Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་དུ་ ༣.༡༠ དུས་དྲན།

Posted on 2011-03-112011-03-11 By ཀླུ་ 17 Comments on བལ་ཡུལ་དུ་ ༣.༡༠ དུས་དྲན།

nepal3101
བལ་ཡུལ་དུ་བོད་མིའི་རང་དབང་སྒེར་ལངས་༣༡༠ཉིན་ཉེན་རྟོག་པས་བོད་མི་ལས་འགུལ་བ་བཅུ་ཕྲག་བརྒལ་བ་འཛིན་བཟུང་དང་དབྱུག་པས་གཅར་རྡུང་བྱས་ནས་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

གསར་འགྱུར།

Post navigation

Previous Post: ད་ལྟ་རང་འཇར་པན་དུ་8.9ཡི་ས་འགུལ་མཚོ་གཡོས་བྱུང་བ།
Next Post: ཤ་ཟད་རུས་སྐམ་གྱི་སྲིད་དོན་བཙོན་པ་ཞིག

Comments (17) on “བལ་ཡུལ་དུ་ ༣.༡༠ དུས་དྲན།”

  1. BBC says:
    2011-03-11 at 6:03 am

    བལ་པོའི་དམག་མི་དང་ཉེན་རྟོག་པ་འདི་རྣམས་ལ་རྒྱ་མིའི་སྐྱགས་པ་ཟ་ལབ་རོགས། དངོས་གནས་བྱས་ན་བོད་མི་ཚང་མ་བལ་ཡུལ་ལུང་པ་འདི་ནས་ལུང་པ་གཞན་ལ་གནས་སྤོ་བྱེད་དགོས་ཚོད་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2011-03-11 at 6:29 am

    བལ་ཡུལ་གཞུང་ཡོད་ལ་མེད་ལ། ཐེབས་ཅག་འདི། རྒྱ་མིའི་རྒྱུགས་བྱེད་རྒྱུ་ལ། དགའ་བ་ལ་དགའ་ཚོད་མ་རེད། ལས་འགུལ་པ་ཚོའི་ལས་སྒྲིབ་སྦྱོང་བ་དང་། སྡུག་རྩུབ་ཅན་གྱི་ཉེན་རྟོག་ཚོ་ལ་རྣམ་སྨིན། ཚེ་འདི་རང་ལ་ཕོག་པའི་རེ་བ་དང་སྨོན་འདུན་ཡོད། བལ་རིགས་དང་། བོད་རིགས་གཉིས་ཀྱི་མཐུན་ལམ་ཡུན་བརྟན་ཤོག །

  3. ཀརྡོ་རབ་འབྱམས་པ་ says:
    2011-03-11 at 6:30 am

    རྒྱུགས་དེ་རྒྱུགས་༼ཁྱི༽ར་བཅོས།

  4. lungtok says:
    2011-03-11 at 7:20 am

    དེ་བས་བློ་ཕམ་དགོས་པ་ཞིག་ནི་རྟ་མང་བའི་ན་གཞོན་ཁ་ཤས་ནས་རྒྱུ་མཚན་གང་ཡང་མེད་པར་བོད་མི་ལས་འགུལ་བར་རྡུང་རྡེག་བཏང་བ་དེ་རེད། བོད་པའི་སྒོན་སྡེ་ཁགས་ནས་སྨོན་ལམ་སོགས་ཚོགས་སྐབ་རྟ་མང་བ་མང་པོ་པད་ཤག་དང་ཁ་ལག་གི་ཆེད་དུ་ཡོང་བཞིན་ཡོད་པ་དང་། རྟ་མང་བ་མང་པོ་ལ་སློབ་སྦྱོང་སྤྲད་བཞིན་ཡོད་ཀྱང་། ཁོང་ཚོས་ད་དུང་འདི་ལྟར་བྱེད་དགོས་དོན་གང་ཡིན་ན། ང་ཚོས་ཀྱང་འདི་ལ་ཁ་གཏད་གཅིག་མ་བཅག་ན། བཟང་ལ་ངོ་སོ་མེད་ན་བཟང་པོ་ཇེ་ཉུང་དང་། ངན་ལ་ཆད་པ་མེད་ན་ངན་པ་ཉེ་མང་གི་དཔེ་བཞིན་འགྱུར་ཉེན་འདུག།

  5. ཅོ་རི་ཉི་མ། says:
    2011-03-11 at 7:24 am

    ཨ་རིའི་གཞུང་གིས་བལ་ཡུལ་བོད་མི་རྣམས་ཨ་རི་ལ་ལེན་གྱི་གསུངས་དུས་མཐུན་འགྱུར་གྱི་རོགས་རམ་མེད་པར་དགག་བྱ་བྱས་མཁན་དཔོན་ངན་ཚོའི་སེམས་པ་སྐྱིད་པོ་ཡོད་ཀྱི་རེད། རང་མི་ཁྱི་རྡུང་རྡུང་བྱས་དུས་སུ་དགའ་པོ་ཡོད་ཀྱི་རེད། བསམ་དོན་འགྲུབ་ཡོད་ཀྱི་རེད།

    བལ་ཡུལ་བོད་མིའི་རེ་བ་རྒྱབ་ས་བཀྲས་མཐོང་ལས་ལྷག་པ་སུ་གང་ཡང་མེད། མ་འོང་པ་ཨ་རི་ལ་འགྲོ་ཐུབ་པའི་རེ་རྒྱབ་དགོས། ཐབས་ཤེས་བྱེད་དགོས། བཙན་བྱོལ་བོད་མིའི་རྐང་པ་མ་ཚུགས་ན་བོད་དོན་སྒྲུབ་ཐུབ་ཐབས་མེད། བཙན་བྱོལ་གཞུང་གི་ལག་འོག་མི་སེར་སྐྱོར་མ་ཐུབ་ན་གཞི་ལུས་རྒྱ་ཆེ་མི་དམངས་སྐྱོར་ཐུབ་ཀྱི་རྨི་ལམ་ལྟ་བུ་རེད།

    གོམ་པ་དང་པོར་བཙན་བྱོལ་བོད་མི་རྣམས་སྲ་ཐག་ཐག་བཟོ་དགོས་ཀྱི་གལ་ཆེ་རེད་སྙམ། བཙན་བྱོལ་བོད་མིའི་འཚོ་བ་སྲ་ཐག་ཐག་བཟོ་དགོས་ཀྱི་དོན་ཆེན་རེད་འདོད། བཙན་བྱོལ་བོད་མིའི་སྡོད་གནས་སྲ་ཐག་ཐག་བཟོ་དགོས་ཀྱི་དེ་ལས་གནད་འགག་ཆེན་པོ་ལུས་ཡིན་སྙམ།

  6. BBC says:
    2011-03-11 at 8:14 am

    བོད་མི་ཕྱི་རྒྱལ་ལ་འགྲོ་རྒྱུར་འགོག་རྐྱེན་བཟོ་མཁན་གཙོ་བོ་ཟམ་གདོང་ཚང་རེད།

  7. བཀྲ་ཤིས། says:
    2011-03-11 at 10:39 am

    ཅོ་རི་ཉི་མའི་སྐད་ཆ་ལ་རྒྱུ་མཚན་ཆེན་པོ་འདུག་་་་ང་ཚོ་སྔོན་ལ་སྲ་ཐག་ཐག་མེད་ན་རང་བཙན་ཅི་ལྟར་རྩོད།
    བལ་ཡུལ་གྱི་དཀའ་ངལ་སེལ་ཐབས་སུ་དངོས་ནས་གཞུང་དམངས་གཉིས་ཀྱིས་ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་སྒྲུབ་དགོས་ཀྱི་འདུག     ད་དུང་ཡོང་རྒྱུ་བསྡད་པའི་འོས་བསྡུ་ལའང་བརྡབ་གསིག་གཏོང་ཐག་ཆོད་འདུག་པས་ཅིག་ཞིག་བྱེད་དགོས་མིན་ལ་གངས་སྐྱིད་ནས་བསམ་བློ་གཏོང་དགོས་པའི་ཚོད་རེད།

  8. ཇ་མ་ says:
    2011-03-11 at 11:04 am

    བལ་ཡུལ་གྱི་ཀོར་དམག་རྣམས་ལ་རྒྱ་ནག་གིས་སློབ་སྦྱོང་སྤྲད་པ་དེ་བཀོད་སྤྱོད་བྱེད་ས་རག་པ་རེད། བོད་མི་རྣམས་ནམ་ཞིག་མགོ་འགྱོག་རྒྱུ་ཡོད་ན། ཀོར་ཁ་མུག་རོ་མ་རྣམས་སྐྱིན་ཚབ་སྤྲོད་རྒྱུ་མི་བརྗེད་པར་བྱེད་དགོས།
    བོད་དུས་ནམ་ཡང་རང་བཙན་གཙང་མ་ཡིན།

  9. དཀར་མཚོ་སྐྱིད། says:
    2011-03-11 at 12:32 pm

    རྒྱ་ནག་གིས་བལ་ཡུལ་གྱི་དམག་མི་ལ་རྒྱ་སྒོར་སྤྲད་ནས་བོད་རིགས་ཚོ་ལ་གཅར་རྡུང་བྱེད་དུ་འཇུག་པ་དང། བལ་ཡུལ་གྱི་དམག་མིས་བོད་རིགས་ཚོ་ལ་གཅར་རྡུང་བྱས་ནས་རྒྱ་ནག་གི་ལག་ནས་སྒོར་མོ་ལེན་པ་ལ་བལྟས་ན། བལ་ཡུལ་དུ་ཡོད་པའི་བོད་རིགས་དང་གསར་དུ་འབྱོར་བཞིན་པའི་བོད་རིགས་ཚོ་ནི་རྒྱ་ནག་རྒྱལ་ཁབ་དང་བལ་ཡུལ་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་གི་དངོས་རྫས་གསར་བ་ཞིག་རེད།

  10. ཨུ་པ། says:
    2011-03-11 at 8:33 pm

    གོང་དུ་དཀར་མཚོ་སྐྱིད་ལགས་ཀྱི་བསམ་ཚུལ་དེ་དངོས་ཡོད་གནས་ཚུལ་རེད་ད་ཆ་བལ་པོས་གཞུང་དེ་ཁ་ཕྱོག་ག་བར་འདྲོ་མིན་ཤི་མེད་ཙང་དེས་གོ་སྐབ་དེ་རྒྱ་གཞུང་གིས་ཟིན་ནས་བལ་ཡུལ་དུ་ཡོད་པའི་བོད་རིགས་དང་གསར་དུ་འབྱོར་བཞིན་པའི་བོད་པ་རྣམས་ཚོང་དངོས་ཆག་བ་རེད།་

  11. ཨུ་པ། says:
    2011-03-11 at 8:37 pm

    གོང་དུ་དཀར་མཚོ་སྐྱིད་ལགས་ཀྱི་བསམ་ཚུལ་དེ་དངོས་ཡོད་གནས་ཚུལ་རེད་ད་ཆ་བལ་པོས་གཞུང་དེ་ཁ་ཕྱོག་ག་བར་འདྲོ་མིན་ཤི་མེད་ཙང་དེས་གོ་སྐབ་དེ་རྒྱ་གཞུང་གིས་ཟིན་ནས་བལ་ཡུལ་དུ་ཡོད་པའི་བོད་རིགས་དང་གསར་དུ་འབྱོར་བཞིན་པའི་བོད་པ་རྣམས་ཚོང་དངོས་ཆག་བ་རེད།

  12. སྤངས་སྤོས། says:
    2011-03-11 at 8:39 pm

    བལ་པོ་སྤྲང་པོ་དེ་ཚོ་སོ་སོའི་ལུང་པ་འཛིན་སྐྱོང་མི་ཐུབ་པར་བོད་མི་༧སྐྱབས་བཅོལ་པར་སྡང་བ་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྤྲང་པོ་དེ་ཚོས་བོད་པ་ཡིན་ཞེས་བརྗོད་ནས་ཡིག་ཆ་ཞུ་གི་ཡོད། རིལ་བའི་སྒང་ལ་རྡོག་བརྫིས་རང་རེད།

  13. ཨུ་པ་བཀྲིས says:
    2011-03-11 at 8:39 pm

    གོང་དུ་དཀར་མཚོ་སྐྱིད་ལགས་ཀྱི་བསམ་ཚུལ་དེ་དངོས་ཡོད་གནས་ཚུལ་རེད། ད་ཆ་བལ་པོས་གཞུང་དེ་ཁ་ཕྱོག་ག་བར་འདྲོ་མིན་ཤི་མེད་ཙང་། དེས་གོ་སྐབ་དེ་རྒྱ་གཞུང་གིས་ཟིན་ནས། བལ་ཡུལ་དུ་ཡོད་པའི་བོད་རིགས་དང་གསར་དུ་འབྱོར་བཞིན་པའི་བོད་པ་རྣམས་ཚོང་དངོས་ཆག་བ་རེད།

  14. ཀརྡོ་རབ་འབྱམས་པ་ says:
    2011-03-11 at 10:31 pm

    ཡུལ་མི་དང་མཐུན་འབྲེལ་གཟབ་དགོས། དོན་ཆེན་སྒྲུབ་པར་ངང་རིང་དགོས། བོད་རྒྱལ་ལོ། དགེའོ། །

  15. རྒྱ་གར་རྨ་བྱ། says:
    2011-03-11 at 11:52 pm

    སྙིང་རྗེའི་ཡུལ་གྱི་བལ་པོ་དེ་ཚོའི་སྐུད་སྣེ་གཅིག་རྒྱ་ནག་དང་སྐུད་སྣེ་གཅིག་རྒྱ་གར་གྱིས་བཟུང་ནས་ཡོད། ཁོང་ཚོ་སྐྱབས་མེད་མགོན་མེད་ལྟ་བུ་ཞིག་རེད། སྦྱིན་བདག་གཉིས་ཀྱི་ཅི་ཟེར་ལ་་མ་བལྟ་རང་ལྟ་རེད། བོད་པ་སྐྱབས་བཅོལ་དེ་ན་མི་ཚུགས་པ་སྔོན་ཚུད་ནས་བོད་གཞུང་ནས་ཧ་གོ་ལ་ཐབས་ལམ་ཡང་སྣ་མང་བཏང་བ་རེད། དགག་རྩར་ཐུག་དུས་ནང་ཁུལ་རེད། དེ་རིང་གི་གནས་ཚུལ་འདི་ནི་འཆར་ཅན་ཞིག་ཡིན་སྟབས་འདི་ནས་ངོ་ཚོར་ཁེ་ཕན་ཞིག་འདུག་གམ། ང་ཚོ་བསམ་བློ་གཏོང་རན་ནས་འདུག སྐྱབས་བཅོལ་བའི་ལམ་ཀ་དེ་ནས་མ་བཙལ་ཀ་མེད་རེད་མ་གཏོགས༌༌༌༌༌༌༌

  16. རྨིག་སྒྲ says:
    2011-03-14 at 3:38 am

    བལ་ཡུལ་དུ་ཡོད་པའི་རང་རིག་སྤུན་ཟླ་རྣམ་པ་ད་ཅི་གྲགས།

  17. གྲང་ངར་ཆེ་བའི་མེད་དྲོད། says:
    2011-03-17 at 3:40 pm

    དྲྭ་གྲོགས་ཚོ། ཚིག་པ་འདི་འདྲ་རང་མ་ཟ་རོགས། སེམས་ལྷོད་ལྷོད་ངང་བསམ་བློ་གཅིག་གཏོང་དང་། གལ་སྲིད་ང་རང་ཚོ་བལ་པོའི་གནས་སྟངས་ལྟ་བུ་ཞིག་གི་ནང་ཡོད་ཅིང་སྟོབས་ཆེ་ལ་གཏུམ་དྲག་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་གཞན་ཞིག་གིས་ང་ཚོར་རྟག་ཏུ་གནོན་ཤུགས་སྤྲོད་ཚེ་ཇི་ལྟར་བྱ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme