Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུས་བརྩི་ལྡན་པའི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་མཆོག་གི་དྲུང་དུ།

Posted on 2011-02-252011-02-25 By ཁ་བརྡ་ 1 Comment on གུས་བརྩི་ལྡན་པའི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་མཆོག་གི་དྲུང་དུ།

སྤྲུལ་འཁོར་སྐལ་བཟང་དོན་ལྡན།

ཆེད་འབུལ། སྐབས་དང་པོ་དང་

གཉིས་པའི་མི་དབང་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་བཙུན་བཟང་གསུམ་སྐྱབས་རྗེ་ཟམ་དོང་རིན་པོ་ཆེ་གང་ཉིད་ཀྱིས་ བསྐྱངས་པའི་ལས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར་ཐེངས་གསུམ་པའི་བཀའ་ཁྲིའི་འོས་གཞིར་བཞེངས་ནས་སྔར་ལྟར་ཤེས་ཡོན་དང་། ཉམས་མྱོང་། ལྷག་བསམ། དྲང་བདེན། རྒྱལ་གཅེས། འཇོན་ཐང་། ཕུགས་བསམ་བཅས་ཀྱི་རབ་ཏུ་ཕྱུག་པའི་སྐུ་ངོ་ མཆོག་ལ་སྙིང་ནས་དགའ་བསུ་དང་བཀའ་དྲིན་ཆེ་ཞུ། མདོ་སྤྱི་བཀྲས་མཐོང་ཆེན་མོའི་སྲས་སྲོས་བཞིའི་ནང་གི་བུ་རྒན་པ་སྐུ་ངོ་བཀྲས་མཐོང་སྟོབས་ལགས་ཀྱི་རིགས་སྨྱུག་ཏུ་བལྟམས་པའི་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཁོང་གི་ཡབ་དམ་པའི་དགོངས་གཞི་ལྟར་གུང་ལོ་ ༡༢ ལ་སོན་མ་ཐག་ནས་མ་སུ་རིར་མ་འོངས་བོད་ཀྱི་སོན་རྩའི་ཕྲུག་གུ་ཚོར་དབྱིན་སྐད་སློབ་འཁྲིད་ཀྱིས་ཞབས་འདེབས་མགོ་འཛུགས་ཞུས་ཏེ་རང་གིས་གཅེས་པའི་རྒྱལ་ཁབ་དང་། རང་ཉིད་སྐྱེས་སའི་བོད་ལྗོངས། རང་རིགས་མི་དམངས་བཅས་ཀྱི་དོན་དུ་ད་བར་འདས་པའི་མི་ལོ་ཧྲིལ་པོ་ ༥༠ སོང་རིང་བཙན་བྱོལ་དུ་འབྱོར་ནས་བཟུང་༸ ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་སློབ་བསྐལ་བཟང་སྙིང་གིས་ནོར་བུར་བཟུང་ནས་ ༡༩༦༧ ལོར་བོད་གཞུང་གི་ནང་དུ་སྲི་ཞུ་ཞུས་ཏེ་དམའ་རིམ་ནས་མཐོ་རིམ་བར་གྱི་ལས་དོན་མང་པོར་སྲི་ཞུ་ཞུས། ༡༩༦༨ ལོར་བཀའ་ཟུར་བསོད་སྟོབས་ལགས་དང་། བཀའ་ཟུར་རྒྱ་རི་རིན་པོ་ཆེ། སྐུ་སྒེར་དྲུང་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་བཅས་དང་ལྷན་དུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་དུ་ཤེས་བྱ་གསར་ཤོག་འདོན་སྤེལ་གནང་། དེ་ནས་ཕྱི་ལོ་ ༡༩༧༠ ལོར་ཕྱག་སྤྲེལ་དེ་དག་དང་མཉམ་དུ་བོད་ཀྱི་གཞོན་ནུ་ཚོགས་པ་གསར་འཛུགས་བསྐྱངས། ༡༩༧༣ ལོའི་སྔོན་དུ་ཨ་རིར་སྐུ་ཚབ་བོན་གཅོད་ཀྱི་ཕྱག་ལས་གནང་སྟེ། ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་བཀའ་དྲིན་ཞབས་སོར་ཐེངས་དང་པོ་བསྐྱངས་རྒྱུའི་ལས་དོན་ཐུགས་འགན་ཆེར་བཞེས་མཛད། སྐབས་དེར་ཁོང་གིས་ཨ་རིར་བོད་ཀྱི་ཐེབས་རྩ་ཁང་དང་། པོ་ཏྰ་ལ་དཔར་སྐྲུན་ཁང་། ནིའུ་ཡོག་བོད་ཁང་།

ཨ་རི་དང་ཁ་ན་ཌའི་བོད་དོན་བརྒྱབ་སྐྱོར་ཚོགས་པ། བོད་རིགས་མཐུན་ཚོགས་པ་སོགས་གསར་འཛུགས་གནང་། ༡༩༨༧ ནས་ ༡༩༩༠ བར་༸ གོང་ས་སྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས། སྐབས་དེར་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་བཅས་གསར་འཛུགས་མཛད་པ་དང་སྦྲགས་ནས་ཐེངས་དང་པོར་བཙན་བྱོལ་བོད་མི་ ༡༠༠༠ ཨ་རིར་ལེན་རྒྱུའི་ཐུགས་འགན་བཞེས། ༡༩༨༠ ལོར་༸ གོང་ས་མཆོག་གིས་རང་ཡུལ་བོད་དུ་སྐུ་ཚབ་ཚོགས་པ་ཐེངས་གཉིས་པའི་ཚོགས་གཙོར་བསྐོ་གཞག་གཏོང་གནང་མཛད་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཁག་དང་། ༸ ཀུན་གཟིགས་པཎ་ཆེན་སྐུ་གོང་མ། དེ་བཞིན་བོད་མདོ་དབུས་ཁམས་གསུམ་དུ་གཟིགས་བསྐོར་མཚམས་གཟིགས་བསྐྱངས། ༡༩༩༠ ཕྱིར་རྒྱ་གར་དུ་ཕེབས་ནས་བོད་གཞུང་གི་བདེ་སྲུང་དང་དྲིལ་བསྒྲགས། དཔལ་འབྱོར། ཕྱི་དྲིལ་བཅས་ཀྱི་བཀའ་བློན་གནང་།

༡༩༩༥ ལོར་བཀའ་ཁྲིའི་ཐུགས་འགན་ལོ་གཅིག་བཞེས་ནས་ལུགས་མཐུན་དགོངས་ཞུ་གནང་ཏེ་ཨ་རིར་ཕེབས་ནའང་ཁོང་

གིས་ད་དུང་ཨ་རིའི་སེ་ཊན་ཧྥོར་ཌ་གཙུག་ལག་སློབ་གྲྭའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་དགེ་རྒན་ཆེན་མོའི་ཕྱག་ལས་

གནང་བ་ཙམ་མ་ཟད་དེར་བོད་རིགས་པའི་ཞིབ་འཇུག་དང་ལྷག་དོན་༸ གོང་ས་མཆོག་གི་སེམས་དང་ཚེ་སྲོག་གཅེས་པའི་ནང་ཆོས་དང་ཚན་རིག་གཉིས་ཀྱི་ཞིབ་འཇུག་གི་ལས་གཞིར་སྐུའི་གསུང་བསྒྱུར་དང་ལོ་ཙྰ་བ་ཆེན་པོ་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་དུ་ཐུགས་འགན་ཆེ་བཞེས་གནང་བ་དང་། ད་དུང་ཨ་རིར་༡༠༠ ཐམ་པའི་བོད་དོན་བརྒྱབ་སྐྱོར་

ཚོགས་པ་གསར་འཛུགས་གནང་བ་མ་ཟད་༸ གོང་ས་ཏྰ་ལའི་བླ་མའི་ཐེབས་རྩ་ཁང་གསར་འཛུགས་ཀྱིས་ཐུགས་འགན་གཙོ་བཞེས་མཛད་ཅིང་མདོར་ན་ཁོང་གིས་ད་བར་༸ གོང་ས་མཆོག་གི་བཀའ་དགོངས་དང་། བཙན་བྱོལ་བོད་གཞུང་གི་མཛད་ཇུས། གཞི་བྱེས་བོད་རིགས་མི་དམངས་ཀྱི་ཆེད་དུ་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། རིག་གཞུང་། ཤེས་ཡོན་སོགས་ཕྱོགས་ས་སྤྱི་ཐད་ནས་གཞན་དྲིང་མི་འཇོག་པའི་མཛད་རྗེས་རླབས་པོ་ཆེ་བཞག་དང་འཇོག་བཞིན་འདུག

དེར་བརྟེན་ཁོང་གི་སྐུ་ཚེ་ཧྲིལ་པོར་བསྡོམས་ཚིག་དང་མཇུག་བསྡོམས་གཅིག་བརྒྱབ་ན་ཁོང་གིས་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། འཛམ་གླིང་རྒྱལ་སྤྱི། ཕྱི་ནང་བོད་རིགས་མི་དམངས་ཀྱི་ཆེད་དུ་འཇོག་གནང་མཛད་པའི་མཛད་རྗེས་

དེ་དག་ནི་ནམ་ཡང་གསུབ་ཐབས་བྲལ་བའི་བོད་ཀྱི་ལོ་རྒྱུས་ཀྱི་དེར་ཐེར་གསར་གྱི་ཐང་མའི་ནང་ནམ་ཡང་བསྐལ་པར་གནས་ངེས་ཡིན། འོན་བཏང་ཁོང་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་དཀྲོགས་གཏམ་གང་མང་གཅིག་སྤྱི་ཚོགས་ཁྲོད་ཐོན་བཞིན་ཡོད་ནའང་

དྲང་བདེན་དང་རླབས་ཆེན་གྱི་མཛད་རྗེས་ཁག་རིམ་པས་བོད་མི་སྤྱི་དང་མ་འོངས་པའི་བོད་རིགས་ཚོས་ཤེས་རྟོགས་ཐུབ་ངེས་ཡིན། འོན་ཀྱང་ངས་ཁོང་ལ་སྐྱོན་དང་ནོར་འཁྲུལ་གཅིག་ཀྱང་མེད་པའི་མི་ཞིག་ཡིན་པ་དཀར་འདོན་བྱེད་ཀྱི་མེད་ནའང་ཁོང་ལ་དེ་འདྲའི་ནོར་འཁྲུལ་དང་ལས་འཛོལ་ཧ་ཅང་ཆེ་བ་ཞིག་ངས་ད་བར་དཔྱད་ཞིབ་བྱས་པའི་བརྒྱུད་རིམ་ནང་བརྙེད་སོན་མ་བྱུང་།

སྤྱིར་བཏང་ངས་ཐེངས་གསུམ་པའི་བཀའ་ཁྲིའི་འོས་གཞིར་ཕེབས་པའི་ངའི་ཕ་ཡུལ་གཅིག་པའི་ཕྱོགས་ཏུ་ལྷག་བསམ་དང་། ཤེས་ཡོན། ཉམས་མྱོང་། མི་གཤིས། ཡ་རབས་དང་བཟང་སྤྱོད་ཀྱིས་རབ་ཏུ་ཕྱུག་པའི་གུས་པར་བཀུར་བའི་བཀའ་ཟུར་བཀྲ་ཤིས་དབང་བསྡུས་མཆོག་དང་། དེ་བཞིན་བློ་རིགས་བཀྲ་ཞིང་ཤེས་ཡོན་ལྡན་ལ་ལ་རྒྱ་དང་སྙིང་སྟོབས་ཆེ་བའི་རྒྱལ་སྤྱིའི་ཁྲིམས་ལུགས་མཆེད་མཁས་པ་བློ་

བཟང་སེང་གེ་མཆོག་རྣམ་གཉིས་ཀྱི་ངོས་ནས་བཀའ་ཁྲི་ཐེངས་གསུམ་པའི་ཐུགས་འགན་བཞེས་ཐུབ་པའི་ཡིད་ཆེས་ཡོད།

ཡིན་ནའང་ཁོང་གསུམ་གྱི་ཁྲོད་ནས་ངས་དཔྱད་ཞིབ་དང་དོ་སྣང་གང་མང་བྱས་པའི་འབྲས་རྟགས་སུ་ཐེངས་འདིའི་བཀའ་

ཁྲིའི་འོས་མིར་འཚམས་ཤོས་དང་རན་ཤོས་དེ་བཀའ་ཟུར་བཀྲས་མཐོང་མཆོག་ཡིན་པ་མིག་མཐོང་ལག་ཟིན་གྱི་ངེས་ཤེས་གཏིང་གཟབ་གཅིག་བརྙེད་བྱུང་། དེར་བརྟེན་ངས་ད་རེས་ཐེངས་གསུམ་པའི་བཀའ་ཁྲི་འོས་ཤོག་འཐོབ་མིན་ཇི་ལྟར་ཡང་ཐེངས་གསུམ་པའི་འོས་ཤོག་དེ་སྤྱི་

ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་བྱ་དངོས་གང་ཞིག་ཡིན་ཀྱང་དངོས་ཡོད་བདེན་དོན་ལ་གཞི་

བཅོལ་ནས་ཕྱོགས་སུ་མ་ལྷུང་བར་སྐུ་ངོ་བཀྲས་མཐོང་མཆོག་ལ་འབུལ་གྱི་ཡིན། གང་ཡིན་ཟེར་ན་ཁོང་ནི་དགུང་གྲངས་ཧ་ཅང་གི་མཐོ་པོ་མ་ཡིན་པར་དགུང་ལོ་ ༦༢ ལ་སོན་ཞིང་ལོ་ན་ཆེས་ཡང་མ་ཆེས་ལོ་ན་ཆུང་ཡང་མ་ཆུང་བའི་ཁར་ད་དུང་རྒྱལ་ཁབ་དང་མི་རིགས་གཅིག་ཁ་ལོར་བསྒྱུར་

མཁན་གྱི་ཆབ་སྲིད་པ་ཞིག་གི་ངོས་ནས་བཤད་ན་རང་ཕྱོགས་ནསཚང་དགོས་པའི་མཁྱེན་ཡོན་དང་། ཉམས་མྱོང་། འཇོན་ཐང་། ཐབས་ཇུས། གྲུབ་འབྲས། ལྷག་བསམ། དྲང་བདེན། གནས་བབ། བརྩི་མཐོང་། བྱས་རྗེས་སོགས་ཀྱི་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཞིག་ཡོད་ཁར་ད་དུང་དེས་མི་ཚད་ཕྱི་རོལ་ནས་ཚང་དགོས་པའི་གནས་བབ་མང་དག་གཅིག་ཡོད་པ་སྟེ། རྒྱལ་སྤྱི་དང་། རྒྱལ་ནང་། ཕྱི་ནང་སོགས་ཕྱོགས་གང་སར་ཆབ་སྲིད་དང་། ཆོས་ལུགས། དཔལ་འབྱོར། རིག་གཞུང་སོགས་སྤྱི་ཚོགས་དང་འབྲེལ་བའི་མཐོ་རིམ་དང་། དམའ་རིམ། མི་ཤུགས་དང་། རྒྱུ་ཤུགས། ནུས་ཤུགས། བཅས་ཕྱོགས་ཡོངས་ཀྱི་འབྲེལ་ལམ་དང་ཁོར་ཡུག་གི་གནས་བབ་དང་མཐུན་རྐྱེན་སོགས་སྒོ་གང་ས་སྤྱི་ཐད་ནས་མི་དམན་པ་ཞིག་འཛོམས་ཡོད།

ཡིན་ནའང་ངས་ཞུ་རྒྱུར་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་ངོས་ནས་ཐེངས་འདིའི་བཀའ་ཁྲིའི་འོས་

གཞི་ནས་ཕྱིར་འཐེན་གནང་སྟེ་སྐུ་ཉིད་བཀའ་ཁྲིེར་ཕེབས་ཚེ་ངེས་པར་དུའང་ཁོང་ཕྱི་དྲིལ་ལམ་ཕྱག་སྤྲེལ་གྱི་བཀའ་བློན་གཅིག་ཏུ་ངེས་པར་དམིགས་འཛུགས་བསྐོ་བཞག་གནང་དགོས་ལ་ཤེས་ལྡན་དང་། ན་གཞོན། ལོ་རྒྱུས་ཀྱི་མི་སྣ་སོགས་གང་མང་གཅིག་མ་འོངས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་སླད་དུ་གསོ་སྐྱོང་གནང་དགོས་ལ་དེ་

ལྟར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། གལ་ཏེ་སྐུ་ངོ་མཆོག་ཐེངས་གསུམ་པའི་བཀའ་ཁྲིའི་ཞབས་སྟེགས་ལྕི་མོའི་སྟེང་ཕེབས་མ་ཐུབ་ཚེ་ད་དུང་སྔར་བཞིན་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། གཞི་བྱེས་བོད་རིགས་མི་དམངས་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོར་ཞབས་འདེབས་དང་

ལེགས་སྐྱེས་ད་དུང་སྔར་མུས་བཞིན་ས་ཕྱོགས་གང་དུ་སྐུ་བཞུགས་གནང་ཡང་ཕུལ་གནང་ཡོང་བའི་རེ་འདུན་ཞུ། གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་

དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག ། ཅེས་པའི་སྨོན་འདུན་གྲངས་མེད་བཅས་བོད་གཞུང་དབུས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་ཁང་གི་སྨན་པ་ལྷོ་ཁ་ཡར་འབྲོག་གམ་པ་སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་ཕྱི་ལོ་ ༢༠༡༡། ཟླ་ ༠༢། ཚེས ༢༥ ཉིན།

མཛའ་བརྩེའི་གུས་བཏུད་དང་བཅས།

ཕུལ།

སྣ་ཚོགས།

Post navigation

Previous Post: གུས་ཤིང་བརྩེ་བའི་གྲོགས་པོ་བློ་བཟང་སེང་གེ་ལགས་ཀྱི་སྙན་ལམ་དུ།
Next Post: ནང་བསྟན་དར་སྤེལ་གཏོང་ཕྱོགས་ཀྱི་བགྲོ་གླེང་།

Comments (1) on “གུས་བརྩི་ལྡན་པའི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་མཆོག་གི་དྲུང་དུ།”

  1. ལ་རྒྱའི་བདག་པོ། says:
    2011-02-26 at 1:34 am

    རྣམ་དཔྱད་ལྡན་པའི་སྤྲུལ་འཁོར་སྐལ་བཟང་དོན་ལྡན་ལགས་བཀྲིས་བདེ་ལེགས།
    ༡༽སྐུ་ཉིད་ཀྱི་དགོངས་འཆར་བཞིན་བདག་ཀྱང་དེ་དེ་བཞིན་དུ་འདོད་ཀྱི་ཡོད་པས་ཇི་སྐད་ཁྱེད་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོན།བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
    ༢༽ང་ཚོར་བཀའ་ཁྲི་དེ་ཅུང་བགྲེས་ཙམ་ཞིག་བསྐོས་དེའི་ཕྱག་རོགས་བཀའ་བློན་གྱི་ཁྲོད་དུ་བློ་བཟང་སེང་གེ་དང་དེ་མིན་གཞོན་སྐྱེས་རེ་གཉིས་བྱུང་ན་སྙམ་གྱི་འདུག་
    ༣༽ལྷག་པར་བློ་བཟང་སེང་གེ་ལགས་ཀྱི་དགེ་མཚན་དང་ཁྱད་ཆོས་ལ་གཞིགས་ན་ཕྱི་དྲིལ་གྱི་བཀའ་བློན་འོས་པོ་འདུག་ང་ཚོའི་ཆབ་སྲིད་གནད་དོན་དང་བོད་ནང་གི་གནས་ཚུལ་དྲིལ་བསྒྲགས་ཆེད་ཕྱི་དྲིལ་ལྷན་ཁང་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པས་རྒྱལ་སྤྱིའི་གནས་ཚུལ་ལ་མཁྱེན་རྒྱ་ཡངས་པ་དང་ཁྲིམས་ལ་མཁྱེན་རྒྱ་ཡངས་པའི་བློ་བཟང་སེང་གེ་ལགས་འོས་ཤོས་འདུག
    ༤༽སྐབས་རྗེས་མ་སྟེ་དམངས་ཀྱིས་ཐད་འདེམས་བཀའ་ཁྲི་སྐབས་བཞི་པར་བློ་སེང་བཀའ་བློན་ཁྲི་པར་འོས་ཤིང་འཚམས་པར་འདུག་ན་དེ་ལུགས་འབྲེལ་ཡོད་བློ་བཟང་སེང་གེ་མཆོག་དང་བཙན་བྱོལ་མི་མང་ཡོང་ཀྱིས་དགོངས་བཞེས་གནང་བའི་རེ་སྐུ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme