དུས་ཡིན་ཡང་བོད་གཞུང་གི་སྲིད་དབང་དེ་༧གོང་ས་མཆོག་ལ་ཕུལ་བ་དེ་ང་རང་ཚོའི་བོད་གཞུང་གི་ལས་བྱེད་བཀའ་བློན་བཀའ་ཤག་ཚོ་ལ་འཇོན་སྟངས་མེད་ནས་ཡིན་ནམ། ཡང་ན་༧གོང་ས་མཆོག་དཔེ་ལས་ཡིན་པ་ཡིན་ན་གོ་དཀའ་བའི་གནས་སུ་འགྱུར་གྱི་འདུག །དེ་ལྟར་མ་ཡིན་ན། ད་ལྟ་༧གོང་ས་བཞུགས་པའི་སྐབས་ནས་འགན་འཁུར་བཞེས་ནས་སྐུ་དྲག་གི་རིང་ལུགས་སྤངས་ནས་མང་གཙོའི་ལམ་ནས་ཕྱག་ལས་ཐུགས་དྲང་པོའི་ཐོག་ནས་གནང་སྟེ་༧གོང་ས་མཆོག་ཐུགས་བློ་བདེ་པོ་བཟོ་དགོས་པ་དེ་ང་ཚོས་ལས་འགན་ཞིག་ཡིན་པ་མཁྱེན་ནས་ཕྱག་ལས་གནང་རོགས་མཛོད།།
    ____________________________________________________________________

    ༈ ད་ཡོད་བཀའ་བློན་སུ་ཐོབ་པ་ཡིན་ཡང༌། ༧གོང་ས་མཆོག་བགྲེས་ཡོལ་ཕེབས་པ་ནས་ཟུང༌། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་ཡང་འགྱུར་བ་གཏོང་དགོས་ཀྱི་ཡོད། གང་ཡིན་ཞེས་ན། ད་ལྟའི་བོད་གཞུང་དེ་མང་གཙོའི་གཞུང་ཞིག་ཡིན། དེར་བརྟེན་གཞུང་གཅིག་ལ་མིང་གཉིས་ནམ་ཡང་ཡོང་ཐབས་མེད། དངོས་ཡོད་ཡིན་ན་ང་རང་ཚོའི་གཞུང་མང་གཙོ་ཆག་པ་ནང་ཟུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་རང་གཤུགས་ཀྱི་མེད་པ་ཆག་དགོས་ཀྱི་ཡོད། དེ་ལྟར་མ་ཡིན་ན་དེའི་གོང་གི་གཞུང་གི་མཚན་སྡེ་སྲིད་དང༌། ཕག་གྲུ་དང༌། ས་སྐྱ་དང༌། རིན་སྤུང་པ་སོགས་ཀྱི་མཚན་དང་དུས་དྲན་སོགས་སྲུང་བརྩི་བྱེད་དགོས་ཀྱི་ཡོད། ད་ལྟ་བོད་གཞུང་དེ་མང་གཙོ་མཚན་ལྡན་ཞིག་ཡིན་པ་ཡིན་ན། དེ་དང་མཚུངས་པའི་གཞུང་གི་མཚན་དང་ལས་སྣེ་སོགས་ཀྱི་མཚན་ཡང་སྲིད་གཞུང་རང་ཞིག་ཡིན་པའི་ཐོག་ནས་མཚན་སོགས་སྒྱུར་བ་གཏོང་དགོས་ཀྱི་འདུག །དཔེར་ན། དང་པོ་གཞུང་དེ་ལ་མང་གཙོའི་གཞུང་དང༌། གཉིས་པ་བཀའ་བློན་ཁྲིད་པ་ལ་སྲིད་འཛིན་དང༌། གསུམ་པ་བཀའ་ཤག་ལ་སྲིད་བློན་སོགས་ཀྱི་སྒྱུར་ངེས་པར་དུ་གཏོང་དགོས་ཀྱི་ཡོད། བོད་གཞུང་གི་ལས་སྣེ་རྣམས་ཐུགས་རྗེ་གཟིགས་དགོངས་པ་རྒྱ་ཆེར་གཟིགས་རོགས་གནང༌། བོད་རྒྱལ་ལོ།། །།

  3. རང་བཙན་ལྡེའུ་ says:
    2011-03-18 at 1:06 am

    སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་རྒྱས་ནས་་་སླར་ཡང་་་་གཞིས་བྱེས་གཉིས་ཀྱི་བོད་འབངས་རྣམས་དང་ ལྷག་པར་དུ་ ་་་ལྷག་པར་དུ་་་ ༧གོང་ས་རྒྱལ་བ་རིན་པོ་ཆེའི་དགོངས་པ་མ་དཀྲུགས་རོགས་ སྐུ་མཁྱེན་་་ཐུགས་རྗེ་གཟིགས་། བོད་མི་མང་ནས་བཀོས་ལེ་བཞིན་ཁྱེད་རྣམས་པས་ཀྱང་མི་མང་གི་འཐུས་མི་མཚོན་ཐུབ་རྒྱུའི་མཁས་ལེན་དམ་བཅའ་ཕུལ་ལེ་དེ་དག་མ་བརྗེད་པར་ ༧རྒྱལ་བ་རིན་པོ་ཆེའི་བོད་མིའི་འཕྲལ་ཕུག་བདེ་དོན་ཁོ་ནའི་དོན་དུ་དགོས་པ་རྒྱུ་མཚན་དང་དགོངས་པ་རྒྱ་ཆེ་བཞེས་ཡོད་པའི་གསུང་འཕྲིན་ཧ་ཅང་གསལ་ཞིང་རྒྱས་པ་ཁྱེད་རྣམས་པར་སྩལ་བ་དེར་ནར་འགྱངས་མེད་པར་ཐག་གཅོད་བྱ་དགོས་གསུངས་གསལ་དེ་དག་ཁྱེད་རྣམས་པའི་ཐུགས་ལ་བཅང་སྟེ་ ༧རྒྱལ་བའི་དགོངས་པ་དཀྲུགས་གཞི་དང་ གཞིས་བྱེས་བོད་འབངས་བློ་ཕམ་གཞི་མི་ཡོང་བ་བྱེད་རོགས་ གནད་དོན་འདིར་སྤྱི་འཐུས་ཡོངས་རྫོགས་ཚོགས་བཅར་དགོས་པའི་ཐོག་ད་ལྟའི་ཚོགས་དུས་ཕར་འགྱངས་དགོས་རུང་ དེ་མིན་ཚོགས་དུས་ཕར་མ་དགོས་རུང་གང་ལྟར་སུ་གང་གྲོས་ཚོགས་ནས་དགོངས་ཞུ་དང་ཕྱིར་ཐོན་སོགས་མེད་པར་ཐག་གཅོད་ཐུབ་པ་ཡོང་རྒྱུའི་རེ་བསྐུལ་ཞུ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme