Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་གི་ཚི་ལུའི་ཚིལ་ལན།

Posted on 2011-02-092011-02-09 By ཡེ་ཤེས་ 7 Comments on སྙིང་གི་ཚི་ལུའི་ཚིལ་ལན།

གསལ་ལེ་རྒྱལ།

རྒས་གཉེར་གྱིས་བཀབ་པའི་ངོ་གདོང་དང་ས་རྡུལ་གྱིས་གཡོག་པའི་མེ་ལོང་གཉིས་ཁ་གཏད་དུ་ལང་ནས་ཕན་ཚུན་ལ་ཡུན་རིང་ཅེར་རྗེས། རང་ཉིད་ངོས་མ་ཟིན་པའི་བེམ་པོ་དེའི་ལྟེབས་ཁུག་ནས་འཕུར་བའི་སེམས་པ་ཞིག་ངའི་གྲིབ་གཟུགས་ལ་འཐུམས་སོང་ཟེར། གཟན་ཤུབ་གྱིས་བཏུམ་པའི་བེམ་པོ་ཞིག་དྲ་ལམ་གང་མང་ན་ངའི་ཕྱོགས་སུ་གཡུག་བཞིན་པ་མཐོང་ནའང་། ཐག་རིང་ནས་མཐོང་ཚེ་རྒྱུག་ཡོང་ལ་ཐག་ཉེ་ལ་སླེབས་ཚེ་བྲོས་འགྲོ་བ་དེ་ངས་བླ་རྒན་ཞིག་གི་རྩེད་མོར་རློམ་ཡོད། གང་ལྟར་ང་རང་ཨ་རིར་འབྱོར་བ་དེས་མི་ལ་ལའི་རྨི་ལམ་འཁྲིགས་ཡོད་པ་འདྲ་ལ་ཁ་ཤས་ཀྱི་འཆར་གཞིའང་འཐོར་ཡོད་པ་འདྲ་མོད། ཡིན་ནའང་ང་ལ་ཉེས་བ་ཅི་ཡང་མེད་དེ། ཁམས་འདྲི་ཞིག་བྱས་བ་རིགས་ཞེན་ཡིན་ལ་གུས་ཕྱག་ཅིག་ཕུལ་བ་དད་པ་ཡིན། ད་དུང་གསལ་བོར་བཤད་དགོས་བ་ཞིག་ལ་དད་པ་ནི་ངའི་ཉལ་སའི་ནང་གི་རྩེད་ཆོས་མིན།

ངའི་མཛངས་མའི་མིང་བྱང་དེ་གནའ་སྔ་མོ་ཞིག་ནས་རུལ་ཟིན་ལ་མོ་ལོ་ཉི་ཤུའི་ལང་ཚོའང་ད་ལྟ་རྒས་བཞིན་ཡོད་པས། དོན་ངོ་མར་ཁྱོད་ཀྱིས་ངའི་གྲིབ་གཟུགས་ལ་ལྟས་ཏེ་ཅི་ཞིག་འཚོལ་བཞིན་ཡོད། རང་ཉིད་སད་མ་ཐུབ་པའི་ན་ཟུག་དེ་ངའི་མགོ་ལ་འཇོག་དོན་ཅི། དྲང་མོར་བཤད་ན་བརྙན་འཕྲིན་གྱི་སྒེའུ་ཁུང་ལས་མཐོང་བའི་འཛུམ་མདངས་དེ་ངའི་ཆེད་ལས་ཡིན་ལ་ང་རང་སྒེའུ་ཁུང་དེའི་རྒྱག་ལོགས་སུ་ཡོད།

ཁྱོད་ ཀྱི་སྙན་ངག་མིན་པའི་སྙན་ངག་དེ་དག་མཐོང་ཐེངས་རེར། ངས་རྒྱལ་ས་ལྷ་སའི་བར་སྐོར་ལ་འཚང་བའི་བོད་མི་སྤྲང་བོ་དེ་དག་ཤིན་ཏུ་དྲན་ནའང་ ང་རང་རྗེ་བཙུན་སྒྲོལ་མ་མིན་ལ་རྒྱལ་བོ་དྲི་མེད་ཀུན་ལྡན་དེ་བས་ཀྱང་མིན། འགྲོ་སོང་མེད་པའི་སྦྱིན་པ་ཞིག་གཏོང་རོགས་མ་ཟེར། ངའི་མིད་ཐག་ཕྲ་མོ་འདི་ཟ་ལོབས་སུ་སོང་ཡོད་ནའང་སྐྱུག་ལོབས་སུ་སོང་མེད།

མེ་ ཏོག་དང་ཁ་བ་མཉམ་དུ་བཞད་པའི་ལོ་ཟླ་དེ་ཁ་བའི་རྨི་ལམ་ཡིན་པ་ཤེས་ནའང་། ངའི་བྲང་གཞུང་འདི་དབྱར་ཟླ་དྲུག་པའི་མེ་ཏོག་གི་ཕ་ས་ཞིག་ལས་རྩྭ་སྐྱ་ཁ་བས་བཀབ་ པའི་སྤང་ཐང་ཞིག་ནམ་ཡང་ཡིན་མི་སྲིད། མེ་ལོང་གི་མདུན་ན་མགོ་གཞུག་མེད་པའི་བསམ་གཞིགས་ཀྱི་བང་རིམ་བསྒྲིགས་ཏེ། རྩྭ་སྐྱ་ཁ་བས་བཀབ་པའི་སྤང་ཐང་ན་མེ་ཏོག་གི་འདབ་ལོ་འཚོལ་བའི་སྙན་ངག་པ་ལགས། ངའི་འཇིག་རྟེན་གྱི་ལྷིང་འཇགས་མ་དཀྲོག་རོགས། ང་ལའང་ངའི་རྨི་ལམ་ཡོད།

སྙིང་གཏམ་དང་ཁྲག་གཏམ་གང་ཡིན་མི་ཤེས་བའི་ཁྱོད་ཀྱི་སྐད་ཆ་དེ་དག་ངས་གོ་སོང་། ཚིག་གཅིག་གིས་མདོར་བསྡུས་ནས་བཤད་ན། ཁྱོད་ཀྱི་སྐད་ཆ་དེ་དག་སྙིང་གཏམ་ཡིན་ཚེ་ཁྱོད་རང་སྙིང་རྗེ་ཟེར་འདོད་བྱུང་ལ། གལ་ཏེ་ཁྲག་གཏམ་ཡིན་ཚེ་ང་ཡང་མཛེས་མ་ཡ་མེད་ཅིག་མིན་ནའང་མཛངས་མ་ཡ་མེད་ཅིག་ཡིན་ཞེས་སྟོང་ལབ་ཐུང་ཐུང་ཞིག་ཀྱང་རྒྱག་འདོད་བྱུང་།

སྣ་ཚོགས། Tags:ggg

Post navigation

Previous Post: ཞོགས་པ་ཞིག་ལ།
Next Post: ཨི་ཇིབ་དང་བོད་ལ་འབྲེལ་བ་ཡོད་དམ།

Comments (7) on “སྙིང་གི་ཚི་ལུའི་ཚིལ་ལན།”

  1. ཚངས་དབྱངས། says:
    2011-02-09 at 7:00 pm

    དཀོན་མཆོག་གསུམ་འདི་འདྲ་ངར་མོ་ཞིག་འདུག 

  2. དབུས་པ། says:
    2011-02-09 at 9:31 pm

    རིགས་ཀྱི་བུ།
    འདི་འདྲའི་གོ་རྒྱུ་ཆེན་པོ། ཤུགས་ཆེན་པོ། གཞན་གྱི་མི་ཐུབ་པ། ཀུན་ལས་མཆོག་ཏུ་འགྱུར་བ། ཕ་རོལ་པོ་ཟིལ་གྱིས་གནོན་པ། མཐོང་བ་ཙམ་གྱིས་སུ་ལ་ཤོད་ཀྱི་ཡོད་པ་ཤེས་ཐུབ་ལ། བཙལ་བཙལ་ན་བརྙེད་དཀའ་བ། རིག་པ་ཆེན་པོ། ཇི་འདྲའི་སྙན་ངག་ཞིག་རེད་ལ། 

    གཤམ་གྱི་ཚིག་དེ་ཡང་བསྐྱར་གསན་དང་། 

    “མེ་ ཏོག་དང་ཁ་བ་མཉམ་དུ་བཞད་པའི་ལོ་ཟླ་དེ་ཁ་བའི་རྨི་ལམ་ཡིན་པ་ཤེས་ནའང་། ངའི་བྲང་གཞུང་འདི་དབྱར་ཟླ་དྲུག་པའི་མེ་ཏོག་གི་ཕ་ས་ཞིག་ལས་རྩྭ་སྐྱ་ཁ་བས་བཀབ་ པའི་སྤང་ཐང་ཞིག་ནམ་ཡང་ཡིན་མི་སྲིད། མེ་ལོང་གི་མདུན་ན་མགོ་གཞུག་མེད་པའི་བསམ་གཞིགས་ཀྱི་བང་རིམ་བསྒྲིགས་ཏེ། རྩྭ་སྐྱ་ཁ་བས་བཀབ་པའི་སྤང་ཐང་ན་མེ་ཏོག་གི་འདབ་ལོ་འཚོལ་བའི་སྙན་ངག་པ་ལགས། ངའི་འཇིག་རྟེན་གྱི་ལྷིང་འཇགས་མ་དཀྲོག་རོགས། ང་ལའང་ངའི་རྨི་ལམ་ཡོད།”

     

  3. མེ་ཏོག་དཀར་པོ། says:
    2011-02-10 at 10:22 am

    སྙིང་གི་ཚིལ་ལུས་ཚིལ་ལུ་རྐུས་པ་རེད་དམ། །
    བརྩེ་གྲོགས་ཞིག་གིས་ཁ་བསླུས་རྒྱག་པ་རེད་དམ། །
    དགའ་རོགས་ཞིག་གིས་བཏིང་པ་ཨ་རེད། །
    གསལ་ལེ་རྒྱལ་ཁྱོད་དེ་འདྲའི་ཡི་ཐང་ཆད་ལུགས། །

  4. སྐལ་བཟང་རྒྱ་མཚོ། says:
    2011-02-10 at 2:56 pm

    ད་ངོ་མ་གློག་བརྙན་ཞིག་ལ་ལྟ་བཞིན་པ་ལྟར་རྩོམ་ཡིག་འདི་ཚོར་རྒྱབ་ལྗོངས་དང་མཚོན་སྟངས། ཚིག་ཉམས་སོགས་ལ་ཚད་མཐོའི་གདེང་འཇོག་བྱ་འདོད་བྱུང་སོང་། ད་དུང་སྒུག་ཡོད། མུ་མཐུད་ནས་འདི་ལྟ་བུའི་རྟོགས་པ་འཆར་ཡན་གྱི་ངང་ནས་དངོས་སྒྲུང་གཞི་ལ་བཅོལ་བའི་སྒྱུ་རྩལ་གྱི་འཆར་ཡན་མུ་མཐུད་ནས་འབྲི་རོགས་གནང་། འདི་ནི་ཆབ་སྲིད་ཁོ་ན་བརྗོད་སའི་ཁོར་ཡུག་དང་སྟེགས་བུ་མིན་པས། ང་ཚོས་སྒྱུ་རྩལ་རྩོམ་རིག་གི་བླ་སྲོག་བསྐྱར་གསོ་བྱ་ཆོག

  5. གསལ་ལེ་རྒྱལ། says:
    2011-02-11 at 5:33 am

    འདི་ནི་ངས་དྲ་ཐོག་ནས་མཐོང་བའི་སེམས་ཚོར་རྣོན་པོ་ཞིག་ཡིན། ཀི་བཏབ་ན་མི་གོ་བའི་སྙན་ངག་པ་ཚོར་ཀི་ཞིག་བཏབ་པ་ཡིན། ཀི་ཞིག་ལ་ཀི་ཞིག་གི་རིན་ཐང་ལས་མེད་ནའང་། ཞིབ་ཏུ་ཉན་ན་ང་རང་སུ་ཞིག་གི་སེམས་ཁུངས་སུ་བཙན་གྱིས་འཛུལ་ཡོད་པའང་ཚོར་ཐུབ། སྙན་ངག་པས་ཉན་ན་འདི་ནི་མཐོང་ཆུང་དང་དམའ་འབེབ་ཅི་ཡང་མིན་མོད་ཅིག་ཤོས་དེས་དེ་ལྟར་ག་ལ་གོ། སྙན་ངག་ལ་འགྲེལ་བཤད་རྒྱག་པ་དེ་སྙན་ངག་པའི་ལས་ཀ་མིན་ན་འང་། ཀློག་པ་པོ་མེད་ས་ནས་རང་གི་སྙན་ངག་རང་གིས་བཀླགས་ཏེ་རང་གིས་རང་ལ་འགྲེལ་བཤད་མི་བྱེད་ཐབས་མེད་རེད།

  6. བསྟན་འཛིན་ཤེས་རབ། says:
    2011-02-11 at 3:17 pm

    ཨ་ཁུ་ཀླུ་སྨྱོན་གྱིས་བྲིས་པ་སྙན་ངག་རེད་ལ། མཛེས་མ་ཚེ་སྐྱིད་ཀྱིས་བཤད་པའང་སྙན་ངག་ཡིན་ངེས། སྙན་ངག་ལ་སྙན་ངག་གི་ཚོད་ཀྱི་གོ་བ་ལེན་པ་ལས། ཁྱོད་ལྟར་གོ་བ་བླངས་ན་ཁྱོད་ཀྱི་སྐད་ཆ་འདི་འདྲ་འོངས་པ་རེད། ད་དུང་བཤད་རྒྱུ་ཞིག་ལ། མཛོ་མོའི་རྐུབ་མི་ཚ་བར་གླང་རྒན་གྱི་འོག་ཚ་དོན་མི་འདུག་པ། ཨོ་ངས་ཟེར་བ་ནི་ཀླུ་སྨྱོན་གྱི་སྙན་ངག་སྙན་ངག་རེད་ཟེར་བ་མིན་པར་བཤད་སྟངས་དེ་ཚོ་སྙན་ངག་རེད་ཟེར་བ་ཡིན།

  7. བསམ་ཤེས། says:
    2011-02-13 at 2:31 am

    ཨ་ཁུ་ཀླུ་སྨྱོན་གྱིས་བུ་མོའི་བསམ་བློ་མི་ཤེས་ཁོ་ཐག་རེད། བུད་མེད་འགུགས་པར་སྙན་ངག་དང་ངོ་གདོང་ཡག་པོ་ཞིག་གིས་ག་ལ། དངུལ་དང་། དབང་ཐང་། འབྱོར་པ། འགན་འཁུར། བྱམས་སེམས། མཐུན་སྦྲེལ། འབྲེལ་བ། གཏོང་ཕོད། ད་དུང་། ཤེས་ཡོན་དང་། སྤྱི་ཚོགས་ཀྱི་ལག་རྩལ་དང་སྒྱུ་རྩལ་བཅས་དགོས།

    ཁྱེད་ཚོས་བྱས་ན་ཇི་འདྲ་རེད། ང་ལྷག་པར་དུ་ཚེ་རིང་སྐྱིད་ཀྱི་བསམ་འཆར་ཉན་འདོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme