Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀརྨ་པ་རང་གཞུང་གིས་གནོན་དོན་མེད།

Posted on 2011-02-262011-02-26 By ཁ་བརྡ་ 26 Comments on ཀརྨ་པ་རང་གཞུང་གིས་གནོན་དོན་མེད།

སྐྱོ་བྲག་དགའ་དབང་།
མཚུར་སྒར་བླ་བྲང་གི་ལས་ཀྱི་སྣེ་མོར་གཏོགས་པ་སྔ་རྗེས་སུ་བྱུང་བ་རྣམས་གནའ་སྲོལ་རྒྱུན་སྐྱོང་གི་བག་ཆགས་མཐུག་དྲགས་པ་དང་། དེང་དུས་ཤེས་ཡོན་གྱི་ནུས་པས་མ་འདང་བ་ཁོ་ནས། རྒྱལ་དབང་ཀརྨ་པ་བྲོས་བྱོལ་དུ་ཕེབས་ཏེ་ལོ་འཁོར་བཅུ་གཅིག་ཟིན་པའི་རིང་ནའང་། ཁྲིམས་མཐུན་གྱི་དཔེ་ཤག་ཉར་ཚགས་དང་། བེད་སྤྱོད་བྱ་ཐབས་ཙམ་ཡང་མ་གྲུབ་པ་དེ། ཉེ་དུས་གཟིམ་ཁང་རྒྱག་སའི་ས་ཆ་ཉོ་ཚོང་གི་རྐྱེན་པས་ཕྱིར་མངོན་པ་ན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་ས་གནས་མང་པོར་གླེང་སློང་འདྲ་མིན་བྱུང་བ་ཕལ་ཆེ་བའི་བདེན་རྫུན་དབྱེ་འབྱེད་ཆགས་ཟིན་པས་བསྐྱར་གླེང་དགོས་པ་མེད་ནའང་། རྒྱལ་དབང་ཀརྨ་པར་ཤ་ཞེན་ཡོད་མཁན་ཡིན་སྲིད་པའི་གང་ཟག་རྨོངས་ཁམས་ཆེ་བ་འགའི་རྟོག་འཆར་གྱི་དཔེ་མཚོན་ལྟ་བུ། སིང་ག་པུར་ནས་མི་རྐང་གླིང་བུར། འདི་ནི་རྒྱ་དཀར་ནག་སུས་ཀྱང་བཟོས་པ་མ་རེད། འདི་བོད་གཞུང་གིས་བཟོས་པའི་རྙོག་གླེང་རེད། དེང་དུས་ཀརྨ་པ་རྒྱ་ཁབ་ཕྱི་ནང་གང་དུ་ཕེབས་རྩིས་བྱས་ཀྱང་བཀག་རྒྱ་སྣ་ཚོགས་ཡོང་གི་འདུག་པ་འདི་བཙན་བྱོལ་བོད་གཞུང་གིས་བཟོས་པ་རེད། ཅེས་བཤད་མཁན་བྱུང་འདུག་པར། དངོས་ཐོག་བདེན་ཚོལ་གྱི་དཔྱད་པ་བྱ་འདོད་ཆེ་ནའང་། མཚུར་སྒར་བླ་བྲང་གི་རྙོག་སྒྲའི་ཟིང་ཆར་ཚུད་དེ། དུས་ཁོམ་མ་བྱུང་བས་རིམ་ལུས་སུ་གྱུར་པ་ད་ཐེངས་བཀོད་ནའང་འཕྱི་མེད་སྙམ།
ཀརྨ་པའི་མཚན་ཅན་དུས་གསུམ་མཁྱེན་པ་ནས་ཨོ་རྒྱན་ཕྲིན་ལས་བར་སྐུ་ཕྲེང་བཅུ་བདུན་བྱོན་པ་ཐམས་ཅད་བོད་མི་རིགས་སུ་སྐྱེས་པ་ཤ་སྟག་ཡིན་པས་ཀརྨ་པ་ནི་བོད་མི་རིགས་ཀྱི་ཤ་ཁྲག་དང་འབྲེལ་ཡུན་རིང་ཞིང་། ཁོང་གི་མཚན་སྙན་དང་ཆེ་མཐོང་རྒྱ་བོད་སོགས་ཤར་ནུབ་ཡུལ་གྲུ་གང་སར་ཁྱབ་པ་ཡང་། ཆབ་སྲིད་ཀྱི་གོ་གནས་དང་། དཔལ་འབྱོར་གྱི་མ་རྩ་ཆེ་བས་མིན་པར། མི་ལོ་དགུ་བརྒྱའི་རིང་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་དར་སྤེལ་བྱས་པའི་མཛད་རྗེས་ཀྱི་ནུས་པས་ཡིན་ལ། ད་ལྟའི་སྐུ་ཕྲེང་འདི་མཚན་གནས་མཐུན་པ་ཞིག་ཡོང་མིན་ཡང་། བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པར་ཕན་ནུས་ཐོན་པའི་མཛད་རྗེས་ཤིག་འཇོག་ཐུབ་མིན་ལ་རག་ལུས་ཡོད། ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་དུངས་ནི་མི་ལོ་དགུ་བརྒྱ་ལྷག་པའི་ཆོས་དམ་ཚིག་དང་འབྲེལ་བ་ཞིག་ཡིན་པས་དུས་ནམ་ཡང་བོད་པའི་རྩ་དོན་བློས་གཏོང་གནང་གི་མ་རེད། དེར་བརྟེན་ལོ་ན་ཆུང་ཆུང་ཡིན་པའི་རྒྱལ་དབང་ཀརྨ་པ་དེ་རྒྱ་ནག་དམར་གཞུང་གི་ཆེ་མཐོང་དང་གོ་ས་སོགས་གང་ལའང་དབུ་མ་འཁོར་ནས་ལུས་སྲོག་ལོངས་སྤྱོད་ཐེད་ལ་བོར་བའི་བྲོས་བྱོལ་གྱི་ངོ་གདོང་གཏད་ས་བཙན་བྱོལ་བོད་གཞུང་ལ་བགྱིས་ཡོད།
བཙན་བྱོལ་བོད་མིའི་གཞུང་དམངས་འདི་ནི། རྒྱལ་ཁབ་གཞན་པའི་ལུགས་ལྟར་དབང་ཤུགས་ཀྱིས་གཅིག་སྡུད་བྱས་པ་མིན་པར། བོད་པའི་སྣོད་བཅུད་རིག་གཞུང་དང་བཅས་པའི་ཁེ་ཕན་ལ་བསམས་ནས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བཟོས་པ་ཙམ་ཡིན་ཅིང་། བཙན་བྱོལ་བོད་མིའི་མཐོ་རིམ་དཔོན་རིགས་དག་ཀྱང་བོད་པའི་རྩ་དོན་སྒྲུབ་པའི་ནུས་པ་སུ་ལ་འདུག་བལྟས་ཏེ་མི་མང་གིས་གདམས་གསེས་བྱ་བ་ལས་ཚོགས་སྡེ་དང་གང་ཟག་སྒེར་པ་ཞིག་དང་རིགས་རྒྱུད་ཡན་འགར་བ་ཞིག་ལ་དབང་བ་མིན་སྟབས། ཀརྨ་པར་གཉའ་གནོན་བྱ་བའི་དབང་ཤུགས་དང་སྲིད་སྟེགས་ཤོར་བའི་དོགས་ཟོན་དགོས་དོན་མེད་པ་མ་ཚད། བོད་ཀྱི་རྩ་དོན་ལ་ཕན་རླབས་ཡོད་པའི་ཀརྨ་པ་ལྟ་བུ་ཤེས་འཇོན་ལྷག་བསམ་ལྡན་པའི་གང་ཟག་ཡོད་དགོས་པ་ནི། བཙན་བྱོལ་བོད་གཞུང་གིས་ཡུན་རིང་རེ་བ་དང་འབད་བརྩོན་བྱས་པའི་དམིགས་ཡུལ་ཉག་གཅིག་དེ་ཡིན།
ང་ཚོའི་གཙུག་གི་ནོར་བུར་གྱུར་པའི་གོང་ས་སྐྱབས་མགོན་ཆེན་པོའི་རྗེས་འཇུག་ཏུ་ཤེས་འཇོན་ལྷག་བསམ་ལྡན་པ་ཀརྨ་པ་ལྟ་བུ་ཡོད་ན། དེས་ཆོས་དང་འཇིག་རྟེན་གང་ཐད་ནས་མཚན་སྙན་མཐོར་འདེགས་བྱེད་པ་ལས་དོ་ཕོག་མི་གཏོང་ལ། ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་སྐྱུར་འཇོག་གནང་གྲབས་མཛད་པ་ལས་ཤོར་དོགས་གནང་གི་མེད་པ་ནི་ཕྱི་གསལ་ནང་གསལ་འདི་རེད།
གནས་ཚུལ་འདི་དག་ཟུར་བལྟས་ལེབ་མཐོང་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བོད་གཞིས་བྱེས་གཉི་གས་ཀརྨ་པ་ལ་གུས་རྩི་དང་དགའ་ཞེན་བླ་ལྷག་བྱེད་ཀྱི་ཡོད་པ་ཤེས་དགོས།
གལ་ཏེ་ཀརྨ་པར་དགའ་ཞེན་ཡོད་ཁུལ་གྱིས་རོགས་པ་དང་གུས་རྩི་བྱ་མཁན་རྣམས་དགྲ་གདོན་ཡིན་པའི་ལབ་གླེང་མང་དྲགས་ན། ཉི་མ་གཅིག་ཀརྨ་པ་སྐུ་རྐྱང་དུ་ལུས་ཉེན་ཡོད་པ་མ་ཚད། རང་གི་སྣང་བ་དགྲ་ལངས་ཐལ་དྲགས་ནས་ཀརྨ་པའི་མཛད་སྤྱོད་ཀྱང་སྐྱོན་དུ་མཐོང་སྟེ་དགྲར་བལྟ་དགོས་པའི་གནས་ཚུལ་འབྱུང་མི་སྲིད་པ་མིན་པས་གཟབ་པར་བྱའོ།

སྣ་ཚོགས།

Post navigation

Previous Post: པེ་ཅིན་གྱི་བློ་སེང་བསྐྱར་དུ་བཀླགས་པ།
Next Post: བློ་བཟང་སེང་གེ་དང་བཀའ་ཁྲིའི་རྩ་བའི་འོས་ཆོས་བརྒྱད།

Comments (26) on “ཀརྨ་པ་རང་གཞུང་གིས་གནོན་དོན་མེད།”

  1. ལྡོང་གསེར་མིག says:
    2011-02-26 at 5:11 pm

    སྐྱོ་བྲག་དགའ་དབང་ལགས། ལྕགས་མོ་མཚོའི་གླེང་རྙོག་གི་རྗེས་ཁྱོད་མ་མཐོང་ནས་ཡུན་རིང་པོ་ཞིག་འདས་སོང། སྐུ་བདེ་མོ་ཡིན་ཤག དྲ་བ་ཞིག་ཡོད། ཀརྨ་པ་བླ་བྲང་དུ་ཕྱག་རོགས་མཁན་པོ་དགའ་དབང་ཟེར་བ་ཞིག་འདུག དེ་སྐྱོ་བྲག་དགའ་དབང་ཁྱོད་རེད་དམ། ཡང་ན་དགའ་དབང་གཞན་ཞིག་ཡོད་པ་རེད། འདི་སྤྱིར་བཏང་གི་དྲ་བ་ཙམ་ཡིན། ཁྱོད་ཀྱིས་གོང་དུ་བཀོད་པའི་རྩོམ་ཡིག་ལ་དུས་ཚོད་རེག་ན་རྗེས་སུ་མཆན་རེ་འབྲི་ཡོང་།

  2. བོན says:
    2011-02-26 at 5:37 pm

    མཁན་པོ་དགའ་དབང་ལ་བདེན་དཔུང་ཡོད། གཟུར་གནས་རེད་བོད་ཕྱི་ནང་སུ་ཡིན་ཡང་ཀརྨ་ཡིད་བཞིན་ནོར་བུ་དེ་ང་ཚོའི་ནོར་ངོ་ཤེས་རྒྱུ་གལ་ཆེན་པོ་རེད། ཀརྨ་པའི་ཕྲིན་ལས་ལ་ཡི་རང་དང་བསྔགས་བརྗོད་ཡོད། སྐུ་ན་གཞོན་ཡང་ཤེས་ཡོན་དང་དབང་ཐང་གི་ཕྱུག་པ་ལ་བར་ཆད་མེད་པར་སྨོན་གྱིན་ཡིན། ཁྱད་པར་ད་རིས་སྐྱེན་ངན་གྲོགས་ཤར་དང་བལྟས་ངན་གཡང་དུ་འཁོར་བའི་རེ་འབོད་ཡོད།

  3. རང་བཙན་ལྡེའུ་ says:
    2011-02-26 at 7:15 pm

    ༼་་་་་་་་ཁྲིམས་མཐུན་གྱི་དཔེ་ཤག་ཉར་ཚགས་དང་།༽
    ང་ཚོའི་རྒྱུན་དུ་ནས་ བོད་ཀྱི་སྐད་ཡིག་རིག་གཞུང་གཙང་ཉར་བྱེད་དགོས་པའི་མ་ཎི་གྲངས་ཀྱང་ བློ་ཕམ་ལེ་ལ་ བོད་ཕྱི་ནང་གཉིས་ཀའི་ནང་རྒན་གཞོན་འབྲིང་གསུམ་དང་ མཐོ་དམན་བར་གསུམ་ སྐྱ་སེར་ཚང་མས་ དྭངས་ཞིང་གཙང་བའི་རང་སྐད་༼དངུལ་༽དང༼སྒོར་མོ་༽ཟེར་བ་ཡོད་བཞིན་དུ་ ཕྱི་སྐད་༼དཔེ་ཤག་༽དང་༼པད་ཤག་༽དེ་བཞིན་༼ཆོས་༽དང་༼ཞབས་བརྟེན་༽ ༼ཞལ་འདོན་༽སོགས་རང་སྐད་ཡོད་བཞིན་དུ་༼སྤུ་རྗ༽ཟེར་ལེ་༼ཚང་མ་༽ལ་ ༼པུ་ར་༽ཟེར་ལེ་སོགས་ཚིག་འདི་དག་བོད་སྐད་བཙན་འཛུལ་བྱེད་དུ་བསུ་དགོས་དོན་ཅི་??? གཙང་ཞིང་སྙན་ལ་ཁྱད་ཆོས་ལྡན་པའི་བོད་སྐད་ཡིག་གི་ཚིག་ ཆོས་ དང་ དངུལ་ ཚང་མ་ ཟེར་ལེ་འདི་ཚོ་བོད་སྐད་ནས་ཕྱིར་འབུད་མི་བྱེད་བར་ རང་སྐད་རང་གི་བདག་པོ་རྒྱབས་ནས་མཇའ་མ་ཡལ་གོང་ཚིག་འདི་དག་བོད་སྐད་ནང་བེད་སྤྱོད་པའི་ཐོབ་ཐང་འདྲ་མཉམ་སྤྲད་དེ་ཉིན་རེ་རང་རང་གི་རྒྱུད་ལ་གོམ་གཤིས་བཟོ་དགོས་ཞི་བདའ་ ཐུགས་རྗེ་གཟིགས་ དཔེ་ཤག་ དང་་་་་ སྤུ་རྗ་་་་་ པུ་ར་་་་ཟེར་ལེ་འདི་དག་བོད་སྐད་ཡིག་ནང་སྲེས་མ་ཡོང་རོགས་།།

  4. རང་བཙན་ལྡེའུ་ says:
    2011-02-27 at 1:43 am

    རྐམ་པ་ ཟེར་ལེ་འདི་རྒྱལ་བ་ཀརྨ་པ་མཆོག་ལ་ མཆེས་མཐོང་རེད་དམ་ དམའ་འབེབས་རེད་ རྩོམ་ཡིག་འདིའི་མགོ་ནས་མཇུག་བར་དཔལ་རྒྱལ་བ་ཀརྨ་པའི་མཚན་ལ་ རྐམ་པ་ ཤ་ཏག་བྲིས་དགོས་ལེ་གང་ཡིན་ནམ་།

  5. དྲི་མེད་ལྷག་བསམ། says:
    2011-02-27 at 9:14 am

    ཀརྨ་པ་གཞོན་སྐྱེས་ཁྲོད་ནས་ཆེས་ཡག་ཤོས་ཀྱི་གྲས་རེད། འོན་ཀྱང་བོད་ཀྱི་བླ་མ་འདི་ལས་ལྷག་པ་མེད་ཟེར་ན་ས་སྐྱ་གོང་མ་དང་༧གོང་མའི་གདུང་སྲས་རྣམ་པ། བོད་དུ་བཀྲ་ཤིས་འཁྱིལ་དཔལ་མང་པཎ་ཆེན། གླིང་རིན་པོ་ཆེ། ཀུན་བདེ་གླིང་པ། སྤྲུལ་ལུང་རྟོགས། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་གཞོན་སྐྱེས་སྤྱི་ཚོགས་ཀྱིས་གོང་དུ་བཀུར་བ་མང་པོ་བཞུགས་པ་ལ་མཐོང་ཆུང་བྱས་པ་རང་དུ་མི་འགྲོའམ།

  6. རིན་པོ་ཆེ། says:
    2011-02-27 at 9:30 am

    རང་བཙན་ལྡེའུ་ལགས་ཀྱིས་དཀྲུག་ཤིང་གི་སྐད་ཆ་བཤད་ཀི་མ་འདུག རྒྱལ་དབང་དང་རྒྱལ་བ་ཞེས་པའི་མཚན་གནས་འདི་༧རྒྱལ་བ་རིན་པོ་ཆེ་ལས་གཞན་སུ་ལའང་འགྲོ་ནི་མ་རེད། དེ་བས་ཞེན་ཁོག་ཅན་ཚོས་བོད་སྤྱི་ལ་བསམ་བློ་གཏོང་དགོས་ཀྱི་འདུག ཆོས་ལུགས་ཀྱི་ཞེན་ཁོག་འདིས་ད་དུང་ང་ཚོ་ཅིག་ལ་བསྐྱལ་མི་སྲིད་པ་མིན་སྟབས་སྐད་ཆ་ཤོད་དུས་གཟབ་གཟབ་བྱེད་དགོས་པ་རེད།

  7. རིན་པོ་ཆེ། says:
    2011-02-27 at 9:39 am

    ཆོས་དོན་ལྷན་ཚོགས་ལམ་དུ་ལྷོང་རྒྱུར་བཀའ་བརྒྱུད་ཚང་གིས་མ་འདང་བ་རེད། བཀའ་བརྒྱུད་ཚང་ལ་ཉ་ནོག་མང་དྲག་ནས་ད་དུང་བོད་སྤྱི་ལ་དཀའ་ངལ་སྤྲོད་ས་རེད། གལ་སྲིད་བྱུང་ན། བླ་མ་ཚོའི་མཚན་གནས་འབོད་ཕྱོགས་ལ་བསྐྱར་ཞིབ་ཅིག་བྱས་ན། གཞུང་འབྲེལ་གྱིས་གཏན་འབེབས་ཤིག་བཟོས་ན་མ་གཏོགས། བླ་མའི་ཞབས་འབྲིང་། ཕོ་བྲང་ནང་གི་སྤྲེལ་ལད་འཁྲབ་མཁན་དེ་ཚོས་མི་མང་གི་མིག་ནང་ཆེན་པོ་ཆེན་པོ་ཞིག་བཟོ་ཕྱིར་གང་མིན་ཚད་བྱེད་ཕོད་པ་དང་། སེམས་ལ་གང་དྲན་ཚད་བཤད་ངེས་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། བཀའ་བརྒྱུད་ཚང་གིས་བོད་འགྱེལ་ས་ནས་སློང་རྒྱུ་ཅུང་ཙམ་བཞག་ནས། རང་གི་བཀའ་བརྒྱུད་ཚང་གང་དུ་འགྱེལ་ཡོད་པ་དེ་དང་པོ་ཡར་སླངས་རོགས་ཞུ། དེ་ནས་ཤེས་མི་ཤེས་ཀྱིས་མཚན་འདྲ་མི་འདྲ་མ་བཏགས་ན་ཡག་གི་རེད། ནམ་ཞིག་ཁྱེད་ཚོས་༼ དཔལ་བཅོམ་ལྡན་འདས་ཤཱཀ་ཀྱ་ཐུབ་པ་གཉིས་མེད་ཀརྨ་པ། ཡང་ན་ འབྲི་གུང་བ་སོགས་འབོད་ས་རེད༽ དེ་བས་སྐུ་མཁྱེན་ཚོས། བོད་སྤྱི་ལ་བསམ་བློ་ཐོངས། རང་རང་གི་བསྟན་པ་དང་སྙོམས་ཤིག་བཟུང་ན་ལས། མི་རིགས་འདིའི་ཆེད་དུ་ཆོས་ལུགས་གཙིགས་ཆེན་བྱེད་མི་དགོས་པའི་ལམ་ཁ་ཞིག་གཉེར་རྒྱུའི་བོད་མི་རིགས་ལ་ཐོབ་ཐང་ཡོད་ཡོད་པ་རེད།

  8. ལ་སྟོད་བུ། says:
    2011-02-27 at 9:59 am

    རྒྱབ་སྐྱོར་ཡོད།
    དང་པོ་བཀའ་རྒྱུད་ཚང་སློང་རོགས།
    དེ་ནས་བོད་འདི་འགྱེལ་ས་ནས་སློང་རོགས།
    དང་པོ་བཀའ་རྒྱུད་ཚང་ལ་བླ་ཆེན་འདི་ཞེས་པ་ཞིག་ངོས་བཟུང་ཤིན་ཏུ་ནས་དཀའ་བར་ཆགས་འདུག
    དེ་ཡིས་བཙན་བྱོལ་གཞུང་གིས་ཆོས་ཚོགས་ཚོགས་སྐབས་ཀྱང་བཀའ་རྒྱུད་ཚང་གི་བླ་ཆེན་སུ་འབོད་དང་མི་འབོད་ཀྱིས་རྟག་པར་བགྲོས་མོལ་བྱེད་དགོས་ཀྱི་འདུག་ཅེས་ཤོད་ཀྱི་འདུག་ག

  9. གཡུ་འབྲུག་དཀར་པོ། says:
    2011-02-27 at 7:26 pm

    འོ་ད་རྙོགས་དྲགས་ཤིག་བསླངས་སོང་། ངས་ཀྱང་རྙོགས་དྲགས་ཤིག་བསླང་ན་འདོད། རྩོམ་པ་ཚོས་ཀརྨ་པ་ཞེས་པ་ཙམ་ལས་ཀརྨ་པ་སུ་ཡིན་ཁ་གསལ་བཀོད་མིན་འདུག ཀརྨ་པ་གཉིས་ཡོད་པས་སུ་ཡིན་སྐོར་ཁ་གསལ་ངེས་པར་དུ་བཀོད་དགོས། གལ་ཏེ་ཁ་གསལ་མ་བཀོད་ཚེ་ཀརྨ་པ་གཉིས་ཀ་ལ་གོ་རྒྱུ་དང་ཡང་ན། ཀརྨ་པ་གང་རུང་གཅིག་ཀརྨ་པར་བརྩི་གི་མེད་པའི་རྟགས་སྟོན་གྱི་ཡོད་རེད། ཀརྨ་པ་གཉིས་ངོ་མ་སུ་ཡིན་མིན་ནི་ང་ཚོས་ཐག་གཅོད་རྒྱུ་དཀའ་ལས་རེད། དེ་ཡིན་དུས་ང་ཚོས་ཀརྨ་པ་གཉིས་ཀ་ལ་ལྟ་ཚུལ་གཅིག་པ་དགོས་རེད།
    དྲ་གྲོགས་ཁ་ཤས་ཀྱིས་ཀརྨ་པ་ལ་རྒྱལ་དབང་ཞེས་པའི་མཚན་གནས་ཞུ་མི་ཆོག་པའི་བསམ་ཚུལ་ཞིག་སྟོན་འདུག དེ་ལ་ངོས་ནས་མོས་མཐུན་མེད། དེ་འདྲའི་མཚན་གནས་འདི་ཉིད་ཆོས་ཕྱོགས་ཀྱི་ཐད་ནས་བསམ་བློ་གཏོང་བ་ཡིན་ན། རྗེས་འཇུག་བུ་སློབ་ཚོའི་སོ་སོའི་དད་མོས་ཀྱིས་ཞུ་བའི་ཚིག་ཅིག་རེད། དེ་ཡིན་དུས་བུ་སློབ་ཚོའི་བསམ་བློ་ལ་ཐམས་ཅད་མཁྱེན་པ་ལྟར་སྣང་ན་ཐམས་ཅད་མཁྱེན་པ་ཞེས་ཀྱང་ཞུ་ཆོག་དགོས་རེད། ཀརྨ་པ་མ་ཟད་བླ་མ་སུ་འདྲ་ཞིག་ཡིན་ན་ཡང་དེ་འདྲ་རེད།
    སྲིད་ཕྱོགས་ནས་བསམ་བློ་གཏོང་བ་ཡིན་ན་ཡང་། ཀརྨ་པ་མཆོག་ཀརྨ་བཀའ་བརྒྱུད་ཀྱི་གཙོ་བོ་རེད། སྔར་བོད་ཀྱི་རྒྱལ་པོ་ཡང་མཛད་ཡོད་རེད། དེ་ཡིན་དུས་རྒྱལ་དབང་མ་ཟད་དེ་ལས་ཡག་ག་ཡོད་ན་ཡང་ཞུ་ཆོག་དགོས་རེད། དཔེར་ན་འབྲུག་པ་བཀའ་བརྒྱུད་ཀྱི་གཙོ་བོ་ལ་རྒྱལ་དབང་འབྲུག་པ་ཞེས་ཞུ་བ་ལྟ་བུ་རེད།
    འོན་ཀྱང་སྲིད་ཕྱོགས་ཀྱི་ཐད་ནས་རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐུ་མདུན་ལྟ་བུ་ཞིག་ལ་ཡིན་ན། རྒྱལ་བ་རིན་པོ་ཆེ་ཉིད་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་། ལྷག་པར་དུ་འཛམ་གླིང་ནང་པའི་ཆོས་ཀྱི་དབུ་ཁྲིད་ཡིན་པས། བླ་ཆེན་སུ་འདྲ་ཞིག་ལ་ཡང་རྒྱལ་དབང་ཞེས་པ་དེ་ཞུ་ཆོག་གི་མ་རེད། དེ་ནི་སྲིད་ཕྱོགས་ཀྱི་ལྟ་སྟངས་རེད།
    འོ་ན་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བླ་ཆེན་གཞན་དག་ཚོའི་མཚན་གནས་ལ་ག་རེ་ཞུ་དགོས་རེད། དྲ་གྲོགས་སུ་ཞིག་གིས་མཁྱེན་ན་ཡང་གཅིག་གསུངས་དང་།

  10. གཡུ་འབྲུག་དཀར་པོ། says:
    2011-02-27 at 7:33 pm

    ཨོ་ད་དུང་གཅིག་ལྷག་བཞག དྲ་གྲོགས་ཚོས་བཀའ་བརྒྱུད་བསྟན་པ་འགྱེལ་འདུག་ཟེར། རྒྱུ་མཚན་ནི་བཀའ་བརྒྱུད་ཀྱི་དབུ་ཁྲིད་སུ་ཡིན་ཤེས་མ་སོང་ཟེར། བཀའ་བརྒྱུད་ཀྱི་དབུ་ཁྲིད་སུ་ཡིན་ཤེས་མི་ཐུབ་པ་ཞིག་མེད་རེད། འབྲུག་པ་བཀའ་བརྒྱུད་ཀྱི་དབུ་ཁྲིད་ནི་རྒྱལ་དབང་འབྲུག་པ་དང་། ཀརྨ་བཀའ་བརྒྱུད་ཀྱི་དབུ་ཁྲིད་ནི་ཀརྨ་པ་རེད། བཀའ་བརྒྱུད་གཞན་གང་འདྲ་ཡིན་མི་ཤེས།

  11. དྲི་མེད་ལྷག་བསམ། says:
    2011-02-27 at 9:43 pm

    ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་བསྟན་པ་སྤྱི་ཡི་བདག་པོ་དང་བོད་འགྱེལ་ས་ནས་སློངམཁན་ཡིན་པ་ལོ་རྒྱུས་ལ་བལྟས་ན་ཤེས་ནུས་པས་གསལ་བཤད་བྱེད་ཨེ་དགོས་སྙམ། ཀརྨ་པ་ཨོ་རྒྱན་རྡོ་རྗེ་བསམ་མི་ཁྱབ་པའི་རྣམ་དཔྱོད་དང པྲིན་ལས་ཀྱི་བདག་ཉིད་ཅན་ཡིན་པར་རྗེས་སུ་ཡི་རང་ཞུ། འོན་ཀྱང་ཀརྨ་པ་མཐའ་ཡས་རྡོ་རྗེ་ཡང་པྲིན་ལས་རྒྱས་པའི་སྒང་རེད། བོད་པ་ཞིག་ཡིན་པའི་ཆ་ནས་གཉིས་ཀ་འདྲ་མཉམ་གནང་རྒྱུ་དང་། དྲ་གྲོགས་འགས་བཤད་པ་ལྟར་བོད་འགྱེལ་ས་ནས་མ་བསླང་གོང་དུ། ཀརྨ་པ་གཉིས་ཐུགས་མཐུན་མཉམ་འབྲེལ་གྱི་སྒོ་ནས་ཀརྨ་བཀའ་བརྒྱུད་འགྱེལ་ས་ནས་སློང་དགོས་པའི་བསམ་འཆར་བྱུང་བ་བདེན་པ་རེད་སྙམ། འཛམ་གླིང་ཞི་བདེ་བཤད་མཁན་ཞིག་གིས་ནང་ཁུལ་ཞི་བདེ་མ་ཐུབ་ན་ཕ་རོལ་པོས་ཐོས་པ་ཙམ་གྱིས་ཐེ་ཚོམ་རང་དབང་མེད་པར་སྐྱེས་ངེས། མདུན་ནས་མིག་བཙུམ་ཐལ་མོ་སྦྱར་ཏེ་སྐྱབས་མགོན་ཁྱོད་ལས་མེད་ཟེར་མཁན་ཚོའི་ཁྲོད་དུ་ཡང་རྒྱབ་ནས་ང་ཚོའི་སྙོག་དྲ་དེས་ང་ཚོ་ངོ་ཚ་བོ་བཟོས་སོང་། ཀརྨ་པ་གཉིས་མཐུན་ཐབས་ཞིག་བྱུང་ན་ཅི་མ་རུང་ཟེར་མཁན་མང་པོ་འདུག ལྷག་པར་འབྲས་ལྗོངས་གི་རྙིང་མ་དང་ས་སྐྱ་བ་ཁ་ཤས་ལ་ཁ་བརྡ་བྱེད་སྐབས་ང་ཚོའི་་གཟའ་ཚང་དང་གྲོགས་པོའི་བར་ཏུའང་འཛེམ་དགོས་པ་མང་པོ་ཞིག་དང་གཅིག་གིས་གཅིག་ལ་ཡིད་མི་ཆེས་པ་དེ་ཀརྨ་པ་གཉིས་ཀའི་དོན་རྐྱེན་ལས་བྱུང་ཟེར་བ་དང་། ཡང་ངའི་བུ་གཉིས་ཀྱི་མནའ་མ་ཕྱོགས་ཁག་སོ་སོ་ཡིན་པས་ལོ་སར་མཆོད་པའི་སྟེང་གི་སྐུ་པར་གྱི་ཆེད་དུའང་རྩོད་པ་བྱས་ནས་ནང་ཇ་མཆོད་རྒྱུ་མ་བྱུང་། ཨ་ཁ་ཟེར་མཁན་འདུག་པར་དགོངས་པ་རེ་བཞེས་དགོས་པར་སྣང། ཀརྨ་པ་རྣམ་གཉིས་ཐུགས་མཐུན་ཁྲིམས་གཙང་སྐུ་ཚེ་ཞབས་པད་བརྟན་པར་ཤོག༴།

  12. ཀརྡོ་རབ་འབྱམས་པ་ says:
    2011-02-28 at 3:02 am

    པཎ་ཆེན་རིན་པོ་ཆེ་མཆོག་བོད་འགྱེལ་ས་ནས་སློང་མཁན་ཅིག་ཡིན་ཡང་། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བོད་དགྱེལ་ནས་སློང་མཁན་ཅིག་མི་ཡོང་བའི་ངེས་པ་ཡོད་མ་རེད།
    ཞྭ་དམར་རིན་པོ་ཆེ་འདིའི་སྐུ་གོང་མས་གོར་དམག་བོད་ལ་དྲངས་པ་པ་ལྟར་སྐུ་ཚེ་འདི་ལ་ཡང་། ལས་ཀྱི་ལྷག་མ་ལྟ་བུའི་མཐའ་ཡས་རྡོ་རྗེ་ཀརྨ་པ་སྐུ་གོང་མའི་ཡང་སྲིད་རྫུན་མ་ཨུ་ཚུགས་རང་ཤེད་ཀྱིས།
    འཕྲིན་ལས་རྡོ་རྗེ་མཆོག་གི་བོད་སྤྱི་དོན་གྱི་ཕྱག་ལས་ལ་བར་ཆད་འགྲོ་བཞིན་པ་འདི་ཤེས་ན་ཡང་། མ་ཤེས་མདོག་མདོག་གམ། རང་ཉིད་རྨོངས་ཉིད་མ་སད་པ་ལྟར། དད་གཞན་པ་ཚོ་ཡང་རྨོངས་སུ་མ་བཅུགས་རོགས་གནོངས་ཞེས་དྲ་གྲོགས་འགའ་ལ་གསལ་འདེབས་ཞུ། ཀརྨ་པའི་ཡང་སྲིད་གཅིག་ཉིད་དེ། ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱལ་འགྱུར་ཅིག ། དགེའོ། དགེའོོ། དགེའོོ། །

  13. ཀརྡོ་རབ་འབྱམས་པ་ says:
    2011-02-28 at 3:04 am

    དད་ལྡན་༼ལྡན་༽

  14. མེ་ཏོག་མ། says:
    2011-02-28 at 3:24 am

    ༧ཀུན་གཟིགས་བཅུ་བ་ཆེན་པོས་བོད་འགྱེལ་ས་ནས་བསླངས་བ་བུ་རང་སྐྱེས་སྲོང་བཙན་སྒམ་པོ་དང་མཚུངས་བས། ༧ཁོང་གི་མཚན་དྲངས་ནས་ཀརྨ་པ་མཆོག་ལ་བཤིབ་བསྡུར་བྱེད་རྒྱུ་ད་དུང་ཀརྨ་པའི་མཛད་འཕྲིན་གྱིས་མི་འཁྱོག ཀུན་གཟིགས་མཆོག་གི་མཚན་དགོས་མེད་སར་མ་འདྲེན་རོགས།

    དེ་ནས་ཀ་རྡོས་གསུངས་པ་ལྟར། ཞྭ་དམར་ལ་ཡང་སྲིད་བྱོན་མི་ཆོག་པའི་བཀའ་ཡི་རྡོ་རྗེ་གནའ་ནས་ཕེབས་ཡོད་ཀྱང་། བོད་གཞུང་ལ་དམ་ཚིག་ལོག་པའི་བྱེད་ཉེས་ད་དུང་མ་ཡལ་བར་འཕྲིན་ལས་རྡོ་རྗེའི་མཛད་གེགས་སུ་སོང་བ་ནས་བརྩམས་ཏེ། ནམ་ཞིག་བྱེད་རྐྱེན་འདིས་བོད་སྤྱི་ལ་བག་མི་བདེ་བ་སྟེར་རྒྱུ་ངེས་ན། ཚང་མས་ལོ་རྒྱུས་ཀྱི་ཉམས་མྱོང་སྙིང་ཁར་སྦྱར་ནས་མ་ནོར་བ་བྱེད་གལ་ཤིན་ཏུ་ཆེ།

  15. དྲི་མེད་ལྷག་བསམ། says:
    2011-02-28 at 3:28 am

    ཨ་ཁ་ད་དུང་ལན་ཅིག་འགྱེལ་དགོས་ན་སྐྱིད་སྡུག་ཅི་འདྲ་ཞིག་མྱོང་ཡོང་ ། བཀའ་རྒྱུད་པའི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཡངས་ཁྲོ་ལེ་བ་ཞིག་ཡིན་དགོས་རྒྱུ་ལ། གུ་དོག་པའི་མཐར་ཐུག་ཅིག་མ་རེད་དམ། ཆོས་རྒྱུན་ནང་ཁུལ་གྱི་ཞྭ་དམར་ཀརྨ་པ་དེ་ཐུགས་ལ་ཤོང་མ་ཐུབ་ན་གཞན་ས་པ་དྲུག་ཐུགས་ལ་ཤོང་རྒྱུ་དཀའ་ཡོང་། ཀརྨ་པ་ཨོ་རྒྱན་རྡོ་རྗེ་ཐུགས་རྒྱ་ཆེ་བའི་བཀའ་མང་པོ་བྱུང་ཚར་བ་མ་རེད་དམ། པཎ་ཆེན་རིན་པོ་ཆེའི་ཚབ་ཡོང་དགོས་ན་ལོ་དགུར་བཙོན་ཁང་དུ་བཞུགསན་མ་གཏོགས་གཞན་འགྲན་པའི་ཆ་རྐྱེན་གཏན་ནས་མེད། རང ལ་མཚོན་ན་བོད་ཤོར་ནས་བཟུང་ད་བར་པཎ་ཆེན་རིན་པོའི་ཚབ་ཡོང་མཁན་ཞིག་ཡོད་སྣང་མི་ཤར་ཡང ཕྱོགས་རིས་ཀྱི་བསམ་བློ་ཡང ཡིན་སྲིད། གང་ལྟར་ཡང་ཀརྨ་པ་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་གསོལ་བ་འདེབས་མཁན་ཞིག་ལགས།

  16. བོན says:
    2011-02-28 at 5:02 am

    བསྟོད་པ་ཀ་ར་མ། །

    བླ་མ་བྱས་ཀྱང་ཀ་ར་མ། །
    རྒྱལ་པོ་བྱས་ཀྱང་ཀ་ར་མ། །
    སྐྱབས་མགོན་དཔོན་པོ་ཀ་ར་མ། །
    ཀརྨ་བཀའ་བརྒྱུད་རྒྱལ་གྱུར་ཅིག །

    ལ་རྒྱའི་དཔའ་བོ་ཀ་ར་མ། །
    བན་གྱི་སྤྱི་མེས་ཀ་ར་མ། །
    ལས་ཀྱི་བདག་པོ་ཀ་ར་མ། །
    རྐུན་མའི་དཔོན་པོ་ཀ་ར་མ། །

    བཀའ་བརྒྱུད་གཏོར་མཁན་ཀ་ར་མ། །
    བོད་འགྱེལ་སློང་ངེས་ཀ་ར་མ། །
    རྒྱ་ཡི་སོ་བ་ཀ་ར་མ། །
    འཛམ་གླིང་ཧེས་རོ་ཀ་ར་མ། །

    ཀ་ཡི་ར་མ་མགོར་བཞག་ན། །
    ཁ་ལ་རིལ་མ་བསྡུད་ངེས་མ། །
    ག་ས་གང་ན་སྟོང་འུར་མ། །
    ང་ཚོས་ཀརྨ་པ་ལ་བསྟོད། །

    ཅ་ཅོ་འུར་སྒྲོག་ཀ་ར་མ། །
    ཆ་ཆོ་མེད་པའི་ཀ་ར་མ། །
    ཇ་ཆང་མོད་པའི་ཀ་ར་མ། །
    ཉ་ཉོག་ང་ཚོས་ཁོ་ལ་བསྟོད། །

    ཏ་ཡི་སི་ཏུའི་ཀ་ར་མ། །
    ཐ་མག་དགའ་བའི་ཀ་ར་མ། །
    ད་དུང་ཨུ་ཚུགས་ཀ་ར་མ། །
    ན་ཐའི་ལུང་ཟིན་ཀ་ར་མ། །

    ཕ་ལགས་ཆབ་མདོ་ཀ་ར་མ། །
    མ་བི་ཁ་བྲལ་ཀ་ར་མ། །
    ཕ་རོལ་དགྲ་དགའ་ཀ་ར་མ། །
    བ་་་་་་་་

    ལྷག་དྲི་ལགས། ཁྱོད་ཀྱི་ཕྱོགས་གཅིག་ནས་དགེ་ལུགས་པན་ཆེན་སང་དང་མི་འདྲ་རྒྱུ་མེད་དོ། པན་ཆེན་རྒྱ་ཡི་ལོ་དགུ་བཙོན་དུ་བཟུང་། ཀ་ར་མ་བོད་ཀྱིས་ལོ་བཅུ་བཙོན་དུ་གཉེར་བ་དེས་ཆ་ནས་གཅིག་པ་རེད། ཡིན་ན་ཡང་སྔགས་རྒན་པན་ཆེན་ད་དུང་འགྲན་པའི་ཆ་ཙམ་ཡང་མེད་དོ།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  17. མི་རྐང་གླིང་བུ། says:
    2011-02-28 at 5:07 am

    རྒྱལ་དབང་ཀརྨ་པའི་སྐོར་ལ་བསམ་ཚུལ་ཁ་སང་དྲ་རྒྱ་ཁག་གི་ནང་དུ་མཆན་སྤེལ་ཟིན་པ་ཡིན། འདི་ནི་མཁན་པོ་དགའ་དབང་གི་དུས་ཚོད་རན་པོ་ཞིག་ཏུ་གསལ་བཤད་དང་དགོངས་ཚུལ་གསུངས་འདུག་པས་སྙིང་ནས་དགའ། སྤྱི་ཚིོགས་ཀྱི་གནས་ཚུལ་གསལ་པོ་མི་ཤེས་པའི་ཆེན་པོ་རྣམས་ཧར་རྒྱུགས་བྱེད་མི་ཡོང་བའི་སྔོན་འགོག་འདྲ་བྱེད་ཐུབ་སྲིད་པ་དང་། གཡང་མཆོང་མཁན་རྣམས་ཀྱང་ལག་པ་བྲང་ལ་གླན་ནས་བསམ་བློ་རེ་གཏོང་ཡོང་བའི་སྐུལ་འདེད་བྱེད་ཐུབ་སྲིད། དེ་ལྟར་ན་དགོས་ཁྱད་པར་ཅན་གྱི་རྩོམ་ཡིག་ཞིག་བྲིས་ཡོད་པ་རེད།་

  18. དྲི་མེད་ལྷག་བསམ། says:
    2011-02-28 at 10:20 am

    བོད་ཀྱིས་ལོ་བཅུ་བཙོན་དུ་གཉེར་ཞེས་པ་དེ་ཀརྨ་བཀའ་བརྒྱུད་ཀྱིས་རང་གཞུང་ལ་རྒྱུན་དུ་ལྐོག་ལབ་བྱེད་པའི་ཆགས་མེད་ཞལ་འདོན་རེད། ༧གོང་ས་དང་བོད་གཞུང་གི་རྒྱབ་སྐྱོར་བཀའ་དྲིན་གནང་མེད་ན་ཀརྨ་པ་ཨོ་རྒྱན་རྡོ་རྗེ་ཞབས་གཉིས་ཀྱི་སྟེང་ནས་ལང་རྒྱུ་ལས་སླ་བོ་མ་རེད། རྒྱ་ནག་གི་གོ་ས་སྤྲད་པ་བདེན་ཡང་བོད་སྤྱི་ཚོགས་ཀྱིས་ངོས་ལེན་མ་ཐོབ་ཚེ་ད་ལྟའི་རྒྱ་མིའི་པཎ་ཆེན་ཀྱི་རྣམ་ཐར་ཙམ་ཡང་ཡོང་རྒྱུ་དཀའ། ཞྭ་དམར། སྟོབས་དགའ་སོགས་ཀརྨ་པའི་ཚ་བོ་འཁྲུལ་མེད་དང་གོང་མ་བཞུགས་དུས་སུ་གཞན་པ་ངོམ་རྒྱུ། རང་གི་སྐུ་ཚབ་ཡིན་པའི་ཞལ་གསུངས། ཕྱག་བྲིས་གློག་བརྙན་ཚུན་ཆད་ན་ཡོད་པ་གསུབ་རྒྱུ་མེད་པའི་རི་མོ་རེད། དེ་ལྟ་བུ་ཞིག་གིས་ཀརྨ་པ་གཞན་ཞིག་ངོས་འཛིན་བྱས་ཚེ་སྐུ་གོང་མའི་དམ་ཚིག་དང་བརྩེ་དུང་ལ་བསམ་བློ་གཏོང་མཁན་ཐམས་ཅད་ཀྱིས་དེ་ལ་ངོས་ལེན་མི་ཞུ་ཐབས་མེད་ཡིན་པས་ཀར་བརྒྱུད་ཀྱི་སྤྱི་ཚོགས་ཀྱང་དེ་ལ་ཕྱོགས་ནས་འགྲོ་བ་ཆོས་ཉིད་ལགས། འོན་ཀྱང་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ད་ལྟ་སྐད་སེང་མཐོན་པོས་རྒྱལ་བ་ཀརྨ་པ་ཞེས་འབོད་རིན་ཆོག་པ་ཞིག་དང་རྒྱབ་སྐྱོར་ཡོད་པ་ཞིག་ཆགས་པའི་་བཀའ་དྲིན་ཤེས་དགོས་པར་སྣང་། དེ་བཞིན་ཐུགས་རྒྱ་ཡངས་པོ་བྱས་ནས་༧ས་སྐྱ་གོང་མ་རྣམ་གཉིས། དགའ་ལྡན་གསེར་ཁྲི་སོགས་བླ་མ་རྒན་པ་རྣམས་གོང་དུ་བཀུར་བ་དང་ཡང་སྲིད་གཞན་ལ་ཡང་མཐུན་ལམ་བྱས་ན་བསྟན་པ་སྤྱི་དང་བྱེ་བྲག་གི་མིག་ལྟོས་ལ་ཡང་ཕན་པར་ངེས། ཉེ་གྲས་རྣམས་ཀྱི་ང་ནི་ཀརྨ་པའོ། །ཆེན་པོའོ། བོད་ཀྱི་རྒྱལ་པོ་འོ། །སྤྱན་རས་གཟིགས་ལ་སྤྲུལ་བ་གཞན་མེད་དོ། །བཀུར་བར་འོས་སོ། །སོགས་བརྗོད་རྒྱུ་མང་ན་ཁོང་གི་མཛད་པྲིན་ལ་བར་གཅོད་དུ་འགྱུར་ཉེན་ཆེ་བས་གཟབ་འཚལ། །དགོངས་པ་མ་ཚོམས་བོན་པོ་རྫུན་མ། དགེ་བཤེས་ཀྱི་མཚན་ཅན།

  19. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-02-28 at 6:04 pm

    Thank you, khenpo Trultrim Namdak

  20. བོན says:
    2011-02-28 at 6:41 pm

    ཨ་ཕ་ཝོ། དྲི་མེད་ལྷག་བསམ་ལགས། རྒྱལ་དབང་ཀརྨ་པ་བུ་རང་སྐྱེས་ཀྱི་ངོ་བོས་ས་གྲགས་གནམ་གྲགས་བྱུང་བ་རེད་མ་གཏོགས། བོད་གཞུང་དང་ས་དགེ་བཀའ་རྙིང་གི་གཞན་དག་གིས་རོགས་སྐྱོར་གང་ཡང་མ་རེད། ཁྱད་པར་ང་ཚོ་བན་བོན་གྱི་སྐྱབས་མགོན་༧གོང་ས་མཆོག་ཀྱང་སྟོབས་དགའ་དང་ཞྭ་དམར་བར་གྱི་དབྱེན་སྦྱོར་དེ་མ་གནང་ན་ལེགས། རྒྱའི་པན་ཆེན་དང་ཀརྨ་པ་འདྲ་མཚུངས་སྦྱར་བ་ཁྱེད་དཔལ་རྡོར་ཡིན་པ་འདྲ་ཡང་སྐུ་གོང་མའི་བཀའ་དམ་ཚིག་ཚང་མ་ཕར་གཡུགས་པའི་རྒྱབ་སྐྱོར་གནང་མཁན་དེ་༧གོང་ས་མཆོག་གི་ཕྲག་ཐོག་ཏུ་དོན་མེད་དུ་སྐལ་ན་མི་བཟང་ངོ་སྙམས། བོད་གཞུང་གིས་ལོ་བཅུ་བཙོན་དུ་གཉེར་ཞེས་པ་འདི་ཀརྨ་བཀའ་བརྒྱུད་ཀྱིས་ལྐོག་ལབ་ཙམ་མིན་པར་མངོན་སུམ་རེད་ཡ། ས་སྐྱ་གོང་མ་དང་དགའ་ལྡན་གསེར་ཁྲི་སོགས་བླ་མ་རྒན་པ་རྣམ་པས་གོང་དུ་བཀུར་བ་རྒྱུ་མཚན་ཤེས་ནས་བྱས་པ་རེད། ཀརྨ་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པ་རྩོད་མེད་རེད། དེ་བརྗོད་པས་མཛད་འཕྲིན་ལ་བར་ཆད་དུ་འགྱུར་ན་ཧ་ཅང་ཐལ། མངོན་མཁྱེན་ཡོད་འདོགས་མ་སྟོན་ལོ། དེ་མིན་གཞན་མེད་དོ། །བཀུར་འོས་པ་ཁྱེད་བདེ་མོ་གཟིམས་སོ། །

  21. དྲི་མེད་ལྷག་བསམ། says:
    2011-02-28 at 9:55 pm

    ༡༽ཞྭ་དམར་ངན་པ་ཡིན་ན་དེ་རང་དུ་གྱིས། སྤྲུལ་སྐུ་མི་བྱོན་པའི་བཀའ་རྒྱ་བྱེད་མཁན་རྒྱ་ནང་གོང་མ་རེད། དེ་རྡོ་རྗེའི་གསུང་དུ་འཛིན་ན་ཡང་རང་དབང་རེད། བཀའ་བརྒྱུད་པ་ཞིག་ཡིན་ན་ཕྱོགས་སྔ་ནོར་ཤག ཀརྨ་ཕྲིན་ལས་བདུད་འཇོམས་དང་། བྲག་དཀར་ཆོས་ཀྱི་དབང་པོ། གནས་ནང་བསྟན་པའི་དབང་ཕྱུག་སོགས་ཀྱིས་ཞྭ་དམར་པས་བོད་དང་གོར་ཁའི་བར་ཆིང་ཆེད་དཀའ་ལས་མང་པོ་བརྒྱབ་ཀྱང་མཐར་བྱས་པ་ལ་དྲིན་དུ་མི་བཟོ་བ་འགའ་ཞིག་གི་གཡོ་རྒྱུ་ལ་བརྟེན་ཞྭ་དམར་གཤེགས་རྗེས་བོད་གོར་གཉིས་ཀྱིས་སྐྱོན་ཆ་བཀའ་བརྒྱུད་པའི་དབུ་ལ་བསྐོར་ཚུལ་ལན་ཅིག་མིན་པར་གསུང་འདུག ཀརྨ་བཅུ་བདུན་པའི་སྙོག་དྲ་མ་བྱུང་བར་བཀའ་བརྒྱུད་པ་ཐམས་ཅད་ཀྱིས་ཞྭ་དམར་སྐྱོན་ཆ་ལ་ངོས་ལེན་བྱེད་མྱོང་མེད། ༢༽ད་ལྟའི་ཞྭ་དམར་པའི་ཡང་སྲིད་ཁྲི་འདོན་ཆེད་གཞུང་ལ་ལན་དུ་མར་སྙན་ཞུ་ཕུལ་མཁན་ཀརྨ་བཅུ་དྲུག་པ་རེད། དེ་ངོས་ལེན་དང་བཀའ་ཤོག ཤིས་ཚིག་བསྔགས་བརྗོད། ཐུབ་པ་རྡོར་གདན་མ་བཅས་གནང་མཁན་༧གོང་ས་བཅུ་བཞི་པ་རེད། ཁྲི་འདོན་བྱེད་མཁན་བོད་གཞུང་གི་འབྲས་ལྗོངས་སྐུ་ཚབ། སྐུ་སྒེར་སྐུ་ཚབ། དིལ་མགོ་མཁྱེན་བརྩེ། ཁམས་སྤྲུལ་རིན་པོ་ཆེ་སོགས་ཆོས་རྒྱུན་བཞིའི་གནད་ཡོད་མི་སྣ་རེད། དེ་དག་ཚང་མས་ནོར་འཁྲུལ་བཟོས་པར་བརྩི་ན་དེ་ཀ་རང་རེད། གཙོ་བོ་༧གོང་ས་༡༤་པ་དང ། ཀརྨ་༡༦་པ་གཉིས་ཀྱི་མཛད་རྗེས་རེད། རང་ལྟ་བུའི་ངོས་ནས་ངནཔར་ཞུ་ཕོད་གཏན་ནས་མི་འདུག ༣༽འགལ་འདུའི་འཁོར་ལོ། བོད་གཞུང་གིས་ལོ་བཅུ་བཙོན་དུ་གཉེར་པ་ལ་ཁུངས་སྐྱེལ་མེད་ན་བཤད་མི་རུང་པ་ཞིག་རེད། རྒྱ་མིའི་པཎ་ཆེན་ཡང་ངོས་ལེན་ཡོད་ན་ཆོག་པ་གསུང་མཁན་ཀླུ་སྨྱོན་དང་མུར་སྨྱོན་སོགས་རེད། སྤྱན་རས་གཟིགས་ལ་སྤྲུལ་བ་གཅིག་ལས་བྱུང་མི་ཆོག་ཞེས་བཤད་ན་མདོ་རྒྱུད་ཀུན་དང་རྒྱབ་འགལ་བྱས་པ་རེད། ཀརྨ་པ་ཨོ་རྒྱན་རྡོ་རྗེ་བོད་གཞུང་དང་༧གོང ས་མཆོག་གིས་རྒྱབ་སྐྱོར་ལ་བརྟེན་ཕྲིན་ལས་རྒྱས་པར་ངོས་ལེན་མེད་ཚེ་དྲིན་ལན་ལོག་མཇལ་བྱས་པ་རེད། བཤད་རྒྱུ་མང་ན་དང་པོ་བཀའ་བརྒྱུད་དུམ་དུ་གཉིས་བྱས། ད་བོད་ཀྱང་དུམ་བུར་བགོ་པའི་ཉེན་ཁ་འདུག ཁྱོད་ཞབས་གྲས་ཚོས་ཀརྨ་པའི་མཛད་ཕྲིན་ལ་གནོད་པ་མི་སྐྱེལ་བའི་ངེས་པ་མི་འདུག བསྟན་པ་སྤྱི་དང་བྱེ་བྲག་ལ་དགོངས་པ་ཆེབཞེས་ཀྱིས་ཡང་སྲིད་གཉིས་དང་ཕྱོགས་ཁག་གཉིས། དགེ་ལུགས་དང་བཀའ་བརྒྱུད། ཀར་གཞུང་དང་བོད་གཞུང་སོགས་འགལ་འདུ་མང་པོ་དེ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་རོ་གཅིག་དུ་སྡོམ་པར་གསོལ་བ་འདེབས་པ་ལགས་སོ། །ལོ་ཆུང་ནང་གི་དྭངས་རྩེའི་གྲས་ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་པར་ཤོག

  22. བོད་ཁམས་ཉི་མ་། says:
    2011-03-04 at 3:33 am

    དྲ་གྲོགས་རྣམ་པ། སྐུ་འཁོར་ཚོར་ལབ་གེླང་མ་མང་གཡུག་ཤོག། བྷགོང་ནས་གསན་ན་ཐུགས་སུན་གི་རེད་། འདི་ཚོ་ཡོད་ན་བླ་མས་གཏོར་མ་གར་བཞག་རེད་། སྐྱོ་བྲག་པས་གསུངས་སྟང་ལྟར་ན་ གོང་རིམས་ནས་བཀོས་པ་རང་ཡིན་ཚོད་།

  23. བོད་ཁམས་ཉི་མ་། says:
    2011-03-04 at 3:55 am

    དེང་སང་གི་བླ་ཆེན་རྣམ་པར་ཕུག་རེ་བཅོལ་ན་ཉོག་དྲའི་འཁོར་ལོ་རང་རེད། ༑གོང་ས་མཆོག་ཕུད་། དེ་བས་ ད་ནི་ང་ཚོས་ཆོས་རྒྱུདཁག་གི་དབུ་ཁྲིད་ཟེར་བ་དེ་ཡང་མང་གཙོའི་ལམ་ནས་བཀོས་ན་མི་ལེགས་སམ་། འཔྲལ་ཕུག་གཉིས་ཀར་དེ་བརླིང་ངེས་རེད་། བོད་པ་ཚང་ལ་ཕུག་རྒྱང་རིང་པོའི་རྣམ་དཔྱོད་མེད་སྟབས་ཡང་སྲིད་ཀྱི་ཧོར་ལ་རྒྱུགས་པ་རེད་།

  24. བོད་ཁམས་ཉི་མ་། says:
    2011-03-04 at 4:12 am

    གོང་ས་མཆོག་ཕུད། དེང་སང་གི་བླ་ཆེན་རྣམ་པར་ཕུག་རེ་བཅོལ་ན་ མགོ་བསྔས་ས་ནས་རྐེ་གཅོད་ཟེར་དཔེ་ལས་འདའ་ས་མེད་པས་། ཉོག་གྲའི་འཁོར་ལོ་རྒྱུན་མི་འཆད་ དེ་བས་ཆོས་རྒྱུད་ཁག་གི་དབུ་ཁྲིད་ཟེར་བ་ཡང་ རང་དབང་མང་གཙོའི་ལམ་ནས་བཀོས་ན་མི་ལེགས་སམ་། འཕྲལ་ཕུག་གཉིས་ཀར་དེ་བརླིང་ངེས་རེད་། བོད་པ་ཚང་ལ་ཕུག་རྒྱང་རིང་པོའི་རྣམ་དཔྱོད་མེད་སྟབས་ཡང་སིྲད་ཅེས་པའི་ཧོར་ལ་རྒྱུག་པ་རེད་།

  25. སྟུ་རླིག་ཟུང་འཇུག says:
    2022-08-06 at 1:16 am

    བསྟན་པའི་བདག་པོ། བསྟན་པའི་བདག་པོ་མ་ཟེར། བསྟན་པའི་བདག་པོ་གཅིག་ཁོ་ན་ཡོད་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཐུབ་པའི་དབང་པོ་ཉག་གཅིག་རེད། དགོས་རྒྱུ་ཆོས་ཡག་པོ་བྱོས། ནམ་ལངས་ནས་བཟུང་རྙོག་གྲ་རྐྱང་རྐྱང་སློང་མ་སྡོད། 

  26. འབྲོང་བུ་སོག་ཚ། says:
    2022-08-11 at 9:21 am

    ཉི་ཤར་སྦར་མོའི་མི་ཁེབ་པ་བཞིན། རྒྱལ་བ་ཀརྨ་པའི་མཛད་ཕྲིན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ལོག་འགྲེལ་གྱིས་ཉམ་སྨད་དུ་གཏོང་བར་འདོད་ཀྱང་། ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་བཞིན་བདེན་པའི་བཞིན་རས་ཆུ་འཛིན་གྱི་སྨགས་རུམ་ཁྲོད་ནས་འགོག་ཏུ་མེད་པ་མངོན་པར་འགྱུར་བ་གདོན་ཟའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (46)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme