Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་གི་ཚིལ་ལུ།

Posted on 2011-02-15 By ཁ་བརྡ་ No Comments on སྙིང་གི་ཚིལ་ལུ།

ཐོར་རྒོད་པ་སྐྲན།
བར་ཐག་གིས་རྒྱང་ནས་རྒྱང་དུ་བཀྱེད་ཅིང་དུས་ཚོད་ཀྱིས་ཡུན་ནས་ཡུན་ལ་བདར་བའི་ངེད་གཉིས་ཀྱི་སེམས་ཁོང་གི་བདེ་དྲོད་ཉག་གཅིག་ནི་ཁྱེད་ཀྱིས་ང་རང་དྲན་ཞིང་ང་ཡིས་ཁྱེད་རང་གླེང་བཞིན་པའི་བར་སྐབས་འདི་ཡིན་ལ།རྨི་ལམ་འདི་དང་ཁེར་རྐྱང་གི་ཆོ་ལོས་ཡོངས་སུ་བསྡམས་པའི་གནས་སྐབས་འདིའི་རིང་ལ་ཁྱོད་ཀྱི་སྒོ་གསུམ་ངལ་བས་མ་གཙེས་པར་བདེ་མོ་ཡིན་ནམ།ངའི་སྙིང་གི་ཚིལ་ལུ་ལགས།
ངས་ནི་རང་གཉིས་ཀྱི་འདས་མ་ད་གསུམ་ལ་ཕྱིར་དྲན་ཅི་ལྟར་བྱས་ཀྱང་།རང་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་མནོ་བསམ་ག་འདྲ་བཏང་ཡང་།རང་གཉིས་ཀྱིས་འབད་འབུངས་དང་གྲུབ་འབྲས་ཀྱི་སྐྱེ་དངོས་རེ་རེས་འུ་གཉིས་ལ་ཡོད་ཚད་ར་སྤྲོད་བྱས་ཡོད་འདུག་ལ་ཐམས་ཅད་བདེན་དཔང་བྱས་ཡོད་པས།ནམ་ཡང་།རང་གཉིས་ཀྱི་བསམ་གཞིག་དང་རང་གཉིས་ཀྱི་རྟོག་བཏགས་ཁོ་ནས་རང་གཉིས་མི་བསླུ་བའི་ངེས་ཤ ེས་གསལ་ཐག་ཆོད་ཡོད།ངའི་སྙིང་གི་ཚིལ་ལུ་ལགས།
སྤྱི་ཚོགས་ཀྱི་འཁོར་ལོ་འདི་མགྱོགས་ནས་མགྱོགས་སུ་འཁོར་ཞིང་དུས་རབས་ཀྱི་ཁ་དོག་འདི་ཡང་ནས་ཡང་དུ་བརྗེས་ནའང་།མི་ཚོས་སྨོན་བཞིན་བའི་ཁོར་ཡུག་ཁོད་ཡངས་ཤིག་གམ།ཁང་བརྩེགས་བརྗིད་པོ་ཞིག རླངས་འཁོར་རྫིག་པོ་ཞིག་གམ་གློག་ཀླད་སྙིང་རྗེ་ཞིག ད་དུང་འཕྲུལ་ཆས་ཀྱི་ཁྱིམ་སྤྱོད་ཅ་ག་མང་པོ་མང་པོ་ཞིག་དང་འབོལ་ཁྲི་བདེ་མོ་དེ་དག་ནི་ངས་ཅི་ལའང་སྣང་གི་མི་འདུག ཐ་ན་ཁྱིམ་གཞི་དང་མི་ཚེ་ཞེས་པ་དེའི་ཟུར་གྱི་ཟུར་ཙམ་པ་ཞིག་ལས་ཅི་ཡང་སྣང་གི་མི་འདུག ངའི་སྙིང་གི་ཚིལ་ལུ་ལགས།
ངས་ནི་རང་གཉིས་ཀྱིས་གཉོར་ཞིང་སྐྱོང་བའི་བརྩེ་སེམས་ཀྱི་དཀར་ཡོལ་འབྲུག་མ་དེ་མ་འཇིག་ན། ངས་ནི་རང་གཉིས་ཀྱིས་འཚོ་ཞིང་བཀུར་བཞིན་པའི་ཕྱི་ཐག་གི་འོ་ཇ་མངར་མོ་དེ་མ་འཁྱགས་ན། ད་གཟོད།དེ་ནི་ཁྱོད་དང་ང་ལ་དབང་བའི་མི་ཚེའི་རྕེད་ར་གོར་མོ་དེ་ཡིན་ལ།ད་གཟོད།དེ་ནི་ཁྱོད་དང་ང་ལ་ཡོད་པའི་འཚོ་བའི་ཁྱིམ་གཞིས་དྲོན་མོ་དེའང་ལོས་ཡིན་སྙམ་ཡོད།ངའི་སྙིང་གི་ཚིལ་ལུ་ལགས།
དྲན་གདུང་གི་མནར་གཅོད་ཅི་ཙམ་ལྕི་བ་དེ་ཙམ་གྱིས་ང་ཡིས་ཁྱོད་རང་དམིགས་ཡུལ་ཞིག་ཏུ་བསམ་ཞིང་སྡུག་ཡུས་ཀྱི་རྨི་ལམ་ཅི་ཙམ་འཁྲུག་པ་དེ་ཙམ་གྱིས་ང་ཡིས་ཁྱེད་རང་ཧབ་ཐོབ་བྱེད་པར་བསམ་པས།ངའི་སྙིང་གི་ཚིལ་ལུ་ལགས། ང་ཡིས་ཁྱོད་རང་གང་དུ་མི་གཏོང་ཁག་ཐག་ཡིན།ཆུ་ཆེན་པོ་འདིར་གཡོ་སྐྱོམ་ཅི་ཙམ་ཆེ་ན་ཡང་ས་རྒོད་པོ་འདིར་རྡབ་གསིག་ག་འདྲ་རྒོད་ནའང།ཁྱོད་རང་ང་ཡི་འཇིག་རྟེན་ནས་འཚོ་དགོས་ལ་ཁྱོད་རང་ང་ཡི་སེམས་ངོགས་སུ་འཛུམ་དགོས་ཡོད།ངའི་སྙིང་གི་ཚིལ་ལུ་ལགས།
རྡུལ་ཕྲན་མཚོན་ཆ་དང་ཚན་རིག་གི་མངོན་རྟོགས་ཡོད་ཚད་།གློག་རྡུལ་འཕྲུལ་ཆས་དང་དྲ་རྒྱ་ཡིས་འཇིགས་སྐུལ་ཐམས་ཅད།ཐ་ན་རང་གི་རིག་གཞུང་དང་གཞན་གྱི་སྐད་རིགས།མཐོ་རིམ་སྲོག་ཆགས་འདིའི་ནང་བསམ་པའི་དཔལ་ཡོན་ནམ་སྐྱེ་འགྲོ་མིའི་རིགས་ཀྱི་ལྟ་སྤྱོད་ཡོད་ཚད་ཀྱང་ངེད་གཉིས་ལ་མཚོན་ན་སྦྱངས་གོམས་ཀྱི་རྟོགས་པ་ཧ་ཅང་དམན་པས།ཁྱོད་ནི་དཔེ་དེབ་ཀྱི་ལྟེབ་སྒྲིལ་མཐུག་པོའི་རྔམ་བརྗིད་ཁོ་ནར་ཉོབ་དོན་ཅི་ཡོད།ཁྱོད་ནི་སློབ་གྲྭའི་ཁོར་ཡུག་དོག་མོའི་སྒྲིག་གཞི་ཁོ་ནར་སུན་དོན་ཅི་ཡོད།ངས་ཀྱང་རང་ཉིད་ཀྱི་ཉེ་འཁོར་ཐམས་ཅད་ཤེས་བྱའི་ཁེངས་པ་ཐོས་ཡོད།ངས་འཇིག་རྟེན་གྱི་བྱ་བཞག་མ་ལུས་བསླབ་བྱ་ཡིན་པར་སྒོམ་ཡོད།ངའི་སྙིང་གི་ཚིལ་ལུ་ལགས།
ངས་ཀྱང་རང་ཉིད་ཀྱི་མགོ་བོ་འདི་དོན་མེད་དུ་སྐམ་པར་མི་བྱའོ།།རང་ཉིད་ཀྱི་སྐད་ཆ་འདི་བསམ་མེད་དུ་འཆལ་བར་མི་འགྱུར་རོ།།ཆེ་ས་ནས་སྤུར་རྒྱལ་བོད་པ་ཚང་གི་སླད་དུ།མདོར་ནའང་ཁྱོད་དང་ང་ཡི་ཁྱིམ་གཞི་དྲོན་མོ་དེའི་ཆེད་དུ།ངེད་གཉིས་ཀྱིས་ད་དུང་ཅི་ཡང་བསླབ་ཅིང་གང་ཡང་སྦྱངས་དགོས་སོ།།ངའི་སྙིང་གི་ཚིལ་ལུ་ལགས།
གཞན་དུ་ན་ཧ་ཅང་བློ་ཕམ་ཡིད་ཐང་མུག་ས་ཞིག་ལ་འདི་ག་རུ་སྐྱོ་མའི་འཚོ་བ་ཞིག་ལ་ནད་ཀྱི་ལྷན་པ་ཕོག་ཅིང་སྐྱུར་མོའི་ཚོར་བ་རེ་རེར་བཞན་དབང་དྲགས་པོས་བཙན་གྱིས་གཅུན་དུས།མཚམས་ལན་རེར་མགོ་བོ་འདི་ཐགས་སུ་དཔྱངས་ནས་ངུ་འདོད་ལ་སྐབས་ལན་རེར་སྐྲ་ལོ་འདི་དབྱིངས་སུ་ལྡེམ་བཞིན་དགོད་འདོད་ཨང་།ངའི་སྙིང་གི་ཚིལ་ལུ་ལགས།
ཡིན་ན་ཡང་།ངས།རང་ཉིད་ཀྱི་ཀླད་ཤུགས་སྟོབས་ལྡན་འདི་ལ་ཁེན་ནས་འུ་གཉིས་ཀྱི་འཚོ་བའི་ཀྱག་ཀྱོག་དང་ནད་ཡམས་ཡོད་ཚད་གནམ་སྔོན་པོའི་སྤྱན་སྔར་འདེབས་ངེས་ལ།ངས།རང་ཉིད་ཀྱི་ལག་ཟུང་ཟད་པོ་འདི་ལ་བརྟེན་ནས་འུ་གཉིས་ལ་བདེ་སྐྱིད་ཕོན་ཆེན་པོ་ཞིག་དང་དགོད་སྒྲ་མཐོ་དྲགས་པ་རེ་གང་ནས་ཀྱང་འཇུ་ཐུབ་པའི་དཔའ་གདེང་དང་ཡིད་ཆེས་ཆེན་མོ་ཡོད།ངའི་སྙིང་གི་ཚིལ་ལུ་ལགས་ཞེས་ཁྱོད་ཀྱི་སྙིང་སྡུག་ཚངས་སྲས་བཞད་པའི་རྡོ་རྗེ་ཡིས་སྤྱར་པ་དགེའོ།།
སླད་མར་ཡོད་ཚད་བཀྲ་ཤིས་པར་གྱུར་ཅིག་གུ། །།

རྩོམ་རིག

Post navigation

Previous Post: ཁ་སང་གི་རྨི་ལམ།
Next Post: གསལ་བསྒྲགས་བཀྲ་ཤིས་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme