Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་ལ།

Posted on 2011-02-17 By དབང་ཕྱུག་ 5 Comments on ༸གོང་ས་མཆོག་ལ།

མྱི་ལྟིག

རྫ་རི་མཐོན་པོའི་ཉག་ཁ་བརྒྱུད་དུས་ཁྱེད་ནི་བྲེ་སེར་འབྲོང་རྒོད་ཅིག།
རྒྱ་རྫོང་ནགས་ཀྱི་རྐང་ལམ་བརྒྱུད་དུས་ཁྱེད་ནི་དམར་ཡག་སྟག་རྒོད་ཅིག།།
སྤང་ཐང་ཡངས་པོའི་ཞེང་ཁ་བརྒྱུད་དུས་ཁྱེད་ནི་ཅང་ཤེས་རྟ་རྒོད་ཅིག།།
ས་ཡ་དྲུག་གི་སེམས་པའི་དཀྱིལ་ན་ཁྱེད་ནི་མར་མེ་ཚེ་འབར་ཞིག།།

དྲིན་ཆེན་ཕ་མའི་དད་འདུན་ཀློང་ན་ཁྱེད་ནི་སྐྱོབ་པའི་ལྷ་ཆེན་ཞིག།།
བརྩེ་ལྡན་ཕུ་ནུའི་སེམས་པའི་སྒམ་ན་ཁྱེད་ནི་གསང་བའི་གླེགས་བམ་ཞིག།།
ན་མཉམ་གྲོགས་པོའི་སྙུ་གུའི་སྣེ་ན་ཁྱེད་ནི་སེམས་པའི་གཏད་སོ་ཞིག།།
ས་ཡ་དྲུག་གི་སེམས་པའི་དཀྱིལ་ན་ཁྱེད་ནི་མར་མེ་ཚེ་འབར་ཞིག།།

ཟླུམ་གཟུགས་གོ་ལའི་སྒལ་བའི་གཞུང་ན་ཁྱེད་ནི་སྟོན་པའི་དགེ་སློང་ཞིག།།
དུས་རབས་འདི་ཡི་འགྲན་རྩོད་ཁྲོད་ན་ཁྱེད་ནི་རྒྱུ་འབྲས་རྒྱ་མ་ཞིག།།
དམར་པོའི་མཚོན་ཆའི་ཁྲག་དྲོན་མདུན་ན་ཁྱེད་ནི་ཞུམ་མེད་དཔའ་བོ་ཞིག།།
ས་ཡ་དྲུག་གི་སེམས་པའི་དཀྱིལ་ན་ཁྱེད་ནི་མར་མེ་ཚེ་འབར་ཞིག།།

གངས་རིའི་བསྐོར་བའི་མུ་ཁྱུད་ཞིང་ན་ཁྱེད་ནི་འདི་ཕྱིའི་སྐྱབས་མགོན་ཏེ།།
ཕྱི་ནང་འགལ་རྐྱེན་ཚེར་མའི་གསེབ་ན་ཁྱེད་ནི་མགོ་ནག་འགོ་བ་སྟེ།།
ཕམ་ཉེས་འབུམ་གྱི་གྲུ་ཟུར་ཞིག་ན་ཁྱེད་ནི་སྤོབས་པའི་རྫ་རི་སྟེ།།
ས་ཡ་དྲུག་གི་སེམས་པའི་དཀྱིལ་ན་ཁྱེད་ནི་མར་མེ་ཚེ་འབར་ཞིག།།

ལྷ་ཀླུ་གཉེན་པོའི་སྡོང་གྲོགས་མི་མཁོ་ཁྱེད་ནི་བདག་གི་དངོས་གྲུབ་ཡིན།།
གདོན་འདྲེ་འགོང་བོའི་གནོད་པར་མི་སྐྲག་ཁྱེད་ནི་བདག་གི་བླ་མ་ཡིན།།
མུན་ནག་སྨག་གི་རྔམ་ཁར་མི་སྐྲག་ཁྱེད་ནི་བདག་གི་སྐྱ་རེངས་ཡིན།།
ས་ཡ་དྲུག་གི་སེམས་པའི་དཀྱིལ་ན་ཁྱེད་ནི་མར་མེ་ཚེ་འབར་ཞིག།།

༢༠༡༠ལོའི་ཟླ་༧ཚེས༦ཉིན་གསོག་སྒར་སློབ་གྲྭ་ནས།

སྙན་ངག

Post navigation

Previous Post: བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་།
Next Post: བརྩེ་འཕྲིན།

Comments (5) on “༸གོང་ས་མཆོག་ལ།”

  1. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-17 at 1:21 pm

    ཚིགས་བཅད་ག་མཐར་ཆིག་ཤད་བྱ།།

  2. བློ་ཡར། says:
    2011-02-18 at 10:19 am

    ཨ་ར མྱི་ལྟིག་ཁྱེད་ཚོའི་དགེ་རྒན་ཚོས་བོད་ཡིག་གི་ཤད་རྒྱག་སྟངས་ཁྲིད་ཀྱིན་ཡོད་ས་མ་ར། ཡང་ན་ཁྲིད་ཤེས་ཀྱི་མེད་པ་རེད་དམ། ཧཧཧཧཧ་སྐུ་རེ་ཡིན།
    ཤུགས་རྒྱོབས་དང་རྩོམ་ཡིག་ཡག་པོ་ཡོང་ས་མེད།

  3. བློ་ཡར། says:
    2011-02-18 at 10:34 am

    རིགས་མཐུན་ས་ཡ་དྲུག་གི་སེམས་ནང་གི་ངེས་དོན་གྱི་བླ་མ་༸གོང་ས་མཆོག
    ཁྱེད་ཀྱི་མཐུན་སྣང་གི་མཛད་པ་ཙམ་ཡང་ཇི་བཞིན་བརྗོད་པར་སུ་ཡིས་ནུས།

    སྙིགས་མའི་རང་མཚང་ཀུན་ནས་བརྡལ་དུས་ཁྱེད་སྐུ་མཚན་དཔེ་པདྨོ་བཞད།།
    གངས་ལྗོངས་འགྲོ་བ་བསོད་ནམས་རྒུད་དུས་ཁྱེད་ནི་བོད་མི་སྐྱོབ་པའི་གཉེན།།
    ཆོས་ལུགས་ཕན་ཚུན་དགྲ་ལྟར་ལྟ་དུས་ཁྱེད་ཀྱིས་མཐུན་ལམ་ཡང་དག་བསྐྲུན།།
    ཁྱེད་ནི་རྒུད་ཚོགས་རྨོངས་མུན་བསལ་བའི་འོད་སྣང་སྟོང་ལྡན་ཉི་གཞོན་ཞིག།

  4. བློ་ཡར། says:
    2011-02-18 at 10:44 am

    ཨ་རོ། སུ་ཡིན་ང་བློ་ཡར་གྱི་མིང་རྐུས་ནས་མྱི་ལྟིག་ལ་བསླབ་བྱ་དང་། ཀུ་རེ་རྩེད་མཁན་ཁྱེད་སུ་ཡིན།
    རྐུན་མ་ཁྱེད་ཀྱིས་བྲིས་པ་འདི་རེད་༼ཨ་ར མྱི་ལྟིག་ཁྱེད་ཚོའི་དགེ་རྒན་ཚོས་བོད་ཡིག་གི་ཤད་རྒྱག་སྟངས་ཁྲིད་ཀྱིན་ཡོད་ས་མ་ར། ཡང་ན་ཁྲིད་ཤེས་ཀྱི་མེད་པ་རེད་དམ། ཧཧཧཧཧ་སྐུ་རེ་ཡིན།
    ཤུགས་རྒྱོབས་དང་རྩོམ་ཡིག་ཡག་པོ་ཡོང་ས་མེད།༽

  5. མྱི་ལྟིག says:
    2011-02-19 at 5:03 pm

    བློ་ཡར་རྫུན་མ་ལགས།ང་ནོར་བ་མ་རེད།ངའི་དྲུང་ཡིག་རེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གང་ལྟར་རྗེས་ཕྱོགས་གཟབ་ནན་བྱེད་ཁོ་ཐག་ཡིན།ཁྱོད་ཀྱིས་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme