Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇར་པན་མཚོ་འཁྱོམ་ས་ཡོམ་གྱི་གནས་ཚུལ་གསར་ཤོས།

Posted on 2011-03-112011-03-11 By ཁ་བརྡ་ 23 Comments on འཇར་པན་མཚོ་འཁྱོམ་ས་ཡོམ་གྱི་གནས་ཚུལ་གསར་ཤོས།

e58f94e58f94
གནས་ཚུལ་མཁོ་གཏོང་བ་རྫ་ཚེ་རིང་བཀྲ་ཤིས།

༼རང་བྱུང་གི་འགུལ་སྐྱོད་སྣང་ཚུལ་འདི་ལ་འདི་ལ་རྒྱ་བོད་དབྱིན་གསུམ་མིང་མཛོད་དུ་མཚོ་འཁྱོམ་དང་མཚོ་འཕྱུར་གང་རུང་ཆོག་པར་གསུངས་ཤིང་། འགྲེལ་བཤད་དུ་རྒྱ་མཚོའི་འོག་ཏུ་ས་ཡོམ་བྱུང་བ་དང་མེ་རི་འཕྱུར་བ་དང་རྒྱ་མཚོ་རླུང་གིས་སྐྱོམ་པ་སོགས་ཀྱི་རྐྱེན་གྱིས་མཚོ་རླབས་ཆེན་པོ་དྲག་ཏུ་འཕྱུར་བའི་འཇིགས་པ་ཞིག་གོ ཞེས་གསལ།༽ དེ་རིང་ས་གནས་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཞེ་གྲངས་ཐོག་རིམ་པ་བརྒྱད་དང་ཚེགས་དགུའི་མཚོ་ཡོམ་ཆེན་པོ་ཞིག་འཇར་པན་དུ་བྱུང་ཡོད། ད་ལྟ་ཤི་གྲངས་མི་དྲུག་ཅུ་ལྷག་དང་། རྨས་གྲངས་ཉེས་བརྒྱ་བརྒལ་འདུག ད་ལྟ་རང་ང་ལ་རྒྱ་དགེ་བསྙེན་ཞིག་གི་ཕྲིན་ཐུང་འབྱོར་བར་百年未見ལོ་བརྒྱར་མཐོང་དཀོན་པ་ཞེས་བྲིས་འདུག ཐའེ་ཝན་གྱི་གསར་འགྱུར་ཁག་ཏུ་རི་པན་གྱི་ལོ་རྒྱུས་ཟིན་ཐོར་འཁོད་པའི་མཚོ་འཁྱོམ་ས་ཡོམ་ཨང་དང་པོ་དང་འཛམ་གླིང་གི་ཨང་ལྔ་བ་ཡིན་ཟེར་གྱི་འདུག ངོ་མ་ཆུ་རླབས་ཀྱིས་དེད་པའི་འཁོར་རིགས་དག་ནི་རིལ་མ་ཆུས་དེད་པ་དང་གཅིག་པ་རེད།

ས་ཁུལ་ཕལ་མོ་ཆེར་གློག་དང་འགྲུལ་ལམ་མཚམས་ཆད་པས་རྒྱལ་ཁབ་གཞན་ནས་ཁ་པར་བཏང་བ་ཡང་ལེན་མཁན་མེད་པར་ཕྱི་འབྲེལ་ལས་ཁང་སོ་སོས་སོ་སོའི་མིར་བདག་པོ་བརྒྱག་རྒྱུར་ཡང་དཀའ་ངལ་འཕྲད་མུས་རེད། ད་ལྟ་མཚན་མོར་སོང་ཡོད་ཀྱང་ས་ཁུལ་ཁ་ཤས་ལ་མེ་ཆེན་པོ་འབར་བཞིན་འདུག་ལ་ཚོད་འཛིན་ཡང་ཐུབ་ཀྱི་མི་འདུག ཕལ་ཆེར་སྣུམ་མཛོད་མིན་ནམ་སྙམ། ད་ཐེངས་ཀྱི་མཚོ་ཡོམ་འདིའི་ཤུགས་རྐྱེན་གཅིག་བྱས་ན་ཐའེ་ཝན་ལ་ཡང་ཡོང་སྲིད་པ་རེད་ཟེར་གྱི་འདུག མཚོ་རླབས་ཀྱི་རྒྱངས་སྐྱོད་དེ་ཆུ་ཚོད་ཁ་ཤས་ཀྱི་ནང་ལ་ཐའེ་ཝན་དུ་སླེབས་ཀྱི་རེད། དེ་བཞིན་ཉེ་དུས་རང་ལ་ཧྥི་ལི་པེན་ལ་མེ་རི་འབར་གས་དང་ཁར་རྩང་རང་ལ་རྒྱ་ནག་ཏུ་ས་ཡོམ་བྱུང་བ་སོགས་ཞི་བདེ་རྒྱ་མཚོ་མི་བདེ་རྒྱ་མཚོར་འགྱུར་བཞིན་པའི་དུས་མཚུངས་ཀྱི་གནད་དོན་འདི་ལ་དོན་གྱི་ཐོག་འབྲེལ་བ་ཡོད་མེད་ཐའེ་ཝན་གྱི་ཆེད་ལས་པས་དཔྱད་ཞིབ་བྱེད་བཞིན་འདུག
རྒྱ་ནག་དང་བོད་ནང་གི་ཐེངས་སྔ་ཕྱིའི་ས་ཡོམ་དང་བསྡུར་ན་མི་ཤི་གྲངས་ཤིན་ཏུ་ཉུང་ཉུང་རེད། ཁོང་ཚོའི་སྔོན་བརྡ་དང་།གསར་འགྱུར་ལས་སྒྲུབ་རུ་ཁག་གིས་ཡུལ་ས་རང་དུ་འགུལ་སྐྱོད་རྒྱག་བཞིན་པའི་གནས་ཚུལ་ཐད་གཏོང་བྱེད་པ། ཁང་པའི་བརྟན་ཆ་སོགས་ཧ་ལས་པ་རེད་བཞག ད་ལྟ་རང་ལ་དྲ་ལམ་ནས་རྒྱ་ནག་སྐམ་སའི་མི་ཞིག་གིས་ཀྱང་ང་ལ་འཇར་པན་གྱི་ཁང་པའི་བརྟན་ཆ་སོགས་ཧ་ལས་ཡོད་པའི་སྐད་ཆ་བཤད་སོང་།
e698af
ཁོས་བཤད་རྒྱུར། གལ་ཏེ་རྒྱ་ནག་ཡིན་ན་ཁང་པ་ཚང་མ་སྡིབ་ནས་བདེ་ཐང་ཆགས་ཡོད་པ་དང་ད་ཆ་དམག་མིས་གྱང་རོ་བརྐོ་བཞིན་ཡོད་རྒྱུ་རེད་ཟེར། དངོས་ཡོད་དེ་ལྟར་ཡིན་མིན་ལ་མ་ལྟོས་པར། ལྟས་ལྟས་ལ་རྒྱ་མཚོ་ལ་ཁར་བུད་ནས་ཁྱིམ་དུ་ཁྱི་སྨྱོན་བཞིན་ས་རྒྱུག་རྡོ་རྒྱུག་གིས་ཁང་པ་ས་ཞིང་སྐྱེ་དངོས་འགྲུམ་འགྲུལ་མ་ལག་དང་བཅས་པ་དེད་ནས་འགྲོ་བཞིན་འདུག གལ་ཏེ་ཐེངས་འདིའི་ས་ཡོམ་རྒྱ་ནག་གི་ས་ཆ་ཞིག་ཏུ་བྱུང་བ་ཡིན་ན་མི་འབུམ་ཚོ་མང་པོ་ཤི་ཡོད་ས་རེད་སྙམ་པ་འདུག ཐེངས་འདིའི་ཞི་བདེ་རྒྱ་མཚོའི་གཡོ་འཁྱོམས་འདི་དག་ཐའེ་ཝན་ལ་ཡང་ཉེ་རུ་གཅར་བཞིན་ཡོད་ཚུལ་ད་ལྟ་བརྒྱུད་ལམ་དུ་བརྗོད་ཀྱིན་འདུག ང་དང་སྡོད་ཁང་གཅིག་པའི་འཇར་པན་པ་དག་གིས་ཀྱང་མིག་མི་འཛུམ་པར་བརྙན་འཕྲིན་ངོས་ཀྱི་ཡ་ང་བའི་ཕ་ཡུལ་ལ་ཅེར་འདུག སྙིང་བརྗེ་བསམ་པ་ཞིག་རེད། ངའི་འཛིན་གྲོགས་གཞན་ཞིག་འཇར་པན་དུ་ལོག་ནས་འདིའི་གཟའ་ཉི་མར་ཚུར་ལོག་དགོས་ཀྱང་ད་ཆ་ངེས་བརྟན་ག་ལ་ཡོད། ངོ་མ་མི་རྟག་པ་ཟེར་བ་དེ་དྲན་དུ་འཇུག་གི་འདུག ད་ལྟ་ཐའེ་ཝན་གྱི་འཇར་པན་པ་མང་པོ་མང་པོ་དེ་དག་རང་གི་ཕ་ཡུལ་ལ་ལོག་ཆེད་ཐའེ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་བང་བསྒྲིགས་ནས་འདུག
འོན་ཀྱང་བྱ་ཐབས་ནི་གང་ཡོད།

ད་ལྟ་རང་ཞིན་ཧྭ་དྲ་བའི་ཐོག་ཏུ་རྒྱལ་སྤྱིའི་རྒྱ་མཚོའི་སྔོན་བརྡ་ཁང་གིས་ཐེངས་འདིའི་མཚོ་འཁྱོམ་གྱི་ཤུགས་རྐྱེན་རྒྱ་ནག་གི་ཡང་ཀྲེ་ཅང་སོགས་སུ་ཡོང་སྲིད་པ་བཤད་ཚུལ་བཀོད་འདུག ཚང་མས་རང་བྱུང་ཁམས་དང་མི་དང་མིའི་བར་གྱི་སེམས་ཐག་ཉེ་རུ་གཏོང་རོགས། ནུས་པ་གཅིག་ཏུ་དྲིལ་ནས་འཛམ་གླིང་གི་ཞི་བདེ་ལ་ལེགས་སྐྱེས་འབུལ་རོགས། དུང་སེམས་ཉམས་བསྐྱེད་དང་བྱམས་སེམས་སྒོམས་རོགས།

གསར་འགྱུར།

Post navigation

Previous Post: ཤ་ཟད་རུས་སྐམ་གྱི་སྲིད་དོན་བཙོན་པ་ཞིག
Next Post: “རེ་སྐུལ་དང་ལེན་བྱ་ཐབས་མ་སོང་ཡང་”ཞེས་པའི་ཐད་ལ །

Comments (23) on “འཇར་པན་མཚོ་འཁྱོམ་ས་ཡོམ་གྱི་གནས་ཚུལ་གསར་ཤོས།”

  1. ལ་སྟོད་བུ། says:
    2011-03-11 at 2:00 pm

    རྫ་ཚེ་རིང་བཀྲ་ཤིས་ལགས་གསར་འགྱུར་ཚ་ཐུལ་ལེར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
    བོད་ཀྱི་གསར་འགོད་པ་དེ་ཚོ་གཉིད་ཁུགས་ནས་གང་ག་ལ་རྩལ་ཀྱང་རྙེད་རྒྱུ་མི་འདུག
    RFATIBETAN་་་་དུས་བབས་བང་ཆེན་ལས་སོགས་སུ་ལྟས་ཀྱང་མཐོང་རྒྱུ་རིག་རྒྱུ་མི་འདུག
    བོད་རིགས་གསར་འགོད་པ་དེ་ཚོ་ནི་རྗེས་ལུས་རྗེས་ལུས་སུ་འགྲོ་བཞིན་འདུག
    ཆུ་ཚོད་དང་ཉིན་མ་ཁ་ཤས་རྗེས་སུ་གསར་འགྱུར་བཤད་ཁུལ་བྱས་ཀྱང་གསར་འགྱུར་མིན་རྙིང་རུལ་ཡིན་པས་དགོས་པ་ཡང་མེད།
    བྱུང་ན་ངེད་ཚོས་ས་འགུལ་གྱི་སྐོར་ལ་བགྲོགས་གླེང་རེ་གནང་ན་ཤིན་ཏུ་ལེགས།

  2. འཇིག་མེད་ says:
    2011-03-11 at 2:18 pm

    ས་ཡོམ་རྒྱབ་ས་ནོར་སོང་ བློ་ཕམཤིན་ཏུ་ཆེ

  3. འཇར་པན། says:
    2011-03-11 at 2:30 pm

    ད་ལྟ་ང་ཉི་ཧོང་གི་རྒྱལ་ས་ཀྲོ་ཅོག་ལ་ཡོད་ད་ལྟ་ད་རུང་ས་འགུལ་ཆུང་ཚག་གྲངས་མང་འགུལ་བཞིན་པའི་སྐབས་ཤིག་རེད། ངོ་མ་ཉི་ཧོང་གི་མིའི་བྱང་ཚད་ཧང་སང་བ་རེད། འོན་ཀྱང་དེ་རིང་དེ་སྐོར་མང་བོ་འབྲི་མི་ཐུབ་ཀྱི་འདུག ད་རུང་ངའི་སེམས་པ་ལྷོད་ལ་བབས་མེད་ཀི་
    ད་ལྟ་མཚན་མོའི་ཚོུད་༣ ཕྱེད་ཀ་རེད། ད་དུང་ཉལ་མ་ནུས་པར་བརྙན་འཕྲིན་བལྟས་ནས་བསྡད་ཡོད།
    ས་འགུལ་མ་ཡོང་གོང་གིས་སྐར་ཆ་ཁ་ཤས་ཀྱི་སྔོན་ལ་བརྡ་ཐོན་གི་འོན་ཀྱང་བྲོལ་ཁོམ་ཅང་མེད་ཀི
    དེ་འདྲ་རེད།

  4. འཇར་པན། says:
    2011-03-11 at 2:32 pm

    བྲོས་ཁོམ་མེད་ཀི

  5. རྫ་ཚེ་རིང་བཀྲ་ཤིས། says:
    2011-03-11 at 9:45 pm

    ད་ནང་ང་གཉིས་སད་དུས་ཨོ་བྷ་མས་ང་ཚོ་ལ་ཐེངས་འདིར་མིའི་ཚེ་སྲོག་ཅེས་པ་འདིའི་གོ་དོན་ལ་དྲན་སྐུལ་ཞིག་ཞེས་སོང་ཟེར་གྱི་འདུག ངས་གོ་ཉེས་མིན་ན་ཨ་རིའི་ཕྱོགས་ནས་དགོས་གལ་བྱུང་ན་དམག་མི་ཁྲི་བཅུ་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད་ཟེར་སོང་བསམ། འོན་ཀྱང་གྲངས་ཀ་དེ་གོ་ནོར་ཡོད་མེད་གསལ་པོ་ཤེས་མ་སོང་།
    ཐའེ་ཝན་གྱི་གསར་འགོད་པ་དེ་ཚོས་ང་ཚོས་བོད་སྐད་གསར་འགོད་པ་ཞིག་གི་སྐད་ཆ་གཅིག་བཤད་པའི་ཡུལ་ལ་སྐད་ཆ་ལྔ་དྲུག་ཅིག་བཤད་གི་རེད། མགྱོགས་དྲགས་པས་སྐབས་རེར་ངས་ཡག་པོ་གོ་གི་ཡང་མི་འདུག

  6. ལ་སྟོད་བུ། says:
    2011-03-11 at 10:17 pm

    དུས་བབ་ནས་དུས་སུ་བབས་པའི་གསར་འགྱུར་མི་འདུག
    ཨེ་ཤ་ཡའི་རླུང་འཕྲིན་ལས་ཁང་ནས་ཤར་གླིང་གི་གསར་འགྱུར་ཚ་བོ་དེ་མི་འདུག
    བང་ཆེན་ནས་ཤིན་ཏུ་རྫ་དྲག་ཆེ་བའི་སྐབས་ལ་མགྱོགས་པའི་བང་ཆེན་མི་འདུག
    ད་ཁ་བརྡ་ནང་གི་དྲྭ་གྲོགས་འགའ་ཞིག་གིས་མ་བསྐུལ་དང་བླང་གིས་གསར་འགྱུར་བཤད་པ་དེ་ཚོར་ཡི་རངས་དང་གུས་འདུད་ཞུ།

  7. BONPO says:
    2011-03-11 at 10:30 pm

    དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས་བསམ་པ་མྱུར་འགྲུབ་བཞུགས།
    ཨེ་མ་ཧོ། ཕྱོགས་བཅུའི་རྒྱལ་བ་ཡི་དམ་མཁའ་འགྲོ་ཡི། །ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པ་ཡི། །འཛམ་བུ་གླིང་དུ་འགྲོ་བའི་དོན་བྱོན་པ། །འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ཚེ་ལོ་བརྒྱ་བའི་དུས། །ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། །ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར། །ཚེ་ཡི་བར་ཆད་ཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ས་བཅུད་ཉམས་པའི་དུས། །འབྲུ་བཅུད་མི་འཕེལ་བཙའ་སད་མང་བའི་དུས། །ཁྱེད་ནི་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར། །འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བསོད་ནམས་མར་འགྲིབ་སྐབས། །དབུལ་འཕོངས་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །ཁྱེད་ནི་འཛམ་བྷ་ལྷ་ཡི་འཁོར་གྱིས་བསྐོར། །རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་དཀར་ཕྱོགས་འཁྱམས་པའི་དུས། །ནག་ཕྱོགས་གཞི་བདག་ས་བཟུང་བྱེད་པའི་དུས། །ཁྱེད་ནི་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར། །དཀར་ཕྱོགས་རང་གནས་འཁོར་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ཆར་ཆུ་མི་འབེབ་དུས། །ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས། །ཁྱེད་ནི་ལྷ་ཀླུ་ཆར་བདག་འཁོར་གྱིས་བསྐོར། །ཆར་ཆུ་དུས་སུ་ཕོབ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་འཁྲུགས་རྩོད་བྱེད་པའི་དུས། །སེམས་ཅན་མང་བོ་གྲི་ལ་ཤི་བའི་དུས། །ཁྱེད་ནི་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར། །དུས་འཁྲུགས་དམག་དཔུང་ཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་སྒོ་ནོར་འཆི་བའི་དུས། །ཉ་གོར་གློ་ཧོན་ནད་རིགས་དར་བའི་དུས། །ཁྱེད་ནི་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར། །ནོར་ནད་མྱུར་དུ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ནད་རིམས་འོང་བའི་དུས། །ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས། །ཁྱེད་ནི་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །ནད་རིམས་མཐའ་ལ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བསམ་པ་མི་འགྲུབ་དུས། །ལམ་ལོག་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས། །ཁྱེད་ནི་ལྷ་སྲུང་བོན་སྐྱོང་ཚོགས་ཀྱིས་བསྐོར། །བསམ་དོན་ལམ་འགྲོ་མཛད་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་དགེ་སྦྱོར་མི་འགྲུབ་དུས། །དགེ་བྱེད་ཚུལ་ཁྲིམས་བར་ཆད་མང་བའི་དུས། །ཁྱེད་ནི་རྩ་བའི་བླ་མ་འཁོར་གྱིས་བསྐོར། །དགེ་བ་མཐའ་རུ་ཕྱིན་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་གཟའ་སྐར་འཁྲུགས་པའི་དུས། །ནམ་མཁའ་མེ་འོད་སྤྲིན་ཚོགས་ཤར་བའི་དུས། །ཁྱེད་ནི་དུས་བཞི་ལྷ་ཡི་འཁོར་གྱིས་བསྐོར། །གནམ་ཐན་ལྟས་ངན་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བར་སྣང་སྟོང་སྒྲ་གྲགས། །ས་གཞི་འགུལ་ནས་སྐྲག་བསྔངས་འོང་བའི་དུས། །ཁྱེད་ནི་ས་གནོན་ཁྲོ་བོའི་འཁོར་གྱིས་བསྐོར། །ས་གཞི་གཡོ་འགུལ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་འདྲེ་བགེགས་དར་བའི་དུས། །ཤི་འདྲེ་གསོན་འདྲེས་གནོད་པར་བྱེད་པའི་དུས། །ཁྱེད་ནི་ཡི་དམ་དྲག་པོ་འཁོར་གྱིས་བསྐོར། །འདྲེ་གདོན་དམ་ལ་ཐོག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་མ་རུང་ལྟས་ཚོགས་དང་། །མེ་དགྲ་ཆུ་དགྲ་རླུང་དགྲའི་དགྲ་ཚོགས་དང་། །ས་དགྲ་འབྱུང་བ་དུས་ཀྱི་དགྲ་རྣམས་ཀྱང་། །ཁྱེད་ཀྱི་ཐུགས་རྗེས་རང་སར་ཞི་བར་ཤོག །བདག་ནི་ནམ་ཞིག་འཆི་བའི་དུས་བབས་ལ། །ཁྱེད་ནི་སངས་རྒྱས་བདེར་གཤེགས་འཁོར་གྱིས་བསྐོར། །བར་དོའི་འཇིགས་སྐྲག་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །བདེ་ཆེན་ལམ་སྣ་ཁྲིད་མཛད་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེ་ཉེ་རིང་མེད་པ་ལ། །ནང་ནུབ་དུས་དྲུག་ཁྱེད་ཀྱི་ཐུགས་རྗེ་གཟིགས། །གཟུགས་ཅན་གཟུགས་མེད་དགྲ་ཚོགས་ཁྱེད་ཀྱིས་བཟློག །འདི་དང་ཕྱི་མའི་སྐྱབས་མགོན་མ་ཆུང་ཞིག །བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཨཱོྃ་ཨཿཧཱུྃ། དྲན་པ་མུ་ལ་ཧ་རི་ནི་ས་སི་ཏི་འདུས་འདུས། །

  8. ཀླུ་སྨྱོན། says:
    2011-03-11 at 10:55 pm

    ཨོྃ་ས་ཡོམ་མེད་པར་གྱུར་ཅིག་སྭྰ་ཧྰ།
    ཨོྃ་ས་གཏིང་གི་མེ་རི་གས་འཐོར་དུ་མི་འགྲོ་བར་གྱུར་ཅིག་སྭྰ་ཧྰ།

  9. lungtok says:
    2011-03-12 at 2:22 am

    ད་ནི་༢༠༡༢ལོར་ཡོང་རྒྱུའི་ལུང་བསྟན་དེ་གསལ་རུ་གསལ་རུ་འགྲོ་བཞིན་འདུགས། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། དཀའ་བ་སྤྱད་པ་མེད་པར་ཡང་། ལྷ་བས་ལྷག་པའི་ལུས་ཐོབ་ནས། དེ་ཡང་སངས་རྒྱས་མྱུར་ཐོབ་ཤོགས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུ

  10. དམག་ལོག་ says:
    2011-03-12 at 12:17 pm

    སྐྲག་སྣང་ཅན་གྱི་དུས་ཚོད་དེ་སེམས་ཅན་ཐམས་ཅད་ཀྱི་མགོར་མི་ཡོང་བར་སྨོན། ཨོྃ་ས་ཡོམ་མེད་པར་གྱུར་ཅིག་སྭྰ་ཧྰ། ཨོྃ་ས་གཏིང་གི་མེ་རི་གས་འཐོར་དུ་མི་འགྲོ་བར་གྱུར་ཅིག་སྭྰ་ཧྰ། ཨོ་ས་མི་འགུལ་བར་སྭྰ་ཧྰ། ཨོ་མཚོ་རླབས་ཆེན་པོ་མི་ཡོང་བར་སྭྰ་ཧྰ།

    འདིའི་རྗེས་མ་རྒྱ་ནག་ཡིན་ད་་་་་

  11. ལ་སྟོད་བུ། says:
    2011-03-12 at 12:32 pm

    ཨཱོཾ་མེར་མེར་ཡེ་སྭོ་ཧ།
    ཨཱོཾ་བྷར་བྷར་ཡེ་སྭོ་ཧ།
    ཨཱོཾ་ཁྱུག་ཁྱུག་ཡེ་སྭོ་ཧ།
    འབྱུང་བཞིའི་གཡོ་འཁྲུགས་ཐམས་ཅད་མོ་ཤམ་བུ་ཡི་མགོ་ལ་རྒྱོབ་ཅིག་སྭོ་ཧ།

  12. BONPO says:
    2011-03-12 at 1:58 pm

    འདི་འདྲ་བའི་རང་འབྱུང་གི་འཇིགས་པ་ནི་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་སུ་ལའང་མི་འོང་པའི་སྨོན་ལམ་འདེབས་སོ། གོང་དུ་བཀོད་པའི་དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས་དེ་ཚར་མང་པོ་འདོན་པ་གནང་རོགས། རང་གཞན་ཚང་མ་ལ་ཕན་པ་ཡོང་ངེས། ཀྱེ་མ་ཀྱེ་ཧུད་འཁོར་བ་སྙིང་རྗེའི་གནས། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག། །

  13. BONPO says:
    2011-03-12 at 2:02 pm

    དཔེ་ལོངས་ལ

  14. ཀརྡོ་རབ་འབྱམས་པ་ says:
    2011-03-12 at 2:14 pm

    བོན་པོའི་དྲངས་པའི་གསོལ་འདེབས་འདི། སེམས་ལ་ཕན་པ་ཅིག་འདུག ་་སི་ཏི་འདུས་འདུས། ཀྱིས་མཇུག་བསྡུས་པའི་དཔེ་ཆ་ཁ་ཤས་ཅིག་མིག་ལམ་གྱུར་པ་དག བོན་གཞུང་གི་ཁོངས་སུ་གཏོགས་པར་སྟོན་པ་འདྲ།

  15. ཀརྡོ་རབ་འབྱམས་པ་ says:
    2011-03-12 at 2:21 pm

    བོན་པོས།

  16. ཁྱུང་དཀར says:
    2011-03-12 at 3:41 pm

    བརྙན་འཕྲིན་ངོས་ཀྱི་མཚོ་རླབས་ཀྱིས་འདེད་བཞིན་པའི་ཧེ་རོ་ཤི་མའི་གྲོང་ཁྱེར་མཐོང་དུས་ཡུད་ཙམ་ཞིག་ལ་དྲན་པ་རབ་རིབ་ཏུ་གྱུར་སོང་། ཨ་ཤུ་རེ་ཁོ། ཨེ་ཤ་ཡའི་མིག་དཔེ་སྟོན་སའི་ལུང་པ་ཡ་རབས་འདི་དུས་ཡུན་སྐར་ཆ་ཁ་ཤས་ཀྱི་རིང་ལ་མཚོ་རླབས་ཀྱིས་འདི་ལྟར་འཁྱིད་མིད་བཏང་བ་ཇི་འདྲའི་སྐྱོའང་། ཡིན་ཡང་། ང་ཚོའི་ཁ་ནས་བཤད་བཞིན་པའི་སྙིང་རྗེའང་བསམ་པ་ལས་བྱ་ཐབས་ག་རེ་ཡོད་པ་རེད། དངོས་གནས་འཇར་པན་པ་ཚོ་གདུང་སེམས་མཉམ་བསྐྱེད་ཡོད་ཡ།

  17. གཞོན་ནུ་ཟླ་མེད། says:
    2011-03-12 at 4:15 pm

    ཨ་ཁ་ཁ། ད་འཇར་པན་ལ་ས་འགུལ་རིམ་པ་༨།༩ འགུལ་བའི་རྗེས་ནས་མཚོ་རླབས་བྱུང་ནས་ཁང་པ། མཚོ་གྲུ རླངས་འཁོར། མེ་འཁོར་སོགས་ས་གཞི་ཐོག་ཡོད་ཚད་འཁུར། གློག་འཐབ་ནས་རྡོ་སྣུམ་དང་འབར་ཆོག་པ་ཡོངས་རྫོགས་ལ་མེ་འབར། ད་དུང་རྡུལ་ཕྲན་བཟོ་གནས་ཞིག་གི་ཆ་ཤས་ལ་གས་འཐོར་བྱུང་འདུག BBC News ལ་བལྟ་ན་འདི་ནས་ལྟོས། http://www.bbc.co.uk/news/world-middle-east-12307698

  18. དྲི་མེད་ལྷག་བསམ། says:
    2011-03-14 at 11:44 pm

    ༄། །མཆོག་གསུམ་ཀུན་འདུས་བླ་མ་པདྨ་འབྱུང་། །ཚེ་དཔག་མེད་མགོན་སངས་རྒྱས་སྨན་བྱི་བླ། །སྤྱན་རས་གཟིགས་དབང་རྗེ་བཙུན་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །འདོད་ཆགས་ཆུ་དགྲ་ཞེ་སྡང་མེ་ཡི་དགྲ། །ང་རྒྱལ་ས་གཡོ་ཕྲག་དོག་གནམ་ཐོག་སོགས། །སྐྱེ་འགྲོའི་རང་བྱས་སྨིན་པའི་འཇིགས་པ་ཀུན། །བཤགས་སོ་དག་ཅིང་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདིའང་སྙིགས་མིའི་དུས་སུ་འབྱུང་བཞི་གཡོ་འཁྲུགས་ཀྱིས་ས་སྟེང་འགྲོ་བ་ཕལ་ཆེར་དུས་ཀྱི་ཆོས་ཉིད་འགྲོ་བའི་མཚན་མ་མཐོང་སྟེ་རྡོ་བླ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྨོན་པའོ། །བསམ་པ་རྣམ་པར་དག་པས་བཤགས་པ་གྱིས། མཎི་དང་། སིདྡྷི། སྒྲོལ་མའི་དར་ཅོག་ཕྱོར། ཁ་འདོན་གྱིས། མཆོད་རྟེན་བཞེངས་ན་ཕན་པ་འབྱུང་བར་ངེས་སོ། །རྡོ་གྲུབ་རྒན་གྱི་གསུང་ཡིན།

  19. ལ་སྟོད་བུ། says:
    2011-03-15 at 12:12 am

    ཨ་ཙི་གླིང་འདིར་འཕྲུལ་རིག་དང་དཔལ་འབྱོར་ཤེས་ཡོན་ལས་སོགས་ཀྱིས་དཔལ་ཡོན་རབ་ཏུ་ཕྱུག་པའི་ཉི་ཧོང་གི་གླིང་ཕྲན་དེ་ནམ་མཁའི་གློག་འཁྱུག་པ་བཞིན་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་འཇིག་རྟེན་ཕུང་ཤུལ་ཞིག་ཏུ་བསྐྱལ་སོང།
    དེ་ནི་མཇའ་ཚོན་དང་འདྲ་བས་བཀྲ་ལ་གསལ་ཞིང་དུས་ཡུན་ཐུང་ངུ་ལས་མ་བཞུགས།
    དེ་ནི་རྩ་འགོའི་ཟིལ་པ་དང་འདྲ་བས་དུས་ཡུན་ཐུང་ངུ་ཞིག་ལས་མ་གནས།
    དེ་ནི་སྟོན་གྱི་བ་མོ་དང་འདྲ་བས་དུས་ཡུན་ཐུང་ངུ་ཞིག་ལས་མ་བསྡད།
    ད་བོད་ཀྱི་ནང་ཆོས་ནས་བཤད་པའི་སྣིང་རྗེའི་ཚིག་དེ་འདྲ་སྒྲོག་པ་ལས་བྱེད་ཐབས་མེད།
    དངུལ་སྒོར་རྡོག་གཅིག་ཀྱང་འབུལ་མི་ཐུབ་པའི་སྙིང་རྗེ་སེམས་བསྐྱེད་དེ་ཚོ་ང་ཚོའི་ལུགས་སྲོལ་ཤིག་ཏུ་གྱུར་སོང།
    དེ་མིན་ན་ཉིན་རེའི་མཆོད་མེ་དང་ཤུག་བསང་ལས་སོགས་ཉིན་རེའི་མཆོད་འབུལ་གྱི་འགྲོ་གྲོན་གྱི་དངུལ་དེ་རིགས་ཉི་ཧོང་ལ་འབུལ་ཐུབ་ན་སྣ་ིང་རྗེ་དེ་ལག་ལེན་གྱི་ཐོག་ཏུ་འཁེལ་ངེས།
    དེ་མིན་དྲྭ་རྒྱ་འདི་ཡིས་བརྒྱུད་ནས་སྙིང་རྗེ་དང་སེམས་བསྐྱེད་སྨོན་ལམ་སོགས་གསུང་རྒྱུ་ལས་ལྷག་མེད
    དེ་ནི་འགྲོ་གྲོན་མེད་པའི་སྙིང་རྗེའི་སྒོམ་སྟངས་ཤིག་རེད།

  20. དྲི་མེད་ལྷག་བསམ། says:
    2011-03-15 at 1:02 am

    སིདྡྷི་ལ་་་་་སི་ཏུ། ཛྙཱ་ན་ལ་་་་གཉའ་ན། བི་མ་ལ་་་་བྱེ་མ། གྲ་ཧ་ལ་་་གྱ་ཧ་སོགས་རྙིང་མའི་རྒྱུད་འབུམ་ཏུ་ཡང མང་པོ་བྲིས་འདུག་ཐུའུ་བཀྭན་གྱིས་རྙིང་བོན་གཉིས་ལ་ནང་གཤིན་པོ་འདུག་ཟེར་བ་ཡང་དགོངས་འཆར་བཞེས་དགོས་པའི་གཏམ་ཏུ་ཟད།

  21. ཀརྡོ་རབ་འབྱམས་པ་ says:
    2011-03-15 at 3:52 am

    ་་་སརྦ་འདུས་འདུས། སོགས་ཀྱི་དོན་གང་ཡིན་ནམ།

  22. BONPO says:
    2011-03-15 at 2:22 pm

    འཇར་པན་དང་ཨ་རི་གཉིས་ཀྱིས་ཕན་ཚུན་ཡ་ང་བ་དང་སྐྱི་འཇིགས་པའི་་ལས་ངན་སེམས་ནང་དུ་ཤོངས་དཀའ་བ་དེ་འདྲ་ཞིག་བསགས་ཀྱང། དུས་བསྟུན་དགོས་དམིགས་དང་ཡ་རབ་བཟང་སྤྱོད་ཀྱིས་གཉིས་འཆམ་དང་མཐུན་སྒྲིལ་བྱས་པའི་བློ་སྟོབས་དམིགས་དཔེ་བཟང་པོ་བལྟ་ས་ཡོད་སྲིད་པ་ལ། འུ་ཚོ་བོད་ཀྱི་བོན་དང་བན་གཉིས་ཀྱང་མི་རིགས་གཅིག་པའི་ལ་རྒྱ་དང་བདེ་ཞིང་སྐྱིད་པའི་འཆམ་མཐུན་གྱི་བཟང་སྤྱོད་ཡང་དག་པ་རྒྱུན་སྐྱོང་གནང་ཐབས་ལ་འབད་པ་ལྷུར་ལེན་བྱེད་དགོས་པར་སེམས་སོ།

  23. རྫ་ཚེ་རིང་བཀྲ་ཤིས། says:
    2011-03-16 at 10:27 am

    དེ་རིང་ཉིན་དྲུག་པར་ཡང་འཇར་པན་ལ་ཚད་རིམ་དྲུག་བརྒལ་བའི་ས་ཡོམ་མུ་མཐུད་རྒྱག་གིན་ཡོད་པ་དང་། ཉིང་རྡུལ་གློག་ཁང་འབར་གས་སོགས་ཀྱི་གནོད་འཚེ་ནི་རྒྱ་བསྐྱེད་འགྲོ་བཞིན་འདུག་གོ
    བླ་མ་མཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme