Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་བ་དང་ཚེ་སྲོག

Posted on 2011-02-282011-02-28 By སྤོབས་པ་མཐའ་ཡས། 15 Comments on བརྩེ་བ་དང་ཚེ་སྲོག

སྤོབས་པ་མཐའ་ཡས།
heartམི་ལོ་བརྒྱད་ལ་ཉེ་བའི་ཡར་སྔོན་ཞིག་ལ་བལ་ཡུལ་མཆོད་རྟེན་མཆོད་རྟེན་འཕགས་པ་ཤིང་ཀུན་དང་ཉེ་བའི་སྙེ་ཤང་དགོན་པ་རུ་ངེད་ཚོ་ཕ་ཡུལ་གཅིག་པ་རྣམས་ལྷན་འདུས་ཀྱི་ཐུགས་སྤྲོ་ཞེས་འབོད་པའི་འདུ་འཛོམ་ཞིག་བྱས། སྐབས་དེར་ཕ་ཡུལ་གཅིག་པ་ཚེ་དབང་མགོན་པོ་ཕྱི་རྒྱལ་དུ་འགྲོ་རན་པའི་དུས་སུ་ཁེལ་ཡོད་སྟབས་ངེད་ཚོ་ཚང་མས་ཁོར་རྟེན་འབྲེལ་གྱི་ཁ་དར་ཕུལ། ཚེ་དབང་མགོན་པོ་ལོ་ན་ཧ་ཅང་གཞོན་དུས་ཤིག་ནས་ཕ་མའི་བཀོད་མངག་བཞིན་རྒྱ་གར་དུ་འབྱོར་ཞིང་མ་སུའུ་རིའི་བོད་ཁྱིམ་སློབ་གྲྭ་ནས་སློབ་མཐར་ཕྱིན། རྗེས་སུ་རྡི་ལི་མཐོ་སློབ་ནས་སྐུ་མགྲོན་སྣེ་ལེན་སྡེ་ཚན་གྱི་ཤེས་ཚད་ལག་ཁྱེར་ཐོབ། རྡ་རམ་ས་ལར་བོད་གཞུང་གི་ཚོང་ལས་སྡེ་ཚན་ཞིག་ཏུ་ལས་ཀ་ལོ་ཤས་རིང་བྱས། སྐབས་དེ་ཤེད་ཅིག་ནས་ཟམ་གདོང་གཞུང་གིས་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་བར་བརྟེན་ཚེ་དབང་མགོན་པོའི་ལས་གནས་ལ་འཕོ་འགྱུར་ཐེབས། ཁ་ན་ཌའི་གཞུང་ཚབ་ཀྱི་ཚེ་དབང་མགོན་པོ་ལ་ཤེས་འཇོན་ཅན་གྱི་གཞིས་སྤོར་བའི་ཐོངས་མཆན་སྤྲད་པར་བརྟེན་ཁ་ན་ཌར་གཞིས་སྤོར་དང་ལས་ཀའི་ཐོབ་ཐང་རག་འདུག
ཚེ་དབང་མགོན་པོ་ཁ་ན་ཌར་གནས་སྤོས་ནས་ལོ་ཤས་སོང་རྗེས་སུ་བོད་དུ་གཉེན་འཕྲད་དུ་བསྐྱོད་པ་དང་། རྒྱ་གར་དང་བལ་ཡུལ་དུ་འབྱོར་ནས་ཉེ་གྲོགས་ཚོ་མགྲོན་འབོད་དང་ལེགས་སྐྱེས་གྱ་ནོམ་པ་སྤྲད་ཚུལ་སོགས་ཀྱང་ཐོས། དེར་བརྟེན་ཚེ་དབང་མགོན་པོ་ནི་ཁོ་རང་གི་ཚོད་ཀྱིས་ངེད་ཚོ་ཕ་ཡུལ་གཅིག་པ་ཚོའི་སེམས་ནང་ན་གསལ་ཞིང་འཚེར་བའི་སྐར་མ་ཆུང་ཆུང་ཞིག་ཏུ་གྱུར་ཡོད། ཉིན་གཉིས་ཀྱི་གོང་ཞིག་ལ་ངས་ཕ་ཡུལ་གཅིག་པ་ཞིག་དང་ཁ་པར་བརྒྱུད་ནས་གླེང་མོལ་ཡུན་རིང་ཞིག་བྱས། སྐབས་དེར་ངས་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཐོས་པ་དེ་ནི་ཚེ་དབང་མགོན་པོ་ལ་HIVནད་གཞིས་ཟིན་ནས་བཅོས་ཐབས་མེད་པའི་ཚོད་དུ་སླེབས་ཡོད་ཚུལ་དེ་རེད།
ཚེ་དབང་མགོན་པོ་ལྟ་བུའི་ལོ་ན་གཞོན་ཞིང་གཟུགས་སྟོབས་དར་བ། ཤེས་འཇོན་ཆེ་ཞིང་ལམ་འགྲོ་རྒྱུགས་བཞིན་པའི་མི་ཞིག་ལ་གློ་བུར་དུ་འཆི་བདག་གི་དུས་བཅད་མགྲོན་ཤོག་འབྱོར་བ་དེ་ནི་ཅི་འདྲའི་ངོས་ལེན་བྱེད་དཀའ་བ་ཞིག་རེད་ཨང་། སྤྱིར་ན་ས་སྟེང་འདིར་སྐྱེས་ཚད་ཚང་མ་ཡང་HIVནད་གཞིས་ཟིན་རུང་མ་ཟིན་རུང་སྐྱེས་པའི་ཉི་མ་ནས་འཆི་བའི་ཕྱོགས་སུ་རྒྱུགས་བཞིན་པ་ཡིན་སྟབས་དེ་ཙམ་ཧ་ལས་དགོས་པ་ཞིག་ག་ལ་ཡིན། ལྷག་པར་ཡང་ཆོས་ཉམས་སུ་ལེན་པའི་མི་ཞིག་ཡིན་ན་HIVཞེས་པའི་ནད་གཞི་ལ་བརྟེན་ནས་ནམ་ཞིག་འཆི་བའི་སྔོན་བརྡ་གསལ་པོ་ཞིག་འབྱོར་བ་དེ་ཡང་དགེ་སྦྱོར་གྱི་སྐུལ་མ་དང་། ཞེན་ཆགས་ཉུང་འཕྲི། སྙིང་རྗེའི་མྱུ་གུ་འབུས་པ་སོགས་དགེ་བའི་སྟོབས་ཤུགས་ཤིག་ལ་བསྒྱུར་བའི་གོ་སྐབས་ཆེས་ལེགས་པོ་ཞིག་ཀྱང་ཐོབ་པ་ཡིན་སྟབས་བསམ་བློ་བློ་བཏང་གིན་བཏང་གིན་བཟང་ཕྱོགས་ཀྱི་ངེས་ཤེས་རེ་ཡང་སྐྱེས།
འདི་དང་ལྷན་དུ་སྐྱོ་ཞིང་འཇིགས་ཡེ་རེར་འགྲོ་བའི་གཏམ་རྒྱུད་ཅིག་ཡོད་པ་དེ་ནི་ཚེ་དབང་མགོན་པོ་ལ་ནད་དེ་ཇི་ལྟར་འགོས་ཚུལ་དེ་རེད། དེ་ཡང་ཚེ་དབང་མགོན་པོ་ལ་ལོ་གསུམ་ཡས་མས་རིང་ལ་འགྲོགས་པའི་དགའ་རོགས་མ་བསོད་ནམས་གཡང་འཛོམ་ཟེར་བ་ཞིག་ཡོད་འདུག བསོད་ནམས་གཡང་འཛོམ་ལ་ནད་གཞི་དེ་སྔོན་ནས་འགོས་ཡོད་ཀྱང་ཚེ་དབང་མགོན་པོས་གོ་མི་འདུག
བསོད་ནམས་གཡང་འཛོམ་རྒྱ་གར་གྱི་བོད་མིའི་གཞིས་ཆགས་ག་གེ་མོ་ཞིག་ཏུ་སྐྱེས་ཤིང་སློབ་མཐར་ཕྱིན་རྗེས་ཤྲི་ན་གར་དུ་མཐོ་སློབ་ལ་ཞུགས། མཐོ་སློབ་ཐོན་རྗེས་སུ་རྡི་ལིར་ཚོང་ལས་སྡེ་ཚན་ཞིག་ཏུ་འཕྲལ་སེལ་ཚོང་འབྲེལ་གྱི་ལས་ཀ་བྱས་འདུག བསོད་ནམས་གཡང་འཛོམ་གཟུགས་བྱད་མཛེས་པོ་ཡོད་པ་ཞིག་ཡིན་ཞིང་མཐོ་སློབ་ཏུ་ཡོད་སྐབས་དང་རྡི་ལིར་སྡོད་སྐབས་སུ་སྨད་འཚོང་ལྟ་བུ་དང་དགའ་རོགས་འདྲ་མིན་དང་འགྲོགས་པའི་ལོ་རྒྱུས་ཀྱང་ཡོད་མཁན་ཞིག་རེད་འདུག སྐབས་དེ་ཡས་མས་ཤིག་ལ་མོར་HIVནད་གཞིའི་ཟིན་ཚར་ཚུལ་སྨན་ཁང་གི་བརྡ་ཐོ་འབྱོར་འདུག་ཀྱང་མཛའ་གྲོགས་ནང་མ་ཁ་ཤས་ཤིག་གིས་མ་གཏོགས་ཤེས་མི་འདུག
ན་ནིང་ལོ་མགོི་ཞིག་ནས་བསོད་ནམས་གཡང་འཛོམ་གྱི་ལུས་སྟོབས་ཉམས་རྒུད་དང་། ནད་གཞི་ཇེ་ལྗིད། ནད་རྟགས་ཇེ་གསལ་དུ་སོང་སྟབས་གསང་བ་མངོན་དུ་གྱུར་འདུག ཚེ་དབང་མགོན་པོ་སྨན་ཁང་དུ་བརྟག་དཔྱད་བྱས་པར་ཕྱིན་སྐབས་འཕྱི་དྲགས་ཏེ་བཅོས་ཐབས་མེད་པའི་ཚོད་དུ་སླེབས་ཟིན་འདུག ཚེ་དབང་མགོན་པོས་རང་ལ་དགའ་རོགས་མས་མགོ་སྐོར་བཏང་སྟེ་ནད་གཞི་དེ་འགོས་པ་གསལ་པོར་ཤེས་ཀྱང་ད་དུང་ཡང་བརྩེ་དུང་མ་བོར་བར་མོ་ལ་གྲོན་དངུལ་ནར་གཏོང་དང་ལྟ་རྟོག་བྱ་རྒྱུ་མཚམས་བཞག་མི་འདུག
ཁོའི་གྲོགས་པོ་འགས་བསོད་ནམས་གཡང་འཛོམ་གྱིས་ཁྱོད་ལ་གནོད་ཆེན་པོ་འདི་འདྲ་ཞིག་བསྐྱལ་ཡོད་བཞིན་དུ་ད་དུང་ཡང་ཁྱོད་ཀྱིས་ཁོ་མོ་ལ་ལྟ་ལྟོག་རོགས་སྐྱོར་བྱེད་དགོས་དོན་མི་འདུག་ཅེས་བརྗོད་འདུག དེ་ལ་ཁོས། དེ་ནི་བསོད་ནམས་གཡང་འཛོམ་ང་ལ་དགའ་དྲགས་ནས་རང་ལ་ནད་གཞི་ཡོད་སྐོར་བཤད་ན་ང་ཁོ་དང་མི་འགྲོགས་པ་ཤེས་སྟབས་གསང་བ་བྱས་པ་གསལ་པོ་རེད། དུས་ཡུན་ཐུང་ཐུང་ཞིག་ལ་ངེད་གཉིས་བརྩེ་བས་འགྲོགས་པ་དེ་ཡང་མི་ཚེ་འདིའི་བདེ་སྐྱིད་ཅིག་རེད། ད་ངེད་གཉིས་འཆི་རན་སྐབས་ཕན་ཚུན་འཁོན་འཛིན་བྱས་ན་ཕན་ཐོགས་མི་འདུག་ཅེས་བཤད་འདུག དེ་ལས་ངས་རང་གིས་ག་ཚོད་ཐུབ་ཐུབ་ཅིག་མོ་ལ་ལྟ་རྟོག་བྱ་རྒྱུ་ཡིན་ཞེས་ཟེར་གྱིན་འདུག་ཟེར།
ཉིན་ཞིག་ལ་ཚེ་དབང་མགོན་པོས་རང་གི་དགའ་རོགས་མ་ནད་པ་བསོད་ནམས་གཡང་འཛོམ་ལ་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་མོས་རང་ལ་ནད་གཞི་ཡོད་ཚུལ་མ་བཤད་པ་ཡིན་ཞེས་དྲིས་སོང་ཟེར། སྐབས་དེར། བསོད་ནམས་གཡང་འཛོམ་ཁོང་ཁྲོ་ལངས་བཞིན་དུ་ང་ལ་ཁྱོད་དང་མ་འཕྲད་སྔོན་ལ་HIVནད་གཞི་ཞིག་མེད། ནད་གཞི་ཁྱོད་ཀྱིས་ང་ལ་སྤྲད་པ་རེད་ཅེས་བརྗོད་སོང་ཟེར། ཉིན་དེ་ནས་བཟུང་སྟེ་ཚེ་དབང་མགོན་པོས་མོ་ལ་ལྟ་རྟོག་བྱ་རྒྱུ་མཚམས་བཞག་སོང་ཟེར།

བརྩམས་སྒྲུང་།, སྣ་ཚོགས།

Post navigation

Previous Post: ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རྒྱ་དམར་གྱི་དོན་གཅོད་པ་ཡིན་ནམ།
Next Post: ༼ བོད་ཀྱི་བཀའ་ཁྲི་གསར་ ༽ཤོག་གི་རྩོམ་སྒྲིག་པ་རྐུན་མ་ཞིག་རེད།

Comments (15) on “བརྩེ་བ་དང་ཚེ་སྲོག”

  1. ཤར་ཕྱོགས་ཁུག་རྟ། says:
    2011-02-28 at 7:21 am

    སྤོབས་པས་ཞེད་སྣང་ཚ་བོ་དེ་འདྲ་གཅིག་ཐོག་གཉིས་ཀྱིས་གཡུག་གི་འདུག

  2. གླག says:
    2011-02-28 at 9:21 am

    ཞེད་སྣང་ཚ་དང་ཡ་ཅི་འདུག

  3. བསིལ་རླུང་། says:
    2011-02-28 at 10:19 am

    བརྩེ་དུང་གི་ཆེད་དུ་རང་སྲོག་འདོར་ཐུབ་ན་དཔའ་བོ་རེད། དམིགས་བསལ་་HIVཅན་གྱི་འགྱིག་བཟོས་མེ་ཏོག་གི་རིགས་ལ་ལུས་འབེྲལ་བྱས་དང་། ཁྱེད་ནི་བོད་པའི་དཔའ་བོ་དངོས་མ་དེ་རེད།
    ཧཧཧཧཧཧཧཧ

  4. བསིལ་རླུང་། says:
    2011-02-28 at 10:22 am

    ཨ་ལེ། དྲན་པ་བརྗེད་བྱ། སྤོབས་པ་ཚང་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལགས།
    དེ་འདྲའི་རིགས་མང་དུ་སྤེལ་ན་སྤྱི་ཚོགས་འདི་ལ་ཕན་ལས་གནོད་པ་བྱེད་མི་སྲིད།

  5. ཨོ་རིག says:
    2011-02-28 at 12:00 pm

    བུ་མོ་དེ་ནི་འདྲེ་མོ་རེད་འདུག་ག
    བོད་པའི་བུ་མོ་ཞིག་གིས་བྱེད་སྟངས་དེ་བྱས་ན་ཧ་ལས་པ་རེད།
    བུ་དེ་ནི་སྙིང་རྗེ་་་་་་་་སྟབས་མ་ལེགས་པ་ཞིག་ལ་འདྲེ་མོ་དང་ཐུགས་སོང་བ་རེད།
    ཡིན་ན་འང་བུ་དེ་སྙིང་་་་་་་་་་་་་་་་་་་་་་

  6. བཀྲ་ཤིས་ནག་ལྡང་། says:
    2011-02-28 at 12:40 pm

    བོད་པའི་བུ་མོ་ཡིན་པས་བྱེད་སྟངས་ཧ་ལས་དགོས་པ་ཡོད་པ་མ་རེད། མི་ཡིན་པས་བྱེད་སྟངས་ཧ་ལས་དགོས་པའི་སྒེར་སེམས་ཚ་བོ་རེད་འདུག

  7. གཞོན་ནུ་ཟླ་མེད། says:
    2011-02-28 at 1:01 pm

    ད་སྲིན་བུ་འཁྲུག་པའི་ནད་གཞི་འདི་ཕོག་པ་ཚོ་སྙིང་རྗེ། སྙིང་རྗེ་རུང་བྱས་ཡ་གང་ཡང་མི་འདུག ང་ཚོ་སུ་ཞིག་ཡིན་ན་ཡང་ནད་གཞི་མ་ཕོག་མཁན་ནས་མི་འདྲ་མ་འདྲ་མཉམ་དུ་ཆགས་པ་མ་སྤྱོད་རོགས་སྐུ་མཁྱེན། གལ་ཏེ་ཆགས་པ་སྤྱོད་དགོས་ན་འགྱིག་ཤུག་བེད་སྤྱོད་གཏོང་རོགས་གནང་སྐུ་མཁྱེན། གལ་ཏེ་ན་ཚ་དེ་ཕོག་ཟིན་པ་དག་གིས་རང་ཉིད་ཁྱུང་དྲའི་སྔགས་བསགས་ནས་ན་ཚ་དེ་སྦྱང་ཨེ་ཐུབ་ལྟ་རོགས་སྐུ་མཁྱེན།
    ཁྱུང་དྲ་འདི་ཀླུ་ནད་དག་གི་ཁ་སྣོན་ཡིན་པ་འདྲ་འདུག སྲིན་བུ་འཁྲུག་པའི་ནད་གཞི་འདི་ཀླུ་ནད་ཞིག་ཡིན་ཐག་ཆོད་རེད་འདུག

  8. ལ་སྟོད་བུ། says:
    2011-02-28 at 1:48 pm

    ཀླུ་ནད་ཡིན་ན་ཀླུ་འབུམ་སྒྲོག་ན་གང་འདྲ་འདུག
    ཁྱུང་དམར་གྱི་ཡི་དམ་བསྒྲུབ་ན་ལེགས།

  9. གཞོན་ནུ་ཟླ་མེད། says:
    2011-02-28 at 2:27 pm

    ཀླུ་འབུམ་དཀར་ནག་ཁྲ་གསུམ་གང་བཏོན་ན་ཡང་འགྲིག་གི་རེད་མོ། གཙོ་བོ་མཆུ་སྡེ་ལྔ་དང་། ཁྱུང་དྲ་འདི་ཤིན་ཏུ་ནས་ཡག་པོ་མཐོང་། ངོ་ནས་ཁ་སང་སྔོན་མ་ངས་སྲིན་བུ་འཁྲུག་པའི་ནད་གཞི་སྐོར་གྱི་དེབ་དང་པར་སོགས། མི་རིགས་འདྲ་མིན་དང་། ན་སྟངས་འདྲ་མིན་སོགས་རྒྱ་ནག་གི་འཕྲོད་རྟེན་མཁས་ཅན་ཞིག་གིས་ཕྱོགས་བསྒྲིག་བྱས་པ་ཞིག་མཐོང་། དེ་ནས་བཟུང་ངའི་ཟས་ཀྱི་དྭང་ཀ་ཡང་འགག་ནས་བསྡད་ཡོད། སྐུ་མཁྱེན་ཆོས་བྱེད་པ་དེ་ཚོས་ཀྱང་ཐུགས་སྨོན་ཡག་པོ་ཞིག་གནང་རོགས།

  10. ཀརྡོ་རབ་འབྱམས་པ་ says:
    2011-02-28 at 3:09 pm

    ཚེ་དབང་མགོན་པོ་ཁྱོད་མ་མཐའ་ལ་བླ་མ་གཅིག་གི་སར་ནས་རྟ་ཕྱག་ཁྱུང་གསུམ་གྱི་གཟུངས་གང་མང་རེ་བཟླས་ཐུབ་ན་འདི་ཕྱི་གཉིས་ཀར་ཕན་ངེས་རེད། ཚེ་མགོན་དང་ལོ་རྒྱུས་སྨྲ་བ་གཉིས་ཀ་ལ་མ་གསང་བར་གསུངས་པར་བཀའ་དྲིན་ཆེ་ངས་སྨོན་ལམ་ཡང་ཁྱེད་དགའ་གྲོགས་རྙིང་པ་གཉིས་ཀྱི་མཉམ་དུ་ཡོད། དགེའོ། །

  11. བཀྲ་ཤིས་ནག་ལྡང་། says:
    2011-02-28 at 3:34 pm

    ངས་ཁྱོད་ཚོར་ཁ་གདོན་ཞིག་སློབ་ཁྱེད་ཚོས་ཉིན་རྒྱུན་ཆགས་མེད་ཀྱིས་ལོ།
    སྲུང་བ་འགྱིག་ཤུབ་ལ་སྐྱབས་སུ་མཆིའོ།
    འདི་ལས་གཞན་ཅི་གང་གིས་ཀྱང་ཕན་གྱི་མ་རེད། ཤྰཀྱ་ཐུབ་པ་དམར་དམར་པོ་ཕེབས་ཀྱང་ཕན་གྱི་མ་རེད། ལོ

  12. ཆོས་འཕེལ says:
    2011-02-28 at 3:35 pm

    དྲྭ་གྲོགས་གཞོན་ནུ་ཟླ་མེད་ལགས། ཀླུ་འབུམ་དཀར་ནག་ཁྲ་གསུམ་དེ། གང་ཞིག་ལ་ཟེར་གྱི་ཡོད་རེད། སུས་གསུངས་པ་རེད།
    འདོད་ཆགས་ཀྱིས་སློང་བའི་བརྩེ་བ་ནི། མི་དེའི་རྣམ་དཔྱོད་མིག་བུ་སྒྲིབ་པའི་རབ་རིབ་རེད་ལ། གཡོ་སྒྱུས་བསླུས་པའི་མཛའ་བརྩེ་ནི། ཚེ་མཐར་སེམས་ཅོང་གིས་མནར་བའི་ནད་གཞི་རེད།

  13. རྒྱ་གར་རྨ་བྱ། says:
    2011-03-01 at 1:35 am

    ཚེ་དབང་མགོན་པོར་བོད་མིའི་རིན་ཐང་ལྡན་པའི་བསམ་བློའི་བློ་སྟོབས་འདུག ཚར་བའི་ལས་ལ་བཅོས་ཐབས་འདི་རང་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི།།དེ་ལ་མི་དགའ་ཅི་ཞིག་ཡོད།།གལ་ཏེ་བཙོས་སུ་མེད་ན་ནི།།དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་འདི་ལས་ལམ་སྟོན་དང་རྒྱབ་གྲོགས་ཀྱི་མེ་ངག་འཐོབ་དཀའ་བས། ང་ཚོ་དཀའ་ངལ་ནང་ཡོད་སྐབས་གསུངས་འདི་རྒྱན་དུ་སོམས་ཤིག

  14. ལོ་ལོན། says:
    2011-03-01 at 5:40 pm

    དེ་འདྲའི་གནས་ཚུལ་མང་པོ་འདུག། དེང་སེང་བོད་མདོ་དབུས་མཐོ་སྒང་ན་། གཡར་རྩྭ་དགུན་འབུ་དང་སྨད་ཚོང་མ་མཉམ་པོ་འགྲོ་བཞིན་གོ་རྒྱུ་འདུག། དེས་ཐད་ནས་རྒན་མཐའ་ཡས་ཀྱི་སྒྲུང་ཞིག་གསུང་དང་།

  15. བློ་བཟང་རྒྱལ་མཚན། says:
    2012-04-08 at 1:43 am

    ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །གསུངས་པ་བཞིན་ནད་གཞི་ཕོག་བཟིན་པ་ལ་ནི་བཅོད་ཐབས་དཀའ། འོན་ཀྱང་སྔོན་འགོག་གི་ཐབས་ལམ་ནི་ལེགས་ཤོས་ཚངས་སྤྱོད་ལ་སྐྱབས་བཅོལ་ན་བཟང། གཉིས་པ་ཤུབ་ལ་སྐྱབས་བཅོལ་ན་འབྲིང། གསུམ་པ་ནད་གཞི་གསར་པའི་སྐབས་ནས་སྨན་བསྟེན་ན་མཐའ་མ་རེད། ཆོས་ལ་ཡིད་ཆེས་ཡོད་ན་ནི་ཁྱུང་ཁྲའི་དབང་ཞུས་ནས་སྔགས་ཟླས་ན་དེ་ལས་ཡག་པ་གང་ཡང་མེད།་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme