Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་ཀརྨ་བའི་གནད་དོན།

Posted on 2011-03-012011-03-01 By ཁ་བརྡ་ 1 Comment on རྒྱལ་བ་ཀརྨ་བའི་གནད་དོན།

རྨ་མགུར་སངས་རྒྱམ།

རྒྱལ་བ་ཀརྨ་བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྤྱི་ལོ་༢༠༠༠་ལོར་བོད་ནས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕེབས་དགོས་པའི་རྒྱུ་རྐྱེན་ནི་འདས་ཟིན་པའི་ལོ་ངོ་ལྔ་བཅུའི་རིང་དུ་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ནོར་འཁྲུལ་ཆེ་ཤོས་ཅིག་ཡིན་པ་དང་། ཉེ་ཆར་རྒྱ་གར་རྡ་རམ་ས་ལ་རུ་ཁོང་གི་བཞུགས་སྒར་རྒྱུད་སྟོད་ར་མོ་ཆེ་དགོན་པ་རུ་དངུལ་ལོར་གྱི་གནད་དོན་ཞིག་དང་འབྲེལ་ནས་བྱུང་བའི་གནས་ཚུལ་དེ། རྒྱ་གར་གྱི་ཟླ་བ་འདིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་འུད་བརྗོད་ཀྱིས་དཀྲོག་གཏམ་དང་ཁུངས་ལུང་མེད་པའི་ཕྱོགས་ལྷུང་གི་ལྟ་བ་དང་འཁྲུལ་སྣང་གིས་རྟོག་བཟོ་བྱས་པའི་གསར་འགྱུར་བཀོད་པ་དང་། ད་དུང་རྒྱལ་བ་ཀརྨ་བ་ནི་རྒྱ་ནག་གི་གསང་མྱུལ་བ་ཞིག་ཡིན་པར་སྙད་བཏགས་ཤིང་བརྩི་མཐོང་མེད་པའི་གསར་འགྱུར་གྱི་རྟོག་སྒྲུང་ཞིག་གི་ཤོག་ངོས་དེ་དག་ལས་ཐོན་པའི་གནས་ཚུལ་ཁག་ལ་འཛམ་གླིང་གི་མི་སྣ་སུ་ཞིག་ཡིན་རུང་བསམ་གཞིགས་ངེས་པར་དུ་བྱེད་དགོས་ངེས་ཤིག་ཆགས་ཡོད། ཟླ་བ་སྔོན་མར་རྒྱ་གར་གྱི་ཉེན་རྟོག་མི་སྣས་བོད་ཀྱི་ཆོས་བརྒྱུད་ཀྱི་ནང་གི་ཆེས་གལ་འགངས་ལྡན་ཞིང་ཆོས་ལུགས་པའི་མཐོ་རིམ་མི་སྣ་མང་བོའི་ཁྲོད་ཀྱི་གཅིག་སྟེ། རྒྱལ་བ་ཀརྨ་བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཞུགས་གནས་སུ་རྒྱ་ནག་གི་སྒོར་མོ་ཚུད་པའི་རྒྱལ་ཁབ་སྣ་མང་གི་དངུལ་ལོར་ཨ་སྒོར་ས་ཡ་གཅིག་དང་འབུམ་དྲུག་བརྙེད་ཡོད་པ་རེད། རྒྱལ་བ་ཀརྨ་བའི་སྐུ་སྒེར་ལས་ཁུངས་ཀྱིས་དེ་ནི་བོད་ནང་གི་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་དངུལ་ལོར་གྱི་ཞབས་འདེབས་ཡིན་པར་འགྲེལ་བཤད་བྱས་ཡོད་ནའང་། ད་དུང་འདས་པའི་བདུན་ཕྲག་ཁ་ཤས་ཀྱི་རིང་དུ་རྒྱ་གར་ནང་གི་གནད་ཡོད་མི་སྣ་མང་བོ་ཞིག་གིས་རྒྱལ་བ་ཀརྨ་བ་ནི་རྒྱ་ནག་གི་གསང་མྱུལ་བ་ཞིག་ཡིན་པར་ཤུགས་དྲག་པོས་སྐྱོན་བརྗོད་བྱས་ཡོད། དེ་དག་ལ་རྒྱ་གར་དུ་སྡོད་པའི་བོད་རིགས་ཚོས་ད་ལྟའི་བར་དུ་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྒྱལ་བ་ཀརྨ་བ་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་གི་རྟོག་བཟོ་བྱས་པའི་གནས་ཚུལ་ལ་རྣོ་ངར་ཆེན་པོས་སྐྱོན་བརྗོད་བྱས་ཡོད། རྒྱལ་བ་ཀརྨ་བ་ལ་སྐྱོན་བརྗོད་བྱེད་མཁན་ནི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་བུ་མ་ཡིན་པར་ད་དུང་ཡང་མཐོ་རིམ་འགོ་ཁྲིད་དང་དབང་ཤུགས་ཆེ་བའི་ཆབ་སྲིད་མི་སྣ་ཁག་ཡོད་པ་རེད། དཔེར་མཚོན་ན། སྦེ་ར་མན་ནི་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཞིག་ཡིན་པ་དང་རྒྱ་གར་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་ཡིན་པ་རེད། ཁོས་ད་དུང་རྒྱལ་བ་ཀརྨ་བ་མཆོག་སྤྱི་ལོ་༢༠༠༠་ལོར་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པའི་སྐོར་ལ་འགྲེལ་བཤད་ཀྱི་ཡི་གེ་ཞིག་བྲིས་ཏེ། ཁོང་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་དོན་ནི་ཕལ་ཆེར་རྒྱལ་བ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་རྗེས་སུ་བོད་དང་འབྲེལ་བའི་གནད་དོན་ཚང་མར་ཤུགས་རྐྱེན་བཟོ་བའི་ཆེད་དུ་ཡིན་པ་དང་། རྒྱལ་བ་ཀརྨ་བ་རྒྱ་ནག་སྲིད་གཞུང་གིས་དུས་ཡུན་རིང་བོར་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཀྱི་ལས་ཀའི་འོག་ཏུ་བེད་སྤྱོད་བྱེད་པ་ཞིག་རེད་ཟེར། ཁོའི་སྐྱོན་བརྗོད་འདི་དག་གིས་རྒྱ་གར་དང་རྒྱ་ནག་གཉིས་ད་ལྟའི་བར་དུ་ཕྱོགས་གང་ཐད་ནས་མཉམ་ལས་ཀྱི་འབྲེལ་བ་ཞིག་བྱེད་བཞིན་ཡོད་ནའང་། ད་དུང་དེ་ལ་རྒྱ་གར་གྱིས་སེམས་འཚབ་ཅིག་སྐྱེས་བཞིན་ཡོད་པའི་རྣམ་པ་དེ་གསལ་བོར་མཚོན་ཡོད། འོན་ཀྱང་། སྤྱི་ལོ་༡༩༥༩་ལོའི་ནང་དུ་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་རིགས་སྟོང་ཕྲག་ཁ་ཤས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ། རྒྱ་གར་གྱི་ས་གནས་མང་བོར་སྐྱབས་བཅོལ་བའི་ངོ་བོར་བཞུགས་ཡོད་པ་དང་། སྐབས་དེ་དག་ལས་ད་ལྟའི་བར་དུ་བོད་རིགས་ཚོ་རྒྱ་ནག་སྲིད་གཞུང་དང་མཉམ་དུ་འབྲེལ་བ་མེད་པར་གསལ་བོ་ཡིན་པ་དེ་ལ་རྒྱ་གར་གྱིས་གུས་བཀུར་དང་བརྩི་མཐོང་ངེས་པར་དུ་ཞུ་དགོས་པ་རེད། རྒྱ་གར་གྱི་དཔོན་རིགས་ཚོས་བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོ་ལ་བསམ་བློའི་དོགས་ཟོན་འདི་འདྲ་བྱེད་དགོས་དོན་ནི་ག་རེ་ཡིན་ནམ་ཞེ་ན། དང་པོར། འདིར་དོགས་གནས་ཡོད་པ་ནི་རྒྱ་གར་གྱི་ནང་དུ་ཡོད་པའི་བོད་རིགས་ཚོགས་སྡེ་ཁ་ཤས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་པའི་འགན་འཁྲི་གཙོ་བོར་འཛིན་པའི་རྣམ་པ་གསལ་བོ་མེད་པ་དང་། མཐར་ཐུག་ན་ད་ལྟའི་རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་སུ་རྒྱལ་བ་ཀརྨ་བའི་ཤན་ཤུགས་ཀྱི་འོག་ཏུ་གནས་པའི་བོད་རིགས་དེ་ཚོ་རྒྱ་གར་གྱི་ནང་དུ་སིམ་འཛུལ་བྱེད་པའི་ཐབས་ཇུས་ཤིག་ཏུ་འགྱུར་བའམ། ཡང་ན་འདིར་གནས་པའི་བོད་རིགས་སྐྱབས་བཅོལ་བ་འདི་ཚོས་ཆབ་སྲིད་ཀྱི་འཐབ་རྩོད་དོར་ནས་རྒྱ་ནག་གི་མཚོན་ཆའི་འོག་ཏུ་རྒྱུགས་འགྲོ་བ་ཡིན་པར་བསམ་གྱི་ཡོད་པ་རེད་སྙམ། འདིར་གལ་གནད་ཆེ་བའི་ཚོད་དཔག་ཅིག་ཡོད་པ་ནི་བོད་རིགས་ཚང་མ་རང་གི་ཆོས་ལུགས་ཀྱི་འགོ་ཁྲིད་པ་རྣམས་ཀྱི་རྗེས་འབྲངས་ཀྱི་རྨོངས་དད་པ་ཞིག་ཡིན་པར་བསམས་ཡོད། སྤྱིར་བཏང་ཡིན་ན། ཕྱི་ལོགས་སུ་ཡོད་པའི་བོད་རིགས་ཚོས་རྣོ་ངར་ཆེན་པོས་ཉེ་ཆར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐྱོན་བརྗོད་ཀྱི་ལན་འདེབས་གནང་བ་འདིས་ཁུངས་སྐྱེལ་ཐུབ་པ་ནི་ཁོ་ཚོའི་ཆོད་སེམས་དེ་བོད་ཀྱི་ཆོས་ལུགས་ཀྱི་ལམ་ལུགས་རྩ་འཛིན་ཞིག་གི་ཐོག་ཏུ་ཆིག་སྒྲིལ་གནང་བ་མཚོན་ཡོད། འོན་ཀྱང་། དོགས་གནས་འདིས་མ་གཞི་དེ་ནི་མི་རིགས་ཤིག་གི་བསམ་བློའི་སྟེང་དུ་གནས་ཡོད་པ་ལས་ཁོ་ཚོས་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་གུས་ཞེན་ཆེ་བ་ཞིག་གི་རྣམ་པ་གསལ་བོ་མེད། བོད་མི་རིགས་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་ཁོ་ཚོ་ལ་དབང་བའི་དམངས་གཙོ་དང་རང་ཉིད་ཀྱི་མིའི་ཐོབ་ཐང་རེད། སྤྱི་ལོ་༢༠༠༨་ལོའི་ཟླ་༣་པའི་ནང་གི་ལྷ་སར་བྱུང་བའི་མི་དམངས་ཀྱི་ངོ་རྒོལ་ནི་ཆོས་ལུགས་ཀྱི་དོན་རྐྱེན་ཞིག་མ་རེད། ཁོ་ཚོ་ཚང་མ་བོད་ཀྱི་ཆོས་བརྒྱུད་ཀྱི་མི་སྣ་མ་ཡིན་ཞིང་མི་དཀྱུས་མའི་སྐུ་ཚབ་མཚོན་པའི་མི་དམངས་ཀྱི་རྣམ་པ་ཞིག་ཡིན། གཉིས་པ། དེ་ལས་དམིགས་བསལ་དུ། རྒྱ་ནག་སྲིད་གཞུང་གིས་རྒྱལ་བ་རིན་པོ་ཆེ་ལ་གུས་ཞབས་བྱེད་པར་འདོད་མོས་མེད་བཞིན་དུ་ཁོ་ཚོས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་རྒྱལ་བ་ཀརྨ་བ་མཆོག་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་མངོན་དུ་བཅུག་ཡོད་པ་དང་། རྒྱལ་བ་ཀརྨ་བ་བོད་ནས་ཕྱིར་ཐོན་བྱས་པ་ནས་ཁོང་གིས་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་སྐྱོན་བརྗོད་བྱེད་པའི་་སྐད་ཆའི་མ་འདང་བའི་ཞན་ཆ་ནི་རྒྱ་གར་གྱི་ནང་དུ་མི་ཚང་མའི་མིག་ནང་དུ་མངོན་ཡོད། དེར་བརྟེན། འདིར་ཞེད་སྣང་ཡོད་པ་ནི་རྒྱལ་བ་ཀརྨ་བ་རྒྱ་ནག་གི་ངོ་ཚབ་ཅིག་ལ་འགྱུར་ཆོག་པ་དང་ཁོང་གིས་རང་གི་རྗེས་འབྲངས་ཀྱི་དད་ལྡན་བོད་རིགས་གཞན་པ་ཚང་མ་རྒྱ་ནག་གི་ངོ་ཚབ་དག་ཏུ་བསམ་བློའི་ཁ་བསྒྱུར་བྱེད་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་། གནས་ཚུལ་གཅིག་པ་དེ་བོད་ཀྱི་མཐོ་རིམ་བླ་མ་ཚང་མ་ལ་བཤད་ཆོག་གི་ཡོད་པ་དང་། ཁོ་ཚོ་ནང་ནས་བླ་མ་སུ་གཅིག་གིས་ཀྱང་རྒྱ་ནག་ལ་ངོ་རྒོལ་གྱི་སྐད་ཆ་དེ་འདྲ་མང་བོ་བཤད་མེད་པར་མ་ཟད། ཆབ་སྲིད་ཀྱི་ལས་འགུལ་མང་བོ་དེ་འདྲ་ཡང་སྤེལ་མྱོང་མེད་པ་རེད། ཡིན་ནའང་། དེ་ལྟར་མི་བྱེད་པའི་རྒྱུ་མཚན་ནི། དེ་ནི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཞིག་ལ་བསམས་ནས་བཞུགས་ཡོད་པ་ཡིན་པར་སྙམ། འོན་ཀྱང་། རྒྱ་གར་དུ་ཡོད་པའི་བོད་རིགས་ཚང་མ་ལ་རྒྱུན་ལྡན་ལྟར་ན་རྒྱ་གར་མི་སེར་གྱི་ཐོབ་ཐང་མེད་པ་དང་ཡང་ན་རྒྱ་གར་སྲིད་གཞུང་གི་མཐོ་རིམ་དབང་ཆའི་གནས་བབ་ལ་བསྐྱོད་པའི་བརྒྱུད་རིམ་ཡང་མེད་པ་རེད། དོན་དངོས་ཀྱི་ནང་དུ། རྒྱལ་བ་ཀརྨ་བ་སྤྱི་ལོ་༢༠༠༠་ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པ་ནི་རྒྱ་ནག་གི་དུས་ཡུན་རིང་བའི་ལས་ཀའི་བྱེད་ཐབས་འགའ་ཞིག་གི་ཆ་ཤས་ཤིག་རེད་ཟེར་བའི་བསམ་ཚུལ་དེ་ནི་ཁྱོན་ཡོངས་སུ་ཕྱིན་ཅི་ལོག་གི་བཤད་སྟངས་ཤིག་ཡིན། སྤྱི་ལོ་༡༩༥༩་ལོ་ནས་བཟུང་། བོད་ནང་དུ་རྒྱ་ནག་གི་སྲིད་ཇུས་ཀྱི་ནོར་འཁྲུལ་ཆེ་ཤོས་དེ་ནི་རྒྱལ་བ་ཀརྨ་བ་བྲོས་བྲོལ་དུ་ཕེབས་དགོས་པ་དེ་གཅིག་བུ་མ་ཡིན་པར་བོད་རིགས་མི་དམངས་ཀྱི་ཞི་བའི་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་དེ་ཆགས་ཡོད། སྤྱི་ལོ་༡༩༩༢་ལོར་རྒྱ་ནག་གཞུང་གིས་རྒྱལ་དབང་ཀརྨ་བ་མཆོག་རང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་མཚུར་ཕུ་དགོན་པ་རུ་ཁྲི་འདོན་བྱས་པའི་སྐབས་སུ་རྒྱ་ནག་གཞུང་གིས་གལ་ཆེ་བའི་བསྒྲགས་གཏམ་ཞིག་སྤེལ་ཏེ་ཁོང་གིས་དུས་རྟག་ཏུ་བོད་ནང་གི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཡོང་བའི་བསླབ་བྱ་ལ་རྒྱབ་སྐྱོར་དང་ལེན་ངེས་པར་དུ་གནང་དགོས་པར་རེ་འདུན་བཏོན་ཡོད་པ་རེད། ཡིན་ནའང། ཁོང་རྒྱ་གར་ལ་བྲོལ་བྱོལ་དུ་ཕེབས་པ་དེས་བོད་ཀྱི་མཐོ་རིམ་གྱི་བླ་མ་སྟེ་རྒྱལ་བ་ཀརྨ་བ་མཆོག་ནི་ད་ལྟ་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབང་བསྒྱུར་བྱེད་པའི་བསླུ་བྲིད་ཀྱི་འོག་ཏུ་མ་ཚུད་པར་ཆོས་ལུགས་ཀྱི་རང་དབང་ལོངས་སུ་སྤྱོད་པའི་གོ་སྐབས་ཐོབ་ཡོད། འདིར་ཤེས་དགོས་པ་ཞིག་ལ། རྒྱལ་བ་ཀརྨ་བའི་བླ་བྲང་གི་དངུལ་ལོར་ཨ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ལྷག་གི་གནད་དོན་དང་འབྲེལ་བའི་གནས་ཚུལ་འདིས་རྒྱ་གར་གྱི་མི་དམངས་ལ་ཚོར་བ་རྣོན་པོ་ཞིག་བསླེབས་ཏེ་ཤུགས་རྐྱེན་ངན་པ་ཐེབས་ཡོད། གསར་འགོད་པ་ཚོ་ལ་མཚོན་ན། དེ་ནི་རྒྱ་གར་དུ་རང་མོས་རིང་ལུགས་ཀྱི་མདུན་དུ་ཕྱོགས་ལྷུང་གི་ལྟ་བ་འཛིན་པ་ཞིག་བསྐྱར་དུ་གསོན་ཐབས་བྱས་པ་དང་མ་རྩ་རིང་ལུགས་ཀྱི་དབང་བསྒྱུར་དེ་རྒྱ་གར་དུ་ཧ་ཅང་གིས་དམ་དྲགས་ཡིན་པའི་སྐབས་སུ་ཕྱི་རྒྱལ་གྱི་དངུལ་ལོར་དེས་བོད་རིགས་ཚོ་ལ་འདྲ་མཉམ་མ་ཡིན་པའི་ནག་ཉེས་ཤིག་བཟོ་བཞིན་པ་རེད། འོན་ཀྱང་། དུས་ཚོད་ལ་འགྱུར་ལྡོག་འགྲོ་བཞིན་པ་ཞིག་ཡིན་པ་དང་རྒྱ་གར་གྱི་ནང་དུ་ཕྱི་རྒྱལ་གྱི་དངུལ་ལོར་གྱི་འཁོར་རྒྱུག་ནི་རང་ཉིད་ཀྱི་ནང་དུ་ཡུན་རིང་བོའི་དོགས་ཟོན་ཆེན་པོ་ཞིག་མ་ཡིན་པ་དང་ད་ལྟ་བོད་རིགས་ཚང་མར་འཛམ་གླིང་གི་དངུལ་ལོར་གཏོང་ལེན་དང་ཞབས་འདེབས་ཀྱི་དངུལ་སྒོར་ལ་སོགས་པའི་བྱ་གཞག་མང་བོ་ཡོད་པ་རེད། བོད་རིགས་སྐྱབས་བཅོལ་བ་ཚང་མ་རྒྱ་གར་གྱི་མི་སེར་ཆགས་པ་ཧ་ཅང་གིས་དཀོན་པོ་ཡིན་པར་བརྟེན། ད་ནས་བཟུང་རྒྱལ་སྤྱིའི་དངུལ་ལོར་གཏོང་ལེན་བྱེད་པ་དང་འབྲེལ་བའི་སྣ་མང་གི་སྒྲིག་ཁྲིམས་ལ་གདོང་ལེན་བྱེད་དགོས་ངེས་ཤིག་ཆགས་ཡོད། རྒྱ་གར་གཞུང་གིས་འགྱུར་ལྡོག་ཕྱིན་པ་འདི་ལ་བསམ་གཞིགས་དང་རོགས་རམ་བྱེད་དགོས་པ་དང་། རྒྱུ་མཚན་ནི་ཞབས་འདེབས་ཀྱི་དངུལ་ལོར་འདི་དག་ནི་དུས་ནམ་ཡིན་ཡང་མཚམས་འཇོག་བྱེད་ཐབས་མེད་པ་ཞིག་རེད། དོན་དངོས་སུ་ཆོས་ལུགས་ཀྱི་ཞབས་འདེབས་འདི་དག་ནི་ད་ལྟ་རང་ནུབ་ཕྱོགས་ནས་ཡོང་བ་མ་རེད་ལ་བོད་ནས་མགྱོགས་མྱུར་དུ་འཕུར་ཡོང་བ་ཞིག་ཀྱང་མ་རེད། འདི་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཏུ་གྱུར་ཡོད། སྤྱིར་རྒྱལ་བ་ཀརྨ་བ་ལ་མཚོན་ན་རྒྱལ་སྤྱིའི་ཁྲོད་དུ་དད་ལྡན་རྗེས་འབྲངས་པ་ཁྲི་ཕྲག་མང་བོ་ཡོད་པ་དང་བོད་ཀྱི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བའི་རྒྱུ་མཚན་གྱིས་བོད་ནང་གི་བོད་རིགས་ཚོ་ལ་ཞབས་འདེབས་འབུལ་རྒྱུའི་དངུལ་ལོ་དང་། ཡང་ན་རྒྱ་གར་དུ་ཡོད་པའི་རང་གི་གཉེན་ཉེ་དང་སྤུན་མཆེད་ལ་དངུལ་བརྗེའི་ཚུལ་དུ་འབུལ་དགོས་པའི་ཡོང་འབབ་ཀྱི་དངུལ་ལོར་ཡང་མང་བོ་ཡོད་པ་རེད། འདིར་དགོད་བྲོ་བ་ཞིག་ནི་རྒྱ་དཀར་ནག་གཉིས་ཕན་ཚུན་དགའ་བོ་མེད་པའི་རྒྱུ་མཚན་གྱིས་ས་མཚམས་ཁག་ཏུ་ཡོད་པའི་བོད་རིགས་ཚོ་ལའང་བོད་ནས་འབྱོར་བའི་ཞབས་འདེབས་དང་དངུལ་བརྗེ་བྱེད་པའི་ལས་དོན་ནི་ཉེན་ཚབས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། །

སྣ་ཚོགས།

Post navigation

Previous Post: ད་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད།
Next Post: ཞ་སྨྱུག་གི་གཏམ་རྒྱུད།

Comments (1) on “རྒྱལ་བ་ཀརྨ་བའི་གནད་དོན།”

  1. བདེ་ཆེན། says:
    2011-03-02 at 6:50 am

    ཕྱི་རྒྱལ་གང་སར་གནས་པའི་བོད་རིགས་ཡོད་དོ་ཅོག་གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་བདེ་སྐྱིད་ཀྱིས་འཚོ་བར་རོལ་བཞིན་ཡོད། ནམ་ཞིག་སྐྱབས་མགོན་རིན་པོ་ཞིང་གཞན་དུ་གཤེགས་པའི་དབང་དུ་བཏང་ཡང་། རྒྱལ་བ་ཀརྨ་པ་འདྲ་བ་ཞིག་གིས་འཁོར་ལོ་བསྒྱུར་ཏེ་བོད་རིགས་མི་མང་དེ་རྣམས་རྒྱ་ནག་ལ་དགའ་མོས་ཡོད་པ་བཟོ་ཐུབ་ཐབས་བྲལ་བ་ཞིག་རེད། བོད་རིགས་དེ་དག་གི་སེམས་ནང་དུ་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཟབ་མོ་རྣམས་ནམ་ཡང་ཡལ་ཐབས་མེད་ལ། བོད་མི་དེ་རྣམས་ལམ་སེང་སྒྱུར་ཆོག་པ་བླུན་པོ་བ་གླང་འདྲ་བ་ག་ལ་ཡིན་སྲིད། བོད་དོན་ནི་བོད་མི་རེ་ངོ་རེར་བབས་པའི་ལས་འགན་རེད། དེ་འདྲ་བསམ་མནོ་བཏང་བ་ཙམ་གྱིས་གང་ཟག་དེ་ལ་ཀླད་རྙིང་ཙམ་མ་གཏོགས། ཡང་དག་པའི་ཆབ་སྲིད་མེད་པ་མཚོན་ཐུབ། བོད་དུ་སྔ་ཕྱི་བར་གསུམ་དུ་ཟིང་ཆ་སླང་མཁན་གཞོན་སྐྱེས་དང་རྒྱ་ནག་གིས་ཤེས་ཡོན་སྤྲད་པའི་བོད་མི་ཤ་སྟག་ཡིན། བོད་དུ་རྒྱ་ནག་གིས་བློ་ཁ་བསྒྱུར་མ་ཐུབ་པ་ཞིག་རྒྱ་གར་དུ་བློ་ཁ་སྒྱུར་བའི་ལས་ནི་དགོད་བྲོ་བ་ཞིག་མ་ཡིན་ནམ། རྒྱལ་བ་ཀརྨ་པ་ལ་དེ་འདྲའི་ནུས་པ་ལྡན་ན་བོད་དུ་བོད་མི་ས་ཡ་མང་པོ་བློ་ཁ་མ་བསྒྱུར་བར། རྒྱ་གར་ལུང་པར་བོད་མི་ཁྲི་ཁ་ཤས་ཤིག་གི་བློ་ཁ་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་འདྲི་ནུབ་ཕྱོགས་སུ་བཞག་སྟེ། །གཏོར་མ་ཤར་ཕྱོགས་སུ་འཕེན་ཟེར་བ་ལྟར་མ་ཡིན་ནམ། དཔེར་ན་རྒྱལ་བ་ཀརྨ་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་བྱས་རྗེས་ཀྱི་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད། ད་ལྟ་འདིས་ལོ་རྒྱུས་དེ་དག་ནམ་ཡང་ནག་སྲུབ་བཏང་མི་སྲིད་ལ། དགོས་པ་ཡང་མེད་པ་ཞིག་རེད། རྒྱ་གར་དུ་ཕེབས་གྲུབ་སྟེ་ལོ་མང་པོའི་ཞིག་གི་གོང་ལ་སིམ་ལ་བོད་པའི་རྒས་གསོ་ཁང་ཞིག་ཏུ་ཕེབས་པའི་སྐབས་སུ་རྒས་པོ་ཁྱོད་རང་ཚོ་སེམས་ཁྲལ་གཏན་ནས་གནང་མི་དགོས། ང་རང་མ་འོངས་པར་སྐྱབས་མགོན་རིན་པོ་ཆེའི་ལམ་དུ་ཤར་བསྐྱོད་བྱ་ཆོག་ཞིག་དང་། ཨ་རི་ལ་ཕེབས་པའི་སྐབས་སུ་ལྡི་ལི་མགྲོན་ཁང་ཞིག་ཏུ་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་བཅར་ནས་རྒྱ་དཀར་ནག་གཉིས་ལ་གནོད་པའི་བཀའ་སློབ་མ་གནང་རོགས་ཞུས་པའི་སྐབས་སུ། ང་རང་བོད་རིགས་ཤིག་ཡིན་བོད་པར་བསམ་མནོ་མ་བཏང་ན་འགྲིག་ཐབས་མེད་ཞིག་དང་། དེ་འདྲ་བ་བོད་དོན་སྐོར་ཚིག་བརྒྱ་ཕྲག་མང་པོ་གསུངས་ཡོད་ཀྱང་ཕྱོགས་ཞེན་གྱིས་བཟི་བའི་གང་ཟག་རེ་གཉིས་བསྐལ་དོན་དུ་ལྷག་ཡོད་སྲིད། དེ་རྣམས་ཀྱིས་སྔར་ཁོང་གི་བཀའ་སློབ་ཀྱི་སྒྲ་ཐག་རྣམས་ལ་ཞིབ་གཤེར་བྱ་ན་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme