Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷོ་སོའུ་དན་རང་བཙན།

Posted on 2011-02-112011-02-11 By ཁ་བརྡ་ 5 Comments on ལྷོ་སོའུ་དན་རང་བཙན།

འབྲི་མཁན། དཔལ་ལྡན་རྒྱལ

ལྷོ་སོའུ་དན་མི་མང་གི་སེམས་གཏམ།
ཟླ་བ་གཉིས་པའི་ཚེས་༧ ཉིན་སོའུ་དན་གྱི་འོས་འདེམས་ལྷན་ཚོགས་ཀྱིས། ལྷོ་སོའུ་དན་གྱི་མི་མང་གི་བརྒྱ་ཆའི་༩༨.༨༣ གྱིས་ཡུལ་དེ་རང་བཙན་བྱེད་རྒྱུའི་འདོད་མོས་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད། འོས་འདེམས་ནང་ལྷོ་སོའུ་དན་གྱི་རང་བཙན་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༣༧༩༢༥༡༨ བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་༩༨.༨༣ ཟིན་ཡོད་པ་དང་། ལྷོ་བྱང་སོའུ་དན་གཉིས་གཅིག་གྱུར་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༤༤༨༨བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་ ༡.༡༧ ཟིན་ཡོད་པ་རེད། ལྷོ་སོའུ་དན་རང་བཙན་བྱེད་རྒྱུ་ནི་མི་མང་གི་སེམས་སུ་ཡུན་རིང་ཉར་བའི་འདོད་འདུན་ཡིན་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས། གསལ་བསྒྲགས་བྱས་མ་ཐག ལྷོ་སོའུ་དན་མི་སེར་ཞིག་གིས། ༼ང་ཚོ་ཚང་མ་དམག་འཁྲུག་ཁྲོད་འཚར་ལོངས་བྱུང་བ་ཡིན། ང་ཚོས་རང་ཉིད་ཀྱི་རང་དབང་ཞི་བདེའི་ངང་རོལ་རྒྱུ་བྱུང་བ་ནི་ཇི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། ༽ ཞེས་དང་། ཡང་བུད་མེད་ཅིག་གིས་། ༼འོས་འདེམས་ཀྱི་མཇུག་འབྲས་ནི་ང་ལ་རང་དབང་ཐོབ་པ་རེད། ད་ནི་ང་རང་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་མི་སེར་ཨང་རིམ་དང་པོ་ཆགས་པ་རེད་།༽ ཅེས་བརྗོད་འདུག

ག་དུས་འོས་འདེམས་བྱས་པ་རེད།
ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རབ་མི་རིགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སྲིད་གཞུང་དང་། ལྷོ་ཕྱོགས་གྱེན་ལོག་པའི་བར་དམག་བྱུང་ནས་ཡུལ་དེའི་མི་མང་རྣམས་དཀའ་སྡུག་དང་། ཞེད་སྣང་ངང་གནས་ཡོད་པ་རེད། སྤྱི་ཟླ་དང་པོའི་ཚེས་༩ ནས་ཚེས་༡༥ བར་ཨ་ཧྥུ་རི་ཀའི་གླིང་ཆེན་ཡོད་པའི་སོའུ་དན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཕྱེད་རང་སྐྱོང་གི་གནས་བབ་ངང་ཡོད་པའི་ས་ཁུལ་དེ་རང་བཙན་བྱེད་རྒྱུའམ། ཡང་ན་སྔར་བཞིན་སོའུ་དན་གྱི་མངའ་འོག་ཏུ་འདུག་རྒྱུ ཡིན། དོན་གནད་འདིའི་ཐད་མི་མང་གིས་འོས་འཕངས་ཡོད་པ་རེད།

འོས་ཤོག་འཕེན་མཁན་སུ་ཡིན་ནམ།
ལྷོ་ཕྱོགས་སོའུ་དན་མི་མང་སུ་ཡིན་རུང་འོས་འཕེན་ཐོ་འགོད་དུས་ཡུན་ནང་ཐོ་བཀོད་བྱས་ཡོད་པ་རྣམས་དང་། ལྷོ་ཕྱོགས་སོའུ་དན་མི་མང་མང་ཆེ་ཤོས་ལྷོ་ཕྱོགས་ས་ཁུལ་དུ་གནས་སྡོད་བྱས་ཡོད་ནའང་། མི་མང་པོ་ཞིག་བྱང་ཕྱོགས་སོའུ་དན་དང་། རྒྱལ་ཁབ་གཞན་གྱི་ནང་སྐྱབས་བཅོལ་དུ་གནས་ཡོད་པའི་ལྷོ་ཕྱོགས་སོའུ་དན་མི་མང་ཚང་མར་འོས་འཕེན་གྱི་ཐོབ་ཐང་སྤྲད་ཡོད་པ་རེད།

རྒྱལ་ཁབ་འདི་ཆིག་སྒྲིལ་ངང་གནས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
རྩ་བའི་ཆ་ནས་ཨ་ཧྥུ་རི་ཀའི་གླིང་ཆེན་ནང་རྒྱལ་ཁབ་ཆེ་ཤོས་འདི་ཁ་ཁར་དབྱེ་དོན་ནི། ལྷོ་བྱང་གཉིས་བར་ཆོས་ལུགས་དང་། མི་རིགས་མི་འདྲ་བའི་འགལ་ཟླ་ལས་བྱུང་པ་ཞིག་རེད། སོའུ་དན་གྱི་བྱང་ཕྱོགས་ནི་ཁ་ཆེ་ཆོས་ལུགས་ལ་དད་བྱེད་མཁན་ཨ་རབ་མི་རིགས་ཡིན་པ་དང་། ལྷོ་ཕྱོགས་ནི་ཨ་རབ་མི་རིགས་མ་ཡིན་པར་ཡི་ཤུའི་ཆོས་ལ་དད་པ་བྱེད་མཁན་ཡིན་པ་རེད།

ག་དུས་རང་བཙན་གྱི་རྒྱལ་ཁབ་ཞིག་ཆགས་སམ།
ད་ལོའི་ཟླ་བ་བདུན་པའི་ནང་ལྷོ་སོའུ་དན། གཞུང་འབྲེལ་གྱིས་༼ལྷོ་སོའུ་དན་སྤྱི་མཐུན་རྒྱལ་ཁབ།༽ ཞེས་མིང་བཏགས་ནས་འཛམ་གླིང་འདིའི་སྟེང་རང་གི་བདག་དབང་རང་ལ་ཡོད་པའི་རྒྱལ་ཁབ་གསར་ཤོས་དེ་ཆགས་རྒྱུ་རེད

རྩོམ་རིག

Post navigation

Previous Post: བློ་བཟང་སེང་གེ་ཟེར་བའི་མི་དེ།
Next Post: ཨི་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ།

Comments (5) on “ལྷོ་སོའུ་དན་རང་བཙན།”

  1. གཞོན་ནུ་ཟླ་མེད། says:
    2011-02-11 at 6:18 pm

    དགའ་འོས་པའི་གསར་འགྱུར་འདི་ཐོས་པ་དང་། རང་ཉིད་ལ་ཡང་ཁྲིམས་འགོ་རང་བཙན་གྱི་ཉི་མ་ཞིག་ཤར་རྒྱུ་ལོས་ཡོད་འདོད་ནས་དགའ་ལྷང་ལྷང་དུ་གྱུར། གསར་འགོད་པར་ཐུགས་རྗེ་ཆེ་ཞུ།

  2. གསང་གྲོལ། says:
    2011-02-11 at 7:03 pm

    གསར་འགྱུར་སྙིང་བ་རེད་འོན་ཀྱང་བོད་ཡིག་ནང་སྤེལ་བ་ཅུང་ལེགས། ཨ་ཧྥུ་རི་ཀའི་རྒྱལ་ཁབ་གཞོན་ཤོས་སམ་ན་ཆུང་མ་འདི་སད་ཀྱིས་མ་བཅོམ་པར་རང་དབང་རང་བཙན་ཐོབ་པ་ནི་མང་གཙོའི་རྒྱལ་ཁ་རང་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2011-02-12 at 1:38 am

    སུད་ཌེན་ལྷོ་ཕྱོགས་ལྟར་མ་བྱུང་ན་ཡང་། ཨི་ཇིབ་ལྟར་ལས་འགུལ་རྩོམས་དགོས་མི་འདུག་གེ ལན་ཅིག་སོམས་དང་།

  4. མཐོང་གྲོལ། says:
    2011-02-12 at 6:09 am

    བོད་རིགས་ནང་ཁུལ་ཕྱོགས་ལྷུང་མ་བྱེད། རང་མི་རིགས་ལ་ཕྲག་དོག་མ་བྱེད། གཞན་གྱི་སྒྲུབ་ནས་སྤྲོད་པར་རེ་སེམས་མ་བྱེད། བོད་མི་ཚང་མས་རྩ་དོན་ལ་འགན་འཁུར་དང་བོད་མིའི་ལ་རྒྱ་དམ་པོར་བཟུང་དེ་རྡོག་རྩ་གཅིག་སྒྲིལ་གནང་ཐུབ་ན་ཉིན་ཅིག་ལྷོ་ཕྱོགས་སུད་དྲན་ནང་བཞིན་ང་ཚོར་ཡང་རང་བཙན་ཐོབ་ངེས་ཡིན། བོད་རྒྱལ་ཁབ་ཆེན་པོ་རྒྱལ་རྒྱུར་ཅིག།།།

  5. ཤར་ཕྱོགས་ཁུག་རྟ། says:
    2011-02-12 at 1:51 pm

    ཕྱི་གླིང་ན་བཞུགས་པའི་སྐད་གཉིས་སྨྲ་བ་ཚོ་དང། ལྷག་ཏུ་ཤེས་ཡོན་པའི་སྡེ་དང་གསར་འགོད་པ་རྣམས་ཀྱིས་གནས་ཚུལ་འདི་ཞིབ་ཚགས་ཀྱིས་བརྒྱུད་ལམ་འདྲ་མིན་ནས་བོད་མི་ཚོར་ཤེས་རྟོགས་འཐུས་ཚང་ཞིག་ཡོང་རྒྱུ་ད་དུང་ཁུར་བསྐྱེད་ཞུ་རོགས་དང། གནད་དོན་འདི་དང་བོད་རང་གི་འཐབ་རྩོད་ལ་ཞིབ་བསྡུར་དང་ཡང་ན་འབྲེལ་ནས་ལྟ་སྟངས། དེ་བཞིན་བསླབ་བྱ་ལེན་རྒྱུ་གང་ཡོད་རྣམས་ད་དུང་ཆར་བཞིན་འཇོ་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme