Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅིན་པ་ཤོར་ཤོར་སྐྱག་གཟེར་རྒྱག་རྒྱག

Posted on 2011-02-282011-02-28 By ཁ་བརྡ་ 19 Comments on གཅིན་པ་ཤོར་ཤོར་སྐྱག་གཟེར་རྒྱག་རྒྱག

དགེ་ཆོས་དྲ་བོར་ཚེ་རིང་སྐྱིད་ཅེས་བཀོད་པའི་ཞབས་མཆན་མཐོང་རྗེས་
བོད་ཀྱི་ཕོ་གསར་རྣམས་ལ་བསྩལ་བ།
ཀུན་སྨོན་བརྟུལ་ཞུགས་ཀྱིས།

ཡག་གི་ཟེར་གི་མཛེས་ཀི་ཟེར་གི།།
མཛངས་ཀི་ཟེར་གི་དགའ་གི་ཟེར་གི།
ཆགས་ཉམས་བསྟན་འདུག།
ལངས་རབ་བརྗོད་འདུག།

རྡོ་རྗེ་ཟེ་བ་གྱེན་དུ་ལངས་སམ།།
ཕུར་བུ་ནག་པོ་གྱེན་དུ་སྒྲེངས་སམ།།
མ་ཡུམ་ཞིག་གི་དགོས་མཁོ་ཡོད་དམ།།
བུ་ཚ་ཞིག་གི་ནུས་པ་འཛོམས་སམ།།

བྲང་གཞུང་གཅེར་བུར་འབུད་ལ་ཁད་ཀྱིས།།
ཞི་ལུའི་སེམས་པ་གཡོས་པ་འདྲ་འདུག།
ཟུར་མིག་དགོད་ཁ་ཤོར་ལ་ཁད་ཀྱིས།།
འཐམ་མམ་འཁྱུད་དམ་ཟ་བར་འདོད་འདྲ།།

བརླ་སྒོ་ཁྱེད་ལ་ཕྱེས་ནས་ཡོད་དམ།།
སྟུ་སྒོ་ཁྱེད་ལ་བསྟན་ནས་ཡོད་དམ།།
རྔམ་ལ་བྲེལ་བའི་དབུགས་རིང་ཧེལ་ཧེལ།།
མཆོངས་སམ་རྡོག་རྫིས་གཏོང་བ་འདྲ་བ།།

སྐུབ་རིལ་གཉིས་ལ་སེན་མོ་འདེབས་སམ།།
མྱོས་བུམ་ཟུང་ལ་མཇལ་ཁ་ཞུ་འམ།།
ལྟེ་བའི་བྱིན་རླབས་མྱུར་བར་ཞུ་འམ།།
རྨི་ལམ་འདྲེལ་ལོག་རྒྱག་རྒྱག་འདྲ་བ།།

བགོ་བའི་མི་ཐེམ་གཏོར་ན་གྱོང་ཡིན།།
གཅིག་ལ་ཐོབ་ན་གཞན་དག་སྡུག་འགྲོ།
ཚེ་རིང་སྐྱིད་ཀྱི་བདེ་བའི་དྲོད་འདི།།
ཀུན་ལེགས་བརྟུལ་ཞུགས་ང་རེས་ཞུས་ཆོག།

http://www.gdqpzhx.com/bo/html/photo/2009/10/08/354/

སྙན་ངག

Post navigation

Previous Post: ང་ཡི་རང་བཙན།
Next Post: ད་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད།

Comments (19) on “གཅིན་པ་ཤོར་ཤོར་སྐྱག་གཟེར་རྒྱག་རྒྱག”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-02-28 at 11:51 pm

    ཀུན་ལེགས་ཁྱེད་ཚིག་རྩོམ་ལེགས།
    འོན་ཀྱང་སྩལ་པ་ལ་བསྩལ་བ་ཞེས་བཀོད་པ་ནི། བོད་སྐད་བརྡ་དག་ཇེ་ཉམས་སུ་འགྲོ་བའི་རྟགས་སུ་མཐོང་ཡང་བྱ་ཐབས་དབེན། སྐྱེ་བོ་མི་ཉན་པ་ཁ་བརྡ་བྱེད་པ་སྐྱོན།

  2. བཀྲ་ཤིས་ནག་ལྡང་། says:
    2011-03-01 at 12:13 am

    དག་པ་མ་དག་པར་སྒྲོག་པའི་ལ་དྭགས་བློ་བཟང་འཇམ་དཔལ་ཁྱོད་ལ་ཅི་ཉེས།

  3. ཀུན་དགའ། says:
    2011-03-01 at 8:56 am

    ཚེ་སྐྱིད་ཞལ་རས་མཛེས་བ།།
    བཅོ་ལྔའི་ཟླ་བའི་ལྷག་རེད།།
    ཟླ་བའི་འོག་གི་བསིལ་གྲིབ།།
    མྱངས་རྒྱུ་བྱུང་ན་བསམ་བྱུང་།།

    ཚེ་སྐྱིད་སྐུ་གཟུགས་མདའ་རེད།།
    མདའ་སྨྱུག་རྒོད་པོའི་དྲངས་རེད།།
    མདའ་མོའི་སྒྲོ་ལ་འཇུས་ནས།།
    ཕུར་ཕུར་བྱས་ན་བསམ་བྱུང་།།

    ཚེ་སྐྱིད་མཆུ་སྒྲོས་སྤྲི་རེད།།
    འོ་སྤྲི་སྣུམ་པོའི་མངར་རེད།།
    བྱི་རིལ་འཇིབ་པ་བཞིན་དུ།།
    ཡང་ཡང་ནུས་ན་བསམ་བྱུང་།།

    ཚེ་སྐྱིད་མྱོས་བུམ་སྨན་རེད།།
    སྨན་རྫས་རིལ་བུ་བཞིན་དུ།།
    འདོད་ལྡན་ནད་པ་བདག་གིས།།
    ཡང་ཡང་འཐུང་ན་འདོད་བྱུང་།།

    ཚེ་སྐྱིད་བརླ་ཟུང་ཤིང་རེད།།
    ཙན་དན་ལས་ཀྱང་ལྷག་རེད།།
    ང་རང་སྤྲེའུ་བཞིན་དུ།།
    མཆོངས་རྩེད་བྱས་ན་བསམ་བྱུང་།།

    ཚེ་སྐྱིད་འདོན་འདི་ནོར་རེད།།
    རིན་ཆེན་ནོར་བུའི་ལྷག་རེད།།
    འདོད་པའི་ཀ་ཆེན་འཕྱར་ཏེ།།
    ཤུགས་ཀྱིས་བསྣུན་ན་བསམ་བྱུང་།།

  4. གཞོན་ནུ་ཟླ་མེད། says:
    2011-03-01 at 3:49 pm

    ཚེ་སྐྱིད་ཚེ་སྐྱིད་ཟེར་བ།།
    སྤྲིན་པ་ཁ་སེར་གཏིང་ནག།
    ཐོག་སེར་འབེབས་ཐེངས་གཅིག་གིས།།
    ཀླུ་སྨྱོན་ས་ལ་ཕབས་སོང་།།

    ཚེ་སྐྱིད་ཚེ་སྐྱིད་ཟེར་བ།།
    དགུན་ཁའི་སྐྱི་སེར་རླུང་རེད།།
    བུ་ཡུག་འཁོར་ཐེངས་གཅིག་གིས།།
    གསལ་ལེ་འཁྱགས་ལ་སྦྱར་སོང་།།

    ཚེ་སྐྱིད་ཚེ་སྐྱིད་ཟེར་བ།།
    ཁྲི་གདུགས་ཉི་མའི་ཚ་རེད།།
    ཚ་བ་འབར་ཐེངས་གཅིག་གིས།།
    ལྷ་ཀླུ་གཉེན་གསུམ་བསྲེགས་སོང་།།

    ཐག་རིང་ས་ནས་བལྟས་ན།།
    ཚེ་སྐྱིད་ཚེ་ཡི་ལྷ་མོ།།
    ཉེ་སར་བཅར་རྒྱུ་མང་ན།།
    ཚེ་སྲོག་གཅོད་པའི་གཤེད་མ།།

    ཚེ་སྐྱིད་མཛེས་མ་ཡིན་རུང་།།
    ལྟེ་ཐོག་ཚང་མའི་མ་རེད།།
    མཛངས་མའི་ཕྱག་ལས་མཉམ་པོར།།
    དགའ་བའི་གྲོགས་གཅིག་ལོས་ཡོད།།

  5. གཞོན་ནུ་ཟླ་མེད། says:
    2011-03-01 at 4:00 pm

    ཨ་རོགས་ཚོ། ཁྱོད་ཚོས་མཐོང་སོང་ངམ། དེང་སང་ཨ་རིའི་གློག་འཕྲིན་ཁང་ལ་དེང་སང་མཛེས་མ་ཚོགས་ས་གཅིག་ཆགས་འདུག ཚེ་རིང་སྐྱིད་ལས་ཀྱང་མཛེས་པའི་བུ་མོ་ཞིག་སླེབས་འདུག ཁོང་གི་མཚན་ལ་བསྟན་འཛིན་ཚེ་དབྱངས་ཟེར་གྱི་འདུག བུ་མོ་འདི་ཚེ་རིང་སྐྱིད་ནང་བཞིན་ལུས་ཀྱི་ཆ་ཤས་ཁ་ཤས་ཕྱི་ལ་བསྟན་པ་ཡིན་ན། འོ་ད་ཁྱེད་ཚོ་ཚང་མ་crazy བཟོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ། ལྟོས་འ་འོག་གི་དྲ་ཐག་ལ། http://www.voanews.com/tibetan/programs/tv/95778549.html ཨ་རིའི་ཀློག་འཕྲིན་ཁང་ན་བུ་མོ་བསྡུ་ལེན་བྱེད་པ་ལ་བློ་བཟང་དབང་རྒྱལ་ལས་ཀྱང་མཁས་པ་ཞིག་ཡོད་པ་གཏན་འཁེལ་འདུག

  6. yeshe says:
    2011-03-01 at 4:15 pm

    ཁྱོད་ཚོ་ཡང་ལས་མ་དག་པའི་སྐྱེ་བོ་ཏག་ཏག་རེད་བཞག

  7. གཞོན་ནུ་ཟླ་མེད། says:
    2011-03-01 at 5:04 pm

    ཧཧཧ ཡེ་ཤེས་ལགས། སྐད་ཆ་ཉུང་ཉུང་ཆགས་འདུག་ཀ སྐྱག་སོང་ན་སྐྱག་པ་ཤོར་འགྱོ་ནོ་ཆི་ཟིག་རེད། སྟབས་ལེགས་ནས་ཤམས་ཐབས་ལ་འདོམ་མེད་ནོ་ཧྲ་ཀི་ཡ། ཤམས་ཐབས་ལ་འདོམ་ཡོད་ན། སྐྱག་གཡུས་རྒྱག་རྒྱུ་ནོ་ཁོ་ཐག་རེད། ཧཧཧཧཧ

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-03-01 at 7:51 pm

    བཀྲ་ཤིས་ནག་ལྡང་ལགས།

    དག་པ་མ་དག་པར་སྒྲོག་པའི་ལ་དྭགས་བློ་བཟང་འཇམ་དཔལ་ཁྱོད་ལ་ཅི་ཉེས།

    ཞེས་བྲིས་པར་བོད་སྐད་བརྡ་དག་ལ་གཏམ་གླེང་བྱེད་པ་ལ། མཁས་པས་ཚད་མར་འཛིན་པའི་བཀའ་བསྟན་གྱི་དཔེ་ཆ་མང་པོ་ཁྱེད་ཀྱིས་ཀློག་མི་ཐུབ་ཀྱང་། མཐའ་ན་ཁྱེད་ཀྱིས་ཕ་མེས་རྒྱུན་སྒྲོགས་བྱས་པའི་རྡོ་རྗེ་གཅོད་པ་ལྟ་བུ་ཞིག་བཀླགས་ཏེ། དེའི་སྐད་ལ་ཁྱེད་ཀྱིས་ལེགས་པར་སྦྱངས། དེ་ནས་བདག་ལ་ཅི་ཉེས་ཞེས་གཏམ་བྱེད་པར་འོས་ཀྱི། གཞུང་ལུགས་ལ་ཉམས་མྱོང་མེད་པར་བདག་ལ་ཅི་ཉེས་ཞེས་འབྲི་བ་ནི་ཆེར་མི་འོས་པ་ཞིག་ཏུ་འདུག་གོ་སྙམ། དེ་ཡང་རྡོ་རྗེ་གཅོད་པ་ལྟ་བུ་ཞིག་ཀློག་དགོས་པ་ནི། ཡུལ་གངས་ཅན་པའི་སྐད་སྦྱོང་བའི་ཕྱིར་དུ་ཡིན་གྱི། ཆོས་ཀྱི་དོན་དག་ཤེས་པའི་ཕྱིར་དུ་མ་ཡིན།
    ཇི་སྐད་དུ་ཡུལ་གངས་ཅན་པའི་སྐྱེས་མཆོག མཁས་པ་ཡོངས་ཀྱིས་སྤྱི་བོས་མཆོད་པ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དུ།

    ནོར་མེད་ཟས་གོས་མཆོག་འདོད་དང་།
    གཞན་ལ་སློང་ཞིང་ང་རྒྱལ་ཆེ།
    བསྟན་བཅོས་མི་ཤེས་རྩོད་པར་འདོད།
    གསུམ་པོ་འགྲོ་བའི་བཞད་གནས།། རབ་བྱེད་ ༧ ཚིགས་ ༣

    གོང་ཞུས་སོགས་གཞུང་ལུགས་ལ་སྦྱངས་ཏེ། གལ་ཏེ་བདག་གིས་དག་པ་ཞིག་མ་དག་པར་སྒྲོགས་པའི་ཉེས་པ་ཁྱེད་ཀྱིས་གཟིགས་ན། བདག་གིས་ཁྱེད་གཞུང་ལུགས་ལ་སྦྱངས་པའི་མཁས་པ་བཀྲ་ཤིས་ནག་ལྡང་ལ་དགོངས་དག་ཞུ་འོས་སོ། །

  9. BBC says:
    2011-03-01 at 10:24 pm

    བཀྲ་ཤིས་ལྡང་ནག་ལ་ཁག་ཆེར་མེད། ཁོ་པས་ཚད་ཐུབ་ཀྱི་བཀའ་བསྟན་རྣམས་མཐོང་མེད། ཁོ་པས་ལུང་ཁུག་གི་ཨ་མདོའི་གྲོང་སྐད་བོད་ཀྱི་བརྡ་སྤྲོད་ནང་བསྲེས་ཏེ་འཁྱེར་ཡོང་ཙང་བྱས་པ་རེད། དེ་ཡང་ཁོ་པས་དེ་ལྟར་བྲིས་པ་ཡང་རྩ་བ་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ལ་ཐུག་ཡོད། ཁོ་གཉིས་ཀྱིས་བྲིས་པའི་སུམ་རྟགས་འགྲེལ་པ་ལ་གཟིགས་ན་ཤེས། ཁོང་རྣམ་གཉིས་ཀྱིས་བྲིས་པའི་སུམ་རྟསག་ཀྱི་འབྲེལ་པ་ཨམ་མདོའི་མཁས་པ་གོང་མ་རྣམས་དང་མཚུངས་ཀྱི་མེད། འདི་ཐད་བློ་བཟང་འཇམ་དཔལ་ལགས་སུ་བདེན་པ་ཡོད།

  10. སྤངས་སྤོས་ནས། says:
    2011-03-01 at 10:41 pm

    ལ་དྭགས་འཇམ་དཔལ་ལས་ལྷག་པ་བོད་ཡིག་གི་བརྡ་དག་ལ་མཁས་པ་ཡོད་དམ།

  11. BBC says:
    2011-03-01 at 10:46 pm

    ཁོང་ལས་ལྷག་པ་བོད་པ་མང་པོ་ཡོད། འོན་ཀྱང་མིང་འདོན་བྱ་དགོས་དོན་མེད་སྙམ།

  12. ཁ་བརྡ་ཚང་། says:
    2011-03-01 at 10:49 pm

    སྤངས་སྤོས་ལགས།
    ཁྱེད་ཀྱིས་མཆན་བུ་རྒྱག་དུས། མིང་གི་ཚབ་ལ་གློག་འཕྲིན་ཁ་བྱང་བཞག་འདུག
    དེ་མ་ནོར་བ་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  13. སྤངས་སྤོས། says:
    2011-03-01 at 11:02 pm

    ཁ་བརྡ་ལགས་ཚིག་པ་མ་བཟའ་རོགས་ངས་ནོར་འདུག

  14. ཚངས་དབྱངས། says:
    2011-03-01 at 11:26 pm

    རྒན་ལ་དྭགས་འཇམ་དཔལ་ལགས།

    གུས་ཕྱག་སྔོན་དུ་ཕུལ་ནས་ཞུ་གསོལ།

    རབ་བྱུང་ན་རྒན་རིན་པོ་ཆེས་ཀམ་པུ་ཊའི་འཕྲུལ་ལས་པ་རྣམས་ལ་འབྲེལ་བ་གནང་ནས་བོད་ཡིག་གི་དག་ཆ་བཤེར་ཆས་ཤིག་བཟོ་ཐུབ་ན་ལེགས། ཚིག་མཛོད་དེས་མ་དག་པའི་ཚིག་ཚང་མ་བཀག་ནས་དག་ཆ་ལ་ེགས་སུ་འགྲོ་བར་ཕན་སྙམ། དཔེར་ན། བསྩལ་ཞེས་མཐོང་ན། ཀམ་པུ་ཊས་སྩལ་ཞེས་བརྗེས་ན་མི་འགྲིགས་སམ། དེ་མིན་རྒན་རིན་པོ་ཆེ་གསན་རྒྱ་ཤིན་དུ་ཆེ་བས། དམིགས་བསལ་རྒན་རིན་པོ་ཆེའི་མཚན་ཐོག་ནས་དྲ་རྒྱ་ཞིག་ཁ་ཕྱེ་ནས་དག་ཆའི་སྐོར་ཤེས་བྱ་སྤེལ་ཐུབ་ན་གུས་པས་ཀྱང་ཟང་ཟིང་གི་ཞལ་འདེབས་འབུལ་བར་བགྱིའོ།

  15. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 3:25 am

    ལ་དྭགས་འཇམ་དཔལ་ལས་ལྷག་པ་བོད་ཡིག་གི་བརྡ་དག་ལ་མཁས་པ་ཡོད་དམ། ཞེས་པའི་ལན་དུ། ད་ལྟའི་དུས་སུ་རཀ་ར་བཀྲས་མཐོང་རིན་པོ་ཆེ་སོགས་པའི་མི་རབས་རྒན་པ་འགའ་ཤས་ཡོད་སྲིད་སྙམ།

  16. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 6:57 am

    ཚེ་རིང་སྐྱིད་ལ་སྐྱིད་ཉམས་འདུག །
    རྣལ་འབྱོར་མ་རྣམས་དེ་ལྷག་སྐྱིད། །
    བོད་མོ་འགའ་ཞིག་སྐྱིད་ཉམས་ལས། །
    མ་ཅིག་ལབ་སྒྲོན་ལྷག་ཅིག་མེད། །

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-03-02 at 9:31 am

    བོད་ཡིག་ཀློག་ཅིང་བོད་སྐད་སྲུང་འདོད་དོན་གཉེར་ཅན་རྣམས་ལ་ཞུ་བ།
    བདག་ནི་བོད་ཀྱི་བརྡ་དག་ལ་མཁས་པ་ཞིག་མ་ཡིན། ལྷག་པར་དུ་སུམ་རྟགས་ལ་མཁས་པར་གཞན་དག་གིས་རྩི་ཡང་། མ་སྦྱངས་པར་དེ་ལ་མཁས་པར་ག་ལ་གྱུར། བདག་གིས་ནི་སུམ་རྟགས་ལེགས་པ་ཞིག་སྦྱང་མེད། འོན་ཀྱང་ཡི་གེ་དག་ཀློག་པ་ན། དེ་དག་གི་ཡི་གེའི་དག་ཆ་ལ་དོ་སྣང་བྱེད། དཔེ་ཆའི་སྐད་བཞིན་འབྲི་བ་ལ་འབད། སྔ་གནའ་བོའི་སྐད་བཞིན་འདོན་པ་ཡོད། དེ་ལྟར་བྱེད་པ་ན། སེམས་བརྟན་པས་མ་མཉན་ན། རང་གིས་འདོན་པ་དེ་རང་གིས་ཀྱང་གོ་དཀའ་བ་ཞིག་འོང་བ་འདུག ཚངས་དབྱངས་ནས་གསུངས་པ་ལ་འབད་པ་ཞུ་ངེས། རིམ་པས་བྱེད་དགོས་པ་མང་པོ་ཞིག་ཡོད། ད་ལྟའི་སློབ་མ་དག་ལ་སློབ་པ་དང་མཉམ་དུ་བདག་རང་གིས་ཀྱང་བོད་བྱ་ཚིག་གི་ད་ལྟ་འདས་མ་འོངས་བསྐུལ་ཚིག་གམ་སྨོན་ཚིག་དག་སྦྱང་བ་ཡོད། ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་མཛད་པའི་མཛད་པར་བསྐུལ་མ་ཞུ་བ་ལགས་སོ།

  18. ཤ་ཟན་དམར་པོ། says:
    2011-03-02 at 10:45 am

    ལ་དྭགས་པས། མཐའ་ན་ཁྱེད་ཀྱིས་ཕ་མེས་ཟེར་བའི་མཐའ་ན་དང་ཁྱེད་ཀྱིས་གཉིས་ཆ་ནོར་འདུག

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-03-02 at 11:51 pm

    ཤ་ཟན་དམར་པོ་ལགས།

    ལ་དྭགས་པས། མཐའ་ན་ཁྱེད་ཀྱིས་ཕ་མེས་ཟེར་བའི་མཐའ་ན་དང་ཁྱེད་ཀྱིས་གཉིས་ཆ་ནོར་འདུག
    ཅེས་བྲིས་པ་ན། མཐའ་ན་ཞེས་པར་སྔོན་འཇུག་རྗེས་འཇུག་གཉིས་ཀ་མེད་པར་བྱས་ཏེ། ཐ་ན། ཞེས་པ་ཡིན་ཤས་ཆེ། རབ་འབྲིང་མཐའ་གསུམ་ཞེས་པའི་མཐའ་ལ་སྔོན་རྗེས་གཉིས་ཀ་མེད་དགོས་སམ་ཡང་ན་ཐ་རྐྱང་པ་ཡིན། གལ་ཏེ་སྔོན་རྗེས་གཉིས་ཀ་དགོས་ན། མཐའ་ན། ཞེས་པ་དག་འདུག་བསམ།
    ཁྱེད་ཀྱིས་ཞེས་པ་ནི་བརྗོད་པ་དེ་ཡི་བྱེད་པ་པོ་དང་། ཕ་མེས་རྒྱུན་སྒྲོགས་བྱས་པའི་རྡོ་རྗེ་གཅོད་པ་ལྟ་བུ་ཞིག་ཅེས་པ་བྱ་བའི་ཡུལ་དང་། བཀླགས་ཏེ། བྱ་བའི་ཚིག་ཡིན་པའི་རྩིས་ཡིན། ཁྱེད་ཀྱིས་བདག་གི་ནོར་བ་ངོས་འཛིན་མཛད་པར་རྗེས་ཡི་རང་ཡོད། འདི་ཡིས་བདག་གི་བློ་གྲོས་འཕེལ།
    ཁྱེད་ཀྱི་བྲིས་ན་གཉིས་ཆ་ནོར་འདུག་ལས་གཉིས་ནོར་འདུག་ཅེས་འབྲི་ན་གོ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme