Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང།

Posted on 2011-02-25 By ཁ་བརྡ་ 13 Comments on བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང།

ཤར་ཕྱོགས་ཁུག་རྟ།

ངས་ཁ་བྱང་འདི་འདྲ་ཞིག་གི་འོག་ནས་སོ་སོ་སྒེར་གྱི་བསམ་ཚུལ་བྲིས་པ་དེ་ང་དང་བསམ་ཚུལ་མི་མཐུན་མཁན་ཚོ་དགོངས་པ་མ་འཚོམ་རོགས་ཞེས་ཐོག་མ་ནས་ཞུ་རྒྱུ་ཡིན། བཀའ་ཁྲིའི་གནད་འགག་གླེང་ནས་མཁས་བླུན་ཚང་མ་ད་ནི་རྣ་བ་རྒྱགས་པའི་ཚོད་དུ་སླེབས་ཁར། ཆོས་དང་རིག་གཞུང་ཞེས་དཔེ་ཆ་བློ་འཛིན་བྱས་པ་ལྟར་བོད་མི་རེ་རེར་རྒྱུ་མཚན་རེ་བགྲང་རྒྱུ་ཡོད་པའི་དུས་ཚོད་འདིར། ངའི་བཀའ་ཁྲི་བཀྲས་མཐོང་ལ་ཐོབ་དགོས་པའི་རྒྱུ་མཚན་ཡང་གཅིག་ལས་མེད་ལ། དེ་ནི་ད་བར་བཀུར་འོས་འོས་མི་གསུམ་གྱི་གཏམ་བཤད་ནང་ཕན་ཚུན་ཞིབ་བསྡུར་བྱས། རང་ཉིད་བོད་མི་སྤྱི་མཚུངས་ལྟར་གཡར་བའི་ལུང་པ་ཞིག་ཏུ་སྡོད་པའི་དྲན་ཤེས་ཤུགས་ཀྱིས་བསྟེན། ལྷ་ས་ནས་འཕོས་པའི་བོད་གཞུང་གི་རྒྱུན་མཐུད་དང་དེའི་མང་གཙོའི་གོམ་སྟབས་རྣམས་ཀྱང་དྲན་པར་བྱས། ཤེས་ཡོན་དང་ཁྲིམས་ཀྱིས་ཆེན་པོ་བསྒྱུར་མེད་པའི་ང་རང་ཐེ་བའི་བོད་མི་དག་གི་གཤིས་ཀ་ཡིད་ལ་རུམས། བདེན་པ་དང་གནས་ལུགས་མངོན་སུམ་ཡིན་ཡང་སྲིད་དོན་ཁེ་ཕན་དང་འབྲེལ་འདྲིས་ཤུགས་ཆེན་གྱི་སྣེ་མོར་འཐམས་འགྲོ་བའི་སྲིད་གཞུང་དག་དྲན་པར་བྱས་པས། ངའི་བཀའ་ཁྲི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན་སོང་བ་རེད། འདི་ནི་ང་བཀའ་ཁྲི་མེད་པ་ནས་ཡོད་པར་གྱུར་བའི་བརྒྱུད་རིམ་ཡང་ཡིན་ལ། དངུལ་དངོས་དང་ངོ་ཤེས་ཀྱིས་མ་ཁྱེར་བའི་ངའི་བཀའ་ཁྲིར་གྱུར་སོང་བའང་རེད།
ཡིན་ཡང། བོད་མི་ཚོའི་ཁ་རུ་འཇགས་པ་ཞིག་མཚམས་འདིར་ང་ལ་གླེང་རྒྱུ་མི་འདུག་ལ། གོང་དུ་བཤད་པར་ལྟར། ངའི་བཀའ་ཁྲི་ཡིན་པའི་རྒྱུ་མཚན་གཅིག་པུ་དེའང་ཁོང་གི་གསུང་བཤད་ལས་ཇི་བཞིན་འདྲེན་རྒྱུ་ཡིན། གསུང་དུམ་འདི་ལ་བརྟེན་པའི་ངས་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་མ་འོངས་པར་བཅངས་བ་རྣམས་གླེང་དགོས་དོན་མི་འདུག་ལ། དེ་ནི་ང་སྒེར་ལ་རྨི་ལམ་ཞིག་ཡོད་པའི་དབང་དུ་བཏང་ཡང་མི་འགྲིག་པ་གང་ཡང་མེད།
ཁོང་གིས་༼ ལྷན་རྒྱས་ཚོས་ཡི་ཤུའི་བླ་ཆེན་མཁྱེན་གི་རེད་པཱ། པོབ་ཟེར་བ་དེ། ཡི་ཤུའི་བླ་ཆེན་དེ་ཡི་ཤུའི་ཚང་མའི་སྐུ་ཚབ་མ་རེད། ཡི་ཤུའི་ནང་གི་ Catholic ཟེར་བ་ཁོང་ཚོའི་སྐུ་ཚབ་ཞིག་རེད། ཁོང་ཚོའི་སྐུ་ཚབ་དེ་ལོ་བརྒྱ་གཉིས་བརྒྱ་གོང་གི་གནས་ཚུལ་རེད་དེ། ཐབས་ཤེས་བྱས་ནས་རིམ་པས་རིམ་པས་ཡི་ཤུའི་ཚོགས་པ་དེ་ངོས་འཛིན་བྱས་པ་རེད། ངོས་འཛིན་ཡོད་པའི་མི་ཚད། རྒྱལ་ཁབ་ཅིག་ནང་བཞིན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང། དེང་སང་དུས་ཚོད་འདིར་འཛམ་བུ་གླིང་འགྱུར་བ་འགྲོ་བའི་སྒང་རེད།
ཨུ་ནེ་༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་དེ་རྒྱལ་སྤྱིའི་སྒང་ནས་ཐབས་ཤེས་མེད་པ་ག་རེ་ཡིན་ནམ་བསམ་གི དཔེར་ན་ང་ཚོས་འགོ་བཙུགས་པ་ཡིན་ན། རྩ་བའི་ཞིབ་ཕྲ་ཁྲིམས་ཤེས་མཁན་དང་ཁྲིམས་རྩོད་པ་ཚད་ལྡན་གྱི་ཐོག་ནས་མཉམ་རུབ་བྱེད་དགོས་པའི་ལས་ཀ་རེད་དེ། གཙོ་བོ་རྡོག་རྡོག་ཞུས་པ་ཡིན་ན། བོད་པའི་དགོན་པ་དང་བོད་པའི་ཆོས་ཚོགས་རེད། ༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་ནང་ཆོས་ཀྱི་དབུ་ཁྲིད་ཡིན་པ་ངོས་འཛིན་བྱེད་ཀི་རེད། དེ་ཕལ་ཆེར་ཐེ་ཚོམ་མེད་པར་ཞུ་ཀི་རེད་བསམ་གི་འདུག
དེ་ནང་བཞིན། ལ་དྭགས་དང་འབྲུག འབྲས་ལྗོངས། བལ་ཡུལ་དེ་ཚོའི་ནང་ལ་ང་ཚོའི་བོད་རིགས་གཅིག་པ་ཟེར་དགོ་རེད་པས། ཧི་མ་ལའི་རི་བརྒྱུད་ཀྱི་མི་མང་པོ་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་སྒྲིག་འཛུགས་དེ་ཚོས་ངོས་འཛིན་ཏན་ཏན་ཞུ་གི་རེད་བསམ་གི དེ་ངོས་འཛིན་མ་ཞུས་ན་ངོས་འཛིན་ཞུ་ས་ཡོད་པ་མ་རེད། རང་བཞིན་གྱིས་བོད་མི་ལས་བརྒལ་བའི་ཧི་མ་ལའི་རི་བརྒྱུད། ལ་དྭགས་དེ་ཚོ་བརྩིས་པ་ཡིན་ན་རྒྱ་གར་རེད། དེ་བཞིན་བལ་ཡུལ་དགོན་པ་དེ་ཚོ་བརྩིས་ན་རང་བཞིན་གྱིས་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་འགྲོ་གི་རེད་བསམ་གི་འདུག
དེ་མ་ཟད་སོག་ཡུལ་ལ་སོག་པོ་ཚོར་ནང་ཆོས་ཐད་བསྐྱར་གསོ་ཆེན་པོ་བྱས་ཡོད་རེད། དེའི་ནང་མཁན་པོ་དང་ཆེ་ཁག་དེ་ཚོ་རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་སར་ཕྱག་དཔེ་གཟིགས་མཁན་དེ་འདྲ་རེད། དེའི་ངོ་ཕྱོགས་ནས་ངོས་འཛིན་ཡོང་གི་རེད་བསམ་གི་འདུག དེས་མ་ཟད། ཨུ་རུ་སུའི་ནང་ཁལ་མུག་ཟེར་བ་དེའི་བླ་ཆེན་དེ་རྟག་པར་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བཅར་མཁན་ཞིག་རེད། ངོས་འཛིན་བྱེད་ཀྱི་རེད།
དེ་ནས་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ཆོས་ཚོགས་མང་པོ་ཡོད་པ་རེད། དེ་ཚོ་དེབ་སྐྱེལ་གྱིས་ལུང་པའི་ཁྲིམས་དང་མཐུན་གི་རེད། དེ་ཚོས་རྒྱབ་སྐྱོར་བྱེད་ཀྱི་རེད། དེ་ནས་༧རྒྱལ་བ་པོ་ཆེས་ཆོས་ལུགས་ཚང་མའི་སྐོར་ལ་བཀའ་སློབ་མང་པོ་ཕེབས་ཀྱི་ཡོད་ཙང། ཡི་ཤུའི་ཆོས་ཚོགས་དང་ཁ་ཆེའི་ཆོས་ཚོགས་ཁ་ཤས་ཀྱིས་སོ་སོའི་ནང་ཁུལ་གྱི་བླ་མ་ལས་༧རྒྱལ་བ་རིན་པོ ཆེར་མོས་པ་ཡོད་བསྡད་པ་རེད། བྱས་ཙང་དེ་ཚོས་རྒྱབ་སྐྱོར་བྱེད་ཀྱི་རེད་བསམ་གི་འདུག དེ་འདྲ་བྱས་དུས། ང་ཚོར་འཛམ་བུའི་གླིང་གི་སྒྲིག་འཛུགས་བརྒྱ་ཕྲག་གཅིག བྱུང་ན་སྟོང་ཕྲག་མང་པོས་༧རྒྱལ་བ་རིན་པོ་ཆེའི་དགའ་ལྡན་ཕོ་བྲང་འདི་ལ་ངོས་འཛིན་ཡོད་ཟེར་བའི་ལམ་ཀ་ཞིག་ལ་འགྲོ་ཐུབ་པ་ཡིན་ན། ཨུ་ནེ། ཡང་སྲིད་གསར་བ་ཞིག་གདན་འདྲེན་ཞུ་སྐབས་ཀྱང་རྒྱ་མིས་ལམ་སེང་ལག་པ་འཆང་རྒྱུར་ཚོགས་པ་སྟོང་ཕྲག་ཅིག་གིས་འགོག་རྐྱེན་ཞིག་མེད་འགྲོ་བསམ་གི་འདུག ཐལ་མོ་བརྡབས། དེ་ཚོའི་གྲས་ཐབས་ཤེས་དང་བསམ་བློ་བཏང་བ་ཡིན་ན་བྱེད་རྒྱུ་ཡོད་པ་ཞིག་རེད་བསམ་གི་འདུག ༽
གོང་གི་གསུང་དུམ་འདི་ངས་འོས་ཤོག་དེ་མེད་པ་ནས་ཡོད་པར་གྱུར་སོང་བའི་བཀྲས་མཐོང་གི་ཤུགས་རེད་ལ། ངའི་བཀའ་ཁྲིའི་དགོངས་གཞིའི་ནང་གི་ནང་དོན་ལྡན་ཤོས་དེ་ཡིན་པར་བསམ། རྒྱུ་མཚན་འདི་དག་གིས་མི་ཆུང་ཆུང་ཞིག་གིས་རང་ལ་དབང་བའི་ཐོབ་ཐང་སྤྱད་དེ། བཀའ་ཁྲིའི་སྐོར་ལའང་ཉོག་གཏམ་ཞིག་མི་འབྲི་ཀ་མེད་བྱུང་སོང་ལ། བཙན་བྱོལ་ནང་གི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བ་ལྟ་བུའི་མིང་དང་གཟུགས་ཙམ་གྱིས་འཚོ་བ་དག་གི་རྒྱབ་སྐྱོར་བྱེད་ས་དང་ཁོ་བོའི་འོས་ཤོག་འཕེན་ས་གཅིག་ཏུ་གྱུར་བས་སེམས་པ་སྐྱོ་ཡང་བྱ་ཐབས་བྲལ།
ལར་ནས་གོང་གི་དགོངས་བཞེས་དེ་འདོད་པའི་ངའི་ཤེས་པའི་འགུལ་བསྐྱོད་དག་བོད་མི་རིགས་ཀྱི་འབྱུང་འགྱུར་དུ་མི་འོས་ལ། བཙན་བྱོལ་གནས་སྐབས་ཀྱི་སྒྲུབ་བྱ་ཞིག་ལའང་མི་རན་ནོ་ཞེས་མདའ་དང་མདུང་མོས་ཅི་ལྟར་གཞུས་ཀྱང། བསམ་ཚུལ་འདི་འདོད་པས་རང་གི་མོས་མཐུན་རྣམས་བྱུང་རབས་ཁྲོད་དུ་བོད་པའི་འདུན་མ་སྒྲུབ་བྱེད་ཅིག་ཏུ་མ་གྱུར་བར། དུས་རབས་གཅིག་གམ མི་ལོ་བཅུ་ཕྲག་མང་པོ་འདས་མཐའ་ཞིག་ནས་བུ་རབས་ཚ་བརྒྱུད་ཚོས་དམོད་མོ་གཏོང་ཡུལ་ཞིག་ཏུ་གྱུར་ཀྱང་རུང། ཁོ་བོས་བཀའ་ཁྲི་ལ་བཅངས་པ་ནི་འདི་ལས་གཞན་ཞིག་ད་ལྟ་མ་རྙེད་དོ།

རྩོམ་རིག

Post navigation

Previous Post: ནང་བསྟན་དར་སྤེལ་གཏོང་ཕྱོགས་ཀྱི་བགྲོ་གླེང་།
Next Post: བོད་རང་བཙན་གྱི་གོམ་བགྲོད་དེ་དེ་རིང་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

Comments (13) on “བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང།”

  1. jo lak says:
    2011-02-25 at 3:19 pm

    ཤར་ཕྱོགས་ཁུག་རྟ་ལགས་ད་ཁྱེད་ནི་བདེན། ཁྱེད་ཀྱི་ཕྱོགས་ལྷུང་མེད་པའི་གཏམ་འདི་ལ་ང་ནི་མོས་གུས་ཆེ། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་གཞན་ཟེར་གཡེམ་རྒྱུག་མཁན་དུ་མ་ཞིག་ཡོད་པར་བརྟེན་དེ་ཚོའི་ཀླད་པའི་ནང་གཏམ་འདི་གཤོང་དཀའ། ཁྱེད་ཀྱི་འདིར་གླེང་བའི་གཏམ་དག་བློ་ཟུ་བོར་གནས་པ་ཞིག་རེད་འདུག་པར་བརྟེན་ཁོང་ལ་ང་ཡང་རྒྱབ་སྐྱོར་ཡོད་པ་མ་ཟད་ཀུན་ལ་དེ་དག་གནང་དགོས་པའི་འབོད་བསྐུལ་ཡང་ཞུ་བཞིན་ཡོད།

  2. tashi says:
    2011-02-25 at 11:27 pm

    ང་ལ་ཁྱོད་ཀྱིས་རྒྱུ་མཚན་ག་འདྲ་ལ་བརྟེན་བཀྲས་མཐཽང་ལ་འོས་བླུགས་པ་ཤེས་འདོད་མེད་ལ་ ཁྱོད་ལྟར་སོ་སོའི་འོས་མི་འོས་བླུགས་རོགས་ཞེས་རེ་སྐུལ་ཡང་བྱེད་འདོད་མེད
    དེ་ནི་ངས་མི་ཚང་མ་སོ་སོ་དང་འདྲ་བའི་རྣམ་དཔྱོད་ཡོད་པ་ཤེས་ཀྱི་ཡོད་པས་ཡིན

  3. བཀྲ་ཤིས། says:
    2011-02-26 at 12:17 am

    ཁ་བརྡ་ནང་དུ་བཀྲ་ཤིས་མིང་ཅན་ག་ཚོད་ཡོད་དམ།

  4. བོད་ཀྱི་ཕོ་གསར། says:
    2011-02-26 at 2:05 am

    ཁ་སང་རྩོམ་ཡིག་འདི་བང་ཆེན་སྟེང་མཇལ་དུས། ཕྱོགས་ཞེན་དུག་གི་མེ་འབར་བ་ཁ་ཤས་ཀྱིས་རྩོམ་པ་པོར་སྐྱོན་བརྗོད་བྱས་ཡི་གེ་སྦྱར། བཀྲས་མཐོང་བསྟན་དགེ་དང་རྩོམ་པ་པོ་གཉིས་འབྲེལ་བ་ཡོད་པས། རྩོམ་ཡིག་འདི་འབྲི་རྒྱུ་ཉོས་པ་རེད་ཅེས་གང་མིན་ཚད་ཤོད་འདུག་པས་དབུགས་རིང་རེ་གཏོར་རྒྱུ་བྱུང་། ཡིན་ནའང་། དེ་རིང་འདིར་ཡང་བསྐྱར་མཇལ་དུས་དངོས་གནས་མ་འདྲ་བ་ཞིག་འདུག་ལ། ཡི་གེ་དེ་དག་བཀྲམས་མཁན་ཚོས་ཀྱང་འདིར་ཕེབས་ནས་བགྲོ་གླེང་བྱེད་ཐུབ་ན་ག་འདྲ་མི་འདུག

  5. Pama tso says:
    2011-02-26 at 2:11 am

    དངོས་གནས་བོད་ཀྱི་ཕོ་གསར་ཁྱེད་བདེན། ཁ་སང་བསོད་ནམས་ཚེ་རིང་ཟེར་བ་ཞིག་གིས་རྩོམ་ཡིག་འདི་ལ་བརྟེན་ནས་གཉེན་དགའ་དགྲ་སྡང་གིས་རྩོམ་པ་པོར་སྐུར་འདེབས་ཚད་མེད་བྱས་བཞག ཡི་གེ་བཀྲམས། སྐུ་སྒེར་ཡིག་ཚང་དང་སྐུ་ངོ་བསྟན་དགེས་སྐུལ་བ་བྱས་པའམ། འབྲེལ་ཡོད་ཀྱི་དབང་གིས་བྲིས་པ་རེད་ཟེར་ནས་འུར་རྒྱག་གི་འདུག ད་བགྲོ་གླེང་བྱེད་སར་ཕེབས་ཐུབ་ན་ཡག་པོ་འདུག གུས་མོས་ནི་ཤར་ཕྱོགས་པ་ཚང་གི་འདོད་མོས་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། བཀྲས་མཐོང་རང་ཉིད་ཀྱི་བཀའ་ཁྲི་ཡིན་ལ། བོད་སྤྱིའི་བཀའ་ཁྲིར་ཐོབ་ངེས་པའི་སྤོབས་པ་ཡོད།

  6. མངའ་རིས་ཕོ་ཉ་ says:
    2011-02-26 at 2:22 am

    ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས་རྩོམ་བྲིས་བཀླགས་ཚར་བ་ཡིན། ཡིན་ནའང་དེར་རྒྱབ་སྐྱོར་རྩ་བ་ནས་མེད། xxxxxxxxxxxxxxxxxxxxxx

  7. མངའ་རིས་ཕོ་ཉ་ says:
    2011-02-26 at 2:43 am

    རྒྱ་ནག་གཞུང་གིས་ཡུར་གྱལ་ཚོགས་པ་དེ་ཏ་ལའི་བླ་མ་དང་སྐུ་དྲག་རྙིང་པ་ཁ་ཤས་ཀྱི་རྒྱུན་འཛིན་ཚོགས་པ་ཆུང་ཞིག་རེད་ཟེར་བ་དེར་ང་ཚོའི་ཡར་ལན་སློགས་རྒྱུར་མི་རབས་གསར་པ་ཡི་སྐབས་གསུམ་པའི་བཀའ་ཁྲི་གཅིག་སླེབས་ན་ཅུང་ལེགས་མཐོང་། གཞོན་སྐྱེས་མང་པོ་ཞིག་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་དུ་འཐབ་རྩོད་བྱེད་སྐབས་སེམས་ཤུགས་འཕར་བར་སྨོས་མི་དགོས། ཡིན་ནའང་། བཀའ་ཁྲིའི་འོས་མི་གསུམ་སུ་བཀའ་ཁྲིར་སླེབས་པ་ཡིན་ན་༧གོང་ས་མཆོག་དབུ་བཞུགས་ཡོད་དུས་མི་འཇོན་པ་རྩ་བ་ཉིད་ནས་མེད་བོད་མི་དམངས་ཀྱི་རྩ་དོན་སྒྲུབ་ཆོག་དང་ལས་འགུལ་སྤེལ་སྟངས་གང་ཅིའི་ཐད་བཀའ་ཁྲིའི་གཅིག་བུ་ཐག་གཅོད་ཐུབ་ཀྱི་མེད། ངེས་པ

  8. བཀྲ་ཤིས་ནག་ལྡང་། says:
    2011-02-26 at 3:20 am

    འདིར་བཀྲ་ཤིས་ཟེར་བ་ཁ་ཤས་ཤིག་ཡོད་པས་བདག་གི་དངོས་མིང་བཀྲ་ཤིས་ཀྱི་རྗེས་སུ་ནག་ལྡང་བསྣོན་པ་རྒྱབ་ཡོད་ལགས།

    མདོ་སྨད་ཚང་ན་ཆབ་སྲིད་ལ་འཇུག་མཁན་ཡིན་ཟེར་བའི་ན་གཞོན་ཁ་ཤས་ཡོད་ཀྱང་། མདོ་སྨད་པ་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་ལ་དོ་ཟླ་བའི་གསར་བུ་ནི་ཅི་ཡང་མ་མཐོང་ཞིང་། བཤད་པར་མཁས་པའི་ཀླུ་མཁར་བྱམས་དང་། ཆབ་སྲིད་ཀྱི་གཏིང་ནག་ལོན་ཐུབ་པའི་ཤར་ཕྱོགས་ཁུག་རྟ་རྣམ་གཉིས་ཨ་ཡོད་ནང་གི་ད་ཡོད་རེད།

    ཁོང་རྣམ་པ་གཉིས་ནི་དེ་སྔོན་བདག་རང་རྡ་སར་ཡོད་དུས་མཉམ་འགྲོ་མཉམ་འདུག་བྱེད་ཀྱི་འདུག་ཅིང་། གྲོགས་པོ་ཡག་ཤོས་ཀྱང་ཡིན་པར་འདུག་པས། མཐུན་སྒྲིལ་ཀྱི་ཕྱོགས་ནས་ཀྱང་མདོ་སྨད་པ་གཞན་ནང་བཞིན་ཁྱོད་ངར་མ་ཡིན་ན་ང་ཡང་ངར་མ་ཡིན་ཟེར་བ་ཡིན་མི་འདུག

  9. ཨ་བུ། says:
    2011-02-26 at 4:57 am

    ཤར་ཕྱོགས་ཁུག་རྟ་འདི་མཚམས་མཚམས་ལ་ཐག་རིང་ན་ཡོད་པ་འདྲ་ཞིག་ལ་སྐབས་སྐབས་སུ་ཉེ་འགྲམས་དུ་ཡོད་ཡོད་འདྲ་བ་ཞིག་འདུག
    ད་རེད་ངས་ཁོའི་རྩོམ་ཡིག་འདི་ཀློག་སྐབས་ཁོའི་གདུང་ཞེན་དེས་ང་ལ་སྐུལ་མ་ཆེན་པོ་ཞིག་ཐེབས་སོང།

  10. ཤར་ཕྱོགས་ཁུག་རྟ། says:
    2011-02-26 at 3:43 pm

    བཀུར་འོས་ཁ་བརྡ་ཚང་། རིག་གནས་བྱ་བཞག་གི་ལས་དོན་ལ་ཆེད་དུ་དམིགས་པའི་དྲ་བ་འདྲ་ཡིན་ན་ཁྱེད་ཚོས་ཕྱག་ལས་གནང་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག
    ང་ལ་མཚོན་ན་སོ་སོའི་སྨྱུག་མིང་ནི་གལ་ཆེན་ཞིག་ཡིན་ལ། དེ་ལ་མཚོན་དོན་ཀྱང་མི་ཉུང་བ་ཞིག་ཡོད། དྲ་བའི་རིག་གནས་འདི་མ་དར་སྔོན་ནས་སྨྱུག་མིང་འདི་དག་བསྣམས་ནས་ཡོང་བ་ཡིན་སྟབས། ང་རང་ལྟ་བུའི་རིག་གནས་ལས་དོན་ལ་སྔོ་ཐོག་པ་ཞིག་མེད་ཀྱང་། ལོ་རྒྱུས་དང་བརྒྱུད་རིམ་ཡོད་མཁན་ཚོར་སྨྱུག་མིང་ནི་དེ་བས་ཀྱང་རྩ་ཆེན་པོ་ཞིག་ཡིན། ཁྱེད་ཚང་གིས་བསམ་བཞིན་སྦྱོར་རྩུབ་དང་བསྙད་བསྐོ་མཁན་ཚོས་སྨྱུག་མིང་ལ་ཁྱད་གསོད་བྱས་པ་དག་དྲ་ངོས་བཅུག་པ་འདིས། འཇུག་མཁན་གྱི་སྒེར་གཤིས་ལ་དོགས་པ་སྐྱེས་སོང་། རིག་གནས་ལས་དོན་ལ་ཐེ་ཚོམ་སྐྱེས་སོང་ཞེས་བློ་ཕམ་ཆེན་པོའི་ངང་ཞུ་འདོད་བྱུང་།

  11. ཁ་བརྡ་ཚང་། says:
    2011-02-26 at 4:02 pm

    ཤར་ཕྱོགས་ཁུག་རྟ་ལགས།

    ཁ་བརྡས་གང་ཐུབ་ཀྱིས་མཆན་ཚང་མར་བལྟ་རྟོག་ཞུ་བཞིན་ཡོད། མཚམས་རེར་འཐུས་ཤོར་ཡོང་གི་འདུག
    གོང་གི་མཆན་དེ་བསུབ་ཡོད། ང་ཚོས་སྒེར་གྱི་ཆུ་ཚོད་བཏང་ནས། རྩོམ་འགོད་པ་དང་རྩོམ་གྱི་མཆན་ལ་ཞུས་དག་གཏོང་གི་ཡོད་པ་ཡང་མཁྱེན་རོགས་གནང་།

    ཁ་བརྡའི་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  12. ཤར་ཕྱོགས་ཁུག་རྟ། says:
    2011-02-26 at 4:12 pm

    ཁ་བརྡ་ཚང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ།
    ཞོར་དུ་ཀློག་མཁན་ཚོར་གསལ་བཤད་ཙམ་ཞུས་ན། ངའི་སྙིང་ནས་གཅེས་པའི་སྨྱུག་མིང་ཤར་ཕྱོགས་ཁུག་རྟ་འདི་ནི་ང་རང་རིག་གནས་ལས་དོན་འདི་དང་འཐམས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན། འོན་ཀྱང་། མི་ཞིག་གིས་བསམ་བཞིན་ཁྱད་གསོད་ཀྱིས་ཤར་ཕྱོགས་ཁ་ཏ་ཟེར་བའི་མིང་ཞིག་བདེ་སྤྱོད་གནང་བས། ངས་དེ་དོན་གོང་གསལ་ལྟར་ཁ་བརྡ་ཚང་ལ་ཞུས་པའི་བྱུང་རིམ་དེ་ལྟར་ཡིན།

  13. ཤར་ཕྱོགས་ཁ་ཏ། says:
    2011-02-27 at 4:19 am

    ཤར་ཕྱོགས་ཁ་ཏ་ནི་རང་ཉིད་ཀྱི་སྨྱུག་མིང་ཡིན་པ་ལས་སུ་ཞིག་ལ་ཟུར་ཟ་མ་ཡིན། སྨྱུག་མིང་གང་ཞིག་འདོགས་མིན་ནི་སྨྱུག་ཐོགས་པ་སོ་སོའི་རང་དབང་མ་ཡིན་ནམ། དེས་ན། ངའི་སྙིང་ནས་གཅེས་པའི་སྨྱུག་མིང་དེ་ལ་ཡང་དགོས་པ་ངེས་ཅན་ཞིག་ཡོད་པས་གུས་ཞབས་དགོས་པ་མཁྱེན་རོགས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme