Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་གསར་བཀག་འགོག་གི་ཆེད་དུ་མི་གཉིས་འཛིན་བཟུང་བྱས་པ།

Posted on 2011-03-14 By ཁ་བརྡ་ 2 Comments on ལོ་གསར་བཀག་འགོག་གི་ཆེད་དུ་མི་གཉིས་འཛིན་བཟུང་བྱས་པ།

རྨ་མགུར་སངས་རྒྱམ།

མདོ་སྨད་གཅན་ཚ་རྫོང་གི་མར་ཁུ་ཐང་གྲོང་རྡལ་དང་སྣང་ར་ཡུལ་ཚོ་གཉིས་ཀྱི་ནང་དུ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ལོ་གསར་གཅིག་གྱུར་དུ་གཏོང་བའི་སྐབས་སུ་ས་གནས་ཡུལ་མི་དང་སྤྱི་བདེ་ཉེན་རྟོག་མི་སྣའི་བར་དུ་འཁྲུག་རྩོད་ཤོར་ཡོད་པ་དང་ལྷག་པར་དུ་རྫོང་གི་ལྟེ་གནས་སུ་གྱུར་བ་མར་ཁུ་ཐང་སྡེ་བ་རུ་ཕྱི་ཟླ་གསུམ་པའི་ཚེས་བཞིའི་དགོང་དྲོར་ཉེན་རྟོག་མི་སྣ་ཁ་ཤས་བོད་ཀྱི་ལོ་གསར་གཏོང་བར་བཀག་འགོག་གི་བྱེད་པའི་ཆེད་དུ་གྲོང་སྡེ་དེའི་མ་ནི་ལྷ་ཁང་དུ་ཡོང་ནས་ལོ་གསར་གཏོང་བར་གྲ་སྒྲིག་བྱས་ཡོད་པའི་ཤ་དང་ཞལ་ཟས་ལ་སོགས་འཕྲོག་བཅོམ་བྱེད་པའི་སྐབས་སུ་སྡེ་བའི་ཡུལ་མི་དང་ཉེན་རྟོག་པ་རྣམས་ཀྱི་བར་ལ་འཁྲུག་རྩོད་ཤོར་ཏེ་མི་གཉིས་འཛིན་བཟུང་བྱས་ཡོད་པ་དང་དེའི་ཕྱི་ཉིན་མར་ཁུ་ཐང་སྡེ་བའི་ཡུལ་མི་རྣམས་རྫོང་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་གྱི་མདུན་དུ་སོང་ནས་འཛིན་བཟུང་བྱས་པའི་སྡེ་བའི་ཡུལ་མི་དེ་གཉིས་མྱུར་དུ་གློད་གྲོལ་མ་བཏང་ན་སྐད་འབོད་བྱེད་རྒྱུ་ཡིན་པར་ཉེན་བརྡ་བཏང་བ་ལ་བརྟེན་ནས་མི་དེ་གཉིས་ཉིན་དེར་གློད་གྲོལ་བཏང་ཡོད་ནའང་རྫོང་སྤྱི་བདེ་ལས་ཁུངས་ཀྱི་རེ་འདུན་བཏོན་པ་ལྟར་སྤྱི་ཟླ་གསུམ་པའི་ཚེས་བཅུའི་རྗེས་སུ་མ་གཏོགས་ལོ་གསར་བཏང་མི་ཆོག་པར་བཤད་པ་དེ་ས་གནས་ཡུལ་མི་ཚོས་ཁས་ལེན་བྱས་ཏེ་ཕྱིར་ནང་དུ་ལོག་སྟེ་ལོ་གསར་གཏོང་བར་ཕྱིར་འགྱངས་བྱས་ཡོད། དེ་དང་དུས་མཚུངས་སུ་སྣང་རའི་ཡུལ་ཚོའི་སྣང་ར་གསེར་ཁང་ནང་དུ་བོད་ཀྱི་ལོ་གསར་ཚེས་གཅིག་ལ་གྲོང་སྡེ་བརྒྱད་ཀྱི་ཡུལ་མི་རྣམས་མཉམ་དུ་འཛོམས་ནས་མ་ནི་གྲངས་གསོག་དང་འབྲེལ་བོད་ཀྱི་ལོ་གསར་མཉམ་གཏོང་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ་སྣང་རའི་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་བྱེད་དག་བསླེབས་ནས་བཀག་འགོག་བྱས་པར་མ་ཟད། མི་ཚང་རེར་རྒྱ་སྒོར་སུམ་ཅུ་རེ་བསྡུ་རུབ་བྱས་ཏེ་ལོ་གསར་མཉམ་གཏོང་གི་ཆེད་དུ་ཉོས་ཟིན་པའི་ཤོག་སྦག་དང་ཞལ་ཟས་སོགས་འཕྲོག་བཅོམ་བྱས་ཏེ་མཉམ་འཛོམས་བྱེད་དུ་མ་བཅུག་པ་དང་ལོ་གསར་གཏོང་བར་གནོད་སྐྱོན་བཟོས་ཡོད་པ་རེད། གཅན་ཚ་རྫོང་དུ་ཟླ་བ་སྔོན་མར་དགོན་པ་ཁག་དང་སྡེ་བའི་མི་སྣ་རྒན་རབས་པ་རྣམས་ཀྱིས་བོད་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱི་ལོ་གསར་མཉམ་གཏོང་གི་ཆེད་དུ་ལོ་ངོ་མང་བའི་རིང་དུ་རྒྱ་མི་དང་མཉམ་དུ་ལོ་གསར་གཏོང་བའི་སྲོལ་རྒྱུན་ལ་བཅོས་བསྒྱུར་བྱེད་པར་གསལ་བསྒྲགས་བྱས་པའི་རྗེས་སུ་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་བདེ་མི་སྣ་དང་སྦྲགས་ནས་གཞུང་གི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་དགོན་པ་ཁག་དང་སྡེ་བ་ཁག་ཏུ་ཟླ་བ་གཅིག་གི་རིང་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་གསོ་སྦྱོང་བརྡར་བྱེད་པའི་ལས་འགུལ་སྤེལ་དུ་བཅུག་པ་དང་དགོན་པ་རེར་ལས་བྱེད་མི་སྣ་བཅུ་གཉིས་རེ་དང་སྡེ་བ་རེར་ལས་བྱེད་མི་སྣ་གཉིས་རེ་རྩ་འཛུགས་བྱས་ནས་དགོན་པ་དང་སྡེ་བ་ཁག་ཏུ་གཏན་སྡོད་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཁྱབ་བསྒྲགས་དང་སློབ་སྦྱོང་བྱེད་དུ་བཅུག་སྟེ་གྲྭ་བ་དང་མང་ཚོགས་རྣམས་ལ་རྟག་པར་ལྟ་རྟོག་བྱེད་བཞིན་ཡོད། དེར་བརྟེན། དེང་གི་དུས་སུ་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་ལས་བྱེད་རྣམས་སྟོང་བར་ཆགས་ཏེ་ལས་དོན་སྒྲུབ་མཁན་མེད་པ་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་གསོ་སྦྱོང་བརྡར་བྱེད་པའི་ཚོགས་འདུ་ནི་དགོན་པ་ཁག་ཏུ་ཉི་མ་རེར་བསྡུ་སྐོང་བྱས་ནས་གྲྭ་བ་རྣམས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་སློབ་སྦྱོང་བྱེད་པར་བཙན་སྐུལ་བྱེད་བཞིན་པ་དང་སྡེ་བ་ཁག་ཏུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཁག་ཁྱབ་བསྒྲགས་བྱེད་བཞིན་པ་རེད། གལ་སྲིད་གཅན་ཚ་རྫོང་གི་དགོན་པ་ཁག་དང་གྲོང་སྡེ་ཁག་ཏུ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་ཁག་ཁྱབ་སྤེལ་བྱུང་བ་ཡིན་ན་རྩ་འཛུགས་བྱས་པའི་ལས་བྱེད་མི་སྣ་རྣམས་གཞུང་གི་ལས་གནས་ཁག་ལས་གནས་དབྱུང་གཏོང་རྒྱུའི་བཀའ་ཁྱབ་བཏང་ཡོད། གཅན་ཚ་རྫོང་དུ་བོད་ལུགས་ལོ་གསར་གྱི་སྐབས་སུ་བོད་རིགས་ལས་བྱེད་ཚང་མར་གུང་སེང་སྤྲད་མེད་པར་མ་ཟད། རྫོང་དང་ཡུལ་ཚོ་ཁག་གི་སློབ་གྲྭ་ཁག་གི་སློབ་མ་རྣམས་བོད་ཀྱི་ལོ་གསར་གྱི་ཆེད་དུ་སོ་སོའི་ཁྱིམ་ཚང་དུ་མ་བཏང་བར་སློབ་གྲྭའི་ནང་དུ་བཀག་འགོག་བྱས་ཡོད་པ་རེད། ཡིན་ནའང་། དགོན་པ་ཁག་དང་སྡེ་བ་ཁག་ཏུ་བོད་ཀྱི་གཞིས་བྱེས་གཉིས་ཀྱི་ལོ་གསར་ལ་མཉམ་དུ་རོལ་པར་སྔོན་མ་དང་མི་འདྲ་བར་དགོན་པ་ཁག་གི་གྲྭ་བ་རྣམས་གྲྭ་ཤག་ནང་དུ་མཉམ་འཛོམས་དང་སྡེ་བ་ཁག་གི་བོད་རིགས་རྣམས་སོ་སོའི་མ་ནི་ལྷ་ཁང་དུ་མཉམ་དུ་འཛོམས་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་གནས་ལྕགས་མོ་ཡོས་ལོ་སྟེ་བོད་རྒྱལ་ལོ་༢༡༣༨་ལོའི་གནམ་ལོ་གསར་བ་ཞིག་ལ་རོལ་བའི་རྣམ་པ་ཞིག་མངོན་ཡོད། གཅན་ཚ་རྫོང་གི་བོད་རིགས་མང་ཚོགས་ལ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ལོ་གསར་ཆིག་སྒྲིལ་བྱེད་པའི་བསམ་ཚུལ་འདི་ནི་༢༠༠༨་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་ནང་དུ་རྒྱ་ནག་གིས་བོད་རིགས་ཡོངས་ལ་མནར་གཅོད་བཏང་བའི་དཀའ་སྡུག་གི་ཁྲོད་ནས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་འདུག གཅན་ཚ་རྫོང་གི་མགུར་དགོན་པ་དང་བདེ་ཆེན་དགོན་པ། ངང་རོང་དགོན་པ། ཀོའུ་བ་དགོན་པ། གསང་སྒྲོག་དགོན་པ་རྣམས་གཙོ་བྱས་པའི་སྣང་རའི་གྲོང་བརྒྱད་དང་། ཧོར་མོ་ཁག་གསུམ། སྐ་ཕུག་ཚོ་གསུམ་གྱི་རྒན་རབས་པ་ཚང་མས་སྣེ་ཁྲིད་དེ་ད་ལོ་ནས་བཟུང་རྫོང་དེའི་དགོན་པ་ཁག་དང་ཡུལ་ཚོ་ཁག་གི་སྡེ་བ་ཡོངས་ཀྱི་མང་ཚོགས་ཚང་མས་ལོ་ངོ་བརྒྱད་ཅུའི་ལྷག་གི་རིང་དུ་རྒྱ་མི་དང་མཉམ་དུ་ལོ་གསར་གཏོང་བའི་ཨ་མདོའི་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས་པར་སྐུལ་སློང་དང་འབོད་སྐུལ་ཞུས་ཏེ་རྒྱ་ལོའི་ལོ་གསར་མི་གཏོང་བར་བཟོས་པ་དང་། གོང་ས་༸་སྐྱབས་མགོན་མཆོག་གཙོ་བོར་གྱུར་པའི་བོད་ཕྱི་ནང་གི་བོད་རིགས་ཚང་མ་དང་མདོ་དབུས་ཁམས་གསུམ་གྱི་ལོ་གསར་གྱི་དུས་ཚིགས་གཅིག་གྱུར་དུ་གཏོང་བའི་ལས་འགུལ་སྤེལ་ཡོད། དེ་ནི་རྒྱ་མི་རིགས་དང་མཉམ་དུ་ལོ་གསར་གྱི་སྤྲོ་སྐྱིད་གཏོང་འདོད་མེད་པ་དང་། གཙོ་བོར་གོང་ས་༸མཆོག་དང་བོད་ཕྱི་ནང་གི་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་དང་དུས་ཆེན་གྱི་སྤྲོ་སྐྱིད་མཉམ་གཏོང་བྱེད་པའི་དམིགས་ཡུལ་ཡིན་པར་མ་ཟད། བོད་ནང་གི་མི་དམངས་ཀྱི་ཆོལ་གསུམ་གཅིག་སྒྲིལ་གྱི་བསམ་བློ་ནི་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཀྱང་ཡིན། །

གསར་འགྱུར།

Post navigation

Previous Post: འཇར་པན་གྱི་ས་འགུལ་མཚོ་གཡོས་བྱུང་སའི་འདྲ་པར་སྔ་རྗེས།
Next Post: ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དམིགས་བསལ་ཛ་དྲག་གསལ་བརྡ།

Comments (2) on “ལོ་གསར་བཀག་འགོག་གི་ཆེད་དུ་མི་གཉིས་འཛིན་བཟུང་བྱས་པ།”

  1. LAMA says:
    2011-03-15 at 12:40 pm

    དངོས་གནས་དཔའ་བོ་རེད་

  2. རྡོ་རྗེ། says:
    2011-03-16 at 5:12 am

    ༄། །བཙན་པོ་མེས་དབོན་གྱི་རྗེས་འཇུག་འདི་ཚོར་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད། ད་ནི་ཟོག་བཞིན་དུ་མགོ་འཐོམས་ནས་འདུག་པ་དང་། ཕག་བཞིན་དུ་བསམ་མེད་ཉལ་ནས་འདུག་པ། ཁྱི་བཞིན་དུ་ལྟོ་རྗེས་འབྲང་ནས་འདུག་པའི་དུས་མ་རེད། ཐོད་ན་མྱིག་དང་། མགོ་ན་རྣ། ཁོག་ན་སྙིང་ཡོད་པའི་གཞིས་ལུས་ང་ཚོ་ཚང་མ་གཅན་ཚའི་རྗེས་སུ་སྙེག རྔ་བའི་རྗེས་སུ་སྙེག བོད་ཀྱི་ལོ་སར་གཅིག་གྱུར་བྱེད། སང་ལོ་ཆུ་འབྲུག་ནས་བོད་ཆོལ་ཁ་གསུམ་པོའི་ལོ་སར་དུས་གཅིག་བྱེད། མགོ་མེད་པའི་རེབ་གོང་དང་བླ་བྲང་གཉིས། ལུས་མེད་པའི་སྐུ་འབུམ་
    བཅས་ལ་ཚང་མས་ལག་འཇུ་བྱོས། རྗེས་ལུས་འདི་ཚོར་ལམ་སྣ་དྲོངས། ཕྱི་ནང་ཚང་མས་ཐུགས་རྗེས་གཟིགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme