Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེར་ཕུལ་བའི་ཞུ་ཡིག

Posted on 2011-02-212011-02-21 By དབང་ཕྱུག་ 13 Comments on བློ་བཟང་སེང་གེར་ཕུལ་བའི་ཞུ་ཡིག

ནོར་གླིང་རྟེན་དགེ་ཆེན་མོ་སྤེན་པ་རྡོ་རྗེ།

ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ནའི་བབ་དང༌། བོད་རྒྱ་འབྲེལ་མོལ་གནས་སྟངས་སོགས་ཆབ་སྲིད་གནས་ཚུལ་གཉན་འཕྲང་ཛ་དྲག་གི་སྐབས་འདིར། བོད་མི་ས་ཡ་དྲུག་གི་འགན་ཁུར་མི་སྣ་གལ་ཆེའི་ནང་གི་གལ་ཆེ་བཀའ་བློན་ཁྲི་པ་གསར་འདེམས་ཞུས་པའི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་ཨང་དང་པོ་མཁྱེན་དཔྱོད་ཡངས་པའི་གཞོན་ནུ་བློ་བཟང་སེང་གེ་ལགས་དང༌། གཉིས་པ་མཁྱེན་དཔྱོད་དང༌། ཉམས་མྱོང་སོགས་ཕུན་སུམ་ཚོགས་པའི་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་རྣམ་པ་གཉིས་ལ། དགའ་ཞིང་གུས་པ་ཆེན་པོའི་སྒོ་ནས་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཏུ། གོང་གསལ་བཀའ་ཁྲི་འོས་མི་རྣམ་གཉིས་དང༌། རྒྱ་ཆེའི་མང་ཚོགས་དང་བཅས་པའི་སྙན་ལམ་དུ། གུས་པ་སྤེན་པ་རྡོ་རྗེ་ནས་སྤྱི་སྨན་ལྷག་བསམ་གྱིས་དྲངས་པའི་བསམ་ཚུལ་སྙིང་བསྡུས་ཤིག་ཞུ་བའི་ཐོག་མར།
མཁྱེན་དཔྱོད་ཕུལ་བྱུང་བློ་བཟང་སེང་གེ་ལགས་ཁྱོད་ནི་མ་འོངས་བོད་མིའི་རེ་གཏོད་ཞུ་ཡུལ་ཉག་ཅིག་ཏུ་མཐོང་སྟེ། གུས་པ་བཟའ་མི་གཉིས་ཀྱི་ཐོབ་ཐང་འོས་ཤོག་དེ་ཁྱོད་ལ་ཕུལ་ཐུབ་པ་འདི་འོས་ཤིང་འཚམ་པ་ཞིག་བྱུང་སོང་སྙམ། ཡིན་ནའང༌། སྐུ་ཉིད་བཀའ་ཁྲིར་འོས་ཐོན་བྱུང་བར་གཞོན་སྐྱེས་ཡོངས་ཀྱིས་དགའ་བསུའི་ཐལ་མོ་གྲངས་མེད་བརྡབ་ངེས་ཀྱང༌། ཆབ་སྲིད་ཀྱི་ཉམས་མྱོང་ཆེ་བའི་རྒན་རབས་མང་པོ་ཞིག་གིས་རང་གཞུང་གི་སྲི་ཞུར་གོམ་པ་རིམ་བགྲོད་ཀྱིས་ཉམས་མྱོང་མེད་པས་ལན་ཅིག་བཀའ་ཁྲིར་མ་འོས་བརྗོད་པ་དང༌། ཡང་ཁག་ཅིག་གིས་སྐས་ཐེམ་དང་གཉིས་མ་འཛེགས་པར་ད་ལྟ་སློབ་གྲྭ་ཐོན་མ་ཐག་ཏུ་ལམ་སེང་བཀའ་ཁྲིར་དམིགས་པ་ཧམ་པ་ཆེན་པོ་རེད་ཟེར་བ་དང༌། དེ་བཞིན་སྐུ་ཉིད་ཀྱིས་མང་ཚོགས་ཁྲོད་དུ་ཐམས་ཅད་མཁྱེན་པའི་ཞལ་བཞེས་གནང་བབས་ལ་གཞིགས་ན། གོང་མའི་ལམ་སྟོན་དང༌། གཤམ་འོག་ཏུ་གོ་བསྡུར་མེད་པའི་ཐག་གཅོད་མང་པོ་གནང་སྲིད་པའི་ཉེན་ཁར་བརྩི་བ་སོགས་ཀྱི་རེ་དོགས་གཉིས་འཛིན་གྱི་ལབ་གླེང་ཡོད་མུས་ཁར། གལ་ཏེ་བཀའ་ཁྲིའི་མཛད་འཕྲིན་གླེང་མེད་མཐའ་སོན་བྱུང་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་མ་བྱུང་ཕྱིན། སྐྱིད་ལ་ཚེ་ཐུང་བ་ཤའི་འབུ་ཟེར་བའི་དཔེ་ལྟར། མཁྱེན་རྒྱ་ཟབ་པའི་ན་གཞོན་ཕུལ་བྱུང་ཞིག་གིས་གཞུང་སྲིད་སྐྱོང་བའི་འགན་དབང་རིང་ན་ལོ་བཅུ་དང༌། ཐུང་ན་ལོ་ལྔ་ལས་མེད་པ་དེ། བོད་རིགས་སྤྱི་སྒེར་ཡོངས་ལ་ཧ་ཅང་ཕངས་པའི་གྱོང་གུན་ཆེན་པོ་ཞིག་ཡིན་པར་དགོངས་ནས། སྤྱན་རྒྱང་རིང་དུ་གཟིགས་ཏེ། ལན་གཅིག་བཀའ་ཁྲི་ལས་ཀྱང་གལ་ཆེ་བ་ཕྱག་རོགས་བཀའ་བློན་ཞིག་གནང་སྟེ་ལོ་ལྔའམ་བཅུའི་རིང་མཛད་འཕྲིན་མཉམ་པོར་བསྐྱངས་ཚེ། རང་རེའི་སྤྱི་ཚོགས་ནང་གི་གླེང་གཞི་ཡོངས་རྫོགས་མེ་རང་ཤི་དང༌། དུ་བ་རང་ཡལ་སོང་བས་མ་ཚད། ྋགོང་ས་མཆོག་དང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ལམ་སྟོན་དང་མི་འབྲལ་བའི་ཁྱོད་ནི་མཁས་མཛངས་ལྡན་པ་བཟང་དགུའི་ཡོན་ཏན་ཡོངས་སུ་ཚང་བའི་འགྲན་མེད་ཀྱི་མི་ཆེན་ཞིག་ཏུ་འགྱུར་ངེས་ཁར། བློ་རིག་གསལ་བའི་གཞོན་སྐྱེས་མང་ཙམ་ཞིག་ཏུ་མགོ་ཁྲིད་ཀྱི་སྦྱོང་བརྡར་ཐོན་པ་བཟོ་ཐུབ་པ་བྱུང་ཚེ། དགྲ་ཡ་དམར་པོའི་གཞུང་གིས་བོད་མིའི་རྩ་དོན་ྋགོང་ས་སྐྱབས་མགོན་ཆེན་པཽའི་སྐུ་ཚེ་ལ་ཚད་འཛིན་བྱེད་པའི་མཁྲེགས་བཟུང་གི་སྙིང་ཁམས་དེ་དག་རྩ་གཏོར་དུ་བཏང་སྟེ། འཛམ་གླིང་རྒྱལ་ཁབ་མང་པོའི་གནོན་ཤུགས་སོགས་བོད་མིའི་བདེན་པའི་འཐབ་རྩོད་དང་འབྲེལ། དམངས་གཞུང་དུ་བསུན་གཙེར་དང༌། ངོ་ཚ་ཁ་སྐྱེངས་རྒྱུན་མཐུད་བཟོ་ངེས་སུ་བསམ་ནས། དམར་གཞུང་གིས་བོད་དོན་ཐོག་འོས་འཚམ་གྱི་བསམ་ཤེས་བྱེད་དགོས་པའི་དུས་སྐབས་གསར་པ་ཞིག་འཆར་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཁར། མཁྱེན་རླབས་ཡངས་པའི་བློ་བཟང་སེང་གེ་ལགས་ཁྱེད་ཀྱང་བཀའ་ཁྲི་སྐབས་བཞི་པ་དང༌། ལྔ་པ་གཉིས་སུ་རྩོད་མེད་འགྲན་བྲལ་གྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གཉིས་པ་ཞིག་ཆགས་ངེས་ཡིན་ནོ།། ཁ་ཆེ་ཕ་ལུའི་དཔེ་ལྟར། གུས་རྒས་པོས་གཡོ་ཟོལ་སྤངས་པའི་སྙིང་གཏམ་ཞུས་པར་ཐུགས་མཐུན་མ་གྱུར་ན་བཟོད་གསོལ་ཞུ་རྒྱུ་བཅས།

འཕྲིན་ཡིག

Post navigation

Previous Post: གཉིད་ལས་སད་རྗེས་བྲིས་པའི་ཟིན་ཐོ།
Next Post: བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཕུལ་བའི་ཞུ་ཡིག

Comments (13) on “བློ་བཟང་སེང་གེར་ཕུལ་བའི་ཞུ་ཡིག”

  1. ཀཱི༔ལུང་ཐུབ་བཟང་། says:
    2011-02-21 at 6:46 am

    ད་ཁྱེད་ཟ་མི་གཉིས་ཀྱིས་འོག་དེ་ཁོང་ལ་ཕུལ་བ་ནོར་སོང་བར་ངོས་ལེན་བྱེད་ཀྱི་ཡོད་དམ།

  2. ཀཱི༔ལུང་ཐུབ་བཟང་། says:
    2011-02-21 at 6:50 am

    ནོར་བཅོས འོག འོས་ཤོག

  3. BBC says:
    2011-02-21 at 8:19 am

    སྤེན་པ་རྡོ་རྗེས་བློ་སེང་དགེ་ཕྲུག་ལ་ཉར་རྩིས་བྱེད་ཀྱི་ཡོད་པ་འདྲ། ད་ཟངས་རྡུང་བ་བྱས་ན་ཏག་ཏག་རེད། སྤེན་རྡོ་རྗེས་བསྟན་འཛིན་རྣམ་རྒྱལ་ལ་བཀའ་གཏོང་རྒྱུ་ཨེ། ཁོ་ཧམ་པ་ཚ་ཐག་ཆོད་འདུག བློ་སེང་སྤེན་རྡོར་གྱི་དགེ་ཕྲུག་ལ་ཉར་ན་དེ་ལ་ང་ཚོས་དགག་བྱ་མེད། འོན་ཀྱང་བཀའ་བློན་ལས་རོགས་སུ་འཇོག་མིན་ལ་ཁྱེད་རང་ལ་ཇུས་གཏོགས་རྩ་བ་ནས་མེད། དེ་འདྲ་སོང་ཙང་ཤེས་ཚད་མེད་པའི་གྲོང་གསེབ་པའི་བསམ་བློའི་ལྟ་བ་དེ་འདིར་ཁྱེ་མ་ཡོང་རོསགས།

  4. BBC says:
    2011-02-21 at 8:48 am

    ཧ་ཧ། སྤེན་རྡོར་བཟའ་མི་གཉིས་ལམ་ནོར་ལྡོག་ཤེས་ཐུབ་སྟེ་ད་ཆ་འགྱོད་པ་བྱེད་བཞིན་པའི་སྒང་རེད་འདུག འོན་ཀྱང་ཁོ་པས་འདི་ལྟ་བུའི་ཧམ་ཤེད་བྱེད་དོན་ཅི་ཡིན། བློ་སེང་བཀའ་ཁྲིའི་ལས་རོགས་བཀའ་བློན་དུ་འཇོག་ཡས་འདི་ཁོ་པའི་ཁྱིམ་ཚང་གི་གནད་དོན་ལྟ་བུ་ལ་བརྩི་བཞིན་འདུག མི་འདི་དངོས་གནས་ཁྱད་མཚར་རེད། ཡང་མིན་ན་ཁོ་པས་བཀའ་ཤག་ལས་ཁུངས་འདི་མགར་བའི་མགར་ཁང་རེད་བསམ་གྱི་ཡོད་པ་འདྲ། ད་མི་འདི་ཡང་བྱུ་རིག་འཐོར་ཟིན་པ་འདྲ་པོ་འདུག དྲང་པོར་བཤད་ན། བློ་སེང་བཀའ་ཁྲིར་འོས་དང་མི་འོས་འདི་ཕྱི་ནང་ཚང་མའི་གནས་ཚུལ་ཤེས་མཁན་གྱི་མཐོང་རྒྱ་ཐོས་རྒྱ་ཆེ་བའི་ཤེས་ཡོན་ཅན་གྱི་དཔུང་ཁག་གིས་མ་གཏོགས་བོད་མིའི་ཁྲོད་ནས་ཤེས་མཁན་མི་འདུག དེ་འདྲ་སོང་ཙང་འདིས་བོད་མི་རྣམས་ད་དུང་ཤེས་ཚད་དམན་པ་འདི་གསལ་སྟོན་བྱེད་ཀྱི་ཡོད།

  5. Pama tso says:
    2011-02-21 at 10:00 am

    མི་ཡི་སྤུས་ཀ་དགོས་ན་བཀྲ་ཤིས་དབང་འདུས་མཆོག་ཡིན།།
    ཤེས་འཇོན་གཟི་བརྗིད་དགོས་ན་བཀྲས་མཐོང་བསྟན་རྣམ་མཆོག་ཡིན།།
    ཨ་གསར་འུར་འདྲོགས་དགོས་ན་བློ་བཟང་སེང་གེ་མཆོག་ཡིན།།
    བསམ་ཤེས་བོད་ལ་བྱེད་རྒྱུའི་ཡར་ནུར་མར་ནུར་མེད་པ།།
    བཀའ་ཁྲིའི་འོས་མི་གསུམ་གྱི་འདོད་པ་གཅིག་པ་ལོས་ཡིན།།

    ༧རྒྱལ་བའི་དགོངས་གཞི་སྒྲུབ་ན་བཀྲ་ཤིས་དབང་འདུས་ལོས་བཟང་།།
    རྒྱལ་སྤྱིའི་མཐོང་ལ་རེ་ན་བཀྲས་མཐོང་བསྟན་རྣམ་ལོས་བཟང་།།
    དེང་རབས་གསར་མར་རེ་ན་བློ་བཟང་སེང་གེ་ལོས་བཟང་།།
    གཅིག་ལ་བཟང་གསུམ་མ་འཛོམས་བོད་ཀྱི་ལས་འདི་སྐྱོ་བ།

    གནའ་བོའི་བསམ་བློའི་ཐོག་ལ་གནད་ཡོད་མི་སྣས་འདོད་པ།།
    བཀྲས་མཐོང་བསྟན་རྣམ་ཡིན་པ་གསལ་རུ་གསལ་རུ་འགྲོ་གི།
    ཆོས་སྲིད་ཁ་སྟབས་དར་བས་གཞིས་བྱེས་མཉམ་འཛོམས་མེད་ཀྱང་།།
    མི་ལ་ཡིད་ཆེས་ཆོག་ས་བཀྲ་ཤིས་དབང་འདུས་རེད་འདུག།

    མ་འོངས་ཐེ་ཚོམ་གནས་ནས་ལྟ་རྒྱུའི་ལྟད་མོར་བསམས་ན།།
    བློ་བཟང་སེང་གེ་ལས་གཞན་བོད་ལ་ད་ལྟ་མི་འདུག།
    ༧རྒྱལ་བའི་གསེར་ཞལ་བཞུགས་ཁར་ཟམ་གདོང་འཚོ་ཞིང་བཞུགས་དུས།།
    ལོ་རྒྱུས་གསར་བའི་ལེའུ་བོད་ལ་བྱུང་ན་བསམ་ན་བློ་སེང་འདི་ལས་གཞན་མེད།།

    འཚེ་བ་ཡིན་མིན་གཉིས་ཀའི་ལམ་དུ་བསྐྱོད་པར་འདོད་ན།།
    བཀྲས་མཐོང་བློ་སེང་གཉིས་ཀས་ཅིག་ལ་བསྐྱལ་འགྲོ་བསམ་གི།
    བྱང་ཆུབ་སྤྱོད་ལ་གནས་ཏེ་སྒྲུབ་པ་ཉམས་ལེན་བྱེད་ན།།
    བཀྲ་ཤིས་དབང་འདུས་འདི་ཡིས་སེམས་ཁ་བདེ་རུ་ལོས་བཏང་།།

    སྤྱིར་བཏང་བོད་ཀྱི་ཁ་སྟབས་བཀའ་ཁྲིའི་འོས་མིའི་མཚོན་ན།།
    མེད་ཀྱང་མི་འཕེན་ལབ་ནས་འདུག་ས་ལས་ལ་མེད་པས།།
    ཤོད་རྒྱུར་གཏིང་ནས་སུན་པའི་བཀའ་བློན་ཁྲི་པའི་ཕྱོགས་ལ།།
    བར་གསེང་ཇ་ཡི་སྐབས་འདིར་ཚིག་འགའ་ཤར་མར་གཏོར་རོ།།

  6. དགྲ་འདུལ་ཚེ་རིང་ says:
    2011-02-21 at 11:38 pm

    ནོར་གླིང་རྟེན་དགེ་ཆེན་པོ་ནི་ལོ་ནས་རྒས་པའི་རྒན་ཁོག་ཞིག་ཡིན་རུང་ད་དུང་ཁོང་གི་ཤ་གསེར་རུས་པའི་གཏིང་ན་བོད་ཀྱི་རིག་གཞུང་དང་ལྷག་པར་དུ་བོད་དོན་བསྐྱར་གསོ་ལ་སེམས་ཤུགས་རི་རབ་བཞིན་བརྟན་པ་ཞིག་འདུག རྒན་ཁོག་ཚོའི་སེམས་གཏིང་གི་རེ་འབོད་དྲག་པོར་ལེགས་ཉེས་ཅི་བྱུང་ཡང་ཤེས་རྒྱ་ཡངས་པའི་དྲ་གྲོགས་ཚོའི་ཐུགས་ལྷོད་པོའི་རྣམ་འགྱུར་སྟེང་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོ་བརྗོད་རྒྱུ་གལ། དེ་མིན་མིཚིསྒེར་ལ་ངན་སེམས་བཅངས་ནས་ཁ་ཐུག་ཚིག་མཚོན་བཏབ་ན་ལེགས་པོ་མེད། རྒྱུན་མཚན་དང་ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་ཉིད་ཀྱི་འོས་འཕེན་འདོད་པའི་ཡོན་ཏན་བགྲང་ན་ལེགས་པ་ཡིན། དེ་ལ་ཚང་མའི་ཐུགས་བསམ་བཞེས་རོགས་གནོངས།

  7. namkha says:
    2011-02-22 at 1:30 am

    ནོར་གླིང་དགེ་རྒན་ཆེན་མོ་སྤེན་པ་རྡོ་རྗེ་ལགས་རྦད་དེ་ལོ་ལོན་འདུག
    ད་ཉི་མ་གང་ནས་ཤར་ཏེ་གང་ལ་ནུབ་གི་ཡོད་པ་ཡང་ནོར་་གི་འདུག
    རྒས་འཁོགས་འདི་ལ་རྙིང་ཞེན་ཆེན་པོ་འདུག
    ཁྱོད་ཀྱིས་སྤྱི་ཚོགས་རྙིང་བ་རོ་ལང་རྒྱག་འདོད་འདུག་ག

  8. namkha says:
    2011-02-22 at 1:39 am

    ཁ་བརྡའི་ཚོགས་མི་རྣམས་ལ་ཞུ་རྒྱུར།
    ངས་དྲ་ཤོག་ནང་དུའང་ཅིག་བྲིས་ཟིན་པས་ནོར་འཁྲུལ་བྱུང་སོང་།
    དགོངས་དག་ཞུ་བ་ཡིན།
    ནམ་མཁའ་ནས།

  9. གངས་འདབས། says:
    2011-02-22 at 6:39 am

    བཀུར་འོས་ལ་རྒྱ་ཅན་གྱི་ནོར་གླིང་རྟེན་དགེ་ཆེན་མོ་སྤེན་པ་རྡོ་རྗེ་མཆོག་ལ་སྙིང་དབུས་ནས་རྗེ་སུ་ཡིད་རང་ཞུ།

    འོན་ཀྱང་དགེ་རྒན་ཆེན་མོ་མཆོག་གིས་ཀྱང་ང་ནང་བཞིན་འབུམ་རམས་པ་བློ་སེང་མཆོག་༢༠༠༥ལོར་༼ཕྱིར་སྡོད་རྒྱ་མི༽བྱས་ནས་རྒྱ་ནག་ལ་ཤེས་ཡོན་ཅན་ཐུགས་པར་ཕྱིན་པ་དེ་ཧ་གོ་མེད་པ་འདྲ།
    ད་བར་བློ་སེང་མཆོག་ནས་རྒྱ་ནག་དུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་སྐད་ཆ་བཤད་རབ་མང་པོ་གསུངས་སོང་།
    རྒྱ་མི་ཡིན་བཞིན་དུ་ཉི་མ་༡༤རིང་རྒྱ་ནག་ནང་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ག་འདྲ་ཟེར་བཤད་སྲིད་དམ། དེ་ལྟར་བཤད་ཡོད་ན་བཙོན་དུ་འགྲོ་མི་སྲིད་དམ།
    བོད་ནང་དང་རྒྱ་ནག་ནང་སྡོད་མྱོང་མཁན་ཞིག་གི་སྐ་ཆ་དེའི་ཆ་གཅིག་ཧོ་བ་ཙམ་གྱི་རྫུན་ཡིན་པ་ཤེས་ཐུབ།
    ང་ནི་ད་ཆ་བློ་སེང་གིས་བཤད་པའི་སྐད་ཆ་ཚང་མར་དོགས་པ་འདུག
    ཁོང་གིས་སྐྱག་རྫུན་འགན་ལྗི་པོ་གཅིག་དང་ད་དུང་ཙག་ཙིག་ཁ་ཤས་བཤད་སོང་།
    འགག་ལྗི་པོ་དེ་འདི་རེད།༼སྐུ་ཚབ་ཁམཤས་ཕྱིར་སྡོདམརྒྱ་མི་བྱས་ནས་ཕྱིན་རབ། འཇམ་ནོར་དང་ལྷ་ཚེ་གཉིས་ཀྱང་ཕྱིན་རབ།
    ཙག་ཙིག་དེ་ཚོ་འདི་ལྟར་རེད།
    ཁོང་རང་གི་འོས་བསྡུའི་འགྲོ་མགྲོན་ཧ་ཝ་ཌིས་བཏང་རབ།
    ཁོང་གིས་ལས་ཀ་བྱས་པའི་གླ་ཆ་ཧ་ཝ་ཌིས་སྤྲད་རབ།
    Prof. Unger ལོ་ལྔ་ཧ་ཝ་ཌི་ནས་དགོངས་ཞུ་ཐོབ་རབ།
    དེར་བརྟེན་བློ་སེང་མི་ཚེ་འདིའི་ནང་བཀའ་བློན་ནང་འདེམས་ཐོན་བྱུང་ཐུབ་མིན་ཡང་ད་ཆ་ངེས་བཟོ་རེད། ལ་ལྷག་པར་དུ་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་འགན་ཡོད་པའི་བྱ་བ་ཁོང་གི་ལག་དུ་སྤྲོད་འོས་མིན་ཡང་ཐེ་ཚོམ་རེད།
    མི་དེ་ནི་འབྱུང་འགྱུར་ཡང་རྫུན་བཤད་མཁན་ཞིག་ལ་ངོས་འཛིན་མ་བྱེད་པར་མི་སྲིད།

  10. ཉི་མ་ལྷ་ས། says:
    2011-02-22 at 10:20 am

    བློ་བཟང་སེང་གེ་སེང་གེའི་སྡེར་བརྒྱ་ཡིས།།
    ཕྲག་དོག་ཅན་ཚོའི་མགོ་བོ་མྱུར་དུ་འགེམས།།
    BBC སོགས་དུག་གི་སྙིང་ཁམས་ཅན།།
    ཕྲག་པ་དོག་ནས་ཁྲག་ཤེད་ན་ཚ་ལངས།།

    སྙིང་སྟོབས་ཅན་གྱི་མི་བུ་བློ་སེང་གིས།།
    གཞིས་ཆགས་ཁག་ཏུ་བསྐོར་བ་བྱས་ནས་བཟུང་།།
    བཙན་བྱོལ་སྤྱི་ཚོགས་གཉིད་ལས་བསླངས་དང་འདྲ།།
    ཚང་མས་ཆབ་སྲིད་དོ་སྣང་ཡོད་པར་བྱས།།

    བྱས་རྗེས་གཅིག་པུ་འདི་ལ་བསམ་བློ་ཐོངས།།
    ཕྲག་དོག་ཁྲག་གི་མིག་ཟུང་མ་བགྲད་པར།།
    རང་བློ་ནང་དུ་བསྡུས་ནས་རང་སྐྱོན་འཚོལ།།
    དེ་མིན་སྨྲ་བ་མ་མང་དྲ་འབུ་ཚོ།།

  11. ལ་རྒྱའི་བདག་པོ། says:
    2011-02-22 at 8:19 pm

    ༡༽བཟོ་བོའི་སྒྱུ་རྩལ་ཐད་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་ནོར་གླིང་གི་རྟེན་དགེ་ཆེན་མོ་བ་སྤེན་པ་རྡོ་རྗེ་མཆོག་གིས་བོད་ཀྱི་རྩ་དོན་ལ་དགོངས་ནས་ལྷག་བསམ་གཡོ་མེད་ཀྱི་སྙིང་གཏམ་དེར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
    ༢༽ཁོང་གི་སྙིང་དབུས་ནས་བཅོལ་བའི་རེ་བ་དེར་ཁྲིམས་ལུགས་ཉམས་ཞིབ་པ་བློ་བཟང་སེང་གེ་ལགས་ཀྱིས་དགོངས་བཞེས་གནང་བའི་རེ་བ་ཞུ་རྒྱུ་ཡིན།
    ༣༽དྲ་གྲོགས་ཚོས་བྱས་པ་ཆེ་བའི་རྟེན་དགེ་ཆེན་མོར་གང་བྱུང་གི་སྙད་དམོད་མ་གནང་བའི་རེ་བ་ཞུ་རྒྱུ་ཡིན།
    ༤༽ངས་ཁོང་ལ་བྱས་པ་ཅན་ཞུ་བའི་རྒྱུ་མཚན་མང་མོད།གཅིག་ནི་རྡ་ས་གཙུག་ལག་ཁང་གི་ཡངས་སྟེང་དུ་ལྷ་མེར་བཞུགས་སུ་གསོལ་བའི་སྐུ་བརྙན་མང་ཆེ་བ་རྣམས་རྟེན་དགེ་ཆེན་མོས་གནའ་བོའི་བོད་ཀྱི་བཟོ་བོའི་སྒྱུ་རྩལ་ལག་ཤེས་རྨང་གཞིའི་འོག་གསར་གཏོད་རྣམ་པ་ཕུལ་དུ་ཕྱིན་པའི་ཐོག་ནས་ལྷུ་ལག་རྣམས་བཤིག་སྒྲིག་བྱ་རྒྱུ་ཡོད་པའི་ངོ་མཚར་ཆེན་པོ་ཞིག་བསྐྲུན་ཡོད་པ་བཅས་སོ།

  12. BBC says:
    2011-02-23 at 2:05 am

    དངོས་ཐོག་བདེན་པ་འཚོལ་བའི་བློ་མིག་ལྡོངས། །
    ཕྱོགས་འཐེན་ཕུུང་བྱེད་ནག་པོའི་བྲན་དུ་གྱུར། །
    ཡིན་ལུགས་མི་ཤེས་རྨོངས་པའི་དུག་མདའ་འཕེན། །
    ལྐུགས་རྐྱལ་ཉི་མ་ལྷ་ས་ཡ་རེ་ང། །

  13. ཀུན་གསལ says:
    2011-02-24 at 2:10 am

    ༄༅།།བདེ་ལེགས་ཞུ གྲོགས་པོ་ཚོ་ད་སྐབས་དུས་ཚོད་འདི་ལ་ང་ཚོ་དང་ཁོང་མ་ལབ་པར་ས་ཡ་དྲུག་གི་བདེ་སྡུག་སྐྱོང་མཁན་ཞིག་འཚོལ་དགོས་བའི་དེ་མནོ་བསམ་ཐོངས་ཕན་ཚུན་ལ་གྲོས་བསྡུར་གནང་རོགས་ཞུ། ང་ཚོ་ནི་དྲང་བདེན་ལ་ཡིད་ཆས་ཡོད་པ་དང་མ་འོངས་རྩ་དོན་ཡང་དེ་ལྟར་འགྲོ་དགོས་བའི་དང་པོ་སྐྱག་རྫུན་དང་ཧམ་བཤད་བྱས་ན་དེ་ང་ཚོས་མཐར་སྐྲོད་གཏོང་དགོས། བོད་རྒྱལ་ཁབ་ཀྱི་ཆེད་དུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme