Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨི་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ།

Posted on 2011-02-122011-02-12 By ཁ་བརྡ་ 4 Comments on ཨི་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ།

470_ap_egypt_protest3_110208_430241
རྨ་མགུར་སངས་རྒྱམ།

བརྩེ་བའི་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་པ་ཚོས་རྒྱལ་ཁབ་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྲིད་འཛིན་སྒེར་སྤྱོད་པ་དང་མཉམ་དུ་བདུན་ཕྲག་གཉིས་རིང་དུ་འཐབ་རྩོད་བྱས་པའི་ཁྲོད་དུ་ཁྱེད་ཚོ་ལ་རླབས་ཆེ་བའི་རྒྱལ་ཁ་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མིའི་རིགས་ཀྱི་དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ནི་ཨི་ཇིབ་རྒྱལ་ཁབ་ཀྱི་རྒྱ་ཆེ་བའི་མི་དམངས་ལ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་བའི་གོ་སྐབས་ཐོབ་ཡོད། ཨི་ཇིབ་ཀྱི་སྲིད་འཛིན་མུའུ་བྷ་རག་གིས་སྲིད་འཛིན་གྱི་གོ་གནས་ལས་དགོངས་པ་ཞུ་བར་གསལ་བསྒྲགས་བྱས་པ་འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་སྒེར་སྤྱོད་ཀྱི་སྲིད་གཞུང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་བའི་འཕོ་འགྱུར་གྱི་རྣམ་པ་གསར་བ་ཞིག་ཡིན་པར་མ་ཟད། འདི་ནི་ཁྲིམས་ཀྱི་དབང་བསྒྱུར་ལ་བློ་ཁ་ཕྱོགས་པའི་ཞི་བའི་ངོ་རྒོལ་བ་ཚོའི་སྟོབས་ཤུགས་དེ་འབུར་དུ་ཐོན་པར་བྱས་པ་དང་ལོ་ངོ་སུམ་ཅུའི་རིང་དུ་དྲག་གནོན་གྱིས་དབང་བསྒྱུར་མཇུག་རྫོགས་པའི་གོམ་པ་དང་བོ་ཡིན། ད་ལྟ་ཨི་ཇིབ་ཀྱི་མི་དམངས་ཀྱིས་མིང་དོན་མཚུངས་པའི་འོས་འདེམ་བྱེད་པར་མགྱོགས་མྱུར་ལྡན་པའི་སྒོ་ནས་དངོས་ཡོད་ཀྱི་གོ་རིམ་དག་ལ་ངེས་པར་དུ་བལྟ་དགོས་པ་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཉམ་འབྲེལ་ཚོགས་མིའི་རྒྱལ་ཁབ་ལ་སོགས་པའི་རྒྱལ་ཁབ་མང་བོས་ཨི་ཇིབ་ཀྱི་ཆེས་མཐོའི་དམག་དོན་ལྷན་ཁང་ལ་གནོན་ཤུགས་སྤྲད་ནས་དམངས་གཙོའི་འཕོ་འགྱུར་གྱི་རྣམ་པ་ཞིག་སྟོན་དགོས་ཤིང་མི་དམངས་ཀྱི་རང་དབང་གི་ཐོབ་ཐང་དང་ལེན་བྱེད་པར་གདམས་པ་དང་དམག་དཔུང་གིས་རང་གི་ཕུགས་སེམས་དང་དམ་བཅའ་ཁག་ལ་བསམ་གཞིགས་བྱས་ནས་ཨི་ཇིབ་ཀྱི་མི་དམངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་བྱས་པ་ལས་ཐོབ་པའི་རྒྱལ་ཁའི་འབྲས་བུ་ལ་བརྩི་སྲུང་དང་ཁས་ལེན་བྱས་ཡོད། སྤྱི་ལོ་༢༠༡༡་ལོའི་ཟླ་དང་བོའི་ཚེས་༢༨་ཉིན་ནས་འཐབ་རྩོད་བྱས་པའི་ཨི་ཇིབ་ཀྱི་ཟིང་འཁྲུག་གི་ནང་དུ་མི་གྲངས་སུམ་བརྒྱ་དང་གཉིས་ལྷག་གི་ཚེ་སྲོག་ཤོར་ཡོད། དེར་བརྟེན། ཨི་ཇིབ་མི་དམངས་ཀྱི་ཞི་བའི་ངོ་རྒོལ་གྱི་སྐད་འབོད་ཁྲོད་དུ་འཆི་སྐྱོན་བྱུང་བའི་མི་དེ་དག་གི་ཚེ་སྲོག་ལ་གནོད་སྐྱོན་བཟོ་བའི་ནག་ཉེས་ནི་དྲང་བདེན་གྱི་ཁྲིམས་ཐོག་ནས་ཐག་གཅོད་བྱེད་ཆོག་གི་རེད། མིའི་རིགས་ཀྱི་རང་དབང་དང་གཟི་བརྗིད་ཀྱི་ཆེད་དུ་འཐབ་རྩོད་བྱས་པའི་ཁྲོད་དུ་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་བྱུང་བ་དང་བཀག་ཉར་བྱས་པ་རྣམས་ལ་ང་ཚོས་གདུང་སེམས་མཉམ་སྐྱེས་དང་ཨི་ཇིབ་མི་དམངས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་ཨི་ཇིབ་རྒྱལ་ཁབ་དང་མི་དམངས་ཀྱི་གཞི་རྒྱ་ཆེ་བའི་སེམས་ཤུགས་དྲག་པོ་ཞིག་དང་རླབས་ཆེ་བའི་རེ་འདུན་ཟབ་མོ་ཞིག་ཀྱང་ཡིན། ཁྱེད་ཚོའི་མདུན་སྐྱོད་ཀྱི་ལམ་ཁ་འདི་ནི་དམངས་གཙོའི་རང་དབང་རྩོད་ལེན་དང་གསར་བརྗེ་བྱེད་པའི་དམིགས་ཡུལ་མཐར་ཐུག་ཡིན། སྙིང་སྟོབས་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་ལས་བྱུང་བའི་གྲུབ་འབྲས་ལ་འཛམ་གླིང་མི་དམངས་ཀྱིས་རྣམ་པ་ཀུན་ཏུ་སྲུང་སྐྱོབ་བྱེད་པའི་ལས་དོན་བསྒྲུབ་ངེས་ཡིན། ཨི་ཇིབ་ཀྱི་སྲིད་འཛིན་མུའུ་བྷ་རག་གིས་སྲིད་འཛིན་ཀྱི་ལས་གནས་ལས་དགོངས་ཞུའི་གསལ་བསྒྲགས་བསྐྱངས་པའི་རྗེས་སུ་རྒྱབ་ཁབ་ཀྱི་ཡུལ་གྲུ་གང་སར་མི་དམངས་རྣམས་དགའ་སྤྲོའི་རྣམ་པས་ཁེངས་ཤིང་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་ཡོད། འདི་ནི་རང་དབང་གི་ཐོབ་ཐང་ལ་བསམ་བློའི་རྣམ་པ་མངོན་པར་ཕྱོགས་ཤིང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ལོངས་སུ་སྤྱོད་པར་དགའ་ཞིང་སྙིང་སྟོབས་ལྡན་པའི་ཨི་ཇིབ་ཀྱི་མི་དམངས་ཀྱི་རླབས་ཆེ་བའི་རྒྱལ་ཁ་ཞིག་ཡིན། ཨི་ཇིབ་དམག་དཔུང་གིས་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོ་ཞིག་སྲུང་འཛིན་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་དུས་རབས་གསར་བ་ཞིག་ལ་མགྱོགས་མྱུར་ངང་འཕོ་འགྱུར་བྱེད་པར་ཡིད་ཆེས་ཟབ་མོ་ཞིག་བཅིངས་ཡོད། ད་དུང་འདིར་ཡུན་རིང་གི་བརྒྱུད་རིམ་སྣ་ཚོགས་ཤིག་གནས་ཡོད་ནའང་དེ་རིང་འཛམ་གླིང་མི་དམངས་ཀྱིས་ཨི་ཇིབ་ཀྱི་རྒྱ་ཆེ་མི་དམངས་ལ་རེ་འདུན་བཅིངས་པའི་འགྱུར་ལྡོག་འདི་ལ་དགའ་སྟོན་རྟེན་འབྲེལ་ཞུ་ཡི་ཡིན།

རྩོམ་རིག

Post navigation

Previous Post: ལྷོ་སོའུ་དན་རང་བཙན།
Next Post: སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག

Comments (4) on “ཨི་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ།”

  1. གསང་གྲོལ། says:
    2011-02-12 at 7:06 pm

    ཨ་རབ་འཇིག་རྟེན་ནམ་ཁ་ཆེ་ས་ཁུལ་ལ་གནམ་ས་གོ་འབྱེད་ཀྱི་ལས་འགུལ་བྱུང་སྟེ་ད་ལྟ་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་པའི་སྐབས་འདིར་བོད་པ་ཚང་གི་སྨྱུག་ཐོགས་པ་ཚོའི་ལས་འགུལ་འདི་ལ་བསམ་གཞིགས་དང་ཕྱིར་རྟོགས་རེ་གནང་མཁན་མེད་པ་ལས་ཁྱེད་རང་ཅུང་ཙམ་འབུར་ཏུ་ཐོན་འདུག་མོད། ད་དུང་ལས་འགུལ་གྱི་སྔ་ཕྱི་དང་བརྒྱུད་རིམ། དོན་སྙིང་། ཤུགས་རྐྱེན་བཅས་ཀྱི་ཐད་ནས་ཁ་སྣོན་རེ་རྒྱག་ཐུབ་མཁན་ཡོད་ན་བཟང་གི་སྙམ།

  2. དཀར་མཚོ་སྐྱིད། says:
    2011-02-13 at 12:16 pm

    རྒྱ་ནག་གི་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་འོག་ཏུ་༡༩༨༩་ལོའི་རྒྱ་ནག་གི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ཞི་བའི་ངོ་རྒོལ་དང་༢༠༠༨་ལོའི་བོད་ཀྱི་ཞི་བའི་གསར་བརྗེ་གཉིས་ལ་རླབས་ཆེ་བའི་རྒྱལ་ཁའི་གྲུབ་འབྲས་ཐོབ་མེད་ནའང་དེང་རབས་འཛམ་གླིང་དམངས་གཙོ་ཅན་དུ་འགྱུར་པའི་གོ་རིམ་ལ་ཟློག་ཐབས་མེད་པས་མ་འོངས་པའི་དུས་ཚོད་ངེས་ཅན་ཞིག་ལ་རྒྱ་མི་རིགས་ལ་དམངས་གཙོ་དང་བོད་མི་རིགས་ལ་རང་དབང་གི་ཐོབ་ཐང་འཐོབ་ངེས་ཡིན་པ་ནི་ཨི་ཇིབ་ཀྱི་ཞི་བདེ་དང་འབྲེལ་བའི་མི་དམངས་ཀྱི་གསར་བརྗེའི་ཉིན་བཅོ་བརྒྱད་ཅན་གྱིས་ལོ་ངོ་སུམ་ཅུ་ཅན་གྱི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་མགོ་རྟིང་སློག་པ་འདིས་མཚོན་པར་ནུས་སོ། །

  3. ཁ་བ་དཀར་པོ says:
    2011-02-13 at 1:22 pm

    ལྟོས་དང་རྒྱལ་ཁབ་འདི་ལྟ་བུའི་མགོ་ཁྲིད་ལྟ་བུ་ལ་ང་ཚོའི་གཟབ་དགོས་ཡ། ༢༠༡༡་ལོ་ང་ཚོའི་བཀའ་ཁྲིའི་འེས་འདེམས་དགོས་བ་ཡིན་དུས་མཁྱེན་རྒྱ་ཡོང་བའི་གྲོགས་པོ་རྣམས་པའི་དེའི་ཐོགས་ལ་བསམ་བློ་མང་ཙམ་བཏང་དགོས་ཡ་

  4. དྲི་མེད་ལྷག་བསམ། says:
    2011-02-13 at 8:57 pm

    རྒྱ་ནག་ཧོང་ཀོང་གི་གསར་ཤོག་ཏུ། ཨི་ཇེབ་གཉིད་ལས་སད་སོང་། རྒྱ་ནག་ཅི་འདྲ་རེད་འདུག་ཅེས་རང་དབང་གི་འབོད་ཚིག་མང་པོ་བྲིས་འདུག རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པས། ཕྱི་རྒྱལ་གྱིས་ཨི་ཇེབ་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་དང་། མགྱོགས་པོར་སྤྱི་ཚོགས་བདེ་འཇག་ཡོང་བའི་རེ་བ་ཡོད་ཅེས་ཁ་གཡང་མང་པོ་བརྗོད་འདུག 大陸網民:埃及醒了 中國人呢
    更新日期:2011/02/13 13:17
    (中央社台北13日電)埃及總統穆巴拉克下台,大陸各大新聞網站報導時,都只轉載新華網的通稿,且封鎖網路評論功能。但大陸網民對埃及民主的勝利歡呼雀躍,有網民慨嘆,「埃及人民覺醒了……中國人民呢?」

    對於埃及局勢急轉直下,中國外交部發言人馬朝旭12日表示,希望埃及局勢盡快恢復穩定。

    大陸官方英文「中國日報」(China Daily)社論則稱,埃及的社會穩定有「壓倒一切的重要性」,又指這是埃及內政,警告外國勿干預埃及政權。

    香港明報今天報導,「中國日報」社評對穆巴拉克的高壓統治避而不談,僅指糧食漲價、高失業率和經濟復甦緩慢是引發遊行示威的「元兇」,稱發展中國家承受高糧價和全球寬鬆貨幣政策的惡果,可能會引發更多政治不穩定因素。

    這是埃及群眾開始大規模示威以來,中國大陸官方媒體首次發表詳盡評論。此前,中國大陸政府對於外國的政治局勢變動,尤其是容易令人聯想到大陸國內現狀的新聞,都是謹慎處理。

    新浪、網易、搜狐等大陸主要新聞門戶網站昨日都把穆巴拉克辭職和軍方接管權力的新聞放在顯著位置,但全部只用新華社的通稿,並取消留言評論功能。

    與過去10幾天一樣,在新浪微博中搜索詞目「埃及」,則仍然顯示為「根據相關法律法規和政策,搜索結果未予顯示」。

    但在微博和博客中,很多大陸網民還是發表了對埃及民主運動的讚揚,而且多數讚美之辭都隱含與中國現況的比較。

    大西洋理事會資深研究員楊恆均在博客(部落格)寫道,「因為你的下台,今年的情人節彷彿提前到來,讓一些仍然生活在散發出木乃伊氣味國度的民眾突然想起,我們每一個人,其實都和自由、民主的美好生活有一個不見不散的約會。」1000213་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme