Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱེད་སྤྱི་ཚོགས་རིང་ལུགས་ཡིན་གསུང་པ་ལས་ཕྱེད་དམར་པོ་གུང་ཁྲན་རིང་ལུགས་ཡིན་གསུང་བ་མ་རེད་།

Posted on 2011-02-192011-02-20 By ཁ་བརྡ་ 9 Comments on ཕྱེད་སྤྱི་ཚོགས་རིང་ལུགས་ཡིན་གསུང་པ་ལས་ཕྱེད་དམར་པོ་གུང་ཁྲན་རིང་ལུགས་ཡིན་གསུང་བ་མ་རེད་།

བཞག་ལྡོམ་དར་རྒྱས་།

མང་གཙོའི་སྤྱི་ཚོགས་གང་ཞིག་ལ་མཚོན་ན་མི་བུ་ཚོས་རང་ཉིད་ཀྱི་ཤེས་ཡོན་དང་རྣམ་དཔྱོད་སོགས་ཕྱི་ལ་ངོམ་པའི་ཐོབ་ཐང་ཡོད་པ་རེད་ལ་། དམངས་ཚོགས་ནས་མི་བུ་དེས་བཤད་ཚུལ་དང་བྱེད་ཉེས་སུ་སྐྱོན་བརྗོད་པའི་ཐོབ་ཐང་ཡང་ཡོད་པ་རེད་། དེའི་ཕྱིར་གུས་པ་ངས་ཁ་སང་ཨ་རིའི་བོད་སྐད་ཀུན་གླེང་གསར་འགྱུར་ཁང་གིས་སྐུ་ངོ་བཀྲ་ཤིས་དབང་འདུས་སུ་བཅར་འདྲིའི་སྐབས་། ཁོང་གིས་གོང་ས་མཆོག་ཕྱེད་དམར་པོའི་རིང་ལུགས་ཡིན་ཚུལ་སོགས་གསུངས་པའི་བསྐོར་ལ་བསམ་ཚུལ་ཐུང་ཙམ་ཤིག་གཤམ་དུ་བརྗོད་ན་འདོད་བྱུང་།
གུས་པར་མཚོན་ན་ནམ་ཡང་གོང་ས་མཆོག་གི་བཀའ་སློབ་ཀློག་རྒྱུར་དགའ་པོ་ཡོད་ལ་། ལྷག་པར་རྒྱལ་ཁབ་མི་འདྲ་བ་དང་། ཆབ་སྲིད་ཀྱི་སྡེ་ཚན་མི་འདྲ་བ་། ཤེས་ཡོན་གྱི་སྡེ་ཚན་མི་འདྲ་པར་གསུང་པའི་བཀའ་སློབ་ཀློག་རྒྱུར་ཧ་ཅང་་དགའ་པོ་ཡོད ། ཡིན་ན་ཡང་། གུས་པས་གོང་ས་མཆོག་གིས་ཁོང་ཕྱེད་སྤྱི་ཚོགས་རིང་ལུགས་ཡིན་གསུང་པ་ལས་ཁོང་ཕྱེད་གུང་ཁྲན་དམར་པོའ་རིང་ལུགས་ཤིག་ཡིན་གསུང་པ་ཞིག་ཐོས་མ་སོང་ལ་མཐོང་ཡང་མ་སོང་།

གུང་ཁྲན་དམར་པོ་རིང་ལུགས་ཞེས་པ་ནི་དབྱིན་སྐད་དུ་( Communism) བཤད་ཅིང་། དེའི་དོན་ནི་སྲིད་གཞུང་གིས་རྒྱལ་ཁབ་དེ་ཡི་དངོས་པོ་ཐོན་སྐྱེད་རྒྱུ་ཆ་སོགས་ཡོད་ཚད་སྟངས་འཛིན་བྱེད་ཅིང་མི་དམངས་སྒེར་ལ་གང་ཡང་མི་དབང་བའི་ཆབ་སྲིད་ཀྱི་ལམ་ལུགས་ཅིག་ལ་ཟེར་། ཆབ་སྲིད་ཀྱི་ལམ་ལུགས་དེར་ཡིད་ཆས་སམ་རྒྱབ་བསྐྱོར་བྱེད་མཁན་ལ་(Communist) ཟེར་། གལ་སྲིད་གོང་ས་མཆོག་ Communist ཡིན་ན་། གོང་ས་མཆོག་གིས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ནི་མི་སྡེ་སྤྱི་ཚོགས་ཆེན་པོ་འདིའི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་ཚུལ་སོགས་གསུང་པ་དང་རྒྱབ་འགལ་མ་ཡིན་ནམ་། སྤྱིར་གོང་ས་མཆོག་གིས་ཁོང་ཕྱེད་སྤྱི་ཚོགས་རིང་ལུགས་ཡིན་གསུང་པ་ནི་ཆབ་དཔལ་གཉིས་གྱི་ལྟ་ཚུལ་ཞིག་ཡིན་ཞིང་། དེ་ལ་དབྱིན་སྐད་དུ་(Socialism) ཟེར་ཞིང་། དེའི་དོན་ནི་དམངས་ཚོགས་འབྱོར་ལྡན་དང་འབྱོར་མེད་ཟུང་ལ་ཆབ་དཔལ་གཉིས་སུ་འདྲ་མཉམ་ངང་ལོངས་སྐྱོད་པའི་ཐོབ་ཐང་ཡོད་མོད་། འོན་ཀྱང་། ཚོང་རྫས་མང་ཆེ་བ་ཞིག་སྲིད་གཞུང་ལ་དབང་བ་ཞིག་རེད་། གང་ལྟར་ཆབ་དཔལ་གྱི་ལམ་ལུགས་དེ་ལྟ་བུར་ཡིད་ཆས་དང་རྒྱབ་བསྐྱོར་བྱེད་མཁན་གྱི་མི་བུ་ལ་ (socialist ) ཟེར་ཞིང་། གོས་ས་མཆོག་གིས་ཁོང་ཕྱེད་ (Socialist)ཡིན་གསུང་བ་རེད་མ་གཏོགས་ཁོང་ཕྱེད་(communist) ཡིན་གསུང་བ་ཡིན་གྱི་མ་རེད་།

མ་གཞི་འུ་ཚང་བོད་པའི་སྤྱི་ཚོགས་སུ་འགོ་དགོན་སྡེ་ཁག་ནས་འོག་དམངས་ཚོགས་བར་གསུང་པའི་ཕྱིར་ཞེས་པ་དེའི་ལན་དུ་ལགས་སོ་མེད་ན་གསུང་མཁན་དེ་ཁས་མ་ལེན་པའི་སྐྱོན་ཕོག་པ་ལས་གསུང་པའི་ཕྱིར་དེ་སྐྱེ་བུ་དམ་པ་དེས་དངོས་སུ་གསུང་བའམ་ཡང་ན་བར་གྱི་མི་དེས་བཤད་པ་ཡིན་མིན་བསྐོར་ལ་ཞིབ་འཇུག་བྱེད་པའི་གོམས་གཤིས་དེ་ཙམ་མེད་ལ་། གལ་སྲིད་ཡོད་པའི་དབང་དུ་གཏང་ནའང་སྐུ་ངོ་དེ་ཚོར་ཕོག་ཐུག་འགྲོ་བས་མི་བུ་དག་གིས་ཁོང་ཚོའི་དགེ་སྐྱོན་གཉིས་སུ་ལགས་སོ་ལས་གཞན་གང་ཡང་མེད་། མཐའ་འཇུག་འུ་ཚོ་མང་གཙོ་ཡིན་པ་ལས་ལུང་འཛིན་རིང་ལུགས་པ་དང་གུང་ཁྲན་རིང་ལུགས་པ་མིན་པས་མི་དམངས་ཀྱིས་སྲིད་གཞུང་ག་ཚོད་ལེགས་བཅོས་བྱེད་པ་དེ་ཚོད་ཀྱིས་སྲིད་གཞུང་གིས་མི་དམངས་ལ་བྱ་བ་རླབས་ཆེན་བསྒྲུབ་ཐུབ་ངེས་ཡིན་།

རྩོམ་རིག

Post navigation

Previous Post: སེམས་འཕྲིན་དངོས་བྲིས་མ།
Next Post: ལྔ་རིག་འོད་སྣང་འབྱེད་པའི་ཉི་མ་ཞིག་ནུབ་རི་ལ་ཡིབ་པ

Comments (9) on “ཕྱེད་སྤྱི་ཚོགས་རིང་ལུགས་ཡིན་གསུང་པ་ལས་ཕྱེད་དམར་པོ་གུང་ཁྲན་རིང་ལུགས་ཡིན་གསུང་བ་མ་རེད་།”

  1. གསང་གྲོལ། says:
    2011-02-19 at 9:06 pm

    བོད་ཀྱི་དུས་བབ་དྲ་སྟེང་དུ་ས་དཀར་བཀྲ་ཤིས་ཀྱིས་དེ་སྔ་བསྒྱུར་བའི་ཏྰ་ལའི་བླ་མ་དང་བོད་དོན་གླེང་བ་ཞེས་བའི་བཅར་འདྲིའི་ཚན་པ་དང་པོ་ན་བརྗོད་གཞི་འདི་དང་འབྲེལ་ཡོད་ཞིག་འདུག་པ་གཤམ་གསལ།
    གཉོམ་ཆུང་ལ་ཐུགས་ཁུར་གནང་བ་ལས་འཇིག་རྟེན་སྐྱོབ་མཁན་ལ་ཡིད་ཆེས་མེད།
    མར་ཁེ་སི་ནི་བཤུ་གཞོག་ལ་ངོ་རྒོལ་དང་དབུལ་ཕོངས་ལ་ཐུགས་ཁུར་གནང་བའི་འབྱོར་མེད་གྲལ་རིམ་པ་ཞིག་ཡིན་པས་དེ་ཡང་ཏཱ་ལའི་བླ་མས་འཚོལ་སྙེགས་བྱེད་ཡུལ་ཏུ་གྱུར། ཁོང་གིས་༼མར་ཁེ་སི་ཡིས་དཔལ་འབྱོར་སྟེང་ཁེ་ཕན་འཚོལ་བཞིན་པ་གཅིག་པུ་མིན་པར་ཁེ་ཕན་དེ་ཆ་སྙོམས་ཀྱིས་མི་ཡོངས་ལ་བགོ་བཤའ་བརྒྱབ་སྟེ་ཚང་མས་ཁེ་ཕན་ལོངས་སུ་སྤྱོད་པའི་ཐད་ལ་ཡང་ཐུགས་སེམས་གནང་གི་ཡོད་པ་རེད། ལག་ལེན་ཁྲོད་མཚན་ཉིད་ཀྱི་ཕྱོགས་དང་འཇིག་རྟེན་ལྟ་ཚུལ་གྱི་ཕྱོགས་ནས་མར་ཁེ་སི་ཡིས་འཇིག་རྟེན་སྐྱོབ་མཁན་གཙོ་བདག་ཞིག་མེད་པར་བརྗོད་བཞིན་པ་དེ་ནི་ནང་ཆོས་ཀྱི་ལྟ་ཚུལ་དང་གཅིག་མཚུངས་རེད་༽ཅེས་གསུངས། ཡང་ཁོང་གིས་༼མར་ཁེ་སི་གཞུང་ལུགས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་ལྡན་ལ། ཁོང་ལ་དད་མཁན་གུང་ཁྲན་རིང་ལུགས་པ་ཚང་མ་བློ་དཀར་གཞུང་དྲང་ཅན་རེད། གལ་སྲིད་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་བསྡུར་ཚེ་ངས་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་༽ཅེས་གསུངས།
    ཡོ་རོབ་ཁུལ་དུ་སྔོན་ཆད་མར་ཁེ་སིའི་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་རིང་ལུགས་ཚོགས་མི་ཚོས་ཏཱ་ལའི་བླ་མའི་གསུང་བཤད་ལ་ཉན་རྗེས་ཁོང་ལ་ཕྱག་འཇུ་བྱས་པ་དང་ཏཱ་ལའི་བླ་མ་ལ་བློ་མཐུན་ཅེས་འབོད། ཏཱ་ལའི་བླ་མས་༼མར་ཁེ་སི་རིང་ལུགས་ལ་འདྲ་མཉམ་གྱི་ལྟ་བ་ཡོད་མོད། ལེ་ཉིན་རྗེས་སུ་ཆབ་སྲིད་ལ་ཁ་ཕྱོགས་པ་དང་དབང་ཤུགས་ལ་དོ་སྣང་བྱས་པས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འབྱུང་མགོ་བཙུགས་པ་རེད། ཕྱི་ལོ་༡༩༡༨ ནང་ར་ཤི་ཡ་རུ་ནང་ཁུལ་ཟིང་འཁྲུག་དང་རྙོག་དྲ་མང་པོ་ཡོད་པ་དང༌། ཟིང་འཁྲུག་ལ་ཁ་གཏད་གཅོག་ཆེད་དམ་དྲག་བྱེད་རྒྱུ་མངོན་དུ་གྱུར། དེ་ནས་དབང་ཤུགས་དྲག་པོ་སླེབས་པའི་སྒེར་སྡོམ་གྱི་མགོ་འབུས་བ་དང་རྗེས་སུ་ལམ་ལུགས་སུ་གྱུར། དམ་དྲག་འོག་མི་ཚང་མ་ལ་ཡང་དོགས་ཟོན་ཆེན་པོ་བྱེད་པ་དེ་ནི་སི་ཌ་ལིན་གྱི་དུས་རབས་རེད། འདུ་ཤེས་དེ་ལྟ་བུ་རྒྱ་ནག་གི་མའོ་ཙེ་ཏུང་དུས་རབས་སུ་ཁྱབ་པ་དང༌། མའོ་ཙེ་ཏུང་གིས་འཇིག་རྟེན་ལྟ་ཚུལ་གཙིགས་ཆེར་འཛིན། ཡིན་ན་ཡང་ཏུང་ཞོ་ཕིན་གྱི་དུས་རབས་སུ་སླེབས་རྗེས་དཔལ་འབྱོར་ལྟེ་བ་བྱས་པའི་ཡར་རྒྱས་ཤིན་ཏུ་ཕྱིན་པ་དང་ལྷན་ཏུ་སྐྱོན་ཆ་ཡང་མང་པོ་ཞིག་བྱུང༌། དཔེར་ན་དབུལ་ཕྱུག་གི་བར་ཁྱད་ལྟ་བུ་དང༌། བྱི་མི་དཀར་ནག་གང་ཡིན་རུང་ཙི་གུ་འཛིན་ཐུབ་མཁན་ནི་བྱི་མི་ཡག་པོ་རེད། ད་ལྟ་བྱི་མི་ནག་པོ་དང་ངན་པ་ཇེ་མང་རེད། གལ་སྲིད་ང་ལ་གདམས་ཀ་བྱེད་དུ་འཇུག་ཚེ་ངས་མའོ་ཙེ་ཏུང་གིས་བསམ་བློའི་ཚད་གཞི་གཙིགས་ཆེར་འཛིན་པའི་གཞུང་ལུགས་གདམས་ངེས་རེད་༽ཅེས་གསུངས།

  2. ལ་རྒྱའི་བདག་པོ། says:
    2011-02-19 at 11:48 pm

    བཀྲིས་བདེ་ལེགས།
    དངོས་གནས་རེད།ཁྱེད་ཀྱིས་གསུངས་པ་བདེན་པ་རེད།༸གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཐེངས་མང་གནང་མྱོང་ཡོད།དེའི་དགོངས་གཞི་ངོ་མ་ནི་ནུབ་ཕྱོགས་སུ་དར་བའི་དབུལ་ཕྱུག་བར་གསུམ་ངོས་སྙོམ་གྱི་སྤྱི་ཚོགས་རིང་ལུགས་ངོ་མ་དེར་གསུངས་པ་ལས།རྒྱ་དམར་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་འཕྱར་ནས་དོན་དམ་དུ་དབང་ཆ་སྒེར་འཛིན་བྱེད་མཁན་རིང་ལུགས་དེ་འདྲར་གསུངས་མེད་པ་གསལ་པོ་རེད།
    དོན་དམ་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་གྱུར་གཅིག་

  3. སྲིད་པ་རྡོ་རྗེ་ says:
    2011-02-20 at 1:21 am

    སྐུ་ངོ་བཀའ་ཟུར་མཆོག་གི་བཅར་དྲི་དེ་ཀུན་གླེང་ཐོག་བལྟས་པ་ཡིན་ སྐབས་དེར་རྡ་རམ་ས་ལ་ནས་མི་ཞིག་གི་དྲི་བ་ཞིག་བཏང་བའི་ནང་་་་་་་གནས་ཚུལ་ཐོན་གསལ་ལ་སྐུ་ངོ་མཆོག་ནས་བོད་པའི་སྤྱི་ཚོགས་ནང་དམར་ཤོག་ཚོགས་པ་དང་པོ་བཙུགས་མཁན་དེ་རེད་ཅེས་ཐོན་ཡོང་གི་འདུག་ དམར་པོའི་རིང་ལུགས་ནི་ཆོས་མེད་རིང་ལུགས་ཡིན་པའི་སྐུ་ངོ་དེ་ལྟར་ཡིན་མིན་གཀའ་ལན་གནང་རོགས་ཅེས་བཤད་སོང་ མི་དེས་སྐད་ཆའི་སྒྲོས་དེར་བལྟ་དུས་ཆེད་མངགས་སྐུ་ངོ་ལ་མི་དགའ་བ་དང་གདང་ཟུགས་བྱེད་མཁན་ཞིག་ཡིན་སྨོས་མེད་ཁར་དེ་སྔ་རྡ་རམ་ས་ལར་བཀའ་ཁྲིའི་བགྲོ་གླེང་སྐབས་དབུས་གཙང་སྐྱིད་སྡུག་ཟེར་བའི་ངག་དབང་ཟེར་མཁན་ཞིག་གི་སྐུ་ངོ་དེ་སྔ་དབུས་གཙང་ཆོལ་ཁའི་མིང་འདོན་སྐབས་སྐུ་གཟུགས་བདེ་ཐང་མེད་པའི་དགོངས་ཞུ་གནང་སོང་ཅེས་སྐུ་ངོར་སྡང་ཟུག་བྟབྱེད་མཁན་དེ་དང་གཅིག་མཚུངས་མཐོང་སོང་ མི་འདི་ཚོར་ཆབ་སྲིད་ཀྱི་གནད་དོན་རྟོགས་པའི་བློ་རྒྱ་མེད་ཁར་ད་དུང་འདི་ཚོའི་རྒྱབ་ཏུ་སུ་ཞིག་ཡོད་མིན་དང་ ཆོལ་ཁའི་དབྱེན་འབྱོར་གྱི་དཀྲུགས་ཤིང་གང་འདྲ་རྒྱབ་ཀྱི་ཡོད་མེད་གསལ་པོ་རེད་དྲན་གྱི་འདུག་ དབུས་གཙང་སྤྱི་འཐུས་རྣམས་དབུས་གཙང་ལ་ཞེན་ཁོག་ཡོད་མཁན་དགོས་ཅེས་ཆ་རྐྱེན་འདོན་མཁན་ཡང་མི་འདི་ཚོ་རེད་

    དོན་དངོས་ཐོག་མི་འདི་འདྲ་བའི་ཆབ་སྲིད་ཀྱི་གཞི་རྒྱ་ཆེ་བའི་གནད་དོན་མི་ཤེས་པའི་ཁར་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཡང་སྦྱངས་པ་མེད་པ་གསལ་པོ་རེད་

    བཞག་སྡོམ་དར་རྒྱས་ལགས་ཁྱེད་རང་གིས་༧རྒྱལ་བ་རིན་པོ་ཆེས་་་་་ང་ཕྱེད་མ་ཁེ་སིའི་རིང་ལུགས་པ་ཡིན་ཅེས་གསུང་པ་ཡང་ཡང་ཐོས་མེད་པ་ནི་ཁྱེད་རང་ནམ་རྒྱུན་ནས་ཆབ་སྲིད་ཐོག་ཐུགས་སྣང་དེ་ཙམ་མེད་པ་གསལ་པོ་རེད་ ༧གོང་ས་མཆོག་གི་དེ་ལྟར་ཐེངས་མང་གསུང་མྱོང་ཡོད་ལ་སྒྲ་འཛིན་འཁོར་ཐག་དང་གློག་བརྙན་ཐོག་དཔར་འཇུག་བྱས་ཡོད་པ་རེད་

    དམར་པོ་ཡིན་ཡང་རུང་་སྤྱི་ཚོགས་རིང་ལུགས་ཡིན་ཡང་རུང་ཁུངས་གཏུགས་ས་མ་ཁེ་སི་འི་རིང་ལུགས་རེད་ དེའི་ནང་ནས་རྒྱ་ནག་དམར་པོའི་རིང་ལུགས་ནི་དེ་གཉིས་གཉིས་ཀ་མིན་པར་མ་ཁེ་སིའི་རིང་ལུགས་ལག་ལེན་དོན་འཁེལ་མ་བྱུང་བའི་ཁར་སྲིད་དབང་སྒེར་བདག་ཐོག་ཕྱིན་པ་རེད་ ༧གོང་ས་མཆོག་ནས་དེར་ཁ་གཏད་གནང་གི་ཡོད་ལ་བཀའ་ཟུར་མཆོག་གི་ཡང་ཀུན་གླེང་དེ་ལྟར་བཀའ་ལན་ཚ་ཐག་ཆོད་གཅིག་གནང་སོང་བས་དགའ་བསུ་ཞུ་
    སྤྱིར་རྒྱ་གར་གྱི་དཔལ་འབྱོར་རིང་ལུགས་ནི་ཆེད་སྤྱི་ཚོགས་རིང་ལུགས་རེད་ དེ་ལྟར་རྒྱལ་ཁབ་མང་པོ་ཡོད་པ་རེད་ ཟམ་གདོང་རིན་པོ་ཆེ་ཡང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པར་འདོད་ བོད་ཀྱི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ཐོག་མར་བཙུགས་པའི་སྐབས་སྤྱི་ཚོགས་རིང་ལུགས་ལ་འགྱུརརྒྱུར་ཐབས་ཤེས་ཡོད་རྒུ་རྩལ་སྦྲུགས་བྱས་ཀྱང་སྒྲུབ་འབྲས་མ་སོན་པ་རེད་
    མཐའ་མ་ཁོང་གི་སྤྱི་འཐུས་ཚོགས་གཙོ་གནང་བའི་སྐབས་སྲིད་དོན་གྱི་ལྟ་བ་འདྲ་མིན་གྱི་ཆབ་སྲིད་ཚོགས་པའི་ཆ་རྐྱེན་བསྐྲུན་རྒྱུར་འགོག་རྐྱེན་བཟོས་པ་རེད་

    དབུ་འཁྲིད་ཅེས་པ་ནི་བློ་སྟོབས་ཡངས་ཤིང་འགྱུར་བཅོས་གཏོང་ཕོད་པ་ཞིག་དགོས་པ་རེད་ དེར་རྟེན་བླེ་སེང་ལས་ལྷག་པ་བཀའ་ཟུར་བཀྲིས་དབང་འདུད་མཆོག་གིས་མ་འོངས་གསར་གཏོད་དང་འགྱུར་བ་གཏོང་གི་རེད་

  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-02-20 at 7:22 am

    རྩོམ་བྲིས་པ་ཡག་གི མུ་མཐུད་དུ་ཡིན་ད།

  5. བཞག་ལྡོམ་དར་རྒྱས་། says:
    2011-02-20 at 9:21 am

    སྲིད་པ་རྡོ་རྗེ་ནས་ལགས་། བཀྲ་ཤིས་དབང་འདུས་ཀྱིས་བོད་པའི་སྤྱི་ཚོགས་སུ་དམར་པོ་གུང་ཁྲན་ཆབ་སྲིད་ཚོགས་པ་ཞིག་བཙུགས་པ་ལས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཚོགས་པ་ཞིག་བཙུགས་མེད་པ་ནི་ཡོགས་གྲགས་རེད་། དེ་ལྟ་བུའི་ཆོས་མེད་ཆབ་སྲིད་ཚོགས་པ་ཞིག་འུ་ཚང་ཆོས་ལྡན་བོད་པའི་སྤྱི་ཚོགས་ནས་གནས་མི་ཐུབ་ལ་ཡར་རྒྱས་ནི་དེ་བས་ཀྱང་འགྲོ་མི་ཐུབ་པ་ནི་ཆོས་ཉིད་ཅིག་རེད་། རེད་་་་སྲིད་རྡོར་ལགས་། མར་ཁེ་སིའི་གཞུང་ལུགས་སུ་ཆབ་སྲིད་ཀྱི་ལྟ་བ་ཞིག་དང་དཔལ་འབྱོར་ཀྱི་ལྟ་བ་གཉིས་ཡོད་པ་ལས་༧གོང་ས་མཆོག་གིས་དཔལ་འབྱོར་གྱི་ལྟ་བ་སྤྱི་ཚོགས་རིང་ལུགས་སུ་ཐུགས་དགྱེས་པོ་བྱེད་ཀྱིན་ཡོད་པ་རེད་མ་གཏོགས་ཆོས་མེད་གུང་ཁྲན་རིང་ལུགས་ཀྱི་ལྟ་བར་རྒྱབ་བསྐྱོར་བྱེད་ཀྱིན་མེད་པ་ནི་བོད་མི་ཚང་མས་ཤེས་གསལ་རེད་། གང་ལྟར་སྲིད་རྡོར་ལགས་། མང་གཙོ་ནི་བསམ་ཚུལ་སྣ་མང་དང་ལྟ་བ་སྣ་མང་གི་སྤྱི་ཚོགས་ཤིག་ཡིན་པ་ལས་གུང་ཁྲན་དམར་པོ་ལྟ་བུ་བསམ་ཚུལ་གཅིག་དང་ལྟ་བ་གཅིག་གི་སྤྱི་ཚོགས་ཤིག་མིན་པ་ཤེས་ན་ཡག་པོ་རེད་། ལྷག་པར་ངས་བྲིས་པའི་རྩོམ་ཙམ་པོ་བ་དེ་ནི་བདེན་པ་གཞི་བྱས་ནས་བྲིས་པ་ལས་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཤིག་དང་སྐུ་ངོར་དགའ་མིན་གྱི་རྒྱུ་མཚན་གཞི་བྱས་ནས་བྲིས་བ་མིན་།

  6. སྲིད་པ་རྡོ་རྗེ་ says:
    2011-02-20 at 9:09 pm

    དར་རྒྱས་ཁྱེད་རང་ནས་༧གོང་ས་མཆོག་གི་ཕྱེད་མ་ཁེ་སི་རིང་ལུགས་ཡིན་དང་ཕྱེད་གུང་ཁྲན་རིང་ལུགས་ཡིན་མིན་ དེའི་ནང་ནས་ཆབ་སྲིད་དང་དཔལ་འབྱོར་གང་ཡིན་ཅེས་བཀའ་དྲི་ཞུས་ན་མ་རེད་པས་

    རྒྱ་ནག་གུང་ཁྲན་གྱི་ལམ་ལུགས་དེ་ལ་མ་འོས་ལམ་ལུགས་ཅེས་བརྗོད་བཞིན་ཡོད་པ་དང་དེ་ཚོ་དྲག་སྤྱོད་བེད་སྤྱོད་བྱེད་མཁན་བལ་ཡུལ་གྱི་མའོ་ཚོགས་པ་ལྟ་བུ་རེད་ དེ་ཚོ་མ་ཁེ་སི་རིང་ལུགས་ནས་ཁ་དགྱེས་ཚར་བ་རེད་

    མ་ཁེ་སིའི་རིང་ལུགས་ངོ་མ་དེ་ནང་པའི་ལྟ་གྲུབ་དང་ཉེ་བོ་ཡོད་པ་རེད་ཅེས་༧གོང་ས་མཆོག་ནས་གསུང་ཡོད་རེད་
    གནད་དོན་ཆ་ཚང་ཤེས་པའི་ཐོག་ནས་འགྲེལ་བརྗོད་བསྐྱོན་ན་བཟང་གི་རེད་

  7. བཞག་ལྡོམ་དར་རྒྱས་། says:
    2011-02-20 at 10:42 pm

    གྲོགས་པོ་ཤེས་རབ་ལགས་། ཁ་བརྡའི་དྲ་ཚིགས་ནས་མཇལ་བར་དགའ་པོ་བྱུང་། ཡང་ཡང་མཇལ་པའི་སྨོན་ལམ་ཡོད་།

  8. གཞིས་བོད། says:
    2011-02-20 at 11:36 pm

    འདི་ནི་༧གོང་ས་མཆོག་གི་མཆོག་གི་དྲ་ཚིགས་ཀྱི་མངུན་ངོས་དེ་ནས་བཤུས་པ་ཡིན།

    ༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མུམ་བྷེ་གཙུག་ལག་གཉེར་ཁང་ (Mumbai University) དུ་བཀའ་སློབ་སྩལ་གྲུབ་རྗེས་དེར་འདུས་སློབ་མ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་དོན། བོད་རྒྱའི་དཀའ་རྙོག་དེ་ངོས་ཀྱི་མི་ཚེ་ནང་སེལ་ཐུབ་རྒྱུའི་རེ་བ་ཡོད། ངོས་རང་མ་ཁེ་སེ་དམར་པོའི་རིང་ལུགས་ལ་སྔ་མོ་ནས་དོ་སྣང་ཆེན་པོ་ཡོད་ལ་སྐབས་ཤིག་ངོས་ནས་ཀྱང་རྒྱ་ནག་གུང་ཁྲན་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་འདོད་ཡོད་ཅེས་རྒྱ་ནག་དཔོན་རིགས་ཚོར་བརྗོད་མྱོང་ཡོད། ཅེས་བཀའ་སྩལ་བ་དང།

  9. བཞག་ལྡོམ་དར་རྒྱས་། says:
    2011-02-21 at 8:43 am

    གུས་པས་ད་ལྟའི་རྒྱའི་སྲིད་གཞུང་ལ་མར་ཁེ་སིའི་རྗེས་འཇུག་པ་བཤད་ཀྱི་མེད་ལ་གུང་ཁྲན་རིང་ལུགས་པ་ཡང་བཤད་ཀྱི་མེད་། ལྷག་པར་༧གོང་ས་མཆོག་ནི་གུང་ཁྲན་པ་ཞིག་མིན་པའི་ཡིད་ཆས་གཙང་མ་ཡོད་། རྒྱུ་མཚན་ནི་། ༧གོང་ས་མཆོག་བཙན་བྱོལ་དུ་འབྱོར་བའི་ཉིན་མོ་ནས་གཟུང་ཁོང་མང་གཙོ་ལ་ཡིད་ཆས་ཤིང་། ཁོང་གིས་བཙན་བྱོལ་གཞུང་འདི་མང་གཙོ་ལམ་དུ་སྐྱོད་ཐབས་བྱེད་པ་དང་། ཁོང་གང་དུ་ཕེབས་ན་ཁོང་གིས་གོ་ལ་འདིའི་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་། འགྲོ་བ་མིའི་སྤྱི་ཚོགས་སུ་ཞི་བདེ་ཡོང་ཐབས་། མཐའ་མ་བོད་པའི་བདེན་མཐའ་སེལ་ཐབས་བྱེད་ཀྱི་ནི་ཁོང་གིས་འདོར་དུ་མེད་པའི་ལངས་ཕྱོགས་ཡིན་གསུང་པ་ཡོངས་གྲགས་རེད་། གལ་སྲིད་༧གོང་ས་མཆོག་མང་གཙོ་ལ་ཡིད་མི་ཆས་མཁན་ཞིག་དང་ཆོས་ལུགས་ཁས་མི་ལེན་མཁན་གུང་ཁྲན་པ་ཞིག་ཡིན་ན་ངས་གོང་དུ་བཤད་པ་དེ་ཚོ་མང་ཆེ་བའི་བསྐོར་ལ་ཁོང་གིས་བཀའ་སློབ་གནང་གི་མ་རེད་ལ་དམ་པའི་ལྷ་ཆོས་ཀྱི་གསུང་ཆོས་ནི་དེ་བས་ཀྱང་གནང་གི་མ་རེད་། ཡིན་ན་ཡང་། ༧གོང་ས་མཆོག་མར་ཁེ་སའི་ཚན་ཉིད་རིག་པའི་གཞུང་ལས་སྤྱི་ཚོགས་རིང་ལུགས་བསྐོར་ལ་ཐུགས་དགྱེས་པ་ཡོད་པ་དང་ཁོང་གིས་དེ་བསྐོར་ཡང་ཡང་གསུང་གི་ཡོད་པ་ནི་ཡོངས་གྲགས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme