Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་འོས་སྦྱོར།

Posted on 2011-03-012011-03-01 By ཁ་བརྡ་ 11 Comments on དེབ་འོས་སྦྱོར།

books-cover-design0-1
དཔེ་དེབ་འདིའི་རྩོམ་པ་བོ་ནི་ཤིས་ཚང་ལྗང་མྱུག་ཡིན། དེབ་འདི་ནི་ཆག་འཇིག་དགུ་བརྩེགས་ཀྱི་མལ་ན་འཆི་མ་གསོན་དུ་ལྷག་པའི་བོད་མི་རིགས་དང་། ཁ་ཆག་སྣ་རལ་གྱི་ཀློང་ན་བརྩེ་མེད་བདག་མེད་དུ་འཕྱན་པའི་བོད་སྐད་ཡིག་གི་ད་ལྟའི་གནས་བབ་ལ་གཞིགས་པའི་སྔ་ཕྱིའི་བསམ་ཚུལ་ལྷུག་པོར་རམ་འཛེམ་མེད་ཚོམ་མེད་དུ་བརྗོད་པའི་དཔྱད་བརྗོད་དང་འབོལ་རྩོམ་རང་བཞིན་གྱི་དེབ་ཅིག་ཡིན་ལ། དེབ་འདི་ནི་ཁོ་ཕྱི་ལོ་༢༠༠༡ ལོར་གསར་རྩོམ་གྱི་ལམ་བུར་དངོས་སུ་ཞུགས་པ་ནས་ད་བར་བརྩམས་པའི་དེབ་ཕྲེང་ལྔ་བ་ཡིན། དཔེ་དེབ་འདིའི་ནང་དུ་རྩོམ་ཡིག་ལྔ་བཅུ་ལྷག་ཚན་པ་ལྔར་ཕྱེས་ཏེ་བཀོད་ཡོད་ལ། དེ་ཡང་ཚན་པ་དང་བོ་《བསམ་བློའི་བཙོ་སྦྱང་》ཞེས་པ་ནི་གཙོ་ཆེར་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་ཅུང་རིང་གྲས་ཁག་ཅིག་ཡིན། ཚན་པ་གཉིས་པ་《བླ་སྲོག་གདུང་འབོད་》ཅེས་པ་ནི་སྐད་ཡིག་གི་བཀོལ་སྤྱོད་དང་ཁོར་ཡུག གནས་བབ་བཅས་ལ་གཞིགས་པའི་བསམ་ཚུལ་རྩོམ་ཡིག་རྐྱང་ཡིན་ལ། འདིའི་ནང་དུ་དོན་གནད་རེ་འགའ་བསྐྱར་ཟློས་ཡང་ཟློས་བྱས་པའི་ཞན་ཆ་རེའང་ཡོད་པར་སྙམ། ཚན་པ་གསུམ་པ་《རྣག་ཐོག་གཙགས་འབིག་》ཅེས་པ་ནི་གཙོ་ཆེར་ད་ལྟའི་གྲྭ་སའི་ཁོར་ཡུག་དང་དེའི་གནས་བབ་ལ་གཞིགས་པའི་བསམ་བློ་དམར་རྗེན་དུ་ཕུད་པའི་རྩོམ་ཡིག་རྐྱང་ཡིན། ཚན་པ་བཞི་བ་《མཐོང་ཐོས་གཙུབ་བརྡར་》ཅེས་པ་ནི་དཔེ་དེབ་དང་གློག་བརྙན། པར་རིས་སོགས་ལ་རོལ་མྱོང་བྱས་པའི་འཆར་སྣང་དང་བསམ་གཞིགས་ལྷན་དུ་འཐབ་པའི་བསམ་བློའི་ཐོལ་རྩོམ་འགའ་ཡིན། ཚན་པ་ལྔ་བ་《ངལ་གསོའི་གཏམ་གླེང་》ཞེས་པ་ནི་ཁ་བྱང་གི་བསྟན་དོན་ལྟར་འདི་དང་གན་ཞེས་མེད་པར་སྐབས་ཀྱི་འཆར་སྣང་དང་དྲན་ཚུལ་ཡི་གེར་བསྡེབས་པའི་ངལ་གསོའི་གླེང་མོལ་རང་བཞིན་གྱི་འབོལ་རྩོམ་ཁག་ཅིག་ཡིན། དེ་མིན་མཇུག་ཏུ་ཤོག་ངོས་ཉི་ཤུ་ལྷག་ཅན་གྱི་《ཝ་ར་ཎཱ་སིར་བསྐྱོད་པའི་ཟིན་ཐོ་》ཞིག་ཟུར་བཀོད་ཀྱི་ཚུལ་དུ་བཀོད་ཡོད་པ་བཅས་དེབ་ཧྲིལ་བོར་ཤོག་ངོས་ 240 ལོངས་ཡོད།

དེབ་འདི་ཐུགས་མཁོ་མཆིས་རིགས་ཀྱི་རྒྱ་ཆེའི་ཀློག་པ་བོ་སུ་ཞིག་ཡིན་རུང་གཤམ་གྱི་ཁ་བྱང་ཐོག་འབྲེལ་བ་བྱས་ན་དེབ་ཀྱི་དཔར་རྩ་རིན་མེད་དུ་འབུལ་ངེས་ཡིན། འབྲེལ་བ་བྱེད་སྐབས་རང་གི་སྡོད་གནས་དང་དངོས་མིང་སོགས་གསལ་བོར་ཤོད་དགོས།

རྩོམ་པ་བོའི་གློག་འཕྲིན་ཁ་བྱང་། jangnyig@yahoo.com ཡང་ན། tib2008310@gmail.com བཅས་དང་། ཁ་པར་ཨང་གྲངས་ 0091-9945537533 བཅས་ཡིན།

དེབ་ཐེར།

Post navigation

Previous Post: སྨྱུ་གུ་མི་ཐེགས་པའི་དུས་ཚོད་ཅིག་ལ།
Next Post: བོད__མི་ལོ་བཅུའི་སྐྱོ་གར།

Comments (11) on “དེབ་འོས་སྦྱོར།”

  1. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-02 at 8:23 am

    ལྗང་མྱུག་ལགས།
    ཕྱག་དེབ་གསར་ཐོན་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ལ་སོགས་པའི་བཀའ་དྲིན་ལས་བོད་ཀྱི་ཡི་གེ་འདྲ་ཚེ་རིང་ཙམ་དུ་གནས་པའི་རེ་བ་ཡོད།

  2. གཅན་བཟོད་རྒྱམ། says:
    2011-03-02 at 8:28 am

    ཤིས་ཚང་ལྗང་མྱུག་ལགས་ཀྱི་དཔེ་དེབ་གསར་ཐོན་ལ་བཀྲ་ཤིས་བདེ་ལེགས་ཞུ། གང་མགྱོགས་ཀློག་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

  3. རིན་པོ་ཆེ། says:
    2011-03-02 at 8:49 am

    མགོ་པདྨ་འབུམ་གྱི་༼ མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ ༽་ནས་མཇུག་དོར་ཞི་རྒྱ་མཚོའི་དཔེ་དེབ་སྐད་གྲགས་ཅན་གྱི་བར་གྲངས་ཀ་ཞིག་བརྩིས་ན། བཙན་བྱོལ་ནང་གི་དེབ་དང་བོད་ནང་གི་བརྙན་སྡེར་གཉིས་ཁྲི་བརྒལ་ནས་འབུམ་ཟིན་གྲབས་ཡོད་པ་རེད། ཡིན་ནའང་། ང་ཚོས་རེ་བ་ཆེ་ས་དང་། གུ་ཡངས་ས་ནས་ལྟོས་ཏེ་དགའ་བསུ་ཞུ་རྒྱུ་དང་སྦྲགས། དེབ་རྣམས་ཀྱང་རྩོམ་ཡིག་ཐར་ཐོར་རེ་ཕྱོགས་བསྒྲིགས་བྱས་པ་ཞིག་མིན་པར། ༼ གནམ་ས་གོ་འབྱེད་༽ དང ༼ མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་༽་ལྟར་གཞུང་ལུགས་ཡོད་པ་ཞིག་གི་ཐོག་ཏུ་འགྲོ་རྒྱུ་སྐུལ་ལྕག་གཏོང་དགོས་ཤིང་། དམ་དུམ་ཕྱོགས་བསྒྲིགས་ཀྱི་སྙན་དེབ་ཀྱི་ལུགས་དེ་ཅུང་ཙམ་བསྒྱུར་ན། བོད་པའང། ནོ་ཝེ་རྩོམ་རིག་བྱ་དགའ་ལྟ་བུ་རེག་པའི་བརྩམས་དེབ་འབྱུང་སྲིད་པ་རེད།

  4. ཤིས་ཚང་ལྗང་མྱུག says:
    2011-03-02 at 9:09 am

    མཁྱེན་ཡངས་དྲ་གྲོགས་རྣམ་པས་གུས་པའི་དེབ་གསར་ཐོན་ལ་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ། སང་ཉིན་ནས་དངོས་སུ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱ་འགོ་ཚུགས་ཀྱིན་ཡོད་ལ། ལོ་སར་རྗེས་སུ་དྷ་རམ་ས་ལ་དང་ལྡི་ལི་སོགས་སུའང་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་བཀླག་འདོད་མཁན་གྱི་དྲ་གྲོགས་ཚོས་དུས་ལྟར་ཀློག་ཐུབ་པའི་རེ་བ་ཡོད།

  5. གསང་གྲོལ། says:
    2011-03-02 at 9:49 am

    ནུབ་གླིང་བདེ་བ་ཅན་ན་འདུར་མཁན་ཚོ་དེབ་འདི་ཀློག་རྒྱུའི་སྐལ་བ་རེ་ཨེ་ལྡན་ནམ།

  6. ཤིས་ཚང་ལྗང་མྱུག says:
    2011-03-02 at 10:39 am

    དེབ་འདི་བཀླག་འདོད་མཁན་གྱི་དྲ་གྲོགས་གང་ན་སུ་བཞུགས་ཚོས་ཁོ་བོར་འབྲེལ་བ་བྱོས་དང་། གང་ཐུབ་ཀྱིས་འབད་བརྩོན་བྱ་ངེས་ཡིན།

  7. རིན་པོ་ཆེ། says:
    2011-03-02 at 10:55 am

    ཤིས་ཚང་ལྗང་སྨྱུག་ལགས། ང་ཁྱེད་ལ་དྲི་བ་ཞིག་ཡོད། ངས་གོང་དུ་བསམ་ཚུལ་ཞུས་པ་ལྟར། འགྲེལ་བཤད་ནང་དུ་ཁྱེད་ ༢༠༠༡ ནས་གསར་རྩོམ་ལ་ཞུགས་ཚུལ་བཀོད་འདུག འོ་ན་ ༢༠༠༡ ནས་ ༢༠༡༡ བར་ལོ་བཅུ་ཏག་ཏག་རེད། འདི་ལྟར་ལྟོས་ཡོང་དུས་ལོ་ ༢་ རེའི་མཚམས་ནས་དེབ་ ༡ རེ་བྲིས་འདུག འདི་ཡ་མཚན་རེད་ལ་ཞེད་སྣང་ཅིག་ཀྱང་རེད། བཙན་བྱོལ་ནང་རྩོམ་ལ་ཞུགས་ནས་ལོ་རྒན ༡༥ དང་ ༢༠་འཁོར་མཁན་ཚོར་དེབ་ཅེས་པ་འདི་ཐོན་རྒྱུ་ཁེག་ནས་ཁེག་པོ་ཆགས་ཀྱི་འདུག འདི་དོན་དངོས་རྒྱུ་མཚན་ག་རེ་ཡིན་ནམ། བསམ་བློ་རྣལ་མ་བྱས་ཏེ་བཏང་ན་བཏང་རྒྱུ་ཞིག་ཨེ་ཡོད་ན། འདིར་ང་ཅུང་ཡ་མཚན་པ་འདྲ་ཞིག་ཀྱང་འདུག

    ལྷག་བསམ་ཟོལ་མེད། རང་ཉིད་ཡི་གེར་དགའ་དྲགས་པའི་མྱོང་བ་ཡོད་སྟབས་དྲི་བ་འདི་ཐལ་སོང་།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2011-03-02 at 2:16 pm

    ཤིས་ཚང་ལྗང་མྱུག་ལགས། ཉིད་ཀྱིས་དཔེ་དེབ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། མུ་མཐུད་དུ་གསར་རྩོམ་གྱི་ལས་སུ་འབད་པར་འཚལ།

  9. དགྲ་འདུལ་ཚེ་རིང་ says:
    2011-03-03 at 4:36 am

    དེང་སང་རང་གི་རིག་གཞུང་ལ་དོན་དུ་གཉེར་མཁན་དང་དོ་སྣང་ཅན་མང་པོ་ཞིག་གི་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་དཔེ་དེབ་མང་པོ་འགྲེམས་སྤེལ་བྱེད་དང་བྱེད་མུས་འདུག ཀློག་མཁན་མེད་པའི་དཀའ་ངལ་གང་མང་ཞིག་འཕྲད་པར་བརྟེན་ནས་སྤྱི་ཚོགས་སྟེང་ལ་འགྲེམས་སྤེལ་བྱེད་ཧ་ཅང་གི་ཡོད་པར་མཐོང།གཅིག་ནས་དུས་རབས་ཀྱི་འཕེལ་འགྱུར་དང་དྲ་བརྒྱའི་དུས་རབས་ཡིན་པ་ཡང་རྒྱུ་མཚན་ཞིག་མཐོང་ངོ།རྩོམ་པ་པོ་དག་གིས་དཔེ་དེབ་ཞིག་འགྲེམས་སྤེལ་བྱེད་པར་དཔལ་འབྱོང་འདུ་འགོད་དང་ཕྱོགས་མང་པོ་ཞིག་ལ་དཀའ་ངལ་ཁྱད་དུ་གསད་ནས་མི་རིགས་འདིའི་སྐད་ཡིག་ཐོག་ལ་འབད་འབུངས་དང་སྡུག་རུས་བསྐྱོན་པར་གཞུང་དང་དང་མི་མང་གི་མཐོང་ཆེན་མི་སྤྲོད་པར་མ་ཟད། དཔེ་དེབ་གང་ཞིག་དཔར་དུ་བསྐྲུན་ནའང་དཔེ་དེབ་ལ་མཐོང་མི་སྤྲོད་པ་གནད་དོན་འདི་ཐད་ལ་སྤྱི་ཚོགས་ཀྱི་ངོས་ནས་མཐོང་ཆེན་བྱེད་རྒྱུ་དང་རྩོམ་པ་པོ་དག་ལ་རྒྱབ་བསྐྱོར་བྱེད་རྒྱུ་དེ་ཡང་མི་རིགས་འདིའི་རིག་གཞུང་མི་ཉམས་རྒྱུན་འཛིན་དར་སྤེལ་གཏོང་བར་ཕན་ནུས་ཆེན་པོ་ལྡན་ཡོད་པ་རེད། རྒྱུ་མཚན་གཉིས་པ་གཞུང་དང་སྒེར་ཚང་མའི་དཔེ་དེབ་དག་རིན་ཐང་ཡོད་པ་ཞིག་བཟོ་དགོས་ན། སྤྱི་ཚོགས་སྟེང་ལ་རིན་མེད་དུ་མང་པོ་འགྲེམས་སྤེལ་བྱས་པ་དེའི་དེབ་རིན་ཐང་ལ་རིན་ཐང་མེད་པ་བཟོས་ཡོད་པ་དེ་རེད། ངའི་འབྱུང་འགྱུར་ཚང་མའི་བོད་ཡིག་དཔེ་དེབ་ཅི་ཞིག་ཡིན་རུང་རིན་ཐང་གི་འདུ་ཤེས་བརྟན་པོ་བཟོ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད། བོད་ཡིག་ལ་དུང་དང་རིག་གཞུང་ཤ་ཞེན་ཡོད་པ་དག་གི་མི་རིགས་འདི་ལ་བཅངས་པའི་འདུ་ཤེས་ཡང་འགྱུའ་ཉེན་ཆེ་བ་ན། ཚང་མའི་འདི་ཕྱོགས་ལ་དོ་སྣང་དང་གཟབ་ནན་བྱ་རྒྱུ་གལ་།

  10. ཤིས་ཚང་ལྗང་མྱུག says:
    2011-03-04 at 3:36 am

    གོང་དུ་རིན་པོ་ཆེ་ཟེར་བའི་དྲ་གྲོགས་ཤིག་གིས་དོགས་འདྲི་ཞིག་གནང་འདུག་པར་ལན་ཞིག་འདེབས་འདོད་བྱུང་། སྐུ་ཉིད་ཀྱིས་བསམ་ན་ཁོ་བོ་ཕྱི་ལོ་་༢༠༠༡ ནས་གསར་རྩོམ་གྱི་ལམ་བུར་ཞུགས་ཞེས་པ་སྐད་ཆ་་བདེན་པ་ཞིག་མ་རེད་སྙམ་གྱིན་ཡོད་ཚོད་འདུག ཡིན་ནའང་། ངས་སྐྱག་རྫུན་ཤོད་དགོས་དོན་གང་ཡང་མེད། སྐད་ཆ་་ཐམས་ཅད་བདེན་པ་ཡིན། ཕྱི་ལོ་ ༡༩༩༣ ལོར་ཁོ་བོ་སློབ་ཆུང་འཛིན་རིམ་ལྔ་བ་མཐར་ཕྱིན་པ་དང་སྟབས་བསྟུན་ཤིས་ཚང་དགོན་གསར་གྱི་ཆོས་སྒོར་ཞུགས་པ་ཡིན། དེ་ནས་བརྩིས་པའི་ལོ་ངོ་ཧྲིལ་བོ་ ༧ རིང་ཁོ་བོ་དགོན་པ་དེ་ག་རང་ནས་འདོན་ྖ་ཆོས་སྤྱོད་དང་བསྡུས་རྟགས་ཚད་མ་སོགས་ལརོབ་ཙམ་སྦྱངས་པ་བྱས་པའི་ཁུལ་ལས། གཞན་བོད་ཀྱི་བརྡ་སྤྲོད་རིག་གནས་སོགས་སྣ་གཅིག་ཀྱང་སྦྱོང་སྐལ་མ་བྱུང་། དུས་སྐབས་དེར་སྔོན་མའི་བག་ཆགས་ཤིག་གིས་སམ་ཁོ་བོ་གཞན་གྱི་རྩོམ་ཡིག་བཀླག་རྒྱུར་རང་བཞིན་གྱིས་སྤྲོ་མོས་ཆེ་བ་ཞིག་ཡིན་ནའང་། ད་དུང་། སྙན་ངག་ཅེས་པ་དང་། དཔྱད་རྩོམ། ལྷུག་རྩོམ་སོགས་གང་ཡང་ངོ་ཤེས་ཀྱི་མེད། ཕྱི་ལོ ༢༠༠༠ ལོར་ཁོ་བོར་རྒྱ་གར་དུ་ཡོང་སྟེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་བྱས་པ་ནས། ད་གཟོད་རང་ཉིད་དགའ་མོས་ཆེ་བའི་རྩོམ་ལ་འཇུག་པའི་འགོ་བཟུང་བ་ཡིན། དེའང་ཐོག་མར་དགེན་པྲ་ཉེ་བསྟན་འཛིན་གྱི་མདུན་ས་ནས་སྙན་ངག་ལེའུ་གཉིས་པར་རང་ངོས་ནས་དཔེར་བརྗོད་ཆ་ཚང་ཞིག་བཞག་ཅིང་། ཞོར་དུ་རྩོམ་ཡིག་ཤོ་ལོ་ཀ་དམ་དུམ་རེ་སྦྱོང་བརྡར་གྱི་ཚུལ་དུ་བྲིས་པ་ཡིན། ཕྱི་ལོ ༢༠༠༡ ལོར་དངོས་སུ་རྩོམ་ཡིག་རེ་དུས་དེབ་དང་ཚགས་ཤོག་ཏུ་སྤེལ་འགོ་བརྩམས་པ་ཡིན་ལ། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་རྗེས་དྲན་ཆེད་དེབ་༼བཙན་འོག་གི་བྱིས་པའི་སྐྱོ་གར་༽སྟེང་རྩོམ་ཡིག་ཅིག་སྤེལ་བ་ནི་ཁ་ོ་བོའི་མི་ཚེའི་ནང་ཆེས་ཐོག་མར་དུས་དེབ་ཏུ་སྤེལ་བའི་རྩོམ་ཡིག་དང་བོ་ཡིན་པས་སྐབས་དེ་དུས་ཀྱི་དགའ་བའི་ཚོར་བ་ནི་ཡིག་ལམ་ནས་བརྗོད་མི་ཤེས་པ་ཞིག་རེད། ཕྱི་ལོ་ ༢༠༠༤ ལོར་བྱིས་པའི་སྣང་བའམ་ང་རྒྱལ་ཞིག་གིས་དེབ་ཅིག་དཔར་སྐྲུན་བྱ་འདོད་ཀྱི་འདུན་པ་འགོག་ཏུ་མེད་པ་ཞིག་ཤར་ཏེ། རང་གི་རྩོམ་ཡིག་དག་ལེགས་ཉེས་གདམས་གསེས་མེད་པར་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་ཅིག་དཔར་སྐྲུན་བྱས་པ་ཡིན། དེའི་རྗེས་ཀྱི་ཕྱི་ལོ་ ༢༠༠༨ ལོར་སྔར་གྱི་སྙན་དེབ་དེས་འདོད་པ་གཏན་ནས་མ་ཁེངས་པར་སླར་ཡང་སྙན་རྩོམ་ཕྱོགས་བསྡུས་ཀྱི་དེབ་གཉིས་པ་དཔར་དུ་བསྐྲུན་པ་ཡིན། ཕྱི་ལོ་ ༢༠༠༩ ལོར་ཁོ་བོ་བོད་ཡིག་དགེ་རྒན་གྱི་ལས་གནས་ཤིག་ཏུ་འཇུག་དགོས་བྱུང་བའི་གོ་སྐབས་དང་བསྟུན་ཏེ་བརྡ་དག་ཕྱེ་ལེབ་ཀྱི་འགྲེལ་བ་ཞིག་དང་། ལེགས་བཤད་ལྗོན་དབང་གི་འགྲེལ་བ་གཉིས་དཔར་སྐྲུན་བྱས་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོར་གོང་འཁོད་བསམ་ཚུལ་ལྷུག་བརྗོད་ཀྱི་དེབ་དེ་དཔར་སྐྲུན་བྱས་པ་བཅས་ཡིན་པས། ཁྱོད་ཀྱིས་བཤད་པ་ལྟར་ཁོ་བོ་ཕྱི་ལོ་ ༢༠༠༡ ནས་གསར་རྩོམ་གྱི་ལམ་ཁར་ཞུགས་ན་ངེས་པར་དུ་ལོ་གཉིས་རེའི་མཚམས་སུ་དེབ་རེ་ཕུད་དགོས་པའི་ངེས་པ་ག་ལ་ཡོད། གོང་གི་དེས་ཁྱོད་ཀྱི་དོགས་པ་སེལ་ཐུབ་པའི་རེ་བ་ཡོད།

  11. ཀུན་གསལ་ནས། says:
    2011-03-08 at 1:04 am

    དྲ་གྲོགས་ལྗང་སྨྱུག་ལགས་ཉིད་ཀྱིས་ད་སྐབས་འགྲེམས་སྤེལ་གནང་བཞིན་པའི་དེབ་གསར་བ་དེ་བརྡ་དག་སྙན་གསུམ་ག་རེ་ཡིན་ནམ་ཉིད་ཀྱིས་ལྷག་བསམས་དཀར་པོ་ལ་ངས་ནམ་ཡང་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་བཀྲ་ཀིས་བདེ་ལེགས་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme