Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།

Posted on 2011-03-16 By ཁ་བརྡ་ 4 Comments on རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།

བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུུག

འདི་ལོའི་ལོ་འགོར་ཨཕེ་རི་ཀའི་གླིང་ཕྲན་ནང་ཡོད་པའི་སུ་ཌན་དང་ཌོ་ནི་ཤིཡ། གཞན་ཡང་ཨེ་ཇེབ་སོགས་མི་མང་གིས་རང་དབང་དང་མང་གཙོ་རྩོལ་སྒྲུབ་བྱས་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་སྐབས་རྒྱ་ནག་ཕྱི་ནང་དུ་གནས་འཁོད་མི་མང་པོ་ཞིག་གིས། ད་ལྟའི་ཨེ་ཇེབ་མི་མང་གི་མང་གཙོའི་ལས་འགུལ་ལ་རྒྱལ་ཁ་ཐོབ་པ་དེ་སང་ཉིན་གྱི་རྒྱ་ནག་ལ་ཡང་ཡོང་སྲིད་པ་རེད་ཟེར་རྩོམ་ཡིག་སྤེལ་མཁན་དང་གཏམ་བཤད་བྱེད་མཁན་མང་པོ་ཡོང་གི་འདུག་ཀྱང་། ཁོ་བོས་བལྟས་ན། དེ་ནི་རེ་བ་ཙམ་ལས་དངོས་ཡོད་གནས་སྟངས་ཐོག སང་ཉིན་གྱི་རྒྱ་ནག་དེ་ང་ཚོ་དང་ཐག་རིང་པོ་རེད། ཅེས་དཔྱད་རྩོམ་ཞིག་སྤེལ་ཏེ་དྲ་རྒྱའི་ཐོག་འགོད་སྤེལ་བྱས་ཡོད། ཁོ་བོའི་སྔོན་དཔག་དེར་མི་འགའ་རེས་མོས་མཐུན་བྱས་མེད་ཀྱང་བར་ལམ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་བྱུང་བའི་༼བ་སྤུ་མེ་ཏོག་༽ཞེས་པའི་གསར་བརྗེའི་མཐོ་རླབས་རིམ་པ་གསུམ་བྱུང་བ་རྒྱ་ནག་དམར་གཞུང་གིས་དེ་མ་ཐག་དྲག་གནོན་བྱས་རྗེས། ཟླ་བ་འདི་ནང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་དང་རྒྱལ་ཡོངས་མི་འཐུས་ཞེས་པའི་ཚོགས་འདུ་གལ་ཆེ་གཉིས་ཚོགས་སྐབས་རྒྱ་དམར་གཞུང་གིེས་རྒྱ་ནག་ཏུ་སྲིད་དོན་ཚོགས་པ་མང་པོ་ཡོད་པའི་ལམ་ལུགས་ལག་ལེན་བྱ་ཡི་མ་རེད་ཅེས་ནན་བཤད་བྱས་ཏེ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བསྐྱར་མ་ཞིག་བཏང་ཡོད་པ་རེད།
དེ་ཡང་། ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་དང་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཞེས་པའི་ཚོགས་འདུ་གལ་ཆེ་གཉིས་ཚོགས་ཀྱི་ཡོད་པས། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་སྐབས་བཅུ་གཅིག་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཚོགས་གཙོ་ཧུ་པང་གོས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། རྒྱ་ནག་ཏུ་སྲིད་དོན་ཚོགས་པ་མང་པོའི་ལམ་ལུགས་ལག་བསྟར་བྱ་ཡི་མ་རེད་ཅེས་ནན་བཤད་བྱས་འདུག་པ་སྟེ། ཁོ་པས། ཛྲརྒྱ་ནག་གི་དངོས་ཡོད་གནས་སྟངས་ལ་གཞིར་བཟུང་། ང་ཚོས་སྲིད་དོན་ཚོགས་པ་མང་པོས་སྲིད་སྐྱོང་རེ་སྐོར་བྱ་རྒྱུའི་ལམ་ལུགས་ལག་ལེན་བྱ་རྒྱུ་མིན་པ་དང་། བསམ་བློའི་མཛུབ་སྟོན་སྣེ་མང་མི་བྱེད་པ། དབང་ཆ་གསུམ་བཅད་བཟུང་གི་གྲོས་ཚོགས་སྟེང་འོག་གཉིས་ཀྱི་༼མང་གཙོའི་ཀ་བ་གསུམ་༽ ལམ་ལུགས་མི་བྱེད་པ། རྒྱལ་ཕྲན་མཉམ་སྦྲེལ་ལམ་ལུགས་མི་བྱེད་པ། སྒེར་ལ་དབང་བའི་ལམ་ལུགས་མི་བྱེད་པ་བཅས་ནན་ཏན་གྱིས་གསལ་སྟོན་བྱ་རྒྱུ་ཡིན།ཛྲཟེར་བཤད་འདུག
འདི་ནི་རྒྱ་ནག་དམར་གཞུང་གི་ཆེས་མཐོའི་དབང་འཛིན་པས་ཕྱི་ནང་བརྒྱུད་ལམ་ཁག་ཏུ་བསྐྱར་དུ་རྒྱ་ནག་ནང་ཆབ་སྲིད་ཀྱི་ལམ་ལུགས་བསྒྱུར་བཅོས་མི་བྱེད་པའི་ལངས་ཕྱོགས་གསལ་སྟོན་བྱས་པ་དེས། འཛམ་གླིང་གི་དུས་ཀྱི་འགྱུར་བགྲོད་དང་ཡོངས་སུ་རྒྱབ་བརྒལ་བྱས་པ་ཞིག་ར་སྤྲོད་བྱས་པ་རེད།
ཉེ་ཆར་དུས་ཀྱི་འགྱུར་བགྲོད་ཀྱི་མང་གཙོའི་རླབས་རྒྱུན་ཐེངས་འགའ་ཤས་ཀྱི་རྡུང་གནོན་འོག་ལོ་མང་སྲིད་དབང་སྒེར་འཛིན་གྱི་ཨཕེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་ཐོར་བཤིག་ཏུ་ཕྱིན་ཏེ་དེང་སྐབས་མང་གཙོའི་ལམ་སྲོལ་གྱི་ཉི་མའི་འོད་ཟེར་འཕྲོ་བཞིན་ཡོད། འོན་ཀྱང་། འཕགས་ཡུལ་རྒྱ་གར་དང་འདྲ་བའི་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་རྒྱ་ནག་ལ་ཆ་མཚོན་ན། དུས་ད་ལྟ་ཡང་འཛམ་གླིང་གི་འགྱུར་བགྲོད་དང་མི་མང་གི་མངོན་འདོད་ལ་མི་གཏོད་པར་མུ་མཐུད་སྲིད་དོན་ཚོགས་པ་གཅིག་གི་སྲིད་དབང་སྒེར་གཅོད་ཀྱི་ྐློང་འཁོར་འོག་སོམ་ཉིའི་ནང་གནས་ཡོད། དོན་དངོས་ཐོག་དུས་རབས་གོང་མའི་མགོ་སྟོད་དུ་རྒྱ་ནག་ནང་མང་གཙོའི་ལམ་སྲོལ་ཞིག་ལག་བསྟར་བྱས་མྱོང་ཡོད་ཀྱང་། སྟབས་ཉེས་པ་ཞིག་ལ་མང་གཙོའི་གཞི་རྟེན་ཧ་ཅང་སྐྱོ་པོ་ཡིན་པའི་དབང་གིས་མཐའ་མ་སྲིད་དབང་སྒེར་གཅོད་པས་ཕམ་ཉེས་བཏང་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ནི་བོད་མི་མང་དམར་བསད་བཏང་བའི་ལག་རྗེས་ལ་བརྟེན་ནས་ཏིང་ཞའོ་པིང་གིས་བསྐོས་པའི་གཡོན་ཐལ་ཅན་གྱི་རྙིང་ཞེན་བག་ཁུམས་ཀྱི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་དང་། རྒྱ་ནག་རྒྱལ་ཡོངས་མི་འཐུས་ཚོགས་ཆེན་གྱི་ཚོགས་གཙོ་ཧུ་པང་གོ་ནི། རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་བྱེད་མཁན་མི་མང་སྟོང་པྲག་མང་པོར་དྲག་གནོན་བྱེད་མཁན་ཅང་ཙེ་མིན་གྱི་ཕྱོགས་གཏོགས་གྲས་ཤིག་ཡིན་པས་ཁོ་པ་ཡང་རྙིང་ཞེན་བག་ཁུམས་ཀྱི་བསམ་བློ་འགྱུར་བ་བཏང་མཁན་མིན་པ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་མངོན་གསལ་དོད་པོའི་གླེང་སྟེགས་ཐོག་མགྲིན་པ་མཐོན་པོས་རྒྱ་ནག་ནང་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་དགོས་ཞེས་ཤོད་མཁན་གྱི་སྲིད་བློན་ཝུན་ཅ་པའོ་ཡང་དོན་དངོས་ཐོག་ཁ་ཙམ་གྱིས་བསྒྱུར་བཅོས་བྱ་རྒྱུ་ཤོད་པ་ལས་ལག་ལེན་ཡོང་རེ་མེད། ཧུ་པང་གོ་ཡིས་རྒྱ་ནག་ནང་སྲིད་དོན་ཚོགས་པ་མང་པོས་སྲིད་སྐྱོང་རེ་སྐོར་བྱ་རྒྱུ་མིན་ལུགས་བཤད་པ་དེ་དོན་དམ་དུ་དོན་འཁྱོལ་ལག་ལེན་དུ་ཡོད་པ་དངོས་བདེན་ཆགས་ཡོད། དེར་བརྟེན། ཧུ་ཅིན་ཐའོ་དང་ཧུ་པང་གོ་སོགས་རྒྱ་དམར་གཞུང་གི་ཆེས་མཐོའི་དབང་འཛིན་པ་རྣམས་ཆབ་སྲིད་ལམ་ལུགས་ཀྱི་མཚོན་པའི་མང་གཙོའི་བསྒྱུར་བཅོས་བྱ་རྒྱུར་བཀག་སྡོམ་བྱ་རྒྱུའི་ཐད་མགྲིན་དབྱངས་གཅིག་གྱུར་རེད། ཉེ་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ཞིག་གསལ་བསྒྲགས་བྱས་པའི་ཁོངས་ལོ་འདི་ནང་རྒྱ་ནག་གཞུང་གི་བརྟན་ལྷིང་སྲུང་སྐྱོབ་ཆེད་དགོས་དངུལ་རྒྱ་སྐོར་དུང་ཕྱུར་ ༥༠༠༠ བཏང་ཡོད་པ་དེ་དམག་དོན་གྱི་འགྲོ་གྲོན་ལས་ཆེ་བ་ཡོད་སྟབས། ས་གནས་ཁག་གི་དཔོན་རིགས་དང་སྐོར་སྲུང་ཉེན་རྟོགས་པ་ཚོས་དགོས་དངུལ་ཕོན་ཆེར་རྔམ་ནས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱ་རྒྱུར་དེ་བས་ནུས་ཤུགས་ཡོད་དགུ་འདོན་སྲིད་པས་མང་གཙོའི་ལས་འགུལ་བ་ཚོར་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་གནོན་ཤུགས་ཆེན་པོ་ཕོགས་རྒྱུ་ཡིན་པ་དོན་མི་ཟ།
འདི་ལོའི་ཚོགས་འདུ་གཉིས་པོ་དེ་མ་ཚོགས་གོང་དུ་རྒྱ་ནག་གཞུང་ནས་གསར་འགྱུར་བརྒྱུད་ལམ་དང་ས་གནས་ཁག་ནས་རྒྱ་ནག་གི་རྒྱལ་སར་ཞུ་གཏུགས་བྱེད་མཁན་མི་མང་བརྒྱ་ཕྲག་མང་པོར་དམ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་པ་སོགས་བཀག་ཉར་དམ་དྲག་བྱས་ཡོད་ཅིང་། ད་དུང་ཉེ་དུས་དྲ་རྒྱའི་ནང་༼བ་སྤུའི་མེ་ཏོག་༽ཅེས་པའི་གསར་བརྗེའི་ལས་འགུལ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་ཁྱབ་གདལ་མི་འགྲོ་ཆེད་སྐོར་སྲུང་ཉེན་རྟོགས་པ་དང་དམག་དཔུང་བཅས་དེ་སྔ་ལས་མང་བ་འགྲེམས་འཇོག་བྱས་ཡོད་པ་རེད།
ཧུ་པང་གོས་ད་རེས་ཀྱི་རྒྱལ་ཡོངས་མི་འཐུས་ཚོགས་ཆེན་ཐོག ཛྲརྒྱ་ནག་གིས་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་འཆར་འགོད་བྱས་པའི་རྩ་དོན་གྱི་གནད་དོན་ལ་གཡོ་འགུལ་འཐེབས་ན། དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཕོགས་རྒྱུ་མ་ཟད། ཐ་ན་རྒྱལ་ཁབ་ནང་འཁྲུག་གི་དམ་རྙོག་ནང་ལྷུང་རྒྱུ་ཡིན་ཛྲསྐོར་གྱི་ཐ་ཚིག་བསྒྲགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་རྒྱ་ནག་ནང་ཛྲསྲིད་དོན་ཚོགས་པ་མང་པོས་རེས་སྐོར་གྱི་སྲིད་སྐྱོང་བྱ་རྒྱུ་ཛྲམིན་ལུགས་སྐོར་གཏམ་རྙིང་བསྐྱར་བཤད་བྱས་ཡོད་ཀྱང་། དེས་གནད་དགག་ཅིག་ག་རེ་བསྟན་གྱི་ཡོད་རེད་ཅེ་ན། ཧུ་པང་གོས་མུ་མཐུད་དེ་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས་གསལ་ཁ་གཏོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་མུ་མཐུད་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ལུགས་གསལ་སྟོན་བྱས་པ་དང་ཆབས་ཅིག་དེ་བས་གལ་ཆེ་བ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡོད་པའི་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་རྣམས་ལ་རྒྱ་དམར་གཞུང་གིས་ཆབ་སྲིད་བསྒྱུར་བཅོས་དང་མང་གཙོའི་ལམ་ལུགས་རྩ་བ་ཉིད་ནས་ལག་བསྟར་བྱ་རྒྱུ་མིན་ཞེས་ཁ་གསལ་གཏིང་གསལ་གྱིས་ནན་བཤད་བྱས་པ་མཚོན་པ་རེད།
མཚམས་འདིར་རྒྱ་ནག་གི་གནའ་བོའི་སྙན་ངག་པ་ཏུ་ཕུ་ཡིས། རི་རྒྱུད་འབྲེལ་ཞིང་ཆུ་རྒྱུན་མང་བས་འགྲོ་ལམ་ཨེ་ཡོད་སྙམ་པའི་དུས། རྒྱ་ཅང་སྔོ་ཞིང་མེ་ཏོག་བཀྲ་བའི་གྲོང་ཚོ་གཞན་ཞིག་ཡོད་པ་མཐོང་། ཞེས་དཀའ་ཚེགས་ཆེ་ཞིང་འགྲོ་ལམ་མི་འདུག་བསམ་པའི་དུས། གུ་ཡངས་ཀྱི་བསམ་བློ་གསར་པ་ཞིག་བཏང་ན་ཏན་ཏན་འགྲོ་ལམ་གུ་ཡངས་པོ་ཞིག་རྙེད་རྒྱུ་ཡིན་པ་བསྟན་པ་ལྟར། ཧུ་ཅིན་ཐའོ་དང་ཧུ་པང་གོ་ཡིས་གཙོས་པའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་རྣམས་ལག་ཏུ་དབང་ཆ་དང་དྲག་པོའི་སྟོབས་ཤུགས་ག་ཚོད་ཆེན་པོ་ཡོད་ཀྱང་། དེས་དུས་ཀྱི་འགྱུར་བགྲོད་དང་མང་གཙོའི་འཕེལ་ཕྱོགས་ཀྱི་འགྲོ་ལམ་འགོག་མི་ཐུབ། མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་དབང་འཛིན་གྱི་ལྟ་བ་དང་འདུ་ཤེས་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ཆེའི་མང་ཚོགས་ཀྱིས། རྒྱ་ནག་ནང་གསར་འགོད་རང་དབང་དང་། སྲིད་དོན་ཚོགས་པ་མང་པོས་རེས་མོས་ཀྱི་སྲིད་དབང་སྐྱོང་རྒྱུ། དམག་དཔུང་རྒྱལ་ཁབ་ཅན་ལ་བསྒྱུར་རྒྱུའི་སྐོམ་པ་ཆུ་འདོད་ཀྱི་མངོན་འདོད་དེ་ཟློག་ཐབས་མེད་པའི་འཛམ་གླིང་འགྱུར་བགྲོད་ཀྱི་སྐུལ་འདེད་འོག་མངོན་འགྱུར་ཡོང་བའི་ཉི་མ་དེ་འཆར་སྲིད་པ་ཡིན་ནོ།། །།

དཔྱད་རྩོམ།

Post navigation

Previous Post: གཏམ་མདའ་གཤོག་སྟོང་ལྡན།
Next Post: བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་མ་རེད།

Comments (4) on “རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།”

  1. གཞོན་ནུ་ཟླ་མེད། says:
    2011-03-16 at 9:05 am

    ཀློག་ཟིན། ཞིབ་ཏུ་ཀློག་ཟིན། ཁ་འཁོར་ཕྱོགས་ཧྲ་གི་ཡ།

  2. དྲི་མེད་ལྷག་བསམ། says:
    2011-03-16 at 9:13 am

    ཝུན་ཅ་པོ་མི་ཚང་དཀྱུས་མ་ཞིག་གི་བུ་རེད་ཁོས་བསྒྱུར་བཅོས་བྱ་རྒྱུར་སྐད་ཆ་བཤད་པ་ནང་བཞིན་ཁོ་རང་རྒྱ་ནག་དམངས་གཙོའི་མྱེས་པོར་འགྱུར་བའི་རེ་བ་ཆེ། འདིའི་འོག་ལ་རླུང་ཞིག་འདྲེན་ཐུབ་ན་འཕུར་ལྡིང་ཆུང་ཆུང་རེ་བྱེད་སྲིད། འོན་ཀྱང་མམ་མཁའ་རྩལ་གྱིས་ཆོད་མདོག་མ་རེད། ། གཞན་རྣམས་སྐུ་དྲག་གི་བརྒྱུད་པ་ཡིན་པར་མ་ཟད་དམར་ཤོག་དང་སྲིད་དབང་སྒེར་འཛིན་གཉིས་ཁེ་ཕན་གང་ཆེ་བལྟ་མཁན་རེད། རང་གི་ཁེ་ཕན་གི་དོན་དུ་ཕ་བསད་ནས་སྙིང་བཙོང་དགོས་ཀྱང་འཛེམས་བག་མེད་མཁན་ཚོར་གནས་སྐབས་ཞིག་ལ་འགྱུར་བ་ཆེན་པོ་ཐེབས་དཀའ་མོ་རེད།

  3. འཇིག་མེད་ says:
    2011-03-16 at 3:35 pm

    ཚེ་རིང་དབང་ཕྱུག་ལགས་ ཉི་མ་ཁ་ཤས་སྔོན་ལ་ སང་ཉིན་གྱི་རྒྱ་ནག་དེ་ང་ཚོ་དང་ཐག་རིང་པོ་རེད། གསུང་འདུག་ཀྱང་་དེ་རིང་ ང་ཚོ་དང་ཐག་ཉེ་རུ་ཕྱེན་འདུག་པས་དགའ་པོ་བྱུང་ དངོས་གནས་སུས་ཀྱང་བཤད་ཐུབ་ཀྱི་མ་རེད་ ཉི་མ་དེ་དགུགས་སྡད་ཡོད་ གང་ལྟར་ཡག་པོ་བྲིས་གནང་འདུག་ ཐུགས་རྗེ་ཆེ་ དྲ་གྲོགས་དྲི་མེད་ལྷག་བསམ་ལགས་ད་དུང་རིགས་གནས་གསར་རྗེའི་ནང་བཞུགས་འདུག་ དྲི་མེད་ཁྱེད་ལ་རྙིང་དྲི་ཤུགས་ཆེན་པོ་འདུག་

  4. སྤངས་སྤོས། says:
    2011-03-16 at 8:00 pm

    ཉེ་དུས་ཨ་རབ་ལུང་པའི་མི་མང་གི་མང་གཙོའི་མངོན་འདོད་དེས་རྒྱག་ནག་ཏུ་ཡང་འགྱུར་བ་ཞིག་ཡོང་བའི་རེ་བ་བྱས་པ་ཡིན་ཡང་ད་ལྟའི་ཆར་མི་མང་གི་མང་གཙོའི་སེམས་ཤུགས་ཀྱི་མཚོ་རླབས་དེ་མཐོ་རླབས་སུ་འཕྱུར་མེད་པ་ལྟ་བུར་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme