Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་འོས་ཤོག་འདི་བློ་བཟང་སེང་གེ་ལགས་སུ་བླུག་དགོས་པའི་རྒྱུ་མཚན།

Posted on 2011-02-262011-02-26 By rigdon 12 Comments on ངའི་འོས་ཤོག་འདི་བློ་བཟང་སེང་གེ་ལགས་སུ་བླུག་དགོས་པའི་རྒྱུ་མཚན།

རིག་སྒྲོན།

སྐབས་གསུམ་པའི་བོད་ཀྱི་སྲིད་བློན་གསར་པའི་འོས་འདེམ་ཀྱི་དུས་ཚོད་དེ་བསླེབ་ལ་ཉེ་བ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་ཕལ་མོ་ཆེས་རང་རང་གི་འོས་མི་ཞིག་བདམས་ཟིན་ཡོད་ཤག་རེད། འོས་མི་སུ་ཞིག་ལ་ཁྱེད་རང་གི་འོས་ཤོག་དེ་བླུག་རྒྱུ་ཡིན་པའི་རང་དབང་ཆ་ཚང་རང་སོ་སོའི་ལག་ཏུ་ཡོད་པ་ལས། མི་གཞན་སུས་ཀྱང་དེའི་ཐད་འགྲིག་མིན་གྱི་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད། ཡིན་ནའང་། ངའི་འོས་ཤོག་འདི་བློ་བཟང་སེང་གེ་ལགས་སུ་བླུག་དགོས་པའི་རྒྱུ་མཚན་རྣམས་དྲ་གྲོགས་ཚོ་དང་མཉམ་དུ་གླེང་མོལ་ཞིག་བྱེད་འདོད་བྱུང་།

རྒྱུ་མཚན་དང་པོ་ནི་ང་ཚོ་བཙན་བྱོལ་ལ་ཡོད་པའི་གཞུང་དམངས་སུ་འདྲ་ཞིག་ནས་ལས་དོན་གང་ཞིག་བསྒྲུབ་འཆར་ཡོད་རུང་། དང་ཐོག་ང་ཚོའི་དགྲ་ཁ་གཏད་རྒྱ་ནག་གཞུང་ནས་ལྡོག་ཕྱོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆ་ལ་མི་འགྱུར་བའི་རྩོད་ལེན་བྱ་རྒྱུ་གལ་ཆེ་སྙམ། ཚང་མས་མཁྱེན་གསལ་ལྟར། རྒྱ་ནག་གཞུང་གིས་རྒྱུན་ལྡན་བོད་ནང་དུ་ཡོད་པའི་བོད་མི་ཚོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་གང་ཞིག་བྱེད་ཀྱི་ཡོད་དམ་ཟེར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དམངས་གཙོའི་སྤྱི་ཚོགས་ཤིག་རྩ་བ་ནས་མིན་པར་གཞུང་གི་མཛད་གཙོ་རྣམས་བླ་མ་དང་སྐུ་དྲག ཡང་ན། ཚོང་དཔོན་ཆེ་གྲས་ལ་སོགས་དེ་སྔ་བོད་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་མཁན་གྱི་རི་བོ་ཆེན་པོ་གསུམ་གྱི་ཁྱིམ་རྒྱུད་ཤ་སྟག་ཡིན་པ་འགྲེལ་བཤད་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད། དེ་ལྟ་བུའི་རྫུན་གཏམ་གྱི་དྲིལ་བསྒྲགས་འོག་ཏུ་བོད་ནང་གི་ཞིང་འབྲོག་མི་ཉུང་བ་ཞིག་མགོ་བསྐོར་ཐེབས་བཞིན་ཡོད་པ་རེད།

གལ་སྲིད་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བོད་ཀྱི་སྲིད་བློན་ལ་འོས་འདེམས་བྱུང་ན། ཉིན་མོ་དེ་ནས་བཟུང་གོང་གི་དྲིལ་བསྒྲགས་དེ་དག་གཞི་མེད་པའི་རྫུན་གཏམ་ཞིག་ལ་འགྱུར་རྒྱུ་ཐེ་ཚོམ་མེད། གང་ལགས་ཤེ་ན། བློ་བཟང་སེང་གེ་ལགས་ནི་སྤྱི་ལོ་ ༡༩༥༩ ལོའི་རྗེས་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཕལ་པ་ཞིག་གི་ནང་དུ་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་ཞིག་ཡིན་པ་དང་། ཁོ་པ་རང་ཉིད་ཀྱི་བློ་སྤོབས་དང་བཙན་བྱོལ་དམངས་ཚོགས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམ་བྱས་པའི་དབུ་ཁྲིད་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད།

རྒྱུ་མཚན་གཉིས་པ་ནི་བློ་བཟང་སེང་གེ་ལགས་རང་ཉིད་ནས་བཤད་བཞིན་པ་ལྟར། བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་མཁན་གྱི་རྒན་རབས་རྣམས་རིམ་བཞིན་དགོངས་ཞུར་ཕེབས་ཀྱི་ཡོད་རུང་། བོད་མིའི་རང་དབང་འཐབ་རྩོད་དེར་མཇུག་སྐྱོང་བྱེད་མཁན་གྱི་མི་སྣ་མུ་མཐུད་ནས་ཡོད་པ་མ་ཟད། མི་སྣ་དེ་ཡང་ན་སོ་དར་ལ་སོན་ཞིང་། དེང་རབས་ཀྱི་ཚད་མཐོའི་ཤེས་ཡོན་ཐོབ་པའི་བོད་མི་གཞོན་སྐྱེས་ཤིག་ནས་རྒྱུད་འཛིན་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཀྱི་ཡོད་པ་རེད།

རྒྱུ་མཚན་གསུམ་པ་ནི་བློ་བཟང་སེང་གེ་ལགས་ལ་འོས་ཤོག་རྣམས་ཐོབ་པ་ཡིན་ན། བཙན་བྱོལ་གྱི་ནང་དུ་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ལ་རེ་བ་དང་། སེམས་ཤུགས། ཕུགས་བསམ་སྐྱེས་པའི་ས་བོན་ལྟ་བུར་འགྱུར་སྲིད། གང་ཡིན་ཟེར་ན། ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་མངོན་པར་མི་གསལ་བའི་རྣམ་པ་ཞིག་ཡོད་པ་སྟེ། སྤྱིར་རྒན་རབས་རྣམས་ནས་གསར་དུ་ཐོན་བཞིན་པའི་གཞོན་སྐྱེས་ཚོར་རེ་བ་དང་ཡིད་ཆེས་ཤིག་ཡོད་ཀྱང་།

ལས་དོན་ཆ་ཚང་རྩིས་སྤྲོད་བྱེད་རྒྱུར་ཕྲན་བུའི་བློ་དོགས་ཤིག་མེད་དམ་སྙམ། དེ་ནི་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་དུ་རྒན་རབས་ཚོས་དཀའ་སྡུག་གྲངས་ལས་འདས་པ་ཞིག་ཁྱད་གསོད་བྱས་པ་བརྒྱུད་ད་ལྟའི་གནས་སྟངས་དང་གྲུབ་འབྲས་འདི་བྱུང་བར་སྙིང་བཅངས་ཀྱིས་མི་རབས་གཞོན་པ་ཚོས་དེ་ལྟ་བུའི་དཀའ་ངལ་མྱོང་མི་དགོས་པའི་ཆེད་དུ་རང་རང་གི་ངོས་ནས་གང་ཐུབ་ཐུབ་ཀྱིས་མུ་མཐུད་འགན་ཁུར་ལེན་བཞིན་ཡོད་པ་རེད། མཁྱེན་དགོས་པ་ཞིག་ལ། ཕ་མའི་ངོས་ནས་ཕྲུ་གུ་རྣམས་མི་ཚེ་གཅིག་གི་རིང་ལ་རང་ཉིད་ཀྱིས་འཁྲིས་ལ་ཉར་ནས་ལྟ་སྐྱོང་བྱེད་ཐབས་བྲལ་བ་ཆོས་ཉིད་རེད། དེ་ལས་ཕྲུ་གུ་ཚོ་ན་སོ་དར་ལ་ལོན་པའི་སྐབས་སུ་རང་རང་གི་འཇིག་རྟེན་ཞིག་དང་། ཁྱིམ་ཚང་ཞིག་སྐྱོང་སྟངས་ཀྱི་གོ་སྐབས་ཤིག་བསྐྲུན་དགོས། ཁྱིམ་དུ་ཕ་མ་བཞུགས་པའི་སྐབས་སུ་ནོར་འཁྲུལ་དང་དཀའ་ངལ་ཆེ་ཆུང་གང་འདྲ་ཞིག་འཕྲད་ཀྱང་། ཕ་མ་དག་ཕྲུ་གུའི་འཁྲིས་སུ་བཞུགས་ཡོད་པའི་བཀའ་དྲིན་གྱིས་བསླབ་བྱ་དང་ལམ་སྟོན་འཐོབ་རྒྱུ་སྨོས་ཅི་དགོས། གལ་ཏེ་དེ་ལས་ལྡོག་ཚེ། ཕྲུ་གུ་ཚོས་འུ་ཐུག་མཆོང་རྒྱག་བརྒྱབ་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བཟོ་མི་སྲིད་པ་མེད། དེར་བརྟེན་བོད་ཕྲུག་གཞོན་སྐྱེས་ཚོས་ཆུང་དུས་ནས་རང་རང་གི་ཤེས་འཇོན་ལ་སྤོབས་པ་དང་། བརྩི་མཐོང་། གྲུབ་འབྲས་འཐོབ་རྒྱུར་བརྩོན་ལེན་བྱེད་ཐུབ་མཁན་ཞིག་ཏུ་གསོ་སྐྱོང་བྱེད་དགོས་རྒྱུ་གལ་ཆེའོ།།

གསར་འགྱུར།

Post navigation

Previous Post: ༸གོང་ས་ཏཱ་ལའི་བླ་མའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་སྤྱོད་ཀྱི་དགོངས་དོན།
Next Post: ངའི་བཀའ་ཁྲི་དང་གངས་སེང་ལ་འགྱུར་བ་མེད།

Comments (12) on “ངའི་འོས་ཤོག་འདི་བློ་བཟང་སེང་གེ་ལགས་སུ་བླུག་དགོས་པའི་རྒྱུ་མཚན།”

  1. ལྷག་བསམ། says:
    2011-02-26 at 3:01 am

    རིག་སྒྲོན་ཟེར་བ་འདི་ཉིད་རྒྱ་མིའི་ཆབ་སྲིད་ལག་ཆ་སྟེ་སྤྱི་ཚོགས་རྙིང་པ་ཟེར་བ་དང་། བཀས་བཀོད་རྒྱུན་འཛིན་ཟེར་བ། བླ་ཆེན་དང་མི་ཆེན་ཟེར་བ་སོགས་གཞི་མེད་ཀྱི་ཚིག་སྟོང་དེ་དག་ལ་དགའ་ཞེན་ཆེ་བ་ཞིག་རེད་འདུག ང་ཚོ་ནི་དམངས་གཙོ་ཚད་ལྡན་གྱི་སྤྱི་ཚོགས་ནང་སླེབས་ཟིན་པས་རིགས་རུས་དང་། གྲལ་རིམ་གྱི་དབྱེ་བ་མེད་པའི་བོད་པ་ཡིན་མ་གཏོགས་རྒྱ་དམར་ལྟར་གྱི་གྲལ་རིམ་འཐབ་རྩོད་ནང་གནས་མེད། གལ་སྲིད་ཁྱེད་རང་གིས་བློ་སེང་ལ་ཡིད་ཆེས་དེ་ཙམ་ཡོད་ན་བློ་སེང་གིས་བོད་ཀྱི་ཆེད་ལས་དོན་བརྩམ་དགོས་ཞེས་རེ་འདུན་མི་འདོན་པ་ཅི་ཡིན། བཀའ་ཁྲིའི་ཞབས་སྟེགས་མེད་ན་བོད་ལ་ཕན་པའི་ལས་ཀ་བྱེད་ཡས་རྫོགས་པ་རེད་དམ། བློ་སེང་ལ་བཀའ་ཁྲིའི་ཞབས་སྟེགས་མ་རག་ན་བོད་ཀྱི་ཆེད་ལས་ཀ་བྱེད་མི་ཐུབ་པའི་མེད་ན་མི་འབྱུང་གི་འབྲེལ་བ་གང་ཞིག་ཡོད། ང་ཚོས་རྒྱ་དམར་གྱིས་བསམ་བློ་གཏོང་ཚུལ་དང་ལྡོག་ཕྱོགས་ཤིག་བཟུང་ན་དེ་ལ་འཆུག་པ་མེད བཀའ་ཁྲིའི་ཞབས་སྟེགས་མེད་པར་བོད་ཀྱི་ཆེད་ཕན་ཐོགས་ཡོད་པའི་ལས་ཀ་བྱེད་མཁན་ག་ཚོད་འདུག་ལྟོས་དང་། མི་འདི་ཚོ་དངོས་གནས་ཁྱད་མཚར་རེད། དོན་དངོས་ནི་དངོས་ཐོག་བདེན་འཚོལ་དང་། མཚན་རིག་གི་ལྟ་བའི་སྟེང་ནས་དཔྱད་པ་བཏང་ན། བཀའ་ཁྲིའི་ཞབས་སྟེགས་མ་རག་ན་བོད་དོན་ཆེད་ལས་ཀ་མི་བྱེད་པའི་བློ་སེང་གི་རྒྱབ་ན་རྒྱུ་མཚན་ཁ་ཤས་ཤིག་ལས་མེད། འདི་རྣམས་ཤེས་རྒྱུ་ཧ་ཅང་གིས་ལས་སླ་པོ་རེད། འདི་བསམ་བློ་བཏང་བ་ཙམ་གྱིས་ཤེས་ནུས་པ་ཡིན་ནོ།

  2. མངའ་རིས་ཕོ་ཉ་ says:
    2011-02-26 at 3:02 am

    རིག་སྒྲོན་ལགས་ཀྱིས་གསུངས་པ་གནད་འགག་ཅིག་འདུག ༼རྒྱུ་མཚན་དང་པོ་ནི་ང་ཚོ་བཙན་བྱོལ་ལ་ཡོད་པའི་གཞུང་དམངས་སུ་འདྲ་ཞིག་ནས་ལས་དོན་གང་ཞིག་བསྒྲུབ་འཆར་ཡོད་རུང་། དང་ཐོག་ང་ཚོའི་དགྲ་ཁ་གཏད་རྒྱ་ནག་གཞུང་ནས་ལྡོག་ཕྱོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆ་ལ་མི་འགྱུར་བའི་རྩོད་ལེན་བྱ་རྒྱུ་གལ་ཆེ་སྙམ། ཚང་མས་མཁྱེན་གསལ་ལྟར། རྒྱ་ནག་གཞུང་གིས་རྒྱུན་ལྡན་བོད་ནང་དུ་ཡོད་པའི་བོད་མི་ཚོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་གང་ཞིག་བྱེད་ཀྱི་ཡོད་དམ་ཟེར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དམངས་གཙོའི་སྤྱི་ཚོགས་ཤིག་རྩ་བ་ནས་མིན་པར་གཞུང་གི་མཛད་གཙོ་རྣམས་བླ་མ་དང་སྐུ་དྲག ཡང་ན། ཚོང་དཔོན་ཆེ་གྲས་ལ་སོགས་དེ་སྔ་བོད་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་མཁན་གྱི་རི་བོ་ཆེན་པོ་གསུམ་གྱི་ཁྱིམ་རྒྱུད་ཤ་སྟག་ཡིན་པ་འགྲེལ་བཤད་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད། དེ་ལྟ་བུའི་རྫུན་གཏམ་གྱི་དྲིལ་བསྒྲགས་འོག་ཏུ་བོད་ནང་གི་ཞིང་འབྲོག་མི་ཉུང་བ་ཞིག་མགོ་བསྐོར་ཐེབས་བཞིན་ཡོད་པ་རེད།༽ དེར་རྒྱབ་སྐྱོར་དང་རང་ཉིད་ཀྱི་བསམ་ཚུལ་གཅིག་མཚུངས་ཡིན།
    གཞོན་སྐྱེས་ཚོར་་་་་་་་་་་་་་་་་་་་་་་་་་་་་་་

  3. ལ་རྒྱའི་བདག་པོ། says:
    2011-02-26 at 4:20 am

    རིག་སྒྲོན་ལགས་བཀྲིས་བདེ་ལེགས།
    ༡༽ངས་སྐུ་ཉིད་ཀྱི་འོས་ཤོག་སུ་འཕེན་ཡང་ཐོབ་ཐང་ཡིན་པས་ངས་བརྩི་བཀུར་ཞུ་རྒྱུ་ཡིན།འོན་ཀྱང་ཁྱེད་རང་གིས་བློ་སེང་ལ་འོས་འཕེན་པའི་རྒྱུ་མཚན་རྣམས་ཡང་དག་ཏུ་མ་མཐོང་བས་དེ་དག་ལ་དགག་བཞག་ཅུང་ཙམ་ཞུ་རྒྱུ་ཡིན།
    ༢༽ཁྱེད་ཀྱིས་བློ་སེང་ལ་འོས་འཕེན་པའི་རྒྱུ་མཚན་དང་པོ་རྒྱ་མིའི་བརྗོད་བབ་ལ་བརྟེན་ནས་སྤྲུལ་སྐུ་དང་།སྐུ་དྲག་ཚོང་པ་ཆེ་གྲས་བོད་གཞུང་གི་མཛད་གཙོར་མི་ཉན་ཚུལ་བརྗོད་འདུག་དེ་ནི་ཡ་མཚན་པའི་བྱ་བ་ཞིག་རེད།
    རྒྱ་དམར་གྱི་གཏམ་བརྗོད་ལ་བསྟུན་ནས་ང་ཚོའི་བཙན་བྱོལ་བོད་གཞུང་གི་བྱ་སྤྱོད་དང་ལངས་ཕྱོགས་ཚང་མ་འགྱུར་བ་གཏོང་དགོས་ན་ང་ཚོའི་གནང་སྟངས་གང་འདྲ་ཞིག་སླེབས་ཀྱི་རེད་དམ།
    ལར་ནས་རྒྱ་དམར་གྱི་གཏམ་འཆལ་དེ་དག་ཁྱེད་ཚོས་གཙིགས་ཆེན་དང་རིན་ཐང་ཆེན་པོ་བྱེད་དོན་གང་ཡིན་ནམ།བརྗོད་ཚུལ་དེ་ནི་བློ་སེང་གིས་ཐོག་མར་འོས་བསྡུའི་དྲིག་བསྒྲགས་བྱེད་སྐབས་འོས་ཤོག་གང་མང་ཐོབ་ཆེད་ངས་རྒྱ་མིར་བརྡ་ལན་སྤྲོད་ཚུལ་གྱི་འབོད་སྒྲ་བསྒྲགས་པ་གཅིག་པ་རེད།
    ༣༽ང་ཚོར་ད་ལྟ་བླ་སྤྲུལ་ཡིན་པའི་མཛད་གཙོ་༸གོང་ས་མཆོག་ཟམ་གདོང་ཚང་གཉིས་ལས་གཞན་སུ་འདུག་གམ།ཁྱེད་ཀྱིས་བོད་མིའི་འཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཁོང་གཉིས་ཀྱིས་གོ་གནས་དེ་འོས་འཚམས་མ་མཐོང་བ་རེད་།དེང་སྐབས་གནས་ཚལ་འཚབ་ཆེན་དེ་འདྲ་སེམས་ལ་དྲན་ཡང་ཁ་ནས་ཤོད་ཕོད་པ་ཇི་འདྲའི་གཡག་སྙིང་ལ་ཨང་།ཅི་འདྲའི་གླེན་བཤད་ལ་ཨང་།
    ༤༽ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ནང་སྐུ་དྲག་གཅིག་ཀྱང་མེད་པས་ཁྱེད་ཀྱིས་རི་བོང་གི་རྭ་ལ་ཆེ་ཆུང་དང་ལེགས་ཉེས་རྩོད་དོན་མ་མཆིས།
    ༥༽ད་ལྟའི་བཀའ་ཁྲིའི་འོས་མི་གསུམ་པོ་ཕྱི་ལོ་༡༩༥༩རྗེས་ལ་བཙན་བྱོལ་ནང་འབྲས་རྡལ་བཞེས་ནས་ཚར་ལོངས་བྱུང་ཞིང་།དེང་དུས་ཀྱི་ཤེས་ཡོན་ལྡན་པའི་མི་རབས་གསར་པའི་བུ་ཕྲུག་རྐྱང་རེད།ཁོང་གསུམ་པོ་ང་ཚོའི་མ་འོངས་པའི་རེ་བ་བཅོལ་ས་དེ་ཡིན་པས་སྐུ་དྲག་དང་བླ་སྤྲུལ།ཚོང་པ་བཅས་ཀྱིས་ཞྭ་མོ་ནག་པོ་དེ་མ་གཡོག་པའི་རེ་བ་ཞུ་རྒྱུ་ཡིན།
    ༦༽རྒྱུ་མཚན་གཉིས་པ་དེར་ཁྱེད་ཀྱིས་བརྗོད་པ་ལྟར་བོད་དོན་འཐབ་རྩོད་དེ་མི་རབས་བརྒྱུད་སྤྲོད་བྱེད་དགོས་པ་བདེན་མོད།མི་རབས་གསར་པ་རྣམས་ཀྱིས་གཞུང་ཞབས་དང།སྤྱི་འཐུས།ཕྱག་རོགས་བཀའ་བློན་བཅས་རིམ་པས་བརྒྱུད་ནས་བཀའ་ཁྲིར་བསྐྱོད་དགོས་པ་ལས།གློ་བུར་དུ་རྒྱལ་སྲས་ཁྲི་མངའ་གསོལ་བ་ལྟར་སློབ་གྲྭ་ཐོན་མ་ཐག་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་དགོས་ཟེར་ན་ལམ་ལུགས་དང་ཆོས་ཉིད་གང་དང་ཡང་འགལ་བ་རེད།
    ༧༽རྒྱུ་མཚན་གསུམ་པ་ནི་༼བཙན་བྱོལ་གྱི་ནང་དུ་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ལ་རེ་བ་དང་། སེམས་ཤུགས། ཕུགས་བསམ་སྐྱེས་པའི་ས་བོན་ལྟ་བུར་འགྱུར་སྲིད་༽ཅེས་བརྗོད་ཚུལ་དེ་ནི་དེང་སྐབས་མི་འགའ་ཤས་ཀྱིས་བོད་མིའི་ཆིག་སྒྲིལ་དང་བརྟན་ལྷིང་ལའང་བསམ་བློ་མ་བཏང་བར་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་ཆེད་དུ་བརྗོད་པ་དཔེར་ན།
    ཀ༽བློ་སེང་ལ་འོས་མ་ཐོབ་ན་མི་མང་སེམས་ཤུགས་ཆགས་ཀྱི་རེད་ཟེར་བ།
    ཁ༽བློ་སེང་ལ་འོས་མ་ཐོབ་ན་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་ཡིན་ཟེར་བ།
    ག༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆོལ་ཁའི་ཞེན་འགོག་རེད་ཟེར་བ།
    ང༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་སྐུ་དྲག་གི་རྒྱུག་ཁྱི་རེད་ཟེར་བ།
    ཅ༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་བོད་ལ་རེ་བ་མེད་ཚུལ་བརྗོད་པ།
    ཆ༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་སྐོར་བརྗོད་པ།
    ཇ༽བློ་སེང་ཕམ་ན་བོད་ཕམ་པ་རེད་ཟེར་བའི་གཏམ་འཆལ་གང་སར་བསྒྲགས་ནས་བོད་མིའི་བདེ་སྡུག་བློ་སེང་གཅིག་བུར་ཐུག་པ་ནང་བཞིན་གྱི་སྐད་ངན་བརྒྱབ་པ་གཅིག་པ་རེད།
    ང་ཚོས་དེང་སྐབས་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་མིན་གྱི་དོན་ཆེན་བགྲོ་གླེང་བྱེད་པའི་སྐབས་དེར།མི་བུ་ཁ་ཤས་ཀྱིས་བྱས་རྗེས་དང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པའི་བློ་སེང་ལ་ཧ་ལམ་༸གོང་ས་ནང་བཞིན་གྱི་ལྟ་ཚུལ་འཛིན་དོན་གང་རེད་དམ།དེ་ནི་ཕྱོགས་རིས་ཀྱི་བསམ་བློ་ཁོ་ནར་ཐུག་པ་རེད།
    ༨༽ཁྱེད་རང་གི་དུམ་མཚམས་མཐའ་མ་དེར་ཁྱིམ་ཚང་ཞིག་བོད་རྒྱལ་ཁབ་དཔེ་བསྡུར་བྱས་པ་དང།ཕ་མ་གཉིས་དང་བཀའ་ཁྲི་མཚུངས་བསྡུར་བཏང་ནས་ར་མགོ་ལུག་སྦྱར་དང་འབྲེལ་མེད་དོན་གཞན་ཞིག་བཀོད་འདུག་པས་དེར་དགག་བཞག་བྱེད་རིན་མ་མཐོང་བས་མཚམས་འདིར་འབྲི་མཚམས་བཞག་པར་བྱའོ།

  4. གངས་རི། says:
    2011-02-26 at 5:27 am

    དྲྭ་གྲོགས་ལྷ་བསམ་དང་ལ་རྒྱའི་བདག་པོ་སོགས་ལ་ཞུ་རྒྱུ་ནི།
    འོས་སུ་ལ་བླུག་དང་མ་བླུག་སོ་སོ་འདོད་བ་རེད།
    བཀའ་ཁྲིར་འོས་མི་གསུམ་པོ་ནི་ང་ཚོའི་བཙན་བྱོལ་ནང་གི་མི་བུ་གསུམ་བོ་རེད། གང་ཟག་སྒར་གྱི་སྐོར་ལ་མང་བོ་བཤད་སྟེ་ཡར་དཀྲུག་མར་དཀྲུག་བྱེད་ན་དགོས་པ་རྒྱུ་མཚན་ཞིག་མཐོང་གི་མི་
    འདུག ཚིག་ངན་དང་དམའ་འབེབ་སོགས་བྱེད་ན་རྒྱ་ནག་གཞུང་ལ་དགོས་ཀྱི་དེ་རེད་མ་གཏོགས་གཞན་གང་ཞིག་མཐོང་གི་མི་འདུག་ངེས་པར་གཟབ་གཟབ་གནང་རོགས་ཞུ་ཡི་ཡིན། ང་ཚོ་བཙན་བྱོལ་བ་རེད་ལུང་པ་མེད་པའི་མི་ཞིག་རེད། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད། བསམ་བློ་རྒྱ་ཆེ་ས་ནས་གཏོང་རོགས་ནང་དྲྭ་གྲོགས་ཚོ། ཁོང་གསུམ་ནི་གཅིག་བཀའ་ཁྲིར་ཡིན་པ་ནི་བཤད་མ་དགོས་པ་རེད།་ བཀྲིས་བདེ་ལེགས་དྲྭ་གྲོགས་ལྷན།
    ལོ་གསར་པའི་ནང་དུ་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་ལམ་ཡོད་དོ།

  5. སྲིད་པ་རྡོ་རྗེ་ says:
    2011-02-26 at 10:12 am

    རིག་སྒྲོན་གྱི་ཚོརབ་ཟབ་མོའི་ཐོག་འབྲི་གནང་འདུག་ ཏན་ཏན་རང་ཉིད་ཀྱི་སེམས་པའི་ཁྱད་རེད་ ད་ལཱཏི་འཆར་ང་ཚོ་ཚ་ག་ཚི་གི་བྱེད་པའི་དུས་ཙོད་ཞིག་མིན་པར་བབས་ལྷིངས་གཏན་གསུམ་བྱེད་རྒྱུ་སྔར་ལས་གལ་ཆེ་བ་རེད་ བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བ་དང་རྒྱ་ནག་གི་སྟོབས་ཤུགས་རྒྱས་སྟེ་རྒྱ་གར་ལ་ཡང་གནོན་ཤུགས་ཡོང་བའི་དུས་སྐབས་འདིར་ང་ཚོའི་དབུ་འཁྲིད་ཉམས་མྱོང་ལྡན་པ་ཞིག་དགོས་པ་ལས་གཞོན་སྐྱེས་ཉམས་མྱོང་ཏིལ་འབྲུ་ཙམ་མེད་པ་ཞིག་བསྐོས་པ་ཡིན་ན་ཕྱོགས་གཅིག་ནས་ང་ཚོ་ཕམ་ཁ་འགྱུར་རྒྱུ་དང་ཡང་སྒོས་བོད་མི་མང་ཚོགས་ལ་གྱོང་རག་གི་རེད་
    ཨ་རིའི་ལད་བཟློས་བྱས་སྟེ་འགྱུར་བ་ཅེས་པའི་ཚིག་སྐམ་པོ་ཞིག་ལ་འཐམས་ནས་བསྡད་ན་ང་ཚོ་ལྩམ་སྐུ་ཞོགས་ཀྱི་འགྲོ་སྟངས་ཀྱང་མ་ཤེས་་བུ་མོ་རང་གི་འགྲོ་སྟངས་ཀྱང་བརླག་ཅེས་པའི་དཔེ་ལྟར་ཆགས་རྒྱུ་རེད་
    རྒྱ་མིའི་ཟེར་ཚད་ལ་ང་ཚོ་བལྟ་དགོས་མེད་ ཁོ་ཚོ་རྫུན་གཏམ་ཁོ་ནས་དུས་འདའ་མཁན་དེ་འདྲ་རེད་ ཁོ་ཚོ་ལ་ཆ་བཞག་ཡག་ཡོག་མ་རེད་
    བློ་སེང་ཧ་ཝརཌ་ལ་ཕྱིན་པ་ཙམ་གྱི་ཤེས་ལྡན་རེད་ཟེར་བ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་བུ་ཕྲུག་མང་པོ་ཡང་དེ་ལྟར་ཨ་རིའི་མཐོ་སློབ་ཆེ་ཁག་ནང་ནས་སློབ་ཐོན་བྱེད་པ་དང་གཅིག་པ་རེད་ ཨ་རི་ནི་ཆེ་མཐོའའི་ལག་འཁྱེར་གྱི་བཟོ་གྲ་ཡིན་པ་ཤེས་གསལ་རེད་ དོན་དངོས་སུ་བློ་སེང་ཕུལ་བ་རའིཌ་ནང་དུ་ཡིག་ཚད་མ་འཁྱོལ་བར་ལུས་པ་དང་ནེའུ་ཡོག་བསྟན་འཛིན་ཆོས་གྲགས་ཀྱི་ཁམས་པ་གཅིག་པའི་ཞེན་ཁོག་བྱས་སྟེ་འཐེན་པ་རེད་ སྐབས་དེར་སྐུ་ངོ་འཇུ་ཆེན་གྱི་ཡང་ཐེ་བྱུས་བྱས་ཡོད་པ་རེད་ བསྟན་འཛིན་ཆོས་གྲགས་ཀྱི་རིན་ཆེན་དར་ལོ་ལ་མ་དགའ་ཙང་འཇུ་ཆེན་ལ་བཤད་ འཇུ་ཆེན་གྱི་ཞིབ་འཇུག་ཚོགས་ཆུང་ཟེར་བས་རིན་ཆེན་དར་ལོའི་གཞུང་གི་ཁང་པ་སྒེར་གཉེར་བྱས་པ་རེད་ཅེས་རྙད་འདོགས་བྱས་པ་རེད་ འདི་ཚོ་ངོ་མ་རེད་་བསམ་བློ་འཐོངས་་བཀྲིས་དབང་འདུད་ལ་འོས་འཕེན་ལོ་

  6. འོད་ཡུག་པའི་འཁྱམས་པོ། says:
    2011-02-26 at 12:31 pm

    xxxxxxxxxxxxxxxxx

  7. མངའ་རིས་ཕོ་ཉ་ says:
    2011-02-26 at 2:15 pm

    xxxxxxxxxxxxxxxxxx

  8. ཁ་བརྡ་ཚང་། says:
    2011-02-26 at 3:09 pm

    མངའ་རིས་ཕོ་ཉ་དང་འོད་ཡུག་འཁྱམས་པོ་གཉིས་ནས། མུ་མཐུད་དུ་དྲ་གྲོགས་ནང་ཁུལ་དུ་འཐབ་འཛིང་བྱེད་པ་དང་ཀླན་ཀ་འཚོལ་བའི་མཆན་སྤེལ་ན།
    མཆན་སྤེལ་མཁན་གཏན་འགོག་ཞུ་གི་ཡིན།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  9. མངའ་རིས་ཕོ་ཉ་ says:
    2011-02-27 at 1:01 am

    ཁ་བརྡ་ཚང་ལ་ཞུ་རྒྱུར།
    སྤྱིར་བཏང་དྲ་ལམ་ནས་མི་དམངས་ཚོར་གསར་འགྱུར་འདྲ་མིན་དང་གང་ཟག་སྒེར་སོ་སོའི་རྩོམ་ཡིག་འདྲ་མིན་ཞིག་ཤེས་འདོད་ཆེན་པོ་ཡོད་ལ། ཡིན་ནའང་ཁ་བརྡ་ནང་ད་ལྟའི་སྐབས་དེར་བཀའ་ཁྲིའི་འོས་མི་ཐོག་སྤྱི་ཚོགས་སྟེང་ཚ་ཚ་འུར་འུར་འགྲོ་སྐབས་ཁ་བརྡ་ནང་དུ་མཆན་བུ་བཏབ་མཁན་མི་ཉུང་ཤས་ཤིག་སོ་སོའི་འོས་མིར་རྒྱབ་སྐྱོར་བྱེད་སྟངས་བྱེད་ལུགས་མི་ཤེས་པར་ཁ་གཏད་གཞན་གྱི་འོས་མིར་གཞི་རྩ་མེད་པས་སྐྱོན་བཙུགས་དང་མདའ་འབེབས་རྐྱང་རྐྱང་བྱེད་པར་མཐོང་དུས་དམིགས་སུ་བཀར་ནས་མཆན་བུ་བཏབ་པ་ཡིན། མི་སུ་འདྲ་ཞིག་ཡིན་རུང་གང་ཟག་སྒེར་ལ་སྐྱོན་དང་ནོར་འཁྲུལ་ཡོད་དུས་བརྟག་དཔྱད་བྱས་ནས་དགེ་སྐྱོན་གཉིས་ཀ་གཞི་རྩ་བཟུང་ནས་རང་གི་འོས་མིར་རྩོམ་ཡིག་སྤེལ་བ་དང་མཆན་བུ་བཏབ་ན་མི་དམངས་ལ་དགེ་ཕན་ཆེ་བ་མཐོང་། ལྷག་པར་དུ་ཁ་བརྡ་ནང་གཞི་རྩ་མེད་པས་བོད་མི་ཕན་ཚུན་དབར་དཀྲུགས་ཤིང་དང་མདའ་འབེབས་ཀྱིས་མཆན་བུ་བཏབ་མཁན་རིགས་ཁ་བརྡས་རྩོམ་སྒྲིག་ནས་འགོག་ཐབས་བྱས་ན་ལེགས།
    གོང་དུ་ངས་མཆན་བུ་ཁག་ཅིག་བཏབ་པ་རྣམས་ཁ་བརྡས་རྩོམ་སྒྲིག་ནས་གསུབ་འདུག་དེར་ཞུ་རྒྱུ་གང་ཡང་མེད་རང་ཉིད་ནོར་འཁྲུལ་ཡིན་པར་ངེས་ལེན་ཡོད་དམིགས་སུ་བཀར་ནས་འོད་ཡུག་འཁྱམས་པོ་དང་ཁོ་རོགས་པ་གཉིས་ལ་བཏབ་ཡིན། ཁ་བརྡ་དང་དུས་བབ་གཉིས་ནང་བཟང་བའི་ཆ་ནས་གཅིག་རྐྱང་བཀོད་རྒྱུ་མི་འདུག དྲ་གྲོགས་དབར་འཐབ་འཛིན་དང་གཞི་མེད་སྐྱོན་བཙུགས་རྐྱང་རྐྱང་བཀོད་མཐོང་དུས་ངོ་རྒོལ་ཆེད་དུ་བཀོད་པ་ཡིན།

  10. མངའ་རིས་ཕོ་ཉ་ says:
    2011-02-27 at 1:31 am

    འོ་ད་དུང་ཞུ་རྒྱུར་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་སྐུ་ངོ་བཀྲས་མཐོང་དང་སྐུ་ངོ་བཀྲ་དབང་མཁས་དབང་བློ་སེང་གསུམ་སུ་ལ་འོས་ཤོག་བླུགས་ན་བླུགས་དམངས་གཙོ་ཡི་ཐོབ་ཐང་དང་རང་དབང་ཡིན་ལ། སུ་ལ་རྒྱལ་ཁ་ཐོབ་ན་དེར་རྒྱབ་སྐྱོར་དང་གུས་བཀུར་ཡོད། བོད་མི་རིགས་དང་རྒྱལ་ཁབ་དུ་ལངས་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། རང་ཉིད་སོ་སོའི་འོས་མི་ཐོག་སྐྱོན་དང་བཟང་ཆ་གཉིས་ཀ་གཞིར་བཟུང་ནས་ཁ་བརྡ་ནང་རྩོམ་ཡིག་དང་མཆན་སྤེལ་ན་བསྔགས་བརྗོད་ཡོད། གཞི་མེད་སྐྱོན་དང་མདའ་འབེབས་རིགས་མ་སྤེལ་ན་དགེ་འཕེལ་ཆེ་བ་མཐོང་།

  11. རང་བཙན་ལྡེའུ་ says:
    2011-02-27 at 3:46 am

    མཁས་དབང་བློ་བཟང་སེངྒེ་ལགས་བོད་ཀྱི་བཀའ་བློན་མཁོད་པར་ བདུན་གསུམ་ལས་མི་བདའ་ ངེད་ཚོ་སློབ་ཕྲུག་བརྒྱ་སྐོར་ཞིག་གི་འོས་ཤོག་དེ་དགའ་སྤྲོ་དང་བློ་སྤོབས་ཆེན་པོའི་ངང་ནས་ མཁས་དབང་ཁོང་ལ་འཕེན་རྒྱུའི་དམ་ཆ་རྟན་པོ་ཡོད་ལ་ བློ་སེང་ལགས་ཁོང་གི་རྒྱལ་ཁ་ནི་བོད་རྒྱལ་ཁབ་དང་ བོད་མི་རིགས་ བོད་སྤྱིའི་རྩ་དོན་གསེལ་ཐབས་སུ་་གོམ་པ་མྱུར་ཞིང་མདུན་སྐྱོད་དུ་འཁྲིད་ཐུབ་ལེ་དང་ དུས་རབས་ཉེར་གཅིག་པའི་བསམ་ལོ་གསར་གཏོད་ཅན་ སྙིང་སྟོབས་དང་ ཤེས་ལྗོན་ ལྷག་བསམ་ ཕྱི་ནང་གང་སར་འབྲེལ་ལམ་བཏུན་མཁས་སོགས་གང་སྤྱིའི་ཐད་ནས་དཔོན་ཉམས་དང་ རྒྱལ་ཁབ་ཞིག་གི་རླབས་ཆེན་དབུ་འཁྲིད་ཀྱི་ཡོན་ཏན་ཀུན་གྱི་རྒྱན་ཞིང་ཕྱུགས་པ་འདྲན་ཟླ་བྲལ་བ་ཡོད་ལེ་དེ་བོད་མི་རིགས་ཀྱི་བསོད་ནམས་དང་ དགྲ་སྡུག་དགོས་ལེ་དང་ གཉེན་དགའ་དགོས་ལེའི་གཏམ་བཟང་འདིར་ ངེད་སྐྱིད་སྡུག་མཉམ་མྱོང་གི་ཆོལ་གསུམ་བོད་རིགས་ཙམ་བཟན་ཕན་ཚུན་བཀའ་ཁྲི་གསར་པ་མཁས་དབང་བློ་སེང་མཆོག་ སེང་ཁྲིའི་སྟེང་དུ་མཁོད་དེ་བཀྲིས་བདེ་ལེགས་ཞུ་བའི་ཉི་མ་མྱུར་དུ་ཆར་རེན་བདའ་འོ་།།

  12. ཉན་པ་རྣ་རིང་། says:
    2011-03-07 at 2:29 am

    རིག་སྒྲོན་གྱིས་འོས་སུ་ལ་བླུག་དགོས་མིན་ཐད་ལ་བསམས་གཞིགས་ཞིབ་མོར་བཏང་འདུག
    ཡག་པོ་འདུག མི་གཞན་གྱིས་གང་བཤད་བདེན་པར་བསམ་ནས་འོས་འཕེན་སའི་མི་ནོར་ན་ཕངས་པོ་རེད།
    རྒྱབ་སྐྱོར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme