Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་བཟང་གི་མུ་འབྲེལ་ཟིན་ཐོ། ངོ་སྤྲོད།

Posted on 2009-02-082009-02-20 By དགེ་རབ་ 4 Comments on རིན་བཟང་གི་མུ་འབྲེལ་ཟིན་ཐོ། ངོ་སྤྲོད།

rin-bzang-1ཉེ་ཆར་གྲོགས་པོ་ཞིག་བརྒྱུད་ནས་ང་ལ་རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཞེས་པའི་དེབ་གཉིས་འབྱོར་བྱུང་། དེབ་དང་པོ་དེ། ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ་ ཞེས་པ་དེ་རེད། དེབ་གཉིས་པ་དེ། ངའི་ཕ་ཡུལ་དང་གཟབ་ཉན། ཞེས་པ་དེ་རེད། དེབ་ཀྱི་ནང་དོན་གཙོ་བོ་ནི། མདོ་སྨད་ཁུལ་དུ་ ༡༩༥༨ ལོར་རྒྱ་དམག་སླེབས་སྐབས་ཤི་གསོད་གོད་ཆག་ཆེན་པོ་བྱུང་བའི་སྐོར་རེད། མི་སེར་སྡེབ་གསོད་བྱས་པ་དང་། བཙོན་དུ་འཁྲིད་པ། བོད་རིགས་དཔའ་བོ་ཚོས་གྱེན་རྒོལ་བྱས་པ་བཅས་དེང་སང་གི་རྒན་རྒོན་རྣམས་ལ་བཅར་འདྲི་ཞུས་པ་ཞིག་རེད་ལ། སྐད་ཀྱང་ཤུགས་ཆེ་ཨ་མདོའི་སྐད་དུ་བྲིས་འདུག  དེབ་འདི་གཉིས་བོད་ནས་དཔར་སྐྲུན་བྱས་པ་ཞིག་ཡིན་པ་དང་། དཔར་ལོ་ནི་ ༢༠༠༨ ཡིན་དགོས་པ་འདྲ་མོད། དངོས་གནས་ལོ་ཚིགས་དང་དཔར་ཁང་སོགས་གང་ཡིན་གསལ་པོར་བཀོད་མི་འདུག རྩོམ་པ་པོ་རིན་བཟང་ངམ་རིན་ཆེན་བཟང་པོ་དེ་དགེ་འདུན་པ་ཞིག་ཡིན་པ་དང་། ཁོང་གིས་གོང་གསལ་རྒན་རྒོན་རྣམས་ལ་བཅར་འདྲི་ཞུས་པ་ཙམ་མ་ཟད། ཁོང་མདོ་སྨད་ཀྱི་ས་གང་སར་ཕེབས་པའི་མྱོང་ཚོར་ཡང་བྲིས་འདུག

རིང་ནས་སྙིང་ལ་བརྣགས་པའི་འདོད་པའི་དོན།། ཞེས་པའི་ཚིག་དོན་ལྟར། ངེད་ལ་ཡང་འདི་འདྲ་ཞིག་བྱུང་ན་ཅི་མ་རུང་ཞེས་ཧམ་སེམས་ཤིག་ཡོད་པ་དེ་མིག་སྨན་མིག་ཐོག་ཏུ་འཁེལ་བ་ཞིག་བྱུང་ལ། ནགས་ཚང་ཞི་ལིའི་སྐྱིད་སྡུག་དང་དེ་ནས་དེབ་འདི་དག་གི་ཐོག་ནས་གདུག་རྩུབ་ཆེ་བའི་རྒྱ་དམག་གི་ངོ་གདོང་དེ་ཞིབ་ཚགས་པོར་མཐོང་ཐུབ་པ་འདུག ཀྱཱ་ཕུག་བན་དེ་ཞུ་བ་དང་ཁ་སྒང་རྟ་མགྲིན་ཐར་ཞུ་བའི་གྱེན་རྒོལ་གྱི་དཔའ་བོའི་སྣང་བརྙན་དེ་ཚོ་གེ་སར་གྱི་དཔའ་རྟུལ་བཞིན་གསལ་འདུག  ཟླ་ཚང་ཡར་འཕེལ་ཞུ་བ་བཅར་འདྲིའི་སྐབས་སུ། ཁོ་རྒྱ་དམག་གིས་བཟུང་ནས་རོགས་པ་བོད་མི་བཙོན་པ་མང་པོ་ལྷན་དུ་འཁྲིད་འགྲོ་སྐབས་འདི་ལྟར། “ནུབ་མོ་ཞིག་ལ། ངུ་ཆོ་བཙོན་མ་ཚང་མ་ལག་པ་རུས་ནས་རླངས་འཁོར་ཞིག་གི་ནང་ལ་བརྫངས་ནས་ལམ་ལ་ཆས།  ཆུས་ཁྲེ་སྒམ་གྱི་སྟོད་སྨད་བར་གསུམ་ན་དམག་རེ་རེ་༼བཅས་༽སྤྱི་སྡོམ་དམག་དྲུག་རེ་ཡོད་ཀི   ཀོས་ནན་ནས་སུམ་མདོ་བརྒྱུད་བྱེ་སྣའི་བར་དེ་ལ་ཐོན་དུས། ངུ་ཆོའི་༼ང་ཚོའི་༽ནང་ན་ཨ་ཁུ་བཟང་པོ་ཟེར་ནི་ཞིག་ཡོད།  ཀླུའི་དགོན་པའི་གྲྭ་པ་རེད། མཚམས་དེར་ཨ་ཁུ་ཤི་སོང་གཟིག་ར།  རོ་དམག་མི་གཉིས་ཀྱིས་རླངས་འཁོར་སྒམ་ཁ་ནས་སར་གཡུགས་དང་ཐ།”ཞེས་བྲིས་འདུག

གསར་འགྱུར།

Post navigation

Previous Post: གོར་གོར
Next Post: ༼ཁ་སང་གི་གཏམ་རྒྱུད་༽གླེང་བ།

Comments (4) on “རིན་བཟང་གི་མུ་འབྲེལ་ཟིན་ཐོ། ངོ་སྤྲོད།”

  1. འབིག says:
    2009-02-08 at 1:00 pm

    འདས་ལོའི་ལོ་མཇུག་ཏུ་དེབ་འདི་གཉིས་ཀྱི་སྐོར་སྐད་ཆ་གསལ་ལ་མི་གསལ་བ་ཞིག་གོ་ཞིང་། སྐབས་དེར་དེའི་རྩོམ་པ་པོ་ནི་བོད་ཀྱི་སྒྲུང་གཏན་འབྲི་མཁན་ཚེ་རིང་དོན་གྲུབ་ཡིན་ཚུལ་ཞིག་ཀྱང་གོ་སོང་། བདུན་ཕྲག་འགའི་སྔོན་ཕ་ཡུལ་དུ་ཁ་པར་གཏོང་སྐབས་དེའི་རྩོམ་པ་པོ་བྱ་མདོ་རིན་བཟང་ཡིན་པ་དང་། དེབ་དེ་གཉིས་དཔར་བསྐྲུན་བྱས་ནས་ཚོང་རྭ་བཀྲམས་ཡོད་ཚུལ་སོགས་གོ་ཐོས་བྱུང་བ་མ་ཟད། ཁོང་གི་དེབ་གསུམ་པ་དེ་ཡང་དཔར་བསྐྲུན་བྱེད་སྒང་ཡིན་ཚུལ་གོ་བྱུང་། གུས་པར་དེབ་དེ་གཉིས་ད་དུང་ཀློག་སྐལ་མ་བྱུང་ནའང་ནགས་ཚང་གི་སྐྱིད་སྡུག་ནང་བཞིན་སྙན་གྲགས་རྒྱས་སྟངས་དང་གོང་ནས་དགེ་འདུན་རབ་གསལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན་ངོ་མས་ཀློག་འདུན་གྱིས་སྒུག་མི་བཟོད་པ་ཞིག་འདུག དྲ་གྲོགས་ཚོའི་ནང་བཀླགས་ཚར་མཁན་ཡོད་ཚེ་ནང་དོན་ཞིབ་ཚགས་ངོ་སྤྲོད་རེ་ཡོང་བའི་རེ་བསྐུལ་ཞུ།

  2. མེ་རི། says:
    2009-02-08 at 1:38 pm

    སྤྱིར་ན། ནུབ་ཕྱོགས་སུ་དེབ་དང་གློག་བརྙན་སོགས་གསར་བ་ཞིག་ཐོན་པ་ན། དེ་དང་མཉམ་དུ་དེ་ཚོའི་དགེ་སྐྱོན་དང་གནས་ཚུལ་གནད་བསྡུས་ཤིག་བསྐྱར་ཞིབ་(Review)བྱས་ནས་དུས་དེབ་དང་ཚགས་ཤོག དྲ་གནས་སོགས་སུ་ཐོན་ཡོང་། དེས་མི་མང་བོ་ཞིག་ལ་བལྟ་འདོད་དང་། ཀློག་འདོད་ཀྱི་འདུན་པ་ཞིག་སྤྲོད་ཐུབ དེ་མིན་བལྟ་ཀློག་བྱེད་མ་ཐུབ་པའི་མི་རྣམས་ལ་གནས་ཚུལ་མདོར་བསྡུས་ཀྱི་ངོ་སྤྲོད་ཅིག་རེག་ཡོད།
    ང་ཚོ་ལ་ཡང་འདི་ལྟ་བའི་གཤིས་ཀ་ཞིག་དགོས་རྒྱུ་ཡིན་དུ་གལ་ཆེན་དུ་མཐོང་།

  3. karchen says:
    2009-02-08 at 2:19 pm

    ཁ་སང་བོད་ནང་ལ་ཁ་པར་བཏང་ཡིན། ད་ལོར་བོད་ནང་ན་རྒྱུགས་ཆེ་བའི་བོད་ཡིག་གི་དེབ་འདྲ་འདུག་གམ་ཞེས་པར།
    ནགས་ཚང་བྱི་ལུའི་སྐྱིད་སྡུག་དང་རིན་བཟང་གི་ཟིན་ཐོ། གཞན་ང་ཚོ་སད་རན་གསུམ་ལ་ྐློག་མཁན་མང་པོས་དགའ་བསུ་ཐོབ་ཀྱི་འདུག་ཟེར།
    ངེད་ཀྱིས་ཀྱང་གྲོགས་པོར། དེབ་དེ་འདྲ་འབྲི་མ་ཐུབ་རུང་གནས་ཚུལ་བསྡུ་ལེན་བྱེད་ཐུབ་ན་བྱོས་དང་མ་འོངས་བར་ཕན་ཐོགས་ཀྱི་རེད་ལབ་པ་ཡིན།
    རིན་བཟང་གི་ཟིན་ཐོ་འདི་གཉིས་ཨ་མདོའི་ཁ་སྐད་དང་བསྲེས་ནས་བྲིས་ཡོད་པ་འདྲ། འདི་ཡིག་སྐད་ལ་བསྒྱུར་ཐུབ་ན་ཧ་ཅང་དགེ་ཕན་འདུག་སྙམ།
    ནགས་ཚང་ཞི་ལིའི་སྐྱིད་སྡུག་བོད་ཀྱི་བང་ཆེན་གྱིས་ཡིག་སྐད་ལ་བསྒྱུར་ནས་བཀྲམས་སོང་།

  4. འབིག says:
    2009-02-09 at 6:06 am

    ཨམ་སྐད་ནང་བྲིས་པའི་དེབ་དང་རྩོམ་ཡིག་གང་ཡིན་ཐམས་ཅད་ཡིག་སྐད་ནང་བསྒྱུར་དགོས་དོན་འདུག་གམ། དང་པོ་དེབ་དེ་གཉིས་བཀླགས། དེ་ནས་ནགས་ཚང་གི་སྐྱིད་སྡུག་ནང་བཞིན་ཡིན་ན་བསྒྱུར་ན་འགྲིག་མོད། དེབ་དེ་གཉིས་ཡོད་ཙམ་གོ་བ་དང་ཨམ་སྐད་ནང་བྲིས་འདུག་ཟེར་ཙམ་ནས་དགོངས་ཚུལ་དེ་འདྲ་བཏོན་པ་ཅུང་སྔ་དྲགས་སྙམ། མ་གཞི་ཆོལ་ཁ་དང་ལུང་ཚན་ཕལ་བའི་ཡུལ་སྐད་ནང་ཡོད་ཚད་ཡིག་སྐད་དང་སྤྱི་སྐད་ནང་བསྒྱུར་དགོས་ཞེས་པ་འདི་ལ་ཡག་ས་ཞིག་ཡོད་པ་ནང་བཞིན་དེ་ལ་སྡུག་ས་ཞིག་ཀྱང་འདུག་པས་དགོངས་ཚུལ་འདོན་སྐབས་ཤེས་པ་གནད་དུ་གནས་རྒྱུ་གལ་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme