Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བོད་འབྲེལ་མོལ་དགུ་པ་འདི་ཡང་མགོ་འཛུགས་གྲབ་ཡོད་པ་འདྲ།

Posted on 2009-02-09 By tenzin 32 Comments on རྒྱ་བོད་འབྲེལ་མོལ་དགུ་པ་འདི་ཡང་མགོ་འཛུགས་གྲབ་ཡོད་པ་འདྲ།

རྒྱ་བོད་ཀྱི་འབྲེལ་མོལ་དེ་ཡང་མགོ་འཛུགས་གྲབས་ཡོད་པ་འདྲ། དཔང་རྟགས་མེད། གཤམ་གྱི་གནས་ལུགས་རྣམས་ཞུ་རྒྱུ་ཡོད། 

༡༽ཕ་ཡུལ་དྲ་རྒྱའི་ནང་གཟའ་འཁོར་གཉིས་ཀྱི་གོང་ལ་གསར་འགྱུར་གྱི་ནང་རྒྱ་ཕྱོགས་ནས་ཏ་ལའི་བླ་མའི་སྐུ་ཚབ་སྐད་འབོད་བྱས་པ་དང་དེར་རྒྱ་རི་མཆོག་གིས་ལས་འདེབས་བྱས་ཟེར། ཡིན་ནའི་ཉིན་གཉིས་པ་དེར་གསར་འགྱུར་དེ་བཏོན་སོང་། ཡ་མཚན་པོ་བྱུང་།

༢༽བོད་གཞུང་གི་རྒྱ་བོད་འབྲེལ་བའི་སློབ་སྟོན་གྱི་ཚོགས་ཆུང་དེ་གང་མགྱོགས་ལྡི་ལིར་འཚོག་གི་འདུག རྒྱུན་དུ་བོད་ཕྱོགས་ཀྱི་སྐུ་ཚབ་རྣམས་པེ་ཅིང་ལ་མ་འགྲོ་གོང་ཚོགས་ཆུང་དེ་འཚོག་ནས་སྐད་ཆ་གང་ཤོད་དགོས་མིན་གྲོས་བསྡུར་བྱ་སྲོལ་འདུག

༣༽ཉེ་ཆར་པེ་ཅིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་མཁས་པ་མི་ཉུང་བ་ཞིག་དང་། བོད་རིགས་ལས་བྱེད་ཁ་ཤས་ཤིག་ཕྱི་མིར་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་པར་སྦྱོང་བརྡར་བྱེད་ཀྱི་འདུག་ཟེར། ཕྱི་མི་སུ་ཡོང་གི་ཡོད་དམ་ཞེས་སྐད་ཆ་འདྲི་སྐབས། འདི་བཤད་མི་རུང་ཟེར།

གོང་གི་གནས་ཚུལ་རྣམས་བསྡོམས་ཡོང་དུས་ཕལ་ཆེར་རྒྱ་བོད་ཀྱི་སྐུ་ཚབ་རྣམས་ཡང་རྒྱ་ནག་ལ་སྐྱར་ཐུག་ནས་འབྲེལ་མོལ་བྱེད་རྩིས་ཡོད་ས་འདུག

 

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: འཆི་མི་སྲིད་པའི་ང་ཚོ།
Next Post: སྲིད་འཛིན་གསར་བའི་གཏམ་བཤད་དང་ཨ་རིའི་ནང་པའི་གྲངས་འབོར།

Comments (32) on “རྒྱ་བོད་འབྲེལ་མོལ་དགུ་པ་འདི་ཡང་མགོ་འཛུགས་གྲབ་ཡོད་པ་འདྲ།”

  1. འདྲེ་རིག་ལྡན། says:
    2009-02-09 at 11:41 pm

    ཨ ཨ ཨ། རིགས་ལམ་གསལ་གི ཉམས་ཞིབ་པ་དག་གོ་རེད་ཡ ཡུམ

  2. Lobsang Wangden says:
    2009-02-10 at 4:09 am

    Yes, it seems like that. Again I’ve one more reason to add here. CCP or Chinese Govt. may have invited our Representatives in order to prevent any revolt on coming 10th March. Someone who helps me to translate this into Tibetan is highly appreciated.

  3. ཟླ་བ་དོན་འགྲུབ says:
    2009-02-10 at 7:13 am

    རྡ་རམ་ས་ལའི་གྲོགས་པོ་ཞིག་གིས་བསྙད་པ་ལྟར་ན། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཟེར་བས་ད་ལྟ་གསང་བའི་ཚོགས་འདུ་ཞིག་བསྐོང་བཞིན་ཡོད་པ་དེ་བདེན་པར་འདུག ཁ་སང་ངའི་གྲོང་པས་ཁོང་ཚོའི་ལས་རོགས་སྐོར་ཞིག་སྐད་བཏང་ནས་ཐུགས་སྤྲོ་འདྲ་ཞིག་བཏང་སོང༌། ཁོང་ཚོ་ནི་བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་ཟེར་བའི་ཚོགས་མི་ཚོའི་གྲས་རེད། གོ་ཐོས་ལ། ད་རེས་ཀྱི་ཚོགས་འདུའི་སྐབས། ཚོགས་མི་ཁ་ཤས་ནས་ཁ་སྔོན་རྒྱ་ནག་གཞུང་ལསྤྲད་པའི་ཡིག་ཆ་དེ་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཟེར་ནས་སྐུ་ཚབ་བློ་གྲོས་རྒྱལ་མཚན་ནས་ཡས་བཤད་མས་བཤད་མང་པོ་བྱས་པ་དེ་འགྲིག་མི་འདུག དེ་རྒྱལ་ཁ་མ་རེད། ཕམ་ཁ་ལས་ཡག་ཙམ་བྱུང་ན་སྙམ་པའི་རེ་བ་ཞིག་ཡོད་མེད་བལྟས་པ་ཙམ་རེད། ད་ལྟ་མང་གཙོ་ཕྱིར་བསྡུ་བྱེད་དགོས་ཀྱང་དེ་མཇུག་སྐྱོང་དགོས་ནས་ཡོད་པ་རེད་མ་གཏོགས། རྒྱལ་ཁ་གང་ཡང་ཐོབ་ཡོད་པ་མ་རེད། དེ་འདྲ་ལ་རྒྱལ་ཁ་ཟེར་གྱི་ཡོད་ན། དེ་སྔོན་ཏིང་ཞོ་ཕིང་དང༌། ཧུའུ་ཡའོ་པང༌། ཅང་ཙེ་མིང་བཅས་ལའང་ང་ཚོའི་ངོས་ནས་ཡིག་ཆ་སྤྲད་མྱོང་ཡོད་པ་རེད། དེ་ཚོར་ལན་ཡང་རག་ཡོད་པ་རེད། ཅེས་ནང་ཁ་མ་འཆམ་པ་ལྟ་བུ་ཞིག་ཡོང་གི་ཡོད་རབས་སྐད་པ་བདེན་ན་ནི། ཅི་དྲག བསྟན་འཛིན་གྱིས་བཤད་པ་དེ་ག་རང་དུ་འདུག བོད་རྒྱའི་བར་ཐུག་འཕྲད་ཅིག་ཡོང་གི་ཡོད་འདྲ།
    པེ་ཅིན་ཕྱོགས་ནས་ཕྱི་མི་ལ་ལོ་རྒྱུས་བཤད་མཁན། ཕྱི་མི་ལ་གནས་སྟངས་ལབ་མཁན་ཁག་ཅིག་ལ་ཟབ་སྦྱོང་སྤྲད་ནས་གཞིས་ལུས་རྒྱ་ཆེའི་མི་མང་གི་དོན་དག་ཅིག་ནི་ཕྱི་མི་སུས་ཀྱང་བཤད་མི་དགོས། དེ་སྐོར་འགྲིག་ཐག་ཆོད་ཡོད། ཕྱིར་སྡོད་སྤུན་ཟླ་རྣམས་བོད་ནང་ལོག་ཡོང་སྟངས་རང་ལ་ཨུ་ཚུགས་རྒྱག་དགོས་པའི་སྐོར་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག ད་བྱས་དུས། རྒྱ་རིས་རྒྱལ་ཁར་གཟིགས་པའི་ཡིག་ཆ་དེ་ནི་པེ་ཅིན་ནས་གླེག་ཆོག་གི་ཡོད་མེད་ཀྱང་ཐེ་ཚོམ་གྱི་སྐབས་ཡིན་འདྲ། ཡང་རྡ་རམ་ས་ལར་ཡོད་པའི་དབུ་མའི་ལམ་གྱི་ཚོགས་པ་གསར་པ་དེས་ནི། ད་ལོའི་གསུམ་དུས་སྐབས་བོད་དང་རྒྱ་ནག་ཁ་འབྲལ་ཐབས་མེད་ཅེས་སྐད་འབོད་བྱེད་དགོས་ཞེས་སྦྱར་ཡིག་མང་པོ་འགྲེམས་སྤེལ་བྱེད་ཀྱི་ཡོད་སྐད། མི་མང་པོས། བོད་དང་རྒྱ་ནག་ཁ་འབྲལ་ཐབས་མེད་ལབ་དགོས་དུས་གང་འདྲ་ཡིན་ནམ་ཞེས་ཤབ་བེ་ཤུབ་བེ་རེ་གླེང་ཞིང་གདའ་ཟེར། གནས་ཚུལ་གསལ་པོ་རེ་ཤེས་མཁན་ཡོད་ན་འདིར་མཆན་འགོད་ཅིག་གནང་རོགས། ཐུགས་རྗེ་ཆེ།

  4. བློ་བཟང་དབང་རྒྱལ་གྱི་སྒྱུར་ཡིག says:
    2009-02-10 at 1:27 pm

    སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ཀྱི་གོང་གི་དབྱིན་ཡིག་ནང་བྲིས་པའི་མཆན་འདི་བོད་སྒྱུར་ཞུས་པ་ཡིན། 

    རེད། དེ་འདྲ་པོ་འདུག ངེད་ལ་འདིར་རྒྱུ་མཚན་གཅིག་སྣན་ཡག་ཡོད། དམར་ཤོག་གམ་རྒྱ་གཞུང་གིས་ངེད་ཚོའི་སྐུ་ཚབ་སྐད་བཏང་ནས་འཆར་རྒྱུའི་སུམ་བཅུའི་དུས་དྲན་གྱི་སྐབས་ལ་ངོ་རྒོལ་འགོག་ཆེད་ཡིན་སྲིད། 

    Yes, it seems like that. Again I’ve one more reason to add here. CCP or Chinese Govt. may have invited our Representatives in order to prevent any revolt on coming 10th March. Someone who helps me to translate this into Tibetan is highly appreciated.

  5. karchen says:
    2009-02-10 at 6:32 pm

    འབྲེལ་མོལ་ཐེངས་ཁ་ཤས་ལ་བརྟེན་ནས་གནས་ཚུལ་ཚང་མ་འགྲུབ་འགྲོ་བ་དང་བོད་རང་དབང་རེག་འགྲོ་བ་ནི་ཧ་ཅང་ཡོང་དཀའ་བ་ཞིག་རེད།
    འབྲེལ་མོལ་འདི་འཕེལ་རིམ་ཞིག་རེད་མ་གཏོགས་གྲུབ་འབྲས་མ་རེད། བོད་མི་ཚོས་འདི་ངེས་པར་དུ་མཁྱེན་དགོས་ཀྱི་འདུག
    འབྲེལ་མོལ་བྱས་བ་ནང་བཞིན་བོད་ནང་གི་བོད་རིགས་སྤུན་ཟླ་ཚོའི་གནས་སྟངས་ཡར་རྒྱས་སུ་འགྲོ་དགོས་ཀྱི་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། བོད་ནང་གི་གནས་སྟངས་ཡག་ཏུ་མ་ཕྱིན་པར་སྡུག་ཏུ་འགྲོ་གི་ཡོད་ན། འབྲེལ་མོལ་བྱེད་དགོས་ཀྱི་ཐད་ལ་ཡང་ངེས་པར་དུ་བསམ་བློ་ཞིབ་ཕྲ་གཏོང་དགོས་།
    འབྲེལ་མོལ་བྱེད་རྒྱུ་འདི་ཕྱོགས་ཕན་ཚུན་ལ་ཡིག་ཆ་རྩིས་སྤྲོད་རྩིས་ལེན་གྱི་སྐད་མ་རེད། གནས་སྟངས་ཡར་རྒྱས་འགྲོ་མིན་གྱི་སྐད་ཆ་རེད།
    གནད་དོན་འདི་ཚོའི་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གིས་ཀྱང་ངེས་པར་དུ་མནོ་བསམ་བཞེས་དགོས་ཀྱི་འདུག
    རབ་ཡིན་ན། ཡོད་ཚད་རྒྱ་ནག་ལ་རེག་ལས་ཀྱི་ཡོད་ཟེར་བ་དང་ང་ཚོ་ལྷག་བསམ་རྣམ་དག་ཡིན་ཟེར་བའིཁ་གཡང་འདི་ཚོ་འཇོག་པའི་དུས་ལ་སླེབས་ཡོད།
    ངེད་ཀྱི་རྨོངས་འཆར་འདི་འདྲ་ཡིན།

  6. Dhondup Chophel says:
    2009-02-11 at 12:13 am

    Dear Friends,
    Sorry, I cannot type Tibetan here as I do not have the correct software for my computer. I am extremely pleased to have such a blog in Tibetan language. I can read with ease and understand different writings because of different dialects in our language. Keep the good work.
    If the news is correct about H.H.The Dalai Lama’s Enjoys preparing to go to Beijing, it is purely an exercise from the CCP side to avoid further embarassment from wide scale protests in Tibet. Bod Gyalo.

  7. གཞིས་ལུས་བོད་པ། says:
    2009-02-11 at 12:44 am

    རྒྱ་ནག་ནང་ཁུལ་ནས་བལྟས་ན་ད་དུང་བོད་རྒྱ་ཞི་མོལ་ཞིག་ཡོད་པའི་རྣམ་པ་ཅི་ཡང་མི་འདུག ད་དུང་༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཀྱིན་འདུག བོད་གཞུང་གིས་རྒྱ་བོད་འབྲེལ་མོལ་ཚོགས་ཆུང་འཚོགས་དོན་ཅི་ཡིན་མི་ཤེས། འོན་ཀྱང་ཕྱོགས་གཉིས་ནས་མ་འོངས་པར་གྲ་སྒྲིག་བྱེད་པ་ཡིན་རྒྱུ་རེད་སྙམ།

  8. འབིག says:
    2009-02-11 at 4:37 am

    ངའི་བསམ་ཚུལ་བྱས་ན་དོན་ཕན་ལྡན་པའི་བོད་རྒྱ་གྲོས་མོལ་ཞིག་ཡོང་བར་ད་དུང་དུས་ཚོད་སླེབས་མེད། སྐུ་མདུན་གྱི་སྐུ་ཚེའི་རིང་དེ་འདྲ་ཞིག་ཡོང་བར་བོད་ཕྱོགས་ཙམ་མ་ཡིན་པར་རྒྱ་ནག་གིས་ཀྱང་འབད་བརྩོན་རབ་དང་རིམ་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་དུས་ཚོད་དེ་ད་དུང་འགྱངས་ངེས་རེད་ལ། རྒྱ་ནག་གི་དམིགས་ཡུལ་ནི་སྐུ་མདུན་གྱི་སྐུ་ཚེ་རིང་ལ་བོད་དོན་སེལ་རྒྱུ་ཡིན་ནའང་ད་ལྟའི་བོད་ཕྱོགས་ཀྱི་ནུས་པ་ཡོད་ཚད་རྗེས་ཕྱོགས་རྒྱུན་སྲིང་མུ་ཐུབ་པའི་བྱེད་ཐབས་ལམ་སྤྱོད་རྒྱུ་དེ་རེད། འདི་ལའང་གོང་གསལ་ལྟར་དཔང་རྟགས་གང་ཡང་མེད།

  9. གདོང་དམར་གྱི་བུ། says:
    2009-02-11 at 8:42 am

    བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་ཅེས་བོད་ཡིག་ནང་བྲིས་ཡོད་པ་དང་། ཡང་ནང་ངོས་ཀྱི་ཤོག་དངོས་དང་པོའི་ནང་ ལག་ཁྱེར་ཨང་ CH: xxxxxxxx ཞེས་བྲིས་འདུག་པས་CH ནི་རྒྱ་ནག་གི་མི་སེར་མཚོན་གྱི་ཡོད་པ་རེད་དམ། CH ནི་ CHINA བསྡུས་ནས་འབྲི་བ་རེད། བོད་གཞུང་གིས་བོད་མའི་མགོ་ལ་ད་ནས་ CH བརྒྱག་དོན་གང་ཡིན་ནམ།
    ང་ལ་ལག་དེབ་དེ་འབྱོར་བ་དང་ཧོན་ཐོར་སོང་། མཁས་ཆེན་ཟམ་གདོང་དང་བོད་གཞུང་གྲོས་ཚོགས་ལ་རྒྱ་མིང་འདི་ལས་མ་རྙེད་པ་ག་རེ་རེད་དམ། ལག་དེབ་འདི་སུ་ལ་བསྟན་རྒྱ་མིའི་མི་ཡིན་ཕྱིར་སི་ཨ་ཆི་མགོ་ལ་བྲིས་པ་རེད་ཟེར།

  10. གདོང་དམར་གྱི་བུ། says:
    2009-02-11 at 8:47 am

    པན་ཆེཎ་རྫུན་མ་ལ་པཎ་ཆེན་རྫུན་མ་མི་ཟེར་རྒྱུའི་ཁས་བླང་བ་ལྟར། བོད་མི་ཚང་མའི་ལག་དེབ་ཐོག་CH (CHINA)འབྲི་རྒྱུའི་ཁས་ལེན་ཞི་མོལ་གྱི་སྐབས་བྱས་པ་མིན་འགྲོ། འདི་ཚབས་ཆེན་ཞིག་ཏུ་མཐོང་། ལག་དེབ་གསར་བའི་ཨང་གྲངས་མགོ་ལ་གཟིགས་དང་།

  11. གདོང་དམར་གྱི་བུ། says:
    2009-02-11 at 11:02 am

    ལག་དེབ་ཨང་གྲངས་ TI: ༨༨༨༨༨༨༨༨༨༨ ལྟ་བུ་གང་ལྟར་བོད་མིའི་ལག་དེབ་ཡིན་ན་མཚོན་པའི་ཡི་གེ་ཞིག་མ་རྙེད་པ་རེད་དམ།
    བོད་ཀྱི་སྐུ་ཚབ་ཚོས་ཡི་གེ་སྤྲོད་རྒྱུ་ཙམ་རེད། ཁོ་ཚོ་ལ་གྲོས་མོལ་བྱེད་རྒྱུའི་རྣམ་དཔྱོད་དང་ནུས་པ་མེད་ལ། ཁྲལ་འཁྱོལ་ཙམ་ལས་སེམས་ཁུར་དང་འགན་ཁྱེར་བའི་ཚོར་བ་གང་ཡང་ཡོད་པ་མ་རེད། ཡི་གེ་སྤྲོད་དུ་ང་སོང་ནའང་འགྲིག་གི་རེད། མི་གཅིག་སོང་ནའང་འགྲིག་གི་རེད། ཡི་གེ་ལྗིད་ཁོག་ཆེན་པོ་དེ་འདྲ་ཡིན་རྒྱུ་མ་རེད། བོད་གཞུང་གི་དཔོན་པོ་འདི་ཚོས་གང་ཡང་མི་འཇོན་པ་གསལ་བོ་རེད། འདི་ཚོས་རྒྱལ་བ་རིན་པོ་ཆེའི་བྱམས་བརྩེ་དང་བོད་མི་དངངས་ཀྱི་སེམས་ཤུགས་བེད་ལོག་གཏོང་མཁན་རྐྱང་རེད།

  12. མིག་དམར་རྡོ་རྗེ། says:
    2009-02-11 at 6:11 pm

    ch ངས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ་མོད། ch དཔྱ་ཁྲལ་མཚོན་ངེས་སྙམ། རྩ་བའི་དོ་སྣང་བྱས་པར་བསྔགས་བརྗོད་ཞུ་འོས་ཀྱང་ངན་ཕྱོགས་ཁོ་ནས་བལྟ་བ་ནི་ཕན་ལས་གནོད་ཆེ་བས་དེ་དོན་གཟབ་གལ།

  13. ར་བཟི་བ says:
    2009-02-11 at 7:02 pm

    dear friends .
    any one explaine to me typing tibetan language i .
    here i start to write tibetan language .
    but its really too compelecated
    please

  14. ནུམ་བི། says:
    2009-02-12 at 8:04 pm

    བོད་རྒྱ་འབྲེལ་མོལ་དེ་གནང་དགོས་ཀྱི་ཡོད། སྐད་ཆ་མ་བཤད་ན་གནས་ཚུལ་ཇི་ལྟར་ཐག་གཅོད་བྱེད་ཐུབ་བམ། མཁས་དབང་ཟམ་སྟོང་རིན་པོ་ཆེ་ལས་གཏིང་ཟབ་པའི་མཁས་པ་དང་ཆབ་སྲིད་པ་མེད་པ་དེ་དངོས་ཡོད་མ་རེད་པས། ཁྱོད་ཚོ་གང་ཤེས། སྡོམ་པ་ནི་སྡོམ་པ་སྲུང་མི་ཐུབ། དཔེ་ཆ་ནི་དཔེ་ཆ་ལྟ་མ་ཐུབ། ལས་ཀ་ནི་ལས་ཀ་བྱེད་མ་ཐུབ། ལང་ངན་ཤོར་བ་དེ་ཚོས་ཇི་ལྟར་བོད་ལ་ཕན་ཐོག་ཐུབ། 

    ཁྱེད་ཚོས་ཤེས་པ་འདི་ྙན་ངག་ཐབས་ཆག་ཤིག་དང་དབྱིན་སྐད་ཚིག་ཁ་བཤད་དེ་རེད། དེ་འདྲ་ཞིག་ཤེས་བྱ་ཡིས་ཇི་ལྟར་རྒྱ་བོད་ཀྱི་འབྲེལ་བའི་སྐོར་ལ་སྐད་ཆ་ཤོད་པ་འདི་བགད་མོ་ཤོར་ཡུལ་ཞིག་མ་རེད་དམ། 

  15. Lobsang Wangden says:
    2009-02-17 at 3:45 am

    Hm! Numbi! How did he become a distinguish scholar, if Samdhong Lama could not have studied? Don’t say such things! No doubt, he is the greatest leader we Tibetans have after, of course, HH. In brief, he is the Panchen Lama of Tibet. Someone who helps me to translate this comment into Tibetan is highly appreciated for the Tibetan readers.

  16. GPÅ-fÞGÅü says:
    2009-02-17 at 3:48 am

    dsaaawwerrgg

  17. dawashonu says:
    2009-02-17 at 4:59 am

    གོ་ཐོས་ལ་བོད་ནང་དུ་སྡོད་པའི་ཕྱི་གླིང་བ་ཚང་མ་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་གིན་འདུག་ཟེར།
    འདིས་ཅི་ཞིག་གསལ་སྟོན་བྱེད་ཀྱིན་མེད་དམ་སྙམ། དྲ་གྲོགས་ཚོས་འདིའི་སྐོར་ཅང་གོ་སོང་ངམ།
    ཕལ་ཆེར་དགྱ་ནག་ཚང་གིསའཆར་གཞི་ཞིག་འཐེན་བཞིན་ཡོད་པ་འདྲ། དེ་འདྲ་ཨེ་ཡིན་ནམ།

  18. ལྕགས་རྒྱ་འགྲམ་ནག says:
    2009-02-17 at 9:30 am

    ཤེས་གསལ་ལ་བོད་ཀྱི་NGOཙམ་མིན་པར། ཧྲང་ཧེ་རུ་ཚོང་ལས་གཉེར་མཁན་གྱི་ཕྱི་རྒྱལ་བ་ཞིག་གིས་ད་ལོ་ནས་ཁོའི་ཚོང་ལས་ཀྱི་ཝིས་ཟ་ཞུ་སྟངས་ཀྱི་ཐོག་ནས་དཀའ་རྙོག་ཇེ་ཆེར་འགྲོ་སོང་ཟེར།

  19. ལྕགས་རྒྱ་འགྲམ་ནག says:
    2009-02-17 at 12:44 pm

    རྒྱ་བོད་འབྲེལ་མོལ་དགུ་པ་ཟེར་བ་ལས་རྒྱ་རི་ཚོགས་ཁག་གི་ཟློས་གར་ཨང་དགུ་པ་ཞེས་བོས་ན་འོས་པར་འདོད།

  20. པད་མ་ཡང་སངས་ says:
    2009-02-17 at 2:02 pm

    རྒྱ་རི་འདི་པ་མི་བསོད་ནམས་ཅན་ཞིག་རེད།

  21. གངས་བུ། says:
    2009-02-18 at 3:55 am

    ལྕགས་རྒྱ་འགྲམ་ནག་ལགས་ ཁྱེད་ཀྱིས་གསུངས་པ་དེ་ག་རེ་ཟེར་གྱི་ཡོད་པ་རེད། རྒྱ་རི་ཚོགས་ཁག་གི་ཟླ་གར་ཟེར་ན་གོ་རྒྱུ་གང་ཞིག་ཡོད་འབྲེལ་བ་ཞིག་གནང་རོགས། ང་ཚོའི་ནང་ཁུང་ལ་འདི་འདྲ་ཟེར་ནས་མང་པོ་བྲིས་པ་ཡིན་ན་ཕན་ཐོག་གང་ཞིག་འདུག་་ཁོང་ཚོའི་ནོར་འཁྲུལ་དང་མ་འོངས་པ་ལ་ཕན་པའི་བསམས་འཆར་ཡོད་ན་ངེས་པར་དུ་འབྲི་རོགས་ ཐུགས་རྗེ་ཆེ།

  22. སྟག་སྨྱོན། says:
    2009-02-18 at 8:00 am

    རྒྱ་རི་བློས་རྒྱལ་མཚན་ངེས་པར་དུ་བརྗེ་བོ་བརྒྱག་དགོས་པའི་ཚད་སླེབས་འདུག་སྙམ། ཁོང་གིས་དམིགས་བསལ་སྐུ་ཚབ་ཀྱི་འགན་ཁུར་ནས་ད་བར་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཐོབ་མེད་པ་རེད། མི་གཞན་པ་ཞིག་བསྐོས་པ་ཡིན་ནའང་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་ད་ལྟ་ལས་སྡུག་ཏུ་འགྲོ་རྒྱུ་ཡོད་པ་མ་རེད། ད་ལྟ་སྡུག་ཤོས་ཀྱི་ཚད་ལ་སླེབས་ཡོད་པ་རེད། ཁོང་བརྗེ་བོ་བརྒྱག་པ་ལ་རྒྱུ་མཚན་གཞན་ཡང་མང་པོ་འདུག ཨང་དང་པོ་ཁོང་བརྗེ་བོ་བརྒྱབ་ནས་རྒྱ་ནག་ལ་བོད་པ་ཚང་ལ་མི་གཅིག་ལས་མེད་པ་མ་ཡིན་ཤེས་སུ་མཇུག་དགོས། ཨང་གཉིས་པ་རྒྱ་རི་ལ་ནུས་པ་དང་ལྷག་བསམ་ག་ཚོད་ཅིག་ཡོད་པ་མཐོང་ཚར་བ་རེད། དེའི་ཕྱིར་ང་ཚོས་མི་གཞན་ཚོའི་ནུས་པ་ལ་ཚོད་ལྟ་བྱེད་དགོས་ཀྱི་འདུག དམིགས་བསལ་སྐུ་ཚབ་བརྗེ་བོ་མ་བརྒྱབ་པས་རྒྱ་བོད་ཞི་མོལ་ལ་རེ་ལྷག་མ་ཞིག་མཐོང་གི་མི་འདུག གཞན་ཡང་རྒྱ་རི་ཚང་ལ་ཆོས་ཚོགས་སོགས་སྒེར་གྱི་ལས་གཞི་རྒྱ་ཆེན་པའོ་ཡོད་པས་བོད་དོན་ཐོག་ཆུ་ཚོད་དཀོན་པོ་ཆགས་ཡོད། དཔེར་སྔར་ལོ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་གི་དམིགས་བསལ་ཚོགས་ཆེན་དང་པོ་དེ་ལའང་ཞུགས་ལོང་བྱུང་མེད་པ་རེད། ཁོང་སྐུ་སྒེར་ལ་བོད་སྤྱི་དོན་ལས་ལྷག་པའི་ལས་དོན་མང་པོ་ཡོད་པས། ང་ཚོས་ཨུ་ཚུགས་བརྒྱབ་ནས་ཁོང་ལ་རེ་བ་བརྒྱབ་ཀྱང་། ཁོང་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་ཁུར་དེ་ཞོར་ལས་ལྟ་བུ་ཞིག་ལས་བརྩི་གི་མེད་པ་སྔ་ལོར་ཚོགས་ཆེན་མ་བཅར་བའི་ཐོག་མཐོང་ཚར་བ་རེད།

  23. ལྕགས་རྒྱ་འགྲམ་ནག says:
    2009-02-18 at 8:06 am

    རྒྱ་རི་ལས་ལྷག་ང་ཕོད་ངག་དབང་འཇིགས་མེད་བསོད་ནམས་ཆེ་བར་སྙམ། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་མོ་ཟེར་བ་ལ་སོགས་ཆབ་སྲིད་ཀྱི་ལས་འགུལ་གང་རུང་གི་འཐབ་རྩོད་ཀྱི་གྲིབ་མ་ཙམ་ཡང་མ་ཕོག་པའི་གཞིས་ལུས་བོད་མི་ཞིག་ནི་ང་ཕོད་ངག་དབང་འཇིགས་མེད་ཡིན། རྒྱུ་མཚན་ནི་ཁོ་ནི་སུས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པའི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་དང་ལོ་རྒྱུས་ཀྱི་བདེན་དཔང་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།

    བཙན་བྱོལ་ནས་རྒྱ་ལོ་དོན་འགྲུབ་རེད། ཡིན་ནའང་རྒྱ་ལོའི་དམིགས་བསལ་གྱི་གོ་བབས་དེ་ད་སྐབས་རྒྱ་རི་ལ་ཤོར་ཡོད། རྒྱ་རི་ལ་ཇི་ལྟར་ཤོར་སྟངས་ཀྱི་ཐད་ལ་འགྲེལ་བཤད་སྣ་ཚོགས་ཡོད་སྲིད། ཡིན་ནའང་ངའི་བསམ་པར་ཕྱིའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རྒྱ་རི་ཡི་ཨ་མི་རི་ཀའི་སྲིད་དོན་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་དང་། ནང་རྐྱེན་ནི་ཟམ་གདོང་གི་སྲིད་འཛིན་དོ་དམ་ལ་ཐུག་ཡོད་པར་འདོད།

    རྒྱ་ལོ་ཡི་སྐབས་སུ་རྒྱ་བོད་འབྲེལ་མོལ་གྱི་གནས་ཚུལ་དང་ཟིན་ཐོ་འདི་ཡིན་ཞེས་གཞུང་འབྲེལ་ཡིག་མཛོད་ཅིག་སྟོན་རྒྱུ་མེད་མོད། ཡིན་ནའང་ད་ལྟ་ང་ཚོའི་སྐབས་སུ་དེ་ལྟར་མིན་ཞེས་རྒྱ་རི་ཡིས་ཡང་ཡང་བཤད་པ་དེ་ནི་ཟམ་གདོང་གི་དོ་དམ་འོག་ནས་བྱུང་བ་ཞིག་མ་གཏོགས་རྒྱ་རི་ཡི་མིག་རྒྱང་ལས་བྱུང་བ་ཞིག་ཏུ་མི་བསམ།

    རྒྱ་རིས་འགོ་འཁྲིད་པའི་འདས་པའི་འབྲེལ་མོལ་ཐེངས་བརྒྱད་ཀྱི་གྲུབ་འབྲས་ནི་རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་སྲིད་དོན་བཤད་རྒྱུའི་ཐོབ་ཐང་མེད་ཅེས་ན་ནིང་རྒྱ་ནག་གཞུང་གིས་བཤད་སོང་བ་དེ་ཡིན། ན་ནིང་རྒྱ་རིའི་ཕྱོགས་ནས་བོད་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དེ་ལ་རྒྱ་ནག་གཞུང་གིས་ལན་འདེབས་ཇི་ལྟར་བྱས་པ་ཚང་མས་མཁྱེན་གསལ་རེད། སྐབས་དེར་རྒྱ་ནག་གཞུང་གིས་ཐ་ན་ 79 ལོར་ཏིན་ཞའོ་ཕིན་གྱིས་བོད་རང་བཙན་མིན་པའི་གནད་དོན་གང་རུང་གི་ཐོག་ལ་གྲོས་མོལ་བྱས་ཆོག་གི་རེད་ཅེས་བཤད་མེད་པའི་གསལ་བསྒྲགས་ཀྱང་བྱས་པ་རེད།

    ཏིན་ཞའོ་ཕིན་གྱིས་རྒྱ་ལོ་དོན་འགྲུབ་ལ་དེ་ལྟར་བཤད་ཡོད་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རབས་དགུ་བཅུའི་ནང་དུ་བཏོན་པའི་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་དུ་གསལ་བོར་བཀོད་ཡོད། ཡིན་ནའང་བོད་ཀྱི་ཕྱོགས་ནས་སྐབས་དེར་རྒྱ་ལོ་དང་འཇུ་ཆེན་གཉིས་ཀྱིས་གསར་འགོད་ཚོགས་འདུ་ཞིག་བསྐྱངས་པ་མ་གཏོགས་དེ་ལ་གསལ་བཤད་དང་ལན་འདེབས་ཅི་ཡང་བྱས་མ་སོང་། མཚམས་མཚམས་ལ་འདི་ནི་ཟམ་གདོང་དང་རྒྱ་རི་གཉིས་ཀྱིས་རྐང་བཙུགས་ནས་རྒྱ་ལོ་དོན་འགྲུབ་ཀྱི་བྱས་རྗེས་ནག་གསུབ་གཏོང་གི་མེད་དམ་བསམ་པའི་དོགས་པའང་སྐྱེས་ཀྱི་འདུག མངོན་ལྐོག་ནས་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་མཐར་གཏུགས་ན་གནས་ཚུལ་གྱི་ངོ་བོ་ཅི་ཡིན་ཟམ་གདོང་དང་རྒྱ་རི་གཉིས་ཀྱི་སེམས་སུ་ཝ་ལེར་གསལ་ངེས། འདི་ནི་ཆབ་སྲིད་ཀྱི་ཟློས་གར་ཟེར་བ་དེ་རེད། མང་ཚོགས་ཀྱིས་འདིའི་ཐད་ལ་དགའ་སྐྱོ་ཆགས་སྡང་གི་བསམ་ཚུལ་ཙམ་བཤད་པ་ལ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་ཀྱི་དྲི་བ་ཆེན་པོ་དེ་འདྲ་མ་དྲིས་ན་དགའ་གི་རེད། དྲི་བ་འདྲི་ས་མང་ཚོགས་མ་རེད། སྲིད་ཇུས་བཟོ་མཁན་གྱི་ཟམ་གདོང་དང་དམིགས་བསལ་སྐུ་ཚབ་རྒྱ་རི་སོགས་རེད། དུས་བབ་གསར་འགོད་པས་རྒྱ་རི་ཚོགས་ཁག་གི་དྭགས་པོ་བསོད་ནམས་ལ་རྒྱ་བོད་ཀྱི་འབྲེལ་མོལ་སྐོར་ལ་དྲི་བ་དྲིས་པ་འདིར་གཟིགས་དང་བློ་སྐྱེད་ཏོག་ཙམ་ཐོབ་ངེས་རེད། http://www.tibettimes.net/news.php?showfooter=1&id=822
    རྒྱ་རི་ཚོགས་ཁག་ཅེས་བོས་ཚེ་ཁ་ཤས་ལ་དོགས་འདྲོགས་ལངས་སྲིད། ངས་ནི་ཝ་ཤིན་ཊོན་གྱི་བུ་ཆུང་ཀེ་ཚེ་རིང་ཞེས་གཞུང་ཞབས་མིན་པའི་མི་ཞིག་རྒྱ་བོད་འབྲེལ་མོལ་གྱི་བོད་ཕྱོགས་ཀྱི་སྐུ་ཚབ་ཀྱི་གྲས་སུ་སླེབས་སྟངས་ཀྱི་ཐོག་ནས་བཤད་པ་ཡིན། ད་དུང་། སུད་སི་ཡི་དོན་གཅོད་ཚེ་བརྟན་བསམ་འགྲུབ་དང་ཡུ་རོབ་ཀྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན། སྐུ་སྒེར་དྲུང་ཆེ་འཆི་མེད་ལ་སོགས་རྒྱ་རི་དང་ཇི་ལྟར་འབྲེལ་ཆགས་སྟངས་སོགས་ཀྱི་ཐད་ལ་བལྟས་ཚེ། ངས་ནི་དམངས་གཙོ་ཚགས་པར་དང་དེའི་རྩོམ་སྒྲིག་པ་རྣམས་ཀྱི་མིག་རྣོན་པོ་དང་རིག་པ་གསལ་བོ། ཁ་ཚ་བོ་ལས་ཐོན་པའི་སྐྱོན་བརྗོད་དང་ལྟ་རྟོག་གི་རྩོམ་ཡིག་དེ་དག་མུ་མཐུད་ནས་སྤྱི་ཚོགས་ཐོག་ཀློག་རྒྱུའི་སྐལ་བ་ལྡན་ན་ཅི་མ་རུང་ཨང་བསམ་བྱུང་།

  24. ཟུར་གནས། says:
    2009-02-18 at 1:00 pm

    ལྕགས་རྒྱ་འགྲམ་ནག་གི་ཤོད་རྒྱུར་འདི་ལ་གནད་འགག་འདུག བོད་གཞུང་གི་ལས་བྱེད་མིན་པའི་མི་དེ་ཚོས་བོད་གཞུང་གི་དབང་ཆ་ལྟེ་བ་དེ་ཚོ་ཟིན་སྟབས། གཞུང་འདི་གང་འདྲ་ཆགས་སོང་ངམ། དེ་ཚོ་དཔྱད་ཞིབ་བྱེད་སྐབས་མཐའ་མ་ཐུག་ས་དེ་རྒྱལ་བ་རིན་པོ་ཆེ་རེད་འདུག རྒྱལ་བ་མཆོག་གིས་མཆོག་མཆན་མེད་ན་སྐུ་ཚབ་དེ་ཚོ་སླེབས་ས་མེད། ད་ཕར་སྐོར་ཚུར་སྐོར་མ་བྱས་པར་ཐད་ཀར་རྒྱལ་བ་མཆོག་ལ་ཡི་གེ་འབུལ་དགོས་ཀྱི་འདུག ངས་ཡི་གེ་བྲིས་ཆོག ཁྱེད་ཚོ་མི་ག་ཚོད་ཀྱིས་ས་ཡིག་རྒྱག་གམ།

  25. རིག་རང་སྐྱེས says:
    2009-02-20 at 8:46 pm

    ཆབ་སྲིད་པ་ཚོ་ཟློས་གར་འདི་འདྲ་འཁྲབ་བསྡད་ན་ཉམས་ཆུང་མང་ཚོགས་ཚང་མ་སྙིང་རེ་རྗེ། བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་རྒྱ་རི་བལ་ཡུལ་དུ་རང་གི་བུ་མོའི་སྲས་ཆུང་བླ་མ་ག་གེ་མོ་ཞིག་གི་ཁྲིར་སྟོན་མཛད་སྒོ་ཕེབས་པ་དེ་དམིགས་གསལ་སྐུ་ཚབ་ཞིག་གི་བྱ་སྤྱོད་ཨེ་ཡིན། བོད་རྒྱལ་ཡོངས་དམིགས་གསལ་ཚོགས་ཆེན་ཐེངས་དང་པོ། ༧གོང་ས་མཆོག་གི་དམིགས་གསལ་སྐུ་ཚབ། བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ། ཁོས་འདི་དག་ལ་བསམ་བློ་བཏང་ཨེ་མྱོང། ཁྲིར་སྟོན་མཛད་སྒོ་དེ་དམིགས་གསལ་ཚོགས་ཆེན་གྱི་སྐབས་དང་བསྟུན་ནས་པྱེད་དགོས་པ་གང་ཡིན་ནམ། བོད་མི་ས་ཡ་དྲུག་གི་བདེ་སྡུག་རྒྱབ་ཏུ་གཡུགས་ཏེ་ཁོའི་བུ་མོའི་སྲས་ཆུང་ཁ་ལ་འཁྱེར་ནས་བོད་རྒྱལ་ཡོངས་ཚོགས་ཆེན་ལ་གཡོལ་དགོས་པ་གང་ཡིན་ནམ། རྒྱ་རི་ཁོང་དང་རྒྱ་ནག་གཞུང་གི་འབྲེལ་བ་་་་་་་་་་་་་་ ད་མང་གི་ཡ་མང་གི

    རྒྱ་རི་རྒྱ་ཕྱོགས་ཨེ་ཡིན།།
    རྒྱ་རི་རྒྱ་སྒོར་ཨེ་ཡོད།།
    རྒྱ་རི་རྒྱ་སོ་ཨེ་ཡིན།།
    རྒྱ་རེ་རྒྱ་ལོ་ཨེ་དོ།།

  26. རིག་རང་སྐྱེས says:
    2009-02-20 at 8:47 pm

    ནོར་བཅོས། རྒྱ་རི་རྒྱ་ལོ་ཨེ་དོ།།

  27. ཟུར་གནས། says:
    2009-02-21 at 8:21 pm

    རྒྱ་རི་རིན་པོ་ཆེའི་ལྷག་བསམ་ལ་ཡིད་ཆེས་ཡོད། ཁོང་ད་བར་མི་ཚེ་གང་པོ་བོད་དོན་ཐོག་ལ་བཏང་བ་དེ་བདེན་པ་རེད། ཁོང་སྒེར་སེམས་ཡོང་སྲིད། བུ་ཕྲུག་བདུན་གསོ་དགོས་ཀྱི་ཡོད། དེ་ཚོའི་ཐད་ལ་བླ་མ་དང་སྤྲུལ་སྐུ་ཁག་ལ་ཞུ་བ་འཐེན་པ་དང་དུས་ཚོད་གཏོང་དགོས་པར་འགལ་བ་མིན་འདུག 

    ཡིན་ནའི་རྒྱ་རི་རིན་པོ་ཆེས། མང་ཚོགས་ཀྱི་བསམ་ཚུལ་རྣམས་ཡག་པོ་ཉན་ནས། བོད་མི་དམངས་ཀྱི་མངོན་འདོད་རྣམས་ལ་མཐོང་ཆུང་མ་བྱས་ལ་ལེགས།

    དེ་མིན་ཁོང་མི་མ་རབས་དང་མགོ་བདེ་པོ་དེ་འདྲ་མ་རེད། ང་ཚོ་ཁ་བརྡའི་ནང་ཞུགས་མཁན་རྣམས་ནས་རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་ལོ་ག་ཚོད་ཞུས་མྱོང་ངམ། ང་ཚོ་ཨ་རིར་འགྲོ་བའི་གོ་སྐབས་རག་སྐབས་ཚང་མ་བློས་བཏང་ནས་མྱོང་བ་མ་ཡིན་ནམ། དེའི་ཐོག་ནས་བཤད་ན། རྒྱ་རིས་རྒྱལ་བ་རིན་པོ་ཆེ་ལ་ཕན་ཐོག་ཆེན་པོབསྒྲུབས་ཡོད། དེ་ཁས་ལེན་དགོས། ཁོང་ནས་ལོ་མང་པོ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་གི་གླ་ཆ་ལེན་མིན་འདུག ཁོ་པའི་འགྲོ་སོང་ཚང་མ་ཁོ་རང་ནས་བཙལ་ནས། ལོ་བདུན་ཙམ་བྱ་བ་སྒྲུབ་འདུག དེ་ཁྱེད་ཚོས་ཤེས་སམ། 

  28. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-21 at 8:57 pm

    དྲ་གྲོགས་རྒན་པ་ཚོ། ཞིབ་འཇུག་འདྲ་བོ་མ་བྱས། རྒྱུ་མཚན་འདྲ་བོ་ཡང་མ་རྙེད་པར། མི་སྒེར་གྱི་ན་ཚ་དང་མི་སྒེར་གྱི་ཚོར་བའི་ཐོག་ནས། རྒྱ་རི་རིན་པོ་ཆེའི་ཡག་ཕྱོགས་དང་སྡུག་ཕྱོགས་བཤད་རྒྱུ་འདི་ཡག་པོ་ཞིག་ཨེ་ཡིན་སྙམ། གཞན། མིང་རྫུན་མ་འདྲ་བོ་ཞིག་བརྒྱབ་ནས། རྒྱ་རི་རིན་པོ་ཆེ་ཕར་འཐེན་ཚུར་འཐེན་བྱས་བསྡད་ན་། ངེད་ཀྱིས་ནི་དེ་ལ་དགེ་ཕན་མཐོང་གི་མི་འདུག ཡང་མིན་ན། གཡང་སྐྱབས་རྒྱལ་ནང་བཞིན། གདོང་ལ་བུད་ནས་རྩོམ་འབྲི་ཐུབ་མཁན། ྐླུ་སྨྱོན་ནང་བཞིན། བསམ་འཆར་གདོང་ནས་བཤད་ཐུབ་མཁན་དེ་འདྲ་དགོས་ཀྱི་ཡོད།
    དེ་འདྲ་ནི་ད་སྔ་ཕན་ལ་ང་ཚོའི་ནང་ན་དཀོན་སེ་འདུག རྒྱབ་ལོགས་ཤིག་ནས་སྐད་ཆ་ཤུབ་ཤུབ་བཤད་བསྡད་རྒྱུ་ནི་ངེད་ལ་མཚོན་ན་བདེ་བོ་མི་འདུག
    རྩོམ་འབྲི་བ་ཚོས་ཀྱང་དམངས་གཙོའི་གོམས་གཤིས་འདི་བསྐྱེད་བསྲིངས་བྱེད་དགོས་ཀྱི་འདུག་ཡ། ཁ་བརྡ་དྲ་དེབ་འདི་བརྒྱུད་ནས། བོད་མི་ཉམ་ཆུང་ཚོས་སོ་སོའི་སྡུག་གཏམ་བཤད་ཐུབ་པར་ཤོག བོད་མི་མཁས་པ་ཚོས་སོ་སོའི་བསམ་ཚུལ་བཤད་ཐུབ་པར་ཤོག བོད་རིགས་སྤུན་ཟླ་ཚོས་ཕན་ཚུན་བསམ་ཚུལ་བརྗེ་ཐུབ་པར་ཤོག

  29. USA says:
    2009-02-27 at 6:10 pm

    hhi

  30. tibetan seed says:
    2009-03-04 at 2:45 pm

    dear all Tibetan people
    this is the time for that we should wake up from our deep and dark dream.
    As news came out that Exile Tibetan Government will going to talk with China.
    Do you think this is a right situation go for talk with China?
    Here I am requesting to Samdhong who got the name of Tibetan PM that please don’t make us fool and better he should leave the office for some young gernations
    its the time for him go to monastery do some Puja. please don’t make any more mistake. you did it too much. now it enough.
    please……………….. Sangdhong……. Stay away

  31. གཞིས་ལུས་བོད་པ། says:
    2009-03-09 at 12:17 pm

    གཟུར་གནས་ཀྱིས་བཤད་པ་དེ་ལ་ཕལ་ཆེར་གནས་ལུགས་འདུག་སྙམ།

  32. གཡག་ཤ says:
    2009-06-06 at 11:04 am

    བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་དངུལ་ལག་དེབ་
    ཅེས་པ་དང་འབྲེལ་བའི་དྲི་བ་ཞིག་ཡོད།
    ལག་དེབ་འདིའི་ནང་ལ་བཀོད་པའི་ཐ་སྙད་འགའ་ཞིག་ཧ་མི་གོ
    དཔེར་ན།
    དཔྱ་ཁྲལ་འབུལ་ཆད་འབབ་་་
    དཔྱ་ཁྲལ་འབུལ་ཆད་བསྡོམས་སྒོར་་་
    སྒྲུབ་འབུལ་་་
    འབུལ་ཆད་ལྷག་བསྡད་སྒོར་་་
    སོགས། གཙོ་བོར་འབུལ་ཆད་ཅེས་པ་དེའི་དོན་ཤེས་པར་འདོད།
    མི་དྲིན་ཅན་ཞིག་གིས་ཐ་སྙད་དེ་དག་གི་གོ་དོན་དེ་བོད་ཡིག་གམ་དབྱིན་ཡིག་ཐོག་
    འགྲེལ་བཤད་གནང་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    གཞན་ཡང་དྲྭ་བའི་ནང་ལག་དེབ་འདི་དང་འབྲེལ་བའི་
    གསར་འགྱུར་བློ་ལ་བབ་པོ་མང་ཙམ་ཡོད་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme