Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ལྷན་རྒྱས་ལ་རྔུལ་ནག་རྒྱག་གི་འདུག

Posted on 2011-03-17 By ཁ་བརྡ་ 20 Comments on སྤྱི་འཐུས་ལྷན་རྒྱས་ལ་རྔུལ་ནག་རྒྱག་གི་འདུག

ཤར་ཕྱོགས་ཁུག་རྟ།

དེ་རིང་སང་ཉིན་གྱི་རྡ་ས་ནི་དངོས་གནས་རེ་འདུན་ཞིག་གི་སྟེང་དུ་བབས་འདུག་ལ། ༧གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་སེམས་འཚབ་དང་ཤེས་འདོད། རེ་བ་ཡོད་ཚད་མེ་ལྕེ་ལྷབ་ལྷབ་གཡོ་བ་དང་མཚུངས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཉིན་གཉིས་པ་ཧྲིལ་པོར་གསུང་འཕྲིན་ཐད་ཐུགས་རྗེ་ཆེ་ཞུའི་བགྲོ་གླེང་གནང་བ་དང་། ཉིན་གསུམ་པའི་ཉིན་རྒྱབ་དང་དེ་རིང་ཉིན་བཞི་པར་བཞུགས་མོལ་ཚོགས་འདུ་སྐོང་རྒྱུ་ཡིན་པ་རེད། སྤྱི་འཐུས་རྣམ་པ་ཚོ་ཚོགས་རའི་ཕྱི་ནང་དང་། ལམ་བར་ཟ་ཁང་གང་དུའང་གནད་དོན་འདིའི་སྒང་དུ་ཕྱིན་ནས་ཀླད་པ་དཀྲུག་ཚད་ནི་ཟུར་ནས་སོ་ལྟ་བྱེད་མཁན་ཚོ་དངོས་གནས་དགའ་སྤྲོ་འཕེལ་བ་ཞིག་རེད།

གནད་དོན་གྱི་མདོ་རྩ་དག་ཀྱང་། བཀའ་ཁྲིའི་གསུང་གི་རྒྱ་ལས་བརྒལ་གྱི་མི་འདུག་བསམས་ལ། དེའང་བླ་ན་མེད་པ་དང་བླ་ན་ཡོད་པའི་དབང་ལུང་ཁྱབ་བསྒྱུར་གྱི་ས་མཚམས་བཅའ་ཁྲིམས་སུ་དགོད་ཕྱོགས་ཐད་ནས་མིན་ནམ་བསམས་ལ། སྡེ་སྲིད་ལྷན་ཚོགས་ཀྱི་སྐོར་དེ་ཕྱིར་བསྡུ་གྱིས་བཀའ་ཁྲིའི་དབང་ཚད་མཐོར་འདེགས་གཏོང་རྒྱུ་དང་། ༧གོང་ས་མཆོག་གི་བླ་ན་མེད་པའི་གནས་བབ་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཀོད་ན་འོས་ཟེར་མཁན་ཀྱང་འདུག་ལ། མདོ་དོན་གསོལ་བ་ཕུར་ཚུགས་སུ་འདེབས་སྟངས་མ་འདྲ་བ་ཞིག་བྱེད་རྒྱུའི་ཆོད་སེམས་ཡོད་པ་འདྲ།

ཡིན་ནའང་། ཁོང་ཚོ་དག་གིས་ཅི་ཡང་ཚོར་གྱི་མེད་ཟེར་ས་ནི། གསུང་འཕྲིན་ནང་གི་༼དུས་ཚོད་སྨིན་པོ༽ཞེས་པ་འདི་དང་། ༼མི་གཅིག་དབང་འཛིན༽གསུངས་བ་གཉིས་རེད། ཁོང་ཚོས་ཁོང་ཚོ་མི་མང་གི་འཐུས་ཚབ་ཡིན་པས་འདིར་སླེབས་པ་དང་། མི་མང་དང་བཤིབ་འདྲིས་བྱས་ནས་ཤེས་གཏོགས་བྱུང་བ་ནི་དུས་ཚོད་སྨིན་པ་ཞེས་པའི་ལྡོག་ཕྱོགས་སུ་གནས་བཞིན་པར་གླེང་། གལ་སྲིད་དུས་ཚོད་སྨིན་མ་སྨིན་གྱི་ཤོད་སྟངས་དེ་འདི་ལྟར་ཕྱིན་ཚེ། ༧རྒྱལ་བ་རིན་པོ་ཆེའི་མང་གཙོ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོ་ཟེར་བ་ཞིག་ཀྱང་མེད་དམ་བསམས་ལ། གང་དུ་གྲངས་འབོར་གྱིས་མང་ན་མང་གཙོར་བཞེད་པའི་སྤྱི་འཐུས་ཚོས་བཞེད་ཕྱོགས་དང་། ༧རྒྱལ་བ་རིན་པོ་ཆེས་འཛམ་གླིང་སྤྱི་སྲོལ་དང་། གྲལ་གྱི་མཐའ་ན་གནས་པའི་མི་མང་གི་མངོན་འདོད་དབུས་སུ་བཞག་པའི་མང་གཙོ་གཉིས་ཀ་ཅུང་ཁ་ཐག་ཁེད་ཀྱིས་གྱེད་ཡོད་པའི་རྣམ་རྟོག་འདུག་ལ། ༧རྒྱལ་བ་རིན་པོ་ཆེ་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་༼ དུས་ཚོད་སྨིན་པོར་༽ གཟིགས་ཚུལ་གྱིས། གཅིག་བྱས་ན་གང་རུང་ནོར་འདུག་ལ། གཅིག་བྱས་ན་གང་རུང་གིས་ཉེན་བརྡ་གཏོང་གིན་འདུག

ཁོང་ཚོས་ད་དུང་། མང་གཙོ་ནི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་བརྟེན་དགོས་ཤིང་། ཁེ་ཕན་དེ་ལ་མ་བརྟེན་པའི་མང་གཙོ་ཞིག་ཀྱང་མེད་པར་གླེང་། ད་དུང་འཛམ་གླིང་ན་ཡང་དག་པའི་མང་གཙོ་ཡོད་མེད་ཀྱང་དོགས་པ་ཡིན་རབ་གླེང་ལ། དབུ་ཁྲིད་ཀྱི་ངོས་ནས་ཉིན་རེར་གསོལ་ཚུགས་ཐེངས་གཅིག་བསྟེན་པ་དཔེ་མཚོན་དུ་བཀོད་ནས་དབུ་ཁྲིད་ལ་གང་ཡང་བདག་ཏུ་མི་དགོས་པ་ཚོར་ཤུགས་ཆེན་པོས་གླེང་གི་འདུག་པས། ༼མངོན་པར་བྱང་ཆུབ་པའི་དབུ་ཁྲིད་༽ཀྱི་ངོས་ནས་བཤད་ན་བཙན་བྱོལ་བོད་གཞུང་གི་མང་གཙོ་ཡང་དག་པ་ཡིན་པར་ར་སྤྲོད་གསལ་བོ་འདུག

ད་དུང་དེ་ལས་ཁོང་ཚོ་དག་གིས་དོགས་པ་དང་ཐུགས་ཕམ་བྱེད་བཞིན་པ་ཞིག་ནི། ༼མི་གཅིག་དབང་འཛིན༽་ཞེས་པ་འདི་རེད། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེས་མི་གཅིག་དབང་འཛིན་བསྐྱར་དུ་གསུང་དགོས་དོན་ག་རེ་ཡིན་མིན་ཤེས་ཀྱི་མི་འདུག་ལ། མི་གཅིག་དབང་འཛིན་གྱི་རྗེས་ཤུལ་ཙམ་ཡང་མེད་དུས་དང་། མདོར་ན་༧རྒྱལ་བ་རིན་པོ་ཆེས་མ་གནང་པའི་ཆབ་སྲིད་ཀྱི་དབང་ཆ་ཞིག་ཀྱང་མེད་དུས་འདིར། ཁོང་ཚོས་༧སྐུ་མདུན་གྱིས་མི་གཅིག་དབང་འཛིན་ཕེབས་དོན་འཚོལ་གྱི་འདུག་ལ། དེ་ནི་ཡང་ནས་བསྐྱར་དུ་འཚོལ་དགོས་བར་ཤོད་ཀྱི་འདུག འཚོལ་བྱ་དེས་ཁོང་ཚོ་དག་གིས་མགོ་རུབ་རུབ། རྣ་ཅོར་ཅོར་བྱེད་ཚུལ་ཀྱང་མཐར་གཏུག་ན་ཁོང་ཚོས་གྲངས་འབོར་གྱི་ཆ་ནས་བཞེད་པའི་མང་གཙོ་དེས་ལན་པ་ཡིན་མིན་དོགས་བྱེད་ཀྱི་འདུག

གནད་དོན་འདི་གོ་ནས། འདང་དགོང་ང་མདོ་སྟོད་སྤྱི་འཐུས་འོས་མི་བགྲོ་གླེང་བྱེད་སར་སོང་བ་ཡིན། སྐབས་དེར་ངས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ལ། འདིའི་སྐོར་དྲི་བ་གཏོང་སྐབས། གཙོ་སྐྱོང་བས་དུས་ཚོད་བཀག ཡང་བསྐྱར་གྲངས་འབོར་གཙོ་བོ་འཛིན་པའི་མང་གཙོ་དང་། འཛམ་གླིང་སྤྱི་སྲོལ་དང་། གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་བཞག་པའི་མང་གཙོ་གཉིས་ཀ་ཁྱད་པར་ཡོད་མེད་དང་། ༼དུས་ཚོད་སྨིན་པོ༽མཐོང་མ་མཐོང་གི་གནས་སྟངས་དེ་ཅི་ལྟར་བྱུང་མིན་འདྲི་སྐབས། ངེད་གཉིས་སྔར་བཞིན། དྲི་བ་ཞིག་ཡིན་ལ། ལན་ཞིག་ཡིན་པས་གནས་སྟངས་དེ་ལས་བརྒལ་མ་ཐུབ།
ཡིན་ནའང་། དེ་རིང་གི་བཞུགས་མོལ་ཚོགས་འདུར་ཀླད་པ་དཀྲུག་བཞིན་པའི་འདང་དགོང་ནི་དངོས་གནས་བརྗོད་མི་ཤེས་པ་ཞིག་རེད། སྤྱི་འཐུས་སྐོར་སྐོར་བྱས་ནས་སྡོད་སྟངས་དང་། སྐད་ཆ་ཤོད་སྟངས་ཀྱང་བོང་བུ་འཁྱག་རོམ་བརྒལ་བ་དང་འདྲ། ཁོང་ཚོ་དག་གིས་ཅི་ཞིག་གླེང་བཞིན་པ་མ་གོ་ནའང་། དགོང་མོའི་ཆུ་ཚོད་བཅུ་ལ་ཉེ་དུས་དགོང་ཟས་རག་མི་འདུག་ལ། གངས་སྐྱིད་གཡས་གཡོན་གྱི་ཟ་ཁང་རྣམས་སྒོ་བརྒྱབས་པ་ཤེས་རྗེས་གད་མོ་དགོད་བཞིན་པ་གོ་སོང་།

སྣ་ཚོགས།

Post navigation

Previous Post: བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།
Next Post: ༸རྒྱལ་བའི་བཞེད་དགོངས་ཐོག་ཤར་བསྐྱོད་བྱེད་དགོས།

Comments (20) on “སྤྱི་འཐུས་ལྷན་རྒྱས་ལ་རྔུལ་ནག་རྒྱག་གི་འདུག”

  1. ཨ་རིག་འགྱུར་མེད། says:
    2011-03-17 at 1:45 am

    ཡག་པོ་བྲིས་འདུག ལོ་འདི་འགར་ཆབ་སྲིད་ལ་དབྱངས་འཕར་གྱིན་པ་ཤེས་ཡོད་ལ། དེའི་ཚོད་ཀྱིས་ཀླད་པ་དཀྲུག་ཚད་ཀྱང་གོང་འཕེལ་དུ་འགྲོ་བཞིན་པར་མཐོང་། དངོས་གནས་ཡག་པོ་བྱུང་། མུ་མཐུད་དེ་ཡིན་དཱ

  2. སྙིང་གི་ཚིལ་ལུ། says:
    2011-03-17 at 2:10 am

    སྤྱི་འཐུས་འདི་ཚོའི་རྐུབ་ནས་རྔུལ་ནག་རྒྱག་གི་ཡོད་ས་རེད། ༸གོང་ས་མཆོག་གི་ཆབ་སྲིད་ཀྱིས་འགན་དབང་ཐ་དག་མི་མང་ནས་ཐད་ཀར་འདེམས་པས་བཀའ་བློན་ཁྲི་པར་འབུལ་རྒྱུ་བཀའ་སློབ་ཕེབས་པ་དེ་སྤྱི་འཐུས་xxxxའདི་ཚོས་༸གོང་ས་མཆོག་གིས་རྩེད་མོ་རྩེ་ཡི་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ས་རེད། ༸གོང་ས་མཆོག་གི་གསལ་པོ་གསུང་ནའང་xxxxxxxxxའདི་ཚོས་བསམ་བློ་ཅི་ཡང་མ་བཏང་ནས་ད་དུང་མུ་མཐུད་བཞུགས་རོགས་གནང་ཞེས་བརྗོད་བཞིན་འདུག གདང་དགོང་ཨ་རིའི་གླུང་འཕྲིན་ནང་རྒྱ་རི་རིན་པོ་ཆེས་གསུང་བ་བཞིར་བཟུང་སོ་སོའི་ཐོག་ནས་གང་ཐུབ་འབད་བརྩོན་གྱིས་འགན་འཁུར་དང་ལེན་ཞུ་དགོས་པ་དང་བཙན་བྱོལ་གཞུང་ནས་གནང་མི་ཐུབ་པའི་གནས་ཚུལ་རིགས་༸གོང་ས་མཆོག་ལ་འབོད་སྐུལ་ཞུ་རྒྱུ་གལ་ཆེ་ཡིན་པ་གསུངས་བར་རྒྱབ་སྐྱོར་ཡོད་མ་གཏོགས་འགན་མེད་པར་ཁ་བདར་སྡད་ན་མི་བགྲིགས། ༸གོང་ས་མཆོག་དབུ་མ་བཞུག་པའི་འབྱུང་གྱུར་དུས་ཚོད་ཞིག་ཤར་རྒྱུ་ཡིན་པ་གསལ་པོ་རེད་དེ་དུས་xxxxxxxxxx་ག་རེ་བྱེད་རྩིས་ཡོད།

  3. BBC says:
    2011-03-17 at 2:16 am

    སྤྱི་འཐུས་རྣམ་པས་ཀླད་པ་དཀྲུག་བཞིན་ཡོད་པ་ཧ་གོ་སོང་། ཐུགས་རྗེ་ཆེ། མ་འཆུག་པ་གནང་རོགས།

  4. ལ་སྟོད་བུ། says:
    2011-03-17 at 2:53 am

    སྤྱི་འཐུས་དང་མི་དམངས་ཡོངས་རྫོགས་ཀྱིས་དོ་སྣང་དགོས་པ་ལས་སྤྱི་འཐུས་གཅིག་པོའི་འགན་ཁུར་ག་ནས་ཡིན།
    ༧གོང་ས་༧་མཆོག་གིས་ཐུགས་དགོངས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བརྒྱུད་ནས་འོང་པའི་་མཛད་ཐབས་ཤིག་ཡིན་པས་རྒྱུ་མཚན་དང་དགོས་པ་ཆེན་པོ་ལོས་ཡོད།

  5. གཡང་འབུམ། says:
    2011-03-17 at 6:22 am

    སྤྱི་འཐུས་ཚོའི་བསམ་བློའི་འཁོར་རྒྱ་དེ་ཆུང་ཆུང་ཞིག་ལས་མི་འདུག་་་ངོ་མ་ཡིད་སྐྱོ་བ་ཞིག་རེད།་་་

  6. བོད་ཁམས་ཉི་མ་། says:
    2011-03-17 at 7:50 am

    རྒྱལ་བའི་དགོངས་ཞུས་ཐད་བོད་མི་མང་གི་བསམ་ཚུལ་ཕྱོགས་གཉིསུ་གྱེས་སོང་། གཅིག་ནི་བག་འཁུམ་དང་རྙིང་ཞེན་གང་ཞིག་་ལ་བཟང་སྤྱོད་དང་ཡང་འབྲེལ་བའི་བསམ་ཚུལ་ཞིག་སྟེ་ གནསསྐབས་ལང་པྱོགས་དེ་བརྟན་པར་མཐོང་ཞིང་ རྒྱུ་མཚན་ཡང་མང་པོ་བགྲངས་རྒྱུ་འདུག་པས་རྨོང་དད་ཙམ་ཡང་མ་རེད་། ཕྱོགས་གཞན་ནི་གསར་གཏོད་དང་གུ་ཡང་གང་ཞིག་ལ་གནས་སྐབས་ཅུང་ཉེན་ཁ་ཆེ་ལ་ཕུག་སུ་རེ་བ་ཡོད་པ་ཞིག་ཏུ་མཐོང་སོང་། དེས་ན་གནས་སྐབས་བར་བརྒལ་ཚོད་ལྟའི་བགེྲས་ཡོལ་་ཞིག་གནང་ན་ཡང་། སྐྱབས་མགོན་བཞུགས་རིང་དཀའ་ངལ་ཞིག་འཕྲད་གི་མ་རེད་།

  7. བསྟན་འཇམ། says:
    2011-03-17 at 10:53 am

    ཚོགས་གཙོས་འདབ་ཀ་གསུམ་དབྱེ་ཡོད་པ་དེའི་ཐོག་ཏུ་མི་འབབ་པའི་རེ་བ་བྱེད་ཀི་ཡོད །

  8. ཤར་ཕྱོགས་ཁུག་རྟ། says:
    2011-03-17 at 1:39 pm

    ཐུགས་སྣང་ཅན་རྣམས་ཕེབས་པ་དགའ། སང་ཉིན་གྲོས་ཚོགས་སུ་མུ་མཐུད་གསུང་འཕྲིན་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག

  9. ཨ་ཁུ་སྟོན་པ། says:
    2011-03-17 at 10:47 pm

    ༌༈ ད་ལམ་༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་དུས་ཚོད་ཏག་ཏག་ཞིག་རེད། ད་ང་རང་ཚོ་བོད་མི་མང་གི་ངོས་ནས་གན་འཁུར་ཆ་ཚང་འཁྱེར་ནས་ཕྱག་ལས་གནང་དགོས། ག་དུས་ཡིན་ཡང་བོད་ཀྱི་སྲིད་གཞུང་གི་དབང་ཆ་ཡར་ལ་ཀྱང་ཕུལ་ནས་བསྡད་ན་འགྲིག་གི་མེད། ང་རང་ཚོ་༧གོང་ས་དད་གུས་ཡོད་པ་ཡིན། ༧གོང་ས་མཆོག་གི་སྐུ་ངལ་ལ་གཟིགས་གཞིགས་གནང་དགོས། ༧གོང་ས་མཆོག་གིས་མཁྱེན་གཟིགས་ལ་བོད་གཞུང་གི་དབང་ཆ་དེ་མི་མང་རང་ལ་བརྩི་སྤྲོད་བྱས་ན་ལན་འགན་གྲུབ་ཐུབ་ཀྱི་ཡོད་པ་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ཡོད། ང་རང་ཚོས་ག་དུས་ཡིན་ཡང་བོད་གཞུང་གི་སྲིད་དབང་དེ་༧གོང་ས་མཆོག་ལ་ཕུལ་བ་དེ་ང་རང་ཚོའི་བོད་གཞུང་གི་ལས་བྱེད་བཀའ་བློན་བཀའ་ཤག་ཚོ་ལ་འཇོན་སྟངས་མེད་ནས་ཡིན་ནམ། ཡང་ན་༧གོང་ས་མཆོག་དཔེ་ལས་ཡིན་པ་ཡིན་ན་གོ་དཀའ་བའི་གནས་སུ་འགྱུར་གྱི་འདུག །དེ་ལྟར་མ་ཡིན་ན། ད་ལྟ་༧གོང་ས་བཞུགས་པའི་སྐབས་ནས་འགན་འཁུར་བཞེས་ནས་སྐུ་དྲག་གི་རིང་ལུགས་སྤངས་ནས་མང་གཙོའི་ལམ་ནས་ཕྱག་ལས་ཐུགས་དྲང་པོའི་ཐོག་ནས་གནང་སྟེ་༧གོང་ས་མཆོག་ཐུགས་བློ་བདེ་པོ་བཟོ་དགོས་པ་དེ་ང་ཚོས་ལས་འགན་ཞིག་ཡིན་པ་མཁྱེན་ནས་ཕྱག་ལས་གནང་རོགས་མཛོད།། བོད་གཞུང་གི་ལས་སྣེ་རྣམས་ཐུགས་རྗེ་གཟིགས་དགོངས་པ་རྒྱ་ཆེར་གཟིགས་རོགས་གནང༌། བོད་རྒྱལ་ལོ།། །།

  10. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 12:39 am

    བཀའ་ཁྲི་མཆོག་གིས།

    ད་ལྟ་རང་།༼ འདས་པའི་ལོ་ལྔ་བཅུའི་ནང་༧རྒྱལ་བ་རིན་པོ་ཆེར་སྲི་ཞུ་སྒྲུབ་པའི་ཉམས་མྱོང་ལ་བརྟེན་ནས། ༧རྒྱལ་བ་རིན་པོ་ཆེས་གང་ཐག་གིས་བཅད་པ་དེ་འཕྲལ་དུ་བསམ་བློས་དཔོག་མི་ཐུབ་པ་འདྲ་ཞིག་ཡོང་གི་ཡོད་ཀྱང་། གང་འཚམ་ཕྱིན་རྗེས་དེ་ཏག་ཏག་དངོས་ཡོད་དང་འཚམ་པ་ཞིག་ཡོང་གི་ཡོད་པས། ༽སྤོབས་པ་ཆེན་པོས་རྒྱབ་གཉེར་ཞུས་པ་ཡིན།

  11. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 1:04 am

    གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་གྲོས་འཆར་ལ་བཀའ་ཤག་གིས་རྒྱབ་སྐྱོར་ཞུས་མ་སོང་། ཡིན་ནའང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་མི་མང་གི་མངོན་འདོད་ཚབ་མཚོན་བྱེད་རྒྱུ་དབུས་སུ་འཇོག་གི་ཡིན་པ་ལས་རང་གི་བསམ་ཚུལ་བཤད་པའི་དུས་ཚོད་མིན་པར་གསུངས་བ་དང་། གལ་སྲིད་ལས་རིམ་ཚོགས་ཆུང་འདྲ་བཙུགས་ཡིན་ན་མཉམ་ཞུགས་བྱེད་ཀྱི་མིན་པར་ཚིག་ཐག་བཅད་སོང་།

  12. གཅན་བཟོད་རྒྱམ། says:
    2011-03-18 at 1:12 am

    གསོལ་བ་ཕུར་ཚུགས་སུ་བཏབ་ཀྱང་དགོངས་བཞེས་གནང་རྒྱུ་མིན་སྐོར་ཧྥ་རན་སའི་གསར་ཁང་ལ་གསུངས་འདུག་ཅེས་ད་ལྟ་རང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་བཤད་བཞིན་འདུག ད་ཅི་བྱེད་དམ།

  13. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 1:21 am

    བགྲོ་གླེང་གནང་བཞིན་པའི་སྐབས་འདིར། སྤྱི་འཐུས་རེ་འགའ་ཅུང་ཙམ་ངར་གི་འདུག ཁ་ཤས་ཀྱིས་འགོག་གི་འདུག

  14. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 1:23 am

    གནའ་སྔ་མོའི་བརྒྱ་ཆའི་ ༦༤ དང་ཚེག་༢ ཟེར་བ་དེར་རྩོད་པ་རྒྱག་གི་འདུག སྔོན་མ་ཀརྨ་ཆོས་འཕེལ་དང་ཟླ་བ་ཚེ་རིང་གཉིས་ཀས་དམིགས་བསལ་ཚོགས་ཆེན་སྐབས་རྩོད་པ་གནང་བ་རེད། དེ་རིང་ཡང་དེ་ག་རང་རེད།

  15. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 1:31 am

    མི་མང་གི་བསམ་ཚུལ་མཚོན་པའི་སྐུ་ཚབ་ཡིན་པས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ལས་མི་འདུག་ཅེས་པ་དང་། མི་མང་གི་སྐུ་ཚབ་ཡིན་ཡང་སྤྱི་འཐུས་རྣམ་པས་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་མི་མང་གི་སྐུ་ཚབ་བྱེད་དགོས་པ་དང་། གང་ལྟར་མི་མང་གི་དོན་དམ་པའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས། བསམ་ཚུལ་གང་གིས་བོད་མི་མང་གི་གནས་བབ་འདི་ལས་སྐྱོབ་ཐུབ་རྒྱུའི་རེ་བ་ཆེའམ།

    གསོལ་ཇའི་བར་གསེང་རེད། སྤྱི་འཐུས་ཚོ་ཞེ་དྲག་བརྡར་རྒྱུ་ཡོད་ས་མ་རེད།

  16. གཅན་བཟོད་རྒྱམ། says:
    2011-03-18 at 1:35 am

    ཁོ་ཚོས་ནད་རོ་དེ་ཁོ་ཚོ་སྤྱི་འཐུས་འོས་མི་ལས་མ་ཐོན་བར་དུ་དྲག་ཐབས་མེད་པ་རེད། ཐབས་ལམ་ཡག་ཤོས་དེ་མི་དེའི་གྲས་འཐུས་མི་ལས་ཕྱིར་འཐེན་བྱ་རྒྱུ་དེ་རེད།
    ཁོ་ཚོ་འཐུས་མི་ལས་ནམ་ཕྱིར་འཐེན་བྱས་ན་དེ་དུས་ནད་དེ་དྲག་གི་རེད་སྙམ།

  17. རང་བཙན་ལྡེའུ་ says:
    2011-03-18 at 2:15 am

    ད་བཀའ་ཤག་དང་སྤྱི་འཐུས་ཀྱི་གཙོས་བོད་འབངས་ཚང་མའི་འགན་འཁུར་དགོས་ལེ་མིན་ཚེ་ གསོལ་བ་ཕུར་ཚུགས་ཀྱང་བཏབ་ནས་ ཡང་སྙིང་ ༧གོང་ས་མཆོག་ཐུགས་ཕམ་དགོས་ལེ་མ་བཟོ་རོགས་ བྱམས་བརྩེ་བཀའ་དྲིན་ཅན་གྱི་མ་ཡིས་རང་གི་གཅེས་ཕྲུག་དེ་ནམ་ཞིག་རང་མགོ་ཐོན་ཐབས་བཟོ་ལེ་བཞིན་ ༧རྒྱལ་བ་རིན་པོ་ཆེས་སྐུ་དབང་དང་ལས་འགན་གཉིས་པོ་མང་ཚོགས་ལ་གནང་སྟེ་བོད་མི་མང་རང་ཉིད་རང་མགོ་ཐོན་ཐུབ་ལེ་དེ་ ༧གོང་ས་མཆོག་གི་ཐུགས་རེ་དང་རྒྱལ་མ་མགྱེས་པའི་མཆོད་འཕྲིན་དེ་ཡིན་ལེ་རེད་ གསོལ་བ་ཕུར་ཚུགས་བཏབ་ཟེར་ནས་འགན་མ་འཁུར་བར་གཡོལ་ཐབས་བྱས་བསྡད་ན་༧གོང་ས་མཆོག་ལ་ཐུགས་ཕམ་བཟོ་ལེ་རེད་།

  18. ཀརྡོ་རབ་འབྱམས་པ་ says:
    2011-03-18 at 3:01 am

    ༸གོང་ས་མཆོག་ནས། ལོ་༡༠འི་སྔོན་ནས་ཕྱེད་བགྲེས་ཡོལ་དུ་གསུངས་ཟིན་པས། སྤྱི་འཐུས་རྣམ་པ་ཚོས་ཚོགས་ཐེངས་འདིའི་ཐོག་སྤྱིའཐུས་གྲོས་ཚོགས་ཀྱི་ངོས་ནས། ཕྱེད་བགྲེས་ཡོལ་གནང་ཐུབ་པ་ཅིག་དང་།
    ད་ལྟའི་༸སྐུའི་གསུང་འཕྲིན་ནི། བགྲེས་ཡོལ་ཆ་ཚང་ལ་དགོངས་པ་ཡིན་པས། སྤྱི་འཐུས་ཚོགས་ཐེངས་རྗེས་མར་བགྲེས་ཡོལ་ཆ་ཚང་འབུལ་ཐུབ་པའི་སྤོབས་པ་དང་འདེང་ཚོད་ད་ལྟ་ནས་གྲ་སྒྲིག་བྱས་ཚར་དགོས་པ་མི་འདུག་གམ། འདི་ནི་ང་མཆན་བུ་བ་མི་གཅིག་གི་བསམ་འཆར་ཙམ་མོ། དགེའོ། །

  19. ཀརྡོ་རབ་འབྱམས་པ་ says:
    2011-03-18 at 7:33 am

    ༸སྐུ་སྒེར་དྲ་རྒྱ་ལས།
    གསུམ་ པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་ གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ ཁོང་གི་འགན་ཁུར་ཡིན་པར་བཞེད༎

  20. ཤར་ཕྱོགས་ཁུག་རྟ། says:
    2011-03-18 at 9:59 am

    ཀ་རྡོ་ལགས། དམ་པ་རྣམས་ཀྱིས་གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན་རྡོ་ལ་རི་མོ་ཟེར་བ་བཞིན། ཁོང་གི་འགན་ཆེན་པོ་གསུམ་ལས་གསུམ་པ་ནི་ཉིད་ཀྱིས་དྲངས་པ་དེ་ག་རང་རེད།

    འོན་ཀྱང་ང་ཚོའི་སྤྱི་འཐུས་ཚོས་བླ་ན་མེད་པ་དང་ཡོད་པར་དགག་བཞག་གནང་རེས་ཀྱིས་དེ་རིང་ཉིན་གང་འདས་མཐར། མཐའ་མ་ནི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་བྱས་པ་དེ་རེད། ཁོང་ཚོས་གང་ཡང་མ་གླེང་བ་ནི་༧སྐུ་མདུན་གྱིས་གསུང་འཕྲིན་དེ་ཕེབས་དགོས་དོན་སྐོར་རེད་ལ། དེ་ནི་བཀྲ་ཤིས་ལོ་ལེགས་ནས་ཕེབས་ཤག་གིས་བགྲོ་གླེང་གནང་གི་འདུག་མ་གཏོགས། ག་རེ་བྱས་ནས་གནང་བ་ཡིན་ནམ་ཟེར་མཁན་ཞིག་མི་འདུག དེས་ང་བླ་ལྷག་ཏུ་སྐྱོ་བྱུང་།
    མདོར་དེད་ན་༧སྐུ་མདུན་གྱིས་མ་གནང་བའི་ཆབ་སྲིད་ཀྱི་འགན་དབང་གང་དག་རེད་ཅེས་པ་འདི་དེ་བས་ཀྱང་ཁོ་ཚོས་གླེང་སློབ་མ་ཐུབ་ཐལ། དེས་༧གོང་ས་མཆོག་གི་གང་གནང་བ་མཐའ་དག་སྒྲིབ་བཞག་པ་རེད་ཅེས་ལབ་ན་ཧམ་པ་ཞེ་དྲག་ཡོད་པ་མ་རེད། དེ་འདྲ་མང་པོ་ཞིག ད་དུང་གསུང་འཕྲིན་ནང་གི་དུས་ཚོད་སྨིན་ཞེས་པ་དང་གཞན་མི་གཅིག་དབང་འཛིན་སོགས་ཕེབས་དོན་མཐར་ཐུག་གང་ནས་བྱུང་བ་རེད་དམ་ཞེས་དྲི་བ་རེ་ཡོད་མོད། སྐྱབས་སུ་མཆི་མཁན་ཚོའི་དད་སེམས་དེ་ཧང་སངས་མ་བྱུང་ཟེར་ནས་དབུགས་རིང་འཐེན་བཞིན་བསྡད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme