Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲིའི་འོས་མིའི་ལས་འགུལ་གྱི་འགྲོ་གྲོན་ཕྱི་གསལ་ནང་གསལ་དགོས།

Posted on 2011-02-192011-02-19 By ཁ་བརྡ་ 5 Comments on བཀའ་ཁྲིའི་འོས་མིའི་ལས་འགུལ་གྱི་འགྲོ་གྲོན་ཕྱི་གསལ་ནང་གསལ་དགོས།

campaign-finance-photo
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ། (The Editors of Tibetan Political Review)
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།
ཕྱི་ལོ་༢༠༡༠ལོའི་ཟླ་༡༡པའི་ཚེས་༢༢ཉིན་གྱི་ནེའུ་ཡོག་དུས་བབ་(The New York Times)ཀྱི་རྩོམ་སྒྲིག་པའི་དཔྱད་གཏམ་ལ་གཞིགས་ན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་གྱི་འོས་གཞིའི་ལས་འགུལ་འགྲོ་གྲོན་གྱི་སྒྲིག་གཞིའི་རྩིས་ཁྲ་ལྷོད་དུ་བཏང་བ་དང་། དེ་ནས་ཕྱི་ལོ་༢༠༡༠ལོའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་གསང་བའི་ཞལ་འདེབས་འབུལ་མཁན་ཚོས་ཉུང་མཐའ་ཨ་སྒོར་ས་ཡ་༡༣༩་ཙམ་གྱི་འགྲོ་སོང་བཏང་ཡོད་པ་བཀོད་འདུག ད་དུང་དུས་བབ་ནང་བརྗོད་དོན། གསང་བའི་ཞལ་འདེབས་ཀྱི་དཀའ་ངལ་ནི། འོས་མི་སུ་ཞིག་ལ་དངུལ་གྱི་རྒྱབ་སྐྱོར་བྱེད་དང། དེས་ང་ཉིད་ཀྱི་ཁེ་ཕན་གང་ཞིག་གི་ཆེད་དུ་རེད་དམ་ཞེས་ཅེས་བཀོད་འདུག ང་ཚོའི་བཀའ་ཁྲིའི་འོས་བསྡུའི་སྐབས་དངུལ་འབོར་ཆེན་པོ་འགྲོ་སོང་བཏང་གི་མེད་མོད། འོན་ཀྱང་དེའི་དཔལ་འབྱོར་འབྱུང་ཁུངས་ཀྱི་གནས་ཚུལ་བོད་མི་འོས་འཕེན་མཁན་ཚོས་གང་ཡས་ཤེས་ཀྱི་མེད་པ་རེད།

འདས་པའི་ནང་བོད་མི་འོས་མིར་བཞུགས་མཁན་ཚོས་དེ་ཙམ་གྱིས་འོས་གཞིའི་ལས་འགུལ་ཤུགས་ཆེན་སྤེལ་མྱོང་མེད་ཙང་གནས་ཚུལ་འདི་དེ་ཙམ་གྱིས་གལ་ཆེན་ཞིག་ཆགས་མེད། ཡིན་ན་ཡང་། ང་ཚོས་མཐོང་གསལ་བཞིན་ཕྱི་ལོ་༢༠༡༡ལོའི་འོས་བསྡུ་ནི་སྔར་བྱུང་མ་མྱོང་བའི་ཆེས་འགྲན་བསྡུར་ཆེ་བའི་འོས་བསྡུ་ཡིན་པ་དང་། བཀའ་བློན་ཁྲི་བའི་འོས་མི་ཚོས་རྒྱ་གར་དང་། ཡོ་རོབ། བྱང་ཨ་མི་རི་ཁ་སོགས་ཀྱི་ནང་དུ་ལས་འགུལ་སྤེལ་བཞིན་པ་ཡིན་ལ། ལྷག་པར་དུ་རྡ་རམ་ས་དང་གཞིས་ཆགས་ཁག་ཏུ་ལས་འགུལ་དང་འབྲེལ་བའི་འདྲ་པར་དང་། གསལ་བསྒྲགས། དེ་བཞིན་གསར་འགྱུར་རྒྱུད་ལམ་ནང་ཁྱབ་བསྒྲགས་ཀྱིས་ཁེངས་ཡོད། ད་དུང་འོས་མིའི་ངོ་ཚབ་དང་། རྒྱབ་སྐྱོར་བ་ཚོས་ཁོང་ཚོའི་དྲ་རྒྱ་ལ་སོགས་པར་འགྲོ་སོང་ཆེན་པོ་བཏང་གི་ཡོད་པར་བརྟེན་རང་བཞིན་གྱིས་དྲི་བ་ཞིག་སླེབས་ཡོང་བ་ནི། ལས་འགུལ་སྤེལ་མཁན་གྱི་ཁྲོད་དུ་གླླ་ཆ་དང་ཡང་ན་རྔན་པ་སྤྲད་ཡོད་པའི་ལས་བྱེད་པ་ཡོད་དམ་མེད། ཅེས་བ་འདི་རེད།
campaign-finance-reform-free-speech-1
སྤྱིར་འགྲན་བསྡུར་འདི་འདྲ་བ་ནི་མང་གཙོའི་ལེགས་ཆ་ཞིག་ཡིན་མོད། འོན་ཀྱང་ལས་འགུལ་འདི་དག་ལ་དངུལ་གྱི་འགྲོ་སོང་ཆེ་སྟབས་འགྲོ་གྲོན་གྱི་དངུལ་གང་ནས་ཡོང་གི་ཡོད་དམ། གཅིག་བྱས་ན་འགྲོ་གྲོན་དེའི་ཆ་ཤས་ཤིག་འོས་མི་རང་ཉིད་ཀྱི་དངུལ་ཁུག་ནས་གཏོང་གི་ཡོད་སྲིད་ཀྱང་། དངུལ་འབོར་གང་ཙམ་ཞིག་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོ་བ་ལས་ཡོོང་གི་ཡོད་པ་ནི་ཐེ་ཚོམ་ཟ་མི་དགོས་བ་ཞིག་རེད། ཡིན་ཡང་དྲི་བ་ཞིག་ལ། དངུལ་འབོར་དེ་དག་སུ་ཞིག་ནས་ཡོང་གི་ཡོད་པ་དང་ཕྱིར་དངུལ་སྤྲོད་མཁན་རང་ཉིད་ལ་ཅི་ཞིག་འཐོབ་འདོད་པའི་དམིགས་ཡུལ་གྱི་ཆེད་དུ་རེད་དམ།

དེར་རྟེན་ང་ཚོས་བཀའ་ཁྲིའི་འོས་མི་དང་སྤྱི་འཐུས་འོས་མི་རྣམས་ཀྱིས་རང་ངོས་ནས་དྭང་བླངས་ངང་ལས་འགུལ་གྱི་རོགས་དངུལ་དེ་དག་གི་འབྱུང་ཁུངས་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་གནང་བའི་རེ་བསྐུལ་བྱེད་ཀྱིན་ཡོད། འོས་མི་རྣམས་ནས་དངུལ་གང་ནས་བྱུང་མིན་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས། གཅིག་བྱས་ན་ཞལ་འདེབས་ཆུང་ཆུང་དེ་དག་བརྩི་རིན་མེད་པར་འགྱུར་སྲིད། འོན་ཀྱང་ངེས་པར་དུ་གལ་ཆེན་པོའི་ངང་རོགས་དངུལ་འཕུལ་མཁན་དང་། ཞལ་འདེབས་འཕུལ་མཁན་གྱི་མིང་ཐོ་ཁ་གསལ་གཏོན་དགོས། དབུས་འོས་བསྡུ་ལྷན་ཁང་གི་ལས་བྱེད་གཅིག་གིས་ངེས་པར་དུ་གནད་དོན་འདི་ལ་ཞིབ་གཤེར་བྱེད་པའི་ཆོག་མཆན་གནང་དགོས།
འོས་མི་ཁ་ཤས་ཀྱིས་བསམ་ཚུལ་འདིར་དགག་ཆ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་འོས་མི་སུ་ཞིག་གིས་སོ་སོའི་འགྲོ་གྲོན་ཕྱི་གསལ་ནང་གསལ་བྱེད་ན་དེ་རང་ཉིད་ཀྱི་ཆབ་སྲིད་ཀྱི་སྡིངས་ཆའི་ཆ་ཤས་ཤིག་ཏུ་གྱུར་རྒྱུ་དང་། འོས་འཕེན་མཁན་ཚོས་དེར་རྒྱབ་སྐྱོར་བྱེད་ངེས་རེད། འབོད་བསྐུལ་གཞན་ཞིག་ནི་སྤྱི་འཐུས་རྒྱུན་ལས་པ་ཚོས་གང་མགྱོགས་འོས་བསྡུ་ལྷན་ཁང་དང་གྲོས་བསྡུར་གནང་སྟེ་ད་ལྟའི་འོས་བསྡུའི་ལས་འགུལ་གྱི་འགྲོ་གྲོན་སྦ་གསང་མེད་པ་ཞིག་བྱེད་རྒྱུར་ཁྲིམས་གཏན་འབེབས་བྱེད་དགོས་པ་གལ་ཆེར་མངོན།
ནེའུ་ཡོག་དུས་བབ་ནང་། ཆབ་སྲིད་པ་ལ་མཐུན་འགྱུར་སྒྲུབ་པ་ནི་ཁྲིམས་མཐུན་དང་མཐུན་པའི་བྱ་སྤྱོད་ཅིག་ཡིན་སྲིད། འོན་ཀྱང་མི་མང་གིས་དངོས་སུ་ཆབ་སྲིད་པའི་རྒྱབ་ནས་ཐག་པ་སུས་འཐེན་གྱི་ཡོད་པ་དེ་མཐོང་བའི་གོ་སྐབས་དགོས། ཞེས་བཀོད་འདུག

འགྱུར་རྩོམ།

Post navigation

Previous Post: ཨ་རིའི་བོད་མི་ཁ་ཤས་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་བསྐྱོད་ནས་གོམ་བགྲོད་ལས་འགུལ་མཇུག་སྐྱོང་བཞིན་པ
Next Post: སེམས་འཕྲིན་དངོས་བྲིས་མ།

Comments (5) on “བཀའ་ཁྲིའི་འོས་མིའི་ལས་འགུལ་གྱི་འགྲོ་གྲོན་ཕྱི་གསལ་ནང་གསལ་དགོས།”

  1. BBC says:
    2011-02-19 at 2:31 am

    སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་རྒྱ་ཡངས་ཤིང་རྒྱ་ཆེ་བའི་སྟེང་། མདུན་ངོས་ཤོག་ལྷེ་ནག་པོ་སྟོད་དུ་ཡུམ་བུ་བླ་སྒང་གི་དཔརགྱིས་མཚན་པ། དེའི་སྟེང་བཀའ་ཁྲིའི་འོས་མི་སོ་སོའི་སྐུ་དཔར་ཚོན་ཅན་གྲུ་བཞི་གསུམ་ བཀྲས་མཐོང་དང་བཀྲ་ཤིས་དབང་འདུས་ཀྱིས་འཛམ་གླིང་ས་ཕྱོགས་ཁག་ཏུ་བཀའ་ཁྲིའི་འོས་བསྡུ་ཁྱབ་བསྒྲགས་བྱེད་པར་བསྐྱོད་སྐབས་ཀྱི་འགྲོ་སོང་གང་ལས་བྱུང་ནས་གང་དུ་བཏང་བའི་རྩིས་ཁྲ་ཁ་གསལ་ཁམས་དྭངས་འདུག་ཀྱང་། བློ་སེང་ལགས་བསྐོར་བསྐྱོད་དུ་ཕྱིན་པའི་འགྲོ་གྲོན་འགོད་སའི་ཤོག་ངོས་དེ་ཉིད་རང་བཞིན་སྟོང་པ་ཉིད་དུ་གྱུར།

  2. BBC says:
    2011-02-19 at 2:51 am

    སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་རྒྱ་ཡངས་ཤིང་རྒྱ་ཆེ་བའི་སྟེ། མདུན་ངོས་ཤོག་ལྷེ་ནག་པོ་སྟོད་དུ་བོད་ཀྱི་མཁར་གྱི་དང་པོ་ཡུམ་བུ་བླ་སྒང་གི་དཔར་གྱིས་མཚན་པ། དེའི་གཡས་ངོས་སུ་བཀའ་ཁྲིའི་འོས་མི་སོ་སོའི་སྐུ་དཔར་ཚོན་ཅན་གྲུ་བཞི་རྣམས་རིམ་བཞིན་འཁོད་པར་གྱུར། དེ་རྣམས་ཀྱི་ནང་ནས་དང་པོ་བཀྲས་མཐོང་གིས་བསྐོར་བསྐྱོད་བྱས་པའི་འགྲོ་སོང་གང་ལས་བྱུང་སྟེ་གང་དུ་སོང་བའི་སྐོར་གྱི་རྩིས་ཁྲས་བརྒྱན་པ། དེའི་འོག་ཏུ་བཀྲས་དབང་གིས་བསྐོར་བསྐྱོད་བྱས་པའི་འགྲོ་སོང་གང་ལས་བླུངས་ཏེ་གང་དུ་བཏང་བའི་སྐོར་གྱི་རྩིས་ཁྲ་ཁམས་དྭངས་ཁ་གསལ་འཁོད་པར་གྱུར། དེའི་འོག་གི་ལྷོ་ཕྱོགས་སུ་བློ་སེང་ལགས་ཀྱི་རྩིས་ཁྲའི་ས་མིག་རེ་ཞིག་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གློ་བུར་ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༦དང་ཟླ་བ་༢ ཚེས་༡༦ སོ་སོར་འཁོད་པའི་རྩིས་ཁྲ་མེད་པའི་རྒྱུ་མཚན་འགྲེལ་བཤད་ཐུང་ངུ་ཁག་གཉིས་ཀྱིས་བརྒྱན་པར་གྱུར། དེ་སྟེང་བློ་སེང་ལགས་ཀྱིས་གང་མགྱོགས་རྩིས་ཁྲ་ཁ་གསལ་འགོད་རྒྱུའི་ཞལ་བཞེས་གནང་བ་ལྟར་རྩིས་ཁྲ་དྲ་སྟེང་སྤེལ་བར་འགྱུར།

  3. ལ་རྒྱའི་བདག་པོ། says:
    2011-02-19 at 3:11 am

    དྲ་གྲོགས་BBCཡང་ང་གཉིས་གནས་འདི་ནས་ཐུག་པར་བཀྲིས་བདེ་ལེགས་ཞུ།
    དོན་དངོས་རེད།བདེ་པ་རེད།མིང་དོན་མཚུངས་པའི་ཆབ་སྲིད་བསྐྱར་ཞིབ་པ་རང་རེད།ཨ་རིའི་འོས་བསྡུའི་གནས་ཚུལ་དྲངས་ནས་རང་རེར་ལམ་སྟོན་དང་གཞེན་སྐུལ་གནང་བ་ནི་དུས་ཐོག་གི་ཆར་པ་རང་རེད།
    ངོ་མ་བདེན་པ་རེད།
    ཐེངས་འདིའི་བཀའ་ཁྲིའི་འོས་བསྡུའི་ལས་རིམ་འདི་ལྷད་མེད་དྭང་གཙང་ཞིག་བྱུང་ན་འདི་ནི་ང་ཚོའི་མང་གཙོའི་གོམ་འགྲོས་ཤིག་མདུན་ལ་སྤོས་པ་བརྩིས་ཆོག་པ་རེད།མང་གཙོའི་འགྱུར་འགྲོས་གསར་པ་ཞིག་ཀྱང་རེད་སྙམ།
    འོན་ཀྱང་འོས་བསྡུའི་ལས་རིམ་ཁྲོད་ས་འོག་དར་ཐག་འཐེན་ནས་ཚོགས་པ་དང་མི་སྒེར་མི་ཉུང་བ་ཞིག་གིས་ཆབ་སྲིད་དང་སྒེར་ཁེའི་དམིགས་ཡུལ་ངེས་ཅན་ཞིག་བཅངས་ཏེ་འོས་བསྡུའི་དྲིལ་བསྒྲགས་གྲོན་དངུལ་འབོར་ཆེན་བཏང་ནས་མི་དེ་ལ་བཀའ་བཀའ་ཁྲིའི་རྐུབ་སྟེགས་ཐོབ་སྲིད་ཀྱང་ང་ཚོའི་མང་གཙོའི་ལོ་རྒྱུས་ནང་མང་གཙོ་འཕེལ་ལ་འགོག་རྐྱེན་བཟོས་པ་དང་།མང་གཙོའི་གོམ་འགྲོས་རྒྱབ་བཤིག་བརྒྱབ་པ་ཞིག་ཆགས་ཀྱི་ཡོད་པ་རེད།བཀའ་ཁྲི་དེ་གྲོན་དངུལ་གཏོང་མཁན་གྱི་སྦྱིན་བདག་དེ་ཚོའི་བེད་སྤྱོད་འོག་ལ་ཤོར་ཉེན་ཡོད་པ་རེད།
    གནས་ཚུལ་དེ་འདྲའི་འོག་ང་ཚོའི་མང་གཙོའི་གོམ་འགྲོས་དེ་ལའང་སེར་ཁ་ཆེན་པོ་ཞིག་ཤོར་ཉེན་ཡོད་པ་རེད།
    དེ་ན་འོས་བསྡུའི་གྲོན་དངུལ་རྣམས་ཕྱི་གསལ་ནང་གསལ་ག་ཚོད་གཙང་བ་བྱུང་ནའང་དེ་རྩིས་བཀའ་ཁྲི་དེ་ཡང་གཟི་བརྗི་ཆེ་བ་ཡོང་གི་རེད།

  4. སྒྲོལ་མ། says:
    2011-02-19 at 3:30 pm

    རྩིས་ཁྲ་གསལ་པོ་དགོས་པ་གལ་ཆེན་པོ་མཐོང་ཡང་། རྩིས་ཁྲ་གང་འདྲ་བཟོ་མིན་ཁོང་ཚོས་ལག་ཏུ་ཡོད་པ་ལས་འདི་ཡིན་འདི་མིན་བཤད་དཀའ་མོ་རེད་སྙམ། བློ་སེང་གི་བཤད་དོན་ཁོ་པ་ས་གནས་གང་དུ་ཕེབས་ན་ཤེས་ཡོན་དང་འབྲེལ་བ་ཡོད་རིགས་ཡིན་ལ་འགྲོ་སོང་མཐོ་སློབ་གི་བཏང་གི་རེད་ཅེས་བཤད་འདུག། བཀྲེས་དབང་འདུས་གི་ངར་དམིགས་བསལ་འགྲོ་སོང་མ་བྱུང་ཟེར་། བཀྲས་མཐོང་གི་ངར་རྒྱབ་སྐྱོར་བས་ཞལ་འདེབས་བསྡུ་ཏེ་འགྲོ་སོང་དེ་ནས་བཏང་གི་ཡོད་ཟེར་། འདི་ནི་ཡོངས་གྲགས་ཀྱི་བཤད་ཚུལ་ཙམ་རེད་། དོགས་ཡོད་གཅིག་ལ་བཀྲེས་དབང་འདུས་དང་བློ་སེང་གཉིས་ཀྱི་སྐོར་བསྐྱོད་གཉམ་ཏུ་ཕེབས་ནས་བགྲོ་གླེང་གནང་བ་ལས་མི་མང་དབར་ཉེར་རིང་ལྟར་བུ་གནང་གི་མི་འདུག། བཀྲས་མཐོང་ལས་བྲེལ་ཆེ་ཚུལ་བཤད་དེ་ཁོང་གཉིས་མཉམ་ཏུ་མ་ཕེབས་པ་མི་མང་ལ་བགྲོ་གླེང་ཐུང་ངུ་ཞིག་གནང་ནས་ཁོང་རང་བཞུགས་གནས་མགྲོན་ཁང་དུ་ཐུགས་འཕྲད་མང་པོ་ཞིག་གནང་འདུག་ཅེས་བཤད་གྱི་འདུག། འདི་རྩིས་ཁྲ་ཇི་ལྟར་བཟོ་དགོས་མིན་མ་ཤེས་

  5. གངས་འདབས། says:
    2011-02-20 at 1:42 pm

    བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ནང་ ༼ཁོང་ཚོས་ད་ལྟ་ག་རེ་བྱེད་བཞིན་ཡོད་དམ།༽ ཟེར་བའི་འགོ་བརྗོད་ལ་འཁོད་པའི་མུ་འབྲེལ་རྩོམ་ཡིག་གསུམ་ཡོད་པ་ལས། རྩོམ་ཡིག་མཐའ་མ་དེ་འབུམ་རམས་བློ་བཟང་སེང་གེའམ་བློ་བཟང་སངས་རྒྱས་ཀྱི་སྐོར་རེད་འདུག རྒྱ་ཆེའི་དྲྭ་གྲོགས་ཚོས་ཞིབ་པར་གཟིགས་དང་། གནས་ཚུལ་ཁག་གཅིག་ལ་ཞིབ་འཇུག་ཚད་ལྡན་བྱས་པའི་བརྒྱུད་རིམ་འཁྲོད། ཁུངས་བཙན་དང་ཆ་འཇོག་འོས་པའི་གནད་དོན་ཁག་གཅིག་རྙེད་འདུག་ལ་ཁ་གསལ་དང་ལྡན་པའི་ཐོགནས་་བྲིས་འདུག
    བརྩམས་ཆ་དེ་ལས་རྩིས་ཁྲིའི་སྐོར་རོབ་ཙམ་བྲིས་འདུག འོན་ཀྱང་ད་བར་མི་མང་པོས་བློ་སེང་ལ་རྩིས་ཁྲ་ཡོད་ན་སྟོན་རོགས་གནང་ཅེས་ཡང་ཡང་འབོད་སྐུལ་བྱས་ཡོད། འབོད་སྐུལ་བྱས་ཡོད་ནའང་ད་བར་ལན་ཙམ་ཡང་རྒྱབ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme