Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine’s Story)

Posted on 2011-02-142011-02-14 By ཁ་བརྡ་ 10 Comments on བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine’s Story)

inp37
སྐལ་བཟང་ཉི་མས་བསྒྱུར།
ངས་རང་ཉིད་མཚམས་སྦྱོར་བྱེད་རྒྱུ་ཡིན། ངའི་མིང་ལ་བེ་ལན་ཁྲ་ཡན་(Valentine) ཟེར་ཞིང་། དུས་རབས་གསུམ་པའི་ནང་རོམ་དུ་འཚོ་སྡོད་བྱས། དེ་ནི་གནའ་སྔ་མོ་སྔ་མོ་ཞིག་རེད་ཨང་། སྐབས་དེར་རོམ་དུ་མིང་ལ་ཁུ་ལོ་སྒྲི་ཡ་(Claudius)ཟེར་བའི་རྒྱལ་པོ་ཞིག་གིས་དབང་སྒྱུར་བཞིན་ཡོད། ང་རྒྱལ་པོ་ཁུ་ལོ་སྒྲི་ཡ་ལ་མི་དགའ་ལ། དེའང་ང་གཅིག་པོ་མིན་པར་མི་མང་པོ་ཞིག་གིས་ངའི་སེམས་ཚོར་དེ་དང་དུ་ལེན་ནོ། ཁུ་ལོ་སྒྲི་ཡ་ལ་དམག་མི་འབོར་ཆེན་ཞིག་དགོས་སོང་། ཁོས་སྐྱེས་པ་ཚོ་དང་བླང་གིས་དམག་ཁོངས་ལ་ཞུགས་པར་རེ་ལྟོས་བྱས། འོན་ཀྱང་། སྐྱེས་པ་མང་པོ་ཞིག་ལ་དམག་འཁྲུག་ཁྲོད་དམར་འཛིང་བྱེད་འདོད་མེད་ཅིང་། ཁོང་ཚོར་རང་གི་བཟའ་ཟླ་དང་ནང་མི་ཤུལ་ནས་འཇོག་འདོད་ཀྱང་མེད་པས། སྐྱེས་པ་མང་པོ་ཞིག་གིས་མིང་རྟགས་མི་འགོད་པ་ནི་ཕལ་ཆེར་ཁྱེད་ཀྱིས་ཚོད་དཔག་བྱེད་བཏུབ་པ་ལྟར་ལ། དེ་ཡིས་ཁུ་ལོ་སྒྲི་ཡ་གཏུམ་དྲག་ཅན་ཞིག་བཟོས་པ་རེད། དེ་ནས་ཅི་ཞིག་བྱུང་ངམ། དེ་ནས་ཁོས་སྨྱོ་བསམ་ཞིག་འཁོར་བ་ནི་གལ་སྲིད་སྐྱེས་པ་དག་གཉེན་སྒྲིག་མ་བྱས་ཚེ་དམག་ལ་ཞུགས་པར་ཅི་མི་སྙམ་བསམ་པ་དེ་རེད། དེ་བས། ཁུ་ལོ་སྒྲི་ཡ་ཡིས་གཉེན་སྒྲིག་བྱས་མི་ཆོག་པའི་ཁྲིམས་བཅས། ན་གཞོན་ཚོས་ཁོའི་ཁྲིམས་གསར་བ་དེ་གདུག་རྩུབ་ཆེ་བར་སྙམ་པ་དང་། ངས་ཀྱང་དེ་ནི་ལུགས་དང་མི་མཐུན་པ་ཞིག་རེད་ཨང་སྙམ་ལ། ངས་དེ་མ་ཐག་ནས་ཁྲིམས་དེར་རྒྱབ་སྐྱོར་ཡང་ཇི་ལྟར་བྱ་ཨང་།
ངས་རང་ཉིད་མཆོད་དཔོན་ཞིག་ཡིན་ཚུལ་བཤད་སོང་ངམ། ངའི་བྱ་འགུལ་དག་གི་ཁྲོད་ནས་དགའ་ཤོས་ནི་གཉེན་སྒྲིག་གི་ཆོ་ག་སྒྲུབ་པ་དེ་ཡིན། རྒྱལ་པོ་ཁུ་ལོ་སྒྲི་ཡ་ཡིས་ཁྲིམས་བརྒྱུད་བསྒྲགས་བྱས་རྗེས་ཀྱང་ངས་གསང་བའི་སྒོ་ནས་གཉེན་སྒྲིག་གི་ཆོ་ག་མུ་མཐུད་དུ་བསྒྲུབས། ལོས་ཡིན། དོན་ངོ་མ་དེ་ནི་སྤྲོ་སེམས་འཁོལ་བ་ཞིག་ཡིན། བཞུ་མར་ཆུང་ཆུང་ཞིག་གི་འོད་ངོགས་ཀྱི་ཁང་མིག་དེའི་ནང་ཁྱོ་ཀ་དང་མནའ་མ། ང་ཙམ་ཁོ་ན་ལྷན་དུ་གནས་པ་ཡིད་ལ་སྒོམ་དང་། ང་ཚོས་ཆོ་གའི་སྐད་ཆ་ཐམས་ཅད་ཁུ་སིམ་མེར་བཤད་དགོས་ལ། དམག་དཔུང་གི་གོམ་སྒྲ་ལའང་གཟབ་ཉན་བྱེད་དགོས།

མཚན་མོ་ཞིག་ལ་ང་ཚོས་གོམ་སྒྲ་ཐོས་བྱུང་། དེ་ནི་འཇིགས་སུ་རུང་བ་ཞིག་རེད། དཀོན་མཆོག་གིས་མཁྱེན། སྐབས་དེར་གཉེན་སྒྲིག་བཞིན་པའི་བཟའ་ཟླ་གཉིས་བྲོས་ཏེ་ཐར། ང་འཇུས་སོང་། བཙོན་ལ་བཅུག་ནས་སྲོག་ཁྲིམས་ཀྱི་ཉེས་ཁྲིམས་བཅད་པ་རེད།
ངས་སྤྲོ་ཉམས་ཀྱིས་སྡོད་ཐབས་བྱས། དེ་ནས་ཅི་ཞིག་བྱུང་བ་ཁྱེད་ཀྱིས་ཤེས་སམ། ངོ་མཚར་བའི་དོནདག་རྐྱང་བྱུང་བ་རེད། ན་གཞོན་མང་པོ་བཙོན་ཁང་དུ་ང་ལ་འཕྲད་དུ་སླེབས་པ་དང་། ཁོང་ཚོས་མེ་ཏོག་དང་ཡི་གེ་དག་ངའི་སྒེའུ་ཁུང་གི་ཕྱོགས་སུ་གཡུག་བྱུང་ལ། དེ་ནི་ཁོང་ཚོས་ཀྱང་ང་བཞིན་བརྩེ་དུང་ལ་ཡིད་ཆེས་བྱེད་ཀྱིན་པ་ང་ལ་ཤེས་སུ་འཇུག་འདོད་པ་རེད།

ན་གཞོན་འདི་དག་གི་ཁྲོད་ཀྱི་གཅིག་ནི་བཙོན་སྲུང་བ་ཞིག་གི་བུ་མོ་རེད་ལ། ཁོ་མོའི་ཨ་ཕས་བུ་མོ་དེ་བཙོན་ཁང་དུ་ང་ལ་འཕྲད་དུ་འཇུག་པ་དང་། མཚམས་རེར་ངེད་གཉིས་ལྷན་དུ་ཐང་ལ་བསྡད་དེ་ཆུ་ཚོད་འགའ་རེར་སྐད་ཆ་བཤད། ཁོ་མོས་ངའི་ཚོར་ཤེས་མཐོ་རུ་འདེགས་པར་རོགས་འདེགས་བྱས་ལ། མོས་བདག་གིས་རྒྱལ་པོ་སྣང་མེད་དུ་བཞག་སྟེ་མུ་མཐུད་དུ་གསང་བའི་སྒོ་ནས་གཉེན་སྒྲིག་གི་ཆོ་ག་བསྒྲུབས་པ་དེ་འགྲིག་ཡོད་པར་མོས་མཐུན་ཀྱང་བྱས། ང་ལ་སྲོག་ཆད་གཅོད་པའི་ཉིན་དེར། ངས་རང་གི་གྲོགས་མོ་ལགས་སུ་ཁོ་མོའི་ལར་ཞེན་དང་གྲོགས་པོའི་དམ་ཚིག་ལ་ཐུགས་རྗེ་ལགས་འབུལ་གྱི་ཡི་གེ་ཐུང་ཐུང་ཞིག་བཞག་ལ། ཡི་གེ་དེ་ལ་ངས་“ཁྱེད་ཀྱི་བེ་ལན་ཁྲ་ཡན་ནས་གནང་བའི་བརྩེ་བ།” ཞེས་མིང་རྟགས་བཀོད་པ་ཡིན།

འཕྲིན་ཐུང་དེ་ནས་བེ་ལན་ཁྲ་ཡན་ཉིན་མོར་བརྩེ་དུང་གི་འཕྲིན་ཐུང་བསྐུར་རེས་བྱེད་པའི་ལུགས་སྲོལ་ཞིག་གི་དབུ་ཚུགས་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད་ལ། འཕྲིན་ཐུང་དེ་ནི་སྤྱི་ལོ་༢༦༩ལོའི་སྤྱི་ཟླ་༢པའི་ཚེས་༡༤ཉིན་ཏེ་ང་ཤི་བའི་ཉིན་དེར་བྲིས། དུས་ད་ལྟ་ལོ་ལྟར་ཉིན་མོ་འདིར་མི་ཚང་མས་དྲན་གྱིན་ཡོད་པ་རེད། འོན་ཀྱང་། ཆེས་གལ་ཆེ་བ་ཞིག་ནི་ཁོང་ཚོ་ཚང་མས་བརྩེ་དུང་དང་གྲོགས་པོའི་དམ་ཚིག་སྐོར་ལ་བསམ་བློ་གཏོང་དགོས་པ་དེའོ།།

འགྱུར་རྩོམ།

Post navigation

Previous Post: ཁྱེད་ཀྱིས་ གཞན་གྱི་མིང་ སྤྱོད་ཐུབ་བམ།
Next Post: བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine's Story)

Comments (10) on “བེ་ལན་ཁྲ་ཡན་གྱི་རང་རྣམ། (Valentine’s Story)”

  1. གཙང་རིགས says:
    2011-02-14 at 10:09 pm

    ཐུགས་རྗེ་ཆེ།  དེ་ནི་དེ་རིང་གི་ཉིན་མོར་མཚོན་ན་སྒྲུང་གཏམའམ་ལོ་རྒྱུས་སྙིང་རྗེ་མོ་ཞིག་རེད། དུས་ཆེན་འདིའི་རྒྱུ་མཚན་མི་ཤེས་མཁན་མང་པོ་ཡོད་སྲིད།

  2. ལྷ་ཁམས་མདོ་བ། says:
    2011-02-14 at 10:34 pm

    འདི་ལྟའི་དོན་དག་རེ་བཞིན་བོད་ཡིག་ཏུ་བཀོད་པ་དེ་ཡང་ཐིགས་པ་གསོག་པའི་རྒྱ་མཚོ་རེད། བཀྲ་ཤིས་བདེ་ལེགས་དང་།ཐུགས་རྗེ་ཆེ་ཟེར་ན་འགྲིག་གི

  3. ཤར་ཕྱོགས་ཁུག་རྟ། says:
    2011-02-15 at 12:49 am

    ཡར་བཤད་མར་བཤད་སྟོང་བཤད་ཀྱང། གནད་འགག་གྲོགས་ཀྱིས་བསྒྱུར་འདུག་དཱ། བོད་པ་རེ་འགས་ཨ་མཚར་བྱེད་པ་དེ་མ་གཞི་ནས་འདི་འདྲ་ཞིག་ཡིན་ས་རེད།

  4. གངས་ཕྲུག says:
    2011-02-15 at 1:34 am

    བཀྲིས་བདེ་ལེགས་ཡོད། ཤུགས་རྒྱོབ་དང་རེ་བ་འདུག

  5. ཚངས་དབྱངས། says:
    2011-02-15 at 2:15 am

    འདིར་འདྲི་བ་ཆུང་ཆུང་ཞིག་ཡོད། དྲང་པོའི་ལན་བཟང་པོ་ཞིག་སྦྱིན་རོགས།

    གསལ་ལེ་རྒྱལ་དང་རྒན་ཀླུ་སྨྱོན་མི་གཅིག་རེད་དམ། ང་ལ་མི་འགའ་ཤས་ཀྱིས་འདི་ལྟར་འདྲིས། ངས་མི་གཅིག་པ་རེད་བཤད་མྱོང་། ད་ཆ་འདི་བདེན་པ་ཨེ་ཡིན་སྙམས་ནས་ནོངས་བ་ཡང་སྐྱེ་བཞིན་འདུག། ཐུགས་རྗེས་གཟིགས་ལན་ཞིག་བསྟེར་རོགས།

  6. གཞིས་བོད། says:
    2011-02-15 at 4:29 am

    གསལ་ལེ་རྒྱལ་དང་རྒན་ཀླུ་སྨྱོན་གཉིས་མི་གཅིག་ག་ལ་ཡིན། དུས་བབ་ཟིན་བྲིས་ན་གཉིས་ཀ་ལ་ཟིན་བྲིས་རེ་རེ་མི་འདུག་གམ། ང་ལ་ལན་འདེབས་དགོས་པའི་འོས་མེད་མོད། འདིར་ལན་ཞིག་བཏབ་པ་ཡིན།

  7. ཨ་འདུས་མིག་ཆུ། says:
    2011-02-15 at 6:34 am

    གྲོགས་པོ་སྐལ་ཉི་་ལགས། དེང་སང་རྡ་ས་ན་རྐུན་མ་ཧ་ཅང་མང་གི་ཟེར་བཞིན་འདུག སྨན་རྩིས་ཁང་གི་སྒོར་མོ་མང་པོ་འཁྱེར་སོང་རབ་ཤོད་བཞིན་འདུག་པ་མ་ཟད། ཁྱེད་རང་གི་སྙུག་མིང་ཡང་རྐུ་ལ་ཤོར་སོང་རབ་འདུག དེ་ཡིན་རྒྱུ་རེད། ནམ་རྒྱུན་ཡིན་ན་ཁྱེད་རང་གིས་རྩོམ་ཡིག་རེ་བྲིས་དུས་སྙུག་མིང་བེད་སྤྱོད་བྱེད་བཞིན་ཡོད་ནའང་དེ་རིང་སྙིང་མ་བརྗེ་ཁྱེད་རང་དངོས་སུ་འདི་ན་ཐོན་དགོས་བྱུང་འདུག་གཱ ཁྱེད་རང་གི་སྨྱུག་མིང་དེ་གཡུ་རྩ་ཆེན་ཞིག་ཡིན་རབ་འདུག་པ། དེའི་སྐོར་བཤད་རྒྱུ་ཡོད་དམ། ཁྱེད་རང་གིས་གཡུ་རྐུ་མཁན་དེ་ཤེས་སོང་ངམ གཡུ་རྩ་ཆེན་དེ་རག་སོང་ངམ

  8. ཁ་རུ་ཁ་ཐུག says:
    2011-02-16 at 2:11 am

    ཚང་མས་ལད་ཟློས་བྱེད་སའི་valentine ཞེས་པའི་མགོ་སེ་དེ་ཨ་རི་བ་ཞིག་རེད་བསམ་སོང་སྟེ། ཡུ་རོབ་པ་ཞིག་ཡིན་ས་རེད། དངོས་གནས་བྱས་ན་འདིའི་ཉིན་མོར་ཆོས་སྒྲུབ་དགོས་པ་ཞིག་རེད་འདུག་མ་གཏོགས། དུས་ཆེན་རེད་ཟེར་ནས་དགའ་དགའ་སྤྲོ་སྤྲོ་བྱེད་དུས་ཤིག་རེད་མི་འདུག མགོ་སེ་དེ་ཤི་ཉིན་རེད་འདུག

  9. ེདེ་ཉིད་ says:
    2011-02-16 at 5:40 am

    སྐལ་ཉི་ལགས་ནས།

    གལ་ཆེ་བའི་ཉིན་མོའི་འདིའི་གནས་ཚུལ་གསལ་བོ་འདི་རང་སྐད་དུ་ཡིག་བསྒྻུར་མཛད་པར་སྶཉིང་ནས་དགའ།

  10. བསེ་རུ་ says:
    2011-02-16 at 1:08 pm

    ཉིན་མོ་འདི་དགའ་རོགས་ཉིན་མོར་ངོས་འཛིན་མཁན་ཚོས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་ངེས་པར་དུ་ཤེས་དགོས་ངེས་རེད།
    ངས་དེ་སྔོན་སློབ་ཕྲུག་མང་པོ་ཞིག་ལ་འདིའི་སྐོར་ཉམས་ཚོད་བླངས་ཏེ་དྲིས་པ་ཡིན། ལོ་རྒྱུས་ཀྱི་ཇི་བཞིན་ཤོད་ཐཱུབ་མཁན་གཅིག་ཀྱང་མི་འདུག དེའི་རྗེས་ངས་གྷོ་གོལ་ནས་ཞིབ་ཕྲའི་ལོ་རྒྱུས་བཙལ་བ་ཡིན།
    དེ་རིང་འདིར་སྨྱུག་མིང་བོར་བརླག་སོང་བའི་དྲ་གྲོགས་སྐལ་བཟང་ཉི་མ་ལགས་ཀྱིས་དུས་ཐོག་གི་ཆར་ལྟར་བསྒྱུར་ཏེ་འདིར་བཀོད་པ་བཀའ་དྲིན་ཆེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme