Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསོ་རིག་གསར་འཕྲིན། ༢༠༠༩ དགུན་ཁའི་འདོན་ཐེངས།

Posted on 2009-02-062009-02-06 By གཡང་འབུམ་རྒྱལ་ 22 Comments on གསོ་རིག་གསར་འཕྲིན། ༢༠༠༩ དགུན་ཁའི་འདོན་ཐེངས།

sorig-newsletter-2009-winter-issue

གསོ་རིག

Post navigation

Previous Post: ཕྱི་སྡོད་རྒྱ་རིགས་ཤེས་ལྡན་པ་ཁག་ཅིག་གིས་བོད་དོན་ཐད་ཀྱི་ལྟ་ཚུལ༼ཁག་གཉིས་པ༽
Next Post: གོར་གོར

Comments (22) on “གསོ་རིག་གསར་འཕྲིན། ༢༠༠༩ དགུན་ཁའི་འདོན་ཐེངས།”

  1. ཀླུ་སྨྱོན། says:
    2009-02-06 at 9:32 pm

    ཐུགས་རྗེ་ཤིན་ཏུ་ཆེ། ཤོག་ལྷེ་གཉིས་གསུམ་ལས་མེད་པའི་གསར་འཕྲིན་དེས་མི་ཚེ་གཅིག་གི་མདུན་ལམ་ལ་ཕན་ཐོགས་ཆེན་པོ་འདུག འདི་ལྟ་བུའི་སྟབས་བདེའི་གསོ་རིག་ཤེས་བྱ་ངོ་སྤྲོད་གང་མང་ཞིག་གནང་རོགས། བོད་མི་རིགས་ལ་གསོ་རིག་ལག་ལེན་གྱི་ཉམས་མྱོང་དང་གོམས་གཤིས་དཀོན་པས། ས་ཆ་གང་ཞིག་ཏུ་བསླེབས་ན་ཡང་ཤ་ཚིལ་ལ་རྔམས་པའི་ལུགས་སྲོལ་འདི་སྒྱུར་ཐུབ་ཀི་མེད་པ་དངོས་མཐོང་ཡིན་པ་དང་། སྐད་རིགས་ཀྱི་རྐྱེན་གྱིས་ནུབ་ལུགས་སྨན་པ་དག་གི་ལམ་སྟོན་ལ་ཤར་སྐྱོད་བྱེད་མི་ནུས་པས། རང་སྐད་གཙང་མ་ཞིག་གི་ལམ་ནས་འདི་འདྲའི་མི་ཚེའི་བསླབ་བྱ་གནང་བ་ངོ་མ་དགའ་བསུ་ཞུ་དགོས་པ་ཞིག་རེད།

  2. ཀླུ་སྨྱོན། says:
    2009-02-06 at 9:37 pm

    ང་རང་ལྟ་བུར་མཚོན་ན་འཇར་པན་གྱི་སུའུ་ཞི་ཟེར་བའི་ཉ་ཤ་རྗེན་པ་དེར་གོམས་ཚར་བས། དབྱར་ཁ་རེ་རེ་བཞིན་སྒོར་མོ་ཚོ་དེ་ལ་བསྟིམས་པ་ཡིན། སྔོན་མར་ཉིག་ཡོར་གྱི་ཧྥུ་ལ་ཞིན་རྒྱ་མིའི་གྲོང་བརྡལ་གྱི་བཞི་མདོའི་ཁ་གཏད་དུ་ཡོད་པའི་རྒྱ་མིའི་ཟ་ཁང་ཐོག་བརྩེགས་གཉིས་པ་དེར་ཉི་མ་རེ་བཞིན་སུའུ་ཞི་རྐྱང་རྐྱང་ཟོས་པས། གྲོགས་པོ་ཨ་མདོ་དང་ཁམས་པ་ཚོ་སུའུ་ཞི་མི་ཟ་བའི་སྟེང་དུ་ང་ལ་ཧ་ལས་ཀྱིན་འདུག གང་ལྟར་འཇར་པན་གྱི་སུའུ་ཞི་ནི་གཟུགས་ཁམས་འཕྲོད་བསྟེན་ལ་ཤིན་ཏུ་ཕན་པ་ཆེ་བ་ཞིག་ཡིན་པ་གང་ཞིག་ལ། ལག་གི་སྒོར་རྡོག་ཚོ་རྩ་མེད་གཙང་དག་བཟོ་བར་ཡང་དེ་ལས་ཐུ་བ་ཞིག་མི་འདུག ཕྱོགས་གཅིག་ནས་ངས་ནམ་ཞིག་གླང་ཤ་ལུག་ཤ་ཚིལ་བུ་ཡོད་པ་ཞིག་ཟོས་ཚེ་ཉིན་གང་བོར་མགོ་ན་ནས་རེ་བ་མི་འདུག

  3. ཀླུ་སྨྱོན། says:
    2009-02-06 at 9:41 pm

    ང་མི་གཅིག་གིས་མི་ཚེ་གང་བོར་ཤ་ཟོས་པ་དེ་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྤུངས་པ་ཡིན་ན་གློག་བརྙན་ཁང་ཆེན་པོ་ཞིག་ཁེངས་བསྡད་ཡོད་ངེས་ཡིན་པས། བོད་མི་ས་ཡ་དྲུག་པོས་བཞེས་པའི་ཤ་ཚིལ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ན་འབྲུག་ཡུལ་ལྟ་བུའི་ལུང་པ་ཆུང་ཆུང་ཞིག་དེའི་འོག་ཏུ་ནུབ་འགྲོ་ས་མ་རེད་དམ། འདང་རེ་བརྒྱབ་ན་སྐྲག་གི་འདུག ཤ་རེ་མཐོང་ན་བརྗེད་ཀི་འདུག

  4. ཀླུ་སྨྱོན། says:
    2009-02-06 at 9:41 pm

    མ་རྒན་སེམས་ཅན་སྙིང་རེ་རྗེ། མ་ཎི་ཆ་རེ་འདོན་གིན་ཡོད།

  5. ཀླུ་སྨྱོན། says:
    2009-02-06 at 9:42 pm

    ཆོས་འདོན་རེས་སྡིག་པ་གསོག་རེས་རེད། མི་མགོ་ནག་ཅིག་གི་སྐྱེ་བ་རེད།

  6. དགེ་འདུན་རབ་གསལ་ says:
    2009-02-06 at 10:41 pm

    ཨ་རོགས་གྲོགས་པོ་ལགས།

    གཏུམ་མོའི་རྣལ་འབྱོར་གྱིས་ཚིལ་འདི་ཚོ་མི་འཇུའམ། སྐམ་ཤ་གཡུགས་ནས་ཉ་ཤ་ལ་འཇུ་བ་དེ་ང་ལ་ནི་མི་ཡོང་ཁོ་ཐག་རེད། རྩེད་མཚར་ཡིན།

  7. ཟླ་བ says:
    2009-02-06 at 10:53 pm

    ཤ་མ་ཟ་ཟེར་མཁན་བླ་མ་རེད། ཤ་ཚོན་པོ་ཟ་མཁན་ཡང་བླ་མ་རེད་ལོ།

  8. yangbum says:
    2009-02-07 at 1:21 am

    ཤ་ནི་སྐམ་ས་དང་རླན་ཆུ། དེ་གཉིས་ཀར་གནས་པའི་སེམས་ཅན་ནས་ཡོང་གི་གི་ཡོད།  སྐམ་སའི་ཤ་ནི་གཡག་ལུག་ར་གླང་བྱ་དེ་ལྟ་བུ་དང། ཆུ་གནས་ཤ་ནི་ཉ་དང་ཆུ་སྲིན་སོགས། དེ་གཉིས་ཀར་གནས་པ་ནི་ངང་པ་སྦྲུལ་སྦལ་རིགས་ཁ་ཤས་ཡིན། སྤྱིར་སྐམ་སའི་ཤ་ལས་ཆུ་གནས་ཤ་གཙང་ཞིང་དྲི་མས་མ་གོས་པ་ཞིག་ཡིན། 

    ཨ་རིའི་ནང་གི་ཟས་རིགས་ཕལ་ཆེ་བ་མ་རྨོས་ལོ་ཏོག་དང་འབྲེལ་ནས་ཡོད། འདི་གར་འདེབས་བཞིན་པའི་མ་རྨོས་ལོ་ཏོག་ལ་རིགས་གཉིས་ཡོད་པར་གཅིག་མིས་ཟ་ཆོག་པའི་མངར་མོ་མདོག་སེར་པོའི་རིགས་དང་གཞན་དེ་སེམས་ཅན་ལ་སྟེར་བའི་མཁྲེགས་པོ་ནག་ཞད་འདྲེས་པ་དེ་ཡིན། མ་རྨོས་ལོ་ཏོག་དེ་ཚོ་ལ་སྨན་རྫས་བརྒྱབ་སྟེ་སྐྱེ་མགྱོགས་ལ་འབྲས་བུ་ཡང་ཐོན་ཆེ།  དེ་བས་དེང་དུས་ཀྱི་རྩག་རྩིག་ཟས་རིགས་དང་ཀ་ར་བཅོས་མ་མང་པོ་མ་རྨོས་ལོ་ཏོག་ནས་བཟོ་གི་ཡོད་པ་དང་། ཤའི་ཡོང་ཁུངས་གླང་དང་བྱ་དེ་ཐམས་ཅད་ལ་འཕེལ་ཁ་མགྱོགས་ཆེད་མ་རྨོས་ལོ་ཏོག་མཁྲེགས་པོ་དེ་སྤྲོད་གི་ཡོད།  དེང་སང་མི་མང་པོ་རང་བྱུང་ཟས་རིགས་ལ་དགའ་ཁ་འཁྱེར་བ་དང་དེ་རིགས་ཚོང་བྲིན་ཆེ་བ་ཡང་དེའི་རྐྱེན་ཡིན།  དེང་སང་ང་ཚོས་ཟ་བཞིན་པའི་སྐམ་གནས་ཤ་དེ་ཚོ་རྫས་དྲི་འགོས་ཏེ་ཡོད་པས་ནད་རིགས་མང་པོ་ཞིག་དེ་ནས་ཡོང་གི་ཡོད་་པ་ཚན་རིག་པས་བཤད།

    ངས་དེ་སྔ་ Fast Food Nation དེབ་ཅིག་ཀློག་མྱོང་།  དེ་ཀློག་པས་ཨ་རིའི་ཤ་དང་ཟས་རིགས་སྐོར་ཞིག་གི་ཐོན་ཁུངས་བཟོ་ལུགས་དམར་རྗེན་དུ་མཐོང་ཐུབ། ཡང་མིན་ Super size me ཟེར་བའི་ཝི་ཌོ་ལ་བལྟ་རོགས། དེས་ Mcdonald’s མགྱོགས་ཟས་ཟ་ཁང་དེའི་ཟས་རིགས་སྐོར་སྟོན་ངེས།

    ཀླུ་སྨྱོན་ལགས་སུའུ་ཞི་ལ་དགའ་བ་རྒྱུ་མཚན་ཡང་དག་ཡོད། ཉ་ཤ་ལུས་ལ་འཕྲོད་ཞིང་ཕན་ཆེ། 
    གཞནའཇའ་པན་ཆོས་འབྱུང་དུ།  དེ་སྔ་ནང་པའི་གྲྭ་བ་ཞིག་སྒྲུབ་པ་ཉམས་ལེན་ལ་འབད་དྲགས་པས་ཟས་ཆད་ཟུངས་ཟད་ལ་ཐུག་སྟེ་ཟས་བཙལ་བས་ཉ་རིགས་མ་གཏོགས་མ་ཐོབ་པས་ཉ་བཟུང་ན་སྲོག་ལེན་པ་ཞིག་མིན་པར་བསམས་ཏེ་ཉ་་ཤ་ཟོས་ཆོག་པའི་ལུགས་སྲོལ་ཞིག་བཟོས་པ་ཡིན་སྐད།  ནུབ་ཕྱོགས་པས་ཉ་ཤ་ཤ་རིགས་ལ་མི་བརྩི་བ་ཡང་དེ་ལ་འབྲེལ་བ་མེད་དམ་སྙམ།

  9. ཀླུ་སྨྱོན། says:
    2009-02-07 at 2:45 pm

    གཡང་འབུམ་ལགས་ནས་བརྗོད་པ་དེ་རང་རེད། སུའུ་ཞི་ཟོས་ནས་གྲོད་པ་ན་བ་ཞིག་དྲན་གྱི་མི་འདུག དེ་བཞིན་སུའུ་ཞི་བཟའ་དུས་དེ་དང་མཉམ་དུ་ཡོད་པའི་སྔོ་ཚོད་ཅིག་གིས་བཟོས་པའི་སྡོར་ཁ་ཚ་མདོག་ལྗང་དེས་ངོ་མ་ཀླད་པའི་སྤྱི་གཙུག་ནས་དུ་བ་ལྗང་ཁུ་ཞིག་འཐུལ་བཞིན་ཡོད་པའི་ཟ་འཕྲུག་ཅིག་སྟེར་གི་འདུག་པས། དེ་ཡང་མགོ་འབུ་ཆ་རེར་གནོད་སྤྱད་ཅིག་ཡིན་ན་གང་ཤེས་མ་གཏོགས་ཚོར་བ་སྐྱིད་པོ་ཞིག་རེད། སུའུ་ཞི་ཟ་མཁན་ཞིག་ཡིན་ཕྱིན་སྡོར་ལྗང་ཁུ་དེ་མི་ཤེས་མཁན་ཨེ་ཡོད།

  10. ཀླུ་སྨྱོན། says:
    2009-02-07 at 2:46 pm

    ངས་ཉ་ཤ་རྗེན་པ་ཟ་བའི་རྒྱུ་མཚན་ཆེན་པོ་གཅིག་ནི་ངའི་མིག་ཤེད་སྐྱོ་བས་དེ་གསོ་ཕྱིར་ཡང་ཡིན།

  11. ཀླུ་སྨྱོན། says:
    2009-02-07 at 2:54 pm

    སྔོ་ཚོད་འདི་ཚོ་འདེབ་སྐྱོང་བཀོག་གསུམ་གྱི་སྐབས་སུ་འབུ་ཕྲ་གྲངས་མེད་ཅིག་གི་ཚེ་སྲོག་འཕྲོགས་ཡོད་པར་བསམས་ན། སྔོ་ཚོད་དང་ཤ་གཉིས་ལ་ཁྱད་པར་དེ་ཙམ་མཐོང་མ་སོང་། འདུལ་བ་ལས་ཀྱང་རབ་བྱུང་བས་ཁྲོམ་ནས་ཉོས་པ་དང་གཞན་གྱིས་སྤྲད་པའི་ཤ་ཟོས་ཆོག་པ་གསལ་བོ་གསུངས་འདུག རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བའི་ནང་ན་ཡོད་བསམས། བོད་དུ་བསླེབས་པའི་རབ་བྱུང་བའི་སྡོམ་རྒྱུན་འདི་དང་བྱང་བརྒྱུད་སྡོམ་རྒྱུན་མི་འདྲ་བའི་ཁྱད་པར་གྱིས་རབ་བྱུང་བས་ཤ་ཟོས་ཆོག་དང་མི་ཆོག་གི་སྐོར་ལ་ད་དུང་དོགས་པ་ཡོད་བཞིན་པ་རེད། ཡིན་ན་ཡང་བོད་བརྒྱུད་འདུལ་བ་ན་ཤ་ཡི་སྐོར་འདི་ཧ་ཅང་གསལ་བོར་གསུངས་འདུག་པས། བོད་པའི་གྲྭ་བཙུན་ཚོས་ཁྲིམས་མེད་ལུགས་མེད་བྱས་པ་ཞིག་རེད་མི་འདུག ཡིན་ན་ཡང་ཤ་ཟ་དུས་ཀྱི་ཀུན་སློང་དེ་ནི་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། རྒྱགས་ཕྱིར་མ་ཡིན་ལུས་གནས་འབའ་ཞིག་ཕྱིར། །ཞེས་པ་ཞིག་ངེས་པར་དུ་དགོས་ས་རེད།

  12. ཟླ་བ says:
    2009-02-07 at 3:46 pm

    ཨ་ལགས་ཀླུ་སྨྱོན་ལ་དྲི་བ་ཞིག་ཡོད། ཁྱོད་ཀྱི་མིག་ཟུང་གསོ་ཕྱིར་ཉ་མྱིད་ཀིན་ཡོད་ན། ཁྱོད་ཀྱིས་ཉ་མ་མྱིད་གོང་ལ་ཉའི་ཚེ་སྲོག་དང་རང་དབང་སྐོར་ལ་བསམ་བློ་བཏང་ཨེ་མྱོང་། དྲང་མོར་བཤད་ན་ཁྱོད་ཀྱིས་ཉ་དང་ཤ་ཟ་བ་ནི་རང་གི་ཁ་ལྟོ་ཁོ་ནའི་ཆེད་ཡིན་བཞིན་དུ་རྒྱགས་ཕྱིར་མ་ཡིན་ལུས་གནས་འབའ་ཞིག་ཕྱིར་ཟེར་ནས་ལུང་དྲངས་ཡོང་བ་ནི་རང་མགོ་རང་གིས་བསྐོར་བ་ཅི་ལ་མིན།

  13. མགོན་པོ་ཕྱག་གཉིས་པ། says:
    2009-02-08 at 12:51 am

    ཁྱེད་རང་གི་ཆུ་བུར་གི་མིག་འབྲིབ་པའི་རང་བཞིན་ཅན་ཐེབས་ཆག་དེ་གཉིས་གི་ཆེད་ལ། རང་དབང་གི་ཆེད་རང་དགར་རྩེན་པའི་ཚེ་སྲོག་ཅི་འདྲ་མང་པོ་ཅིག་གི་སྲོག་འཕྲོག་འདུགཨང་།

  14. ཀླུ་སྨྱོན། says:
    2009-02-08 at 12:53 am

    འདིའི་སྐབས་ཀྱི་རྒྱགས་ཕྱིར་མ་ལགས་ཞེས་པ་དེ་ལུས་པོ་རྒྱགས་པ་ཆགས་པའི་ཆེད་དུ་དམིགས་པ་ཞིག་ལ་གོ་དགོས་པ་རེད་བསམས། གྲོད་ཁོག་འགྲང་བའམ་བརྒྱག་པ་ཞིག་གི་ཆེད་དུ་ཟ་བ་སྟོན་པས་བཀག་ཡོད་ཀྱི་མ་རེད་བསམས། ཡིན་ན་ཡང་ཟས་ཀྱིས་གྲོད་ཁོག་གི་སུམ་གཉིས་ཁེངས་པ་ཞིག་ཀྱང་གསུང་གིན་འདུག་པས་གྲོད་ཁོག་བརྒྱགས་ནས་དགྱེ་སྒུར་མི་ཐུབ་པ་ཞིག་ཟོས་ན་གཟུགས་གཞི་བདེ་ཐང་དང་སྒོམ་སྒྲུབ་སློབ་གཉེར་སོགས་ཀྱི་གེགས་སུ་འགྲོ་བས་དེ་ཙམ་ཡང་མི་རུང་བ་འདྲ། ངས་ཉ་ཤ་ཟ་བ་དེ་ངའི་གྲོད་ཁོག་བརྒྱག་པའི་ཆེད་དུ་ཡིན། ངའི་གཟུགས་པོ་རྒྱགས་པ་ཆགས་པའི་ཆེད་དུ་མ་ཡིན། འདི་གཉིས་ལ་ཁྱད་པར་ཞིག་ཡོད་པ་རེད་ལགས། གང་ལྟར་འདི་ཚོ་བརྩད་ན་ཕན་ཐོགས་ཅང་ཨེ་ཡོད།

  15. མགོན་པོ་ཕྱག་གཉིས་པ། says:
    2009-02-08 at 1:25 am

    ཁྱེད་རང་གི་གྲོད་ཁོག་རྒྱགས་པ་ཙམ་གི་ཆེད་སྲོག་འཕྲོག་པ་དེ་ང་ཚོའི་ལས་དབང་རེད།

  16. ཀླུ་སྨྱོན། says:
    2009-02-08 at 2:02 pm

    ཡིན་ན་ཡང་བོད་པ་སྐྱ་སེར་གཉིས་ཀས་དེང་སང་ཧབ་ཐོབ་བྱེད་སའི་བྱ་ཤ་དེ་ང་ལ་གཏན་ནས་ཟ་འདོད་མི་འདུག གཞན་བོད་གདོང་དམར་ཤ་གཟན་སྲིན་པོའི་རྒྱུད་པ་ཞིག་ཏུ་སྐྱེས་པས་རེ་ཞིག་བྱ་ཐབས་མི་འདུག སྤྱིར་ན་ཆོས་ལུགས་དང་ཚན་རིག་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་བཞིན། ཟས་གང་ཞིག་ཟོས་ཀྱང་དེའི་ནང་དུ་འབུ་ཕྲ་གྲངས་མེད་འདུག་ལ། ཆུ་གང་ཞིག་འཐུངས་ཀྱང་དེའི་ནང་དུ་ཡང་འབུ་ཕྲ་གྲངས་མེད་ཅིག་འདུག་པས། སྐྱེས་མ་ཐག་ཁ་བཙུམས་ནས་ཤི་རྒྱུར་བསྒུགས་བསྡད་ན་མ་གཏོགས་སྡིག་པ་མེད་པའི་བཟའ་བ་དང་བཏུང་བ་ཞིག་གང་ན་ཡོད་དེ་མི་འདུག་གོ། གཞུང་ལས། སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །ལུས་ཀྱི་ཟོ་མདོག་རྒྱས་པར་མཛད་དུ་གསོལ། །ཞེས་པའི་སྡིག་པ་མེད་པ་དེ་ནི་སྲོག་ཆགས་དེ་རང་གི་ཆེད་དུ་བསད་པའི་མཐོང་ཐོས་དོགས་གསུམ་སྟེ་རྣམ་གསུམ་དང་བྲལ་བའི་ཤ་ཞིག་དང་། ཡང་ན་རང་གིས་གཞན་ནས་བརྐུས་པ་མ་ཡིན་པ་ཙམ་ཞིག་ལ་གསུངས་པ་ཡིན་ནམ་སྙམ།

  17. ÇtôzÅ-q- says:
    2009-02-08 at 10:09 pm

    ྐླུ་སྨྱོན་ལགས། ཁྱེད་ཉ་ཤ་ལ་དགའ་བ་ལ་བལྟས་ན་ཁྱེད་ཏེ་ལོ་པའི་སྤྲུལ་སྐུ་འདྲ་མ་ཡིན་ནམ། ཏེ་ལོ་པས་ཀྱང་ཉ་བསད་ཅིང་མེར་བསྲེགས་བཏང་ནས་གསོལ་རྒྱུར་མཉེས་པོ་ཡོད་སྐོར་ཞིག་མི་འདུག་གམ། ཉི་ཧོན་པའི་ཉ་ཤ་རློན་དྲིལ་གྱི་ཟས་རིགས་འདིའི་མཉམ་དུ་ཡོང་བའི་སྤོད་ཁ་སྣ་ཚ་བ་འདི་མིང་ལ་ཉི་ཧོན་གྱི་ཧོར་སི་ར་སྒྲི་ཤི་ཡིན་ནམ་ཅིག་ཟེར་གྱིན་འདུག ཉི་ཧོན་གྱི་རྟ་ཡུང་ཞེས་བསྒྱུར་ན་ག་འདྲ་འདུག

  18. ཀླུ་སྨྱོན། says:
    2009-02-09 at 1:32 am

    དེ་ཟ་མ་མྱོང་མཁན་ཚོས་སྡོར་སྔོན་དེ་ལ་ཚོད་ལྟ་ཞིག་གྱིས་དང་། ངོ་མ་ཚོར་སྣང་ཞིག་ལ་རྐུབ་ནས་དུ་བ་ལྗང་ཁུ་ཞིག་འཕྱུར་ཡོང་གིན་ལོས་ཡོད་བསམས་པ་ཞིག་འདུག་གོ །

  19. yangbum says:
    2009-02-09 at 11:20 pm

    བོད་སྨན་གཞུང་གི་བཟའ་བཏུང་རིག་པའི་ཆ་ཤས་ཤིག་ནི། གོམས་པའི་ཟས་ནི་ནམ་ཡང་གནོད་མི་འགྱུར་ཞེས་བཟའ་ཆས་གང་ཞིག་མི་གང་ཞིག་གི་འཇུ་བྱེད་མ་ལག་ལ་ཡུན་རིང་གོམས་འདྲིས་སུ་གྱུར་ཡོད་ཚེ་དེ་ཡིས་ལུས་ཀྱི་བདེ་ཐང་ལ་མི་གནོད་ཅིང་ལུས་གནས་པའི་རྒྱུ་བྱེད་པ་ཡིན།  ཡིན་ནའང་ཚད་མེད་རྒྱས་ཟ་རྒྱས་འཐུང་དང་བསྟེན་དྲགས་པས་ལུས་མི་བདེ་བའི་རྒྱུ་བྱེད།

    ཟས་སྐོམ་མི་འཕྲོད་པ་གང་ཞིག་གསར་དུ་བསྟེན་འདོད་ཚེ།  ཟས་ཐུན་གཅིག་དང་ཉིན་ཞག་གཅིག་ནང་མང་ཟ་མང་འཐུང་བྱེད་མི་རུང་བར་ཉིན་རེ་བཞིན་ཉུང་ནས་མང་དུ་གཏོང་བཞིན་ཟ་འཐུང་བྱེད་དགོས་པ་ཡིན། འཕྲོད་པ་གང་ཞིག་སྤང་དགོས་གྱུར་ཚེ་ཟས་ཐུན་གཅིག་དང་ཉིན་ཞག་གཅིག་ནང་རྦད་དེ་གཅོད་མི་རུང་བར་ཉིན་ནས་ཉིན་བསྟུན་མང་ནས་ཉུང་དུ་བཏང་སྟེ་རིམ་བཞིན་རིང་དུ་གཏོང་དགོས་པ་ཡིན།

    སུའུ་ཞི་བཏུམས་པའི་ཕྱི་ཤུན་ནི་མཚོ་རྩྭས་བཟོས་པ་ཡིན་ལ་དེའི་ནང་ཚུའུ་བརྒྱབ་པའི་འབྲས་བཙོས་དང་ཉ་ཤ། སྔོ་ཚ། སྒོ་ང་་འདྲ་མིན་བཅུག་སྟེ་སུའུ་ཞི་ཟས་རིགས་འདྲ་མིན་བཟོ་གི་འདུག  སྣ་ཁུང་ནས་ཡར་ཐོད་དཀྱིལ་ནས་ཙག་ཙག་གཏོང་བྱེད་དེའི་སྡོར་སྐྱོ་མ་ལྗང་ཁུ་འཇའ་པན་དུ་ཝ་ས་སྦིས་དང་ཨ་རིར་ཧོར་སི་ར་ཌི་ཞི་གཉིས་ཀྱི་རྩ་བ་དང་ཡུངས་ཀར་བཅས་ནས་བཟོ་གི་ཡོད། ཝ་ས་སྦིས་ངོ་མར་དེང་སང་རྒྱ་མ་གང་ལ་ཨ་སྒོར་༡༠༠་རེ་ཡིན་སྐད། ཝ་ས་སྦིས་དེ་ཇེ་དཀོན་དང་གོང་ཆེ་དྲགས་རྐྱེན་ཨ་རིའི་ཧོར་སི་ར་ཌི་ཞི་དེ་སྤྱོད་ཆེ། སུའུ་ཞི་ཟ་མཁས་ཤིག་ཡིན་ཚེ་ཟ་ཁང་ནས་ཝ་ས་སྦིས་ཡིན་ནམ་ཧོར་སི་ར་ཌི་ཞི་ཡིན་ཞེས་ཟས་ཞབས་ལ་སྐད་ཆ་འདྲི་དགོས།  གོང་གི་སྔོ་དེ་གཉིས་ཀྱིས་ལྕེ་ངོས་ལ་ཚ་ཚོར་མི་སྟེར་བར་སྣ་ཁུང་བརྒྱུད་ཡར་ཐོད་དཔྲལ་བའི་རྩ་ལམ་ལ་ཚ་འཁྱུག་ཕོག་ཐུག་གཏོང་བའི་སྔོ་ཁྱད་པར་བ་ཞིག་རེད།  དེ་ལ་ཚོན་བརྒྱབ་སྟེ་ལྗང་མདོག་བཟོས་པ་རེད།  ཧོར་སི་ར་ཌི་ཞི་དེ་གཅིན་ལམ་གཉན་ཚད་དང་གློ་སྦུག་གཉན་ཚད།  ཡ་མ་སྣ་འགག་བཅས་ལ་ཕན་པར་བཤད། 
    བོད་པ་མང་པོ་ཞིག་གིས་སུའུ་ཞི་བཟོ་ལས་ནང་ལས་ཀ་བྱེད་ཀྱིན་ཡོད་པས་དེའི་རིགས་ལ་རྒྱུས་མངའ་ཧ་ཅང་ཆེ།

    སྤོབས་པ་ལགས་ཀྱིས་ཧོར་སི་ར་ཌི་ཞི་ལ་ཉི་ཧོང་གི་རྟ་ཡུང་ཞེས་བསྒྱུར་ན་ལེགས་ཟེར་བས། དེ་མི་ལེགས་པ་མི་འདུག་མོད། དེ་སྔོན་འགྲོའི་དཔྱད་གཞི་ཞིག་རེད།  སྤྱིར་ཝ་ས་སྦིས་དང་ཚོད་མ་མགོ་ལོག་གམ་ལོ་འཁོར་པད་ཚལ། ཡུངས་ཀར་བཅས་ནི་རིགས་རྒྱུད་གཅིག་པའི་སྔོ་ཚལ་ཡིན།  དེ་བས་རྟ་ལ་ཚོད་དམ་རྟ་ཡུངས་ཞེས་བསྒྱུར་ན་ག་འདྲ་འདུག

  20. ཀླུ་སྨྱོན། says:
    2009-02-10 at 1:38 pm

    གང་ལྟར་དེ་ཟ་རྒྱུ་མང་དྲགས་ན་མགོ་འབུ་ཚང་མ་ཤི་ཚར་ནས་ཉིན་ཞིག་མགོ་ནང་ལ་ནག་ཐོམ་ཞིག་ལོས་ཆགས་བསམ་པའི་སེམས་ཁྲལ་འཐོལ་བ་རེ་ཡང་འདུག དེ་ནི་ངའི་ཕ་ཡུལ་གྱི་འབྲོག་པ་ཚོས་དཔྱིད་ཀར་ལུག་གི་སྣ་ནང་ནས་སྒོག་ཆུ་བླུགས་ཏེ་མགོ་འབུ་གསོད་སྟངས་འདྲ་བོ་ཞིག་རེད། ཡ་མ་དཀར་ནག་ཁྲ་གསུམ་ནི་མགོ་འབུའི་རིགས་ཤིག་ཡིན་རབས་འདུག་པས། མགོ་འབུ་དེ་ཚོ་སྙིང་རེ་རྗེ། རྟ་ཡུང་སྔོ་སྡང་ཁ་ཏིག་ཆེ།

  21. བློ་གྲོས་རྣམ་རྒྱལ། says:
    2009-05-12 at 3:55 pm

    གྲོགས་གཡང་འབུམ་ལགས་འདི་ནས་མཇལ་པར་དགའ་པོ་བྱུང་། ཉིད་ཀྱི་གསོ་རིགས་དུས་དེབ་ཧ་ཅང་ཡག་པོ་ཡོད་པ་འདྲ། དེ་སྔོན་འདི་གར་ཁ་ཤས་ཤིག་གཏོང་གི་ཡིན་གསུངས་པ་ད་ལྟའང་འབྱོར་མ་བྱུང་། བཏང་མེད་པ་ཡིན་ནམ། མང་པོ་མི་དགོས་ཀྱང་། རེ་ཟུང་ཞིག་འདི་ཁུལ་གཏོང་གནང་ཐུབ་ཚེ་འགྲོ་དོན་གང་ཙམ་ཡོང་ངེས་རེད།

  22. yangbum says:
    2009-05-13 at 12:46 pm

    གྲོགས་བློ་གྲོས་ལགས།  རེད་ཡ།  ཁ་བརྡ་དྲ་དེབ་ནས་གསུང་མཇལ་བྱུང་བར་སྤྲོ་བས་བརྟས།  དེ་སྔ་གསོ་རིག་གསར་འཕྲིན་ཡོ་རོབ་ཁུལ་དུ་འགྲེམ་སྤེལ་བྱེད་རྩིས་ཀྱིས་ཉིད་ལ་བསྐུར་གྲབས་བྱས་མོད། ཁ་བྱང་མ་རེག་པའམ་ཅི་ཞིག་གི་རྐྱེན་པས་ད་བར་ལྷག  ད་ལོའི་དབྱར་ཁའི་འདོན་ཐེངས་སླེབས་ཉེར་ཡོད་པས་ཉིད་ལ་བསྐུར་ཡོང་ངེས། ཉིད་ཀྱི་ཡིག་འབྲེལ་ཁ་བྱང་ཞིག་བསྐུར་རོགས་གནང་།   

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme