Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཧྥེ་རི་ཁའི་བུ་མོ་ཞིག་གི་འཕྲིན་ཡིག

Posted on 2011-02-082011-02-08 By ཁ་བརྡ་ 7 Comments on ཨ་ཧྥེ་རི་ཁའི་བུ་མོ་ཞིག་གི་འཕྲིན་ཡིག

pho_384913_721814རྨ་མགུར་སངས་རྒྱམ། ཨིན་བསྒྱུར་མ།

ཆེས་བརྩེ་བ་དང་ལྡན་པ་ལགས།

ཁྱེད་ཀྱི་སྐུ་ཁམས་བདེ་མོ་ཡིན་ནམ། ངས་ཁྱེད་ལ་འཕྲིན་ཡིག་འདི་བཏང་བ་དང་མཉམ་དུ་གྲོགས་པོ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁྱེད་ཀྱི་རྒྱལ་ཁབ་ནང་དུ་ཁྱེད་ཀྱི་མཚན་མོ་དེ་ཅི་འདྲ་ཞིག་ཡིན་ནམ། ངས་ཡིད་ཆེས་བྱེད་པར་ཁྱེད་ལ་མཛེས་སྡུག་ལྡན་པའི་མཚན་མོ་ཞིག་བྱུང་ཡོད་པར་མ་ཟད། ཁྱེད་ཀྱི་རྒྱལ་ཁབ་ནང་གི་མིའི་ཚེའི་འཚོ་བ་ནི་ཧ་ཅང་གིས་གསོན་ཉམས་ལྡན་ཞིང་དགའ་སྤྲོས་རྣམ་པར་ཁེངས་པའི་སྤྱི་ཚོགས་ཀྱི་འཚོ་བ་ཞིག་རེད་སྙམ། ང་ཚོའི་རྒྱལ་ཁབ་ཏུ་དེ་ལྟར་དུ་དྲོ་སྐྱིད་ལྡན་པ་ཞིག་མིན་པ་རེད། ངའི་མིང་ལ་ལི་ལན་ཟེར་བ་དང་ལོ་ནི་༢༤་ཡིན། ཡིན་ནའང་། བརྩེ་དུང་ལྡན་པའི་དངོས་ཡོད་ཀྱི་ཕོ་མོའི་འབྲེལ་བའི་ནང་དུ་རྒན་གཞོན་གྱི་ལོ་ཆེ་ཆུང་ལ་ཁྱད་པར་མེད་པ་རེད། དེའི་ཕྱིར། ང་ནི་ཁྱེད་ཀྱི་དགུང་ལོ་དང་མ་འཚམས་པ་མེད་ཅིང་དགའ་སྤྲོའི་ཉམས་འགྱུར་དང་ལྡན་པའི་བུ་མོ་ཞིག་ཡིན། ངེད་ནི་དོན་དངོས་སུ་ཤར་ཕྱོགས་ཨ་ཧྥེ་རི་ཁ་ནས་ཡིན་ཞིང་གཟུགས་པོའི་རིང་ཚད་ནི་ཧྥེ་ཁྲེ་༥་དང་ཨན་ཆི་༤་ཡིན། ད་ལྟའི་བར་དུ་རྩ་བ་ནས་གཉེན་སྒྲིག་བྱས་མྱོང་མེད་པའི་ཁེར་རྐྱང་གི་ན་ཆུང་གཞོན་ནུ་མ་ཞིག་ཡིན་པས། ངའི་མཚར་སྡུག་ལྡན་པའི་མེ་ཏོག་གི་དྲི་བསུང་ལ་མི་སུ་གཅིག་ཀྱང་རོལ་མྱོང་མེད། ལོ་མང་བའི་གོང་དུ་ང་ཚོའི་རྒྱལ་ཁབ་ནང་དུ་མི་སེར་གྱི་ནང་འཁྲུག་རིམ་པར་བྱུང་བའི་རྐྱེན་ངན་ལ་བརྟེན་ནས་ཉེ་ཆར་བདག་ནི་ Dakar ནང་དུ་སྡོད་བཞིན་པ་ཡིན། ངེད་ཀྱི་འདས་ཟིན་པའི་ཨ་ཕ་ Dr Philip Desmondནི་ཆབ་སྲིད་པ་ཞིག་དང་གསེར་དང་དངུལ་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་བདག་གཉེར་འགན་འཛིན་པ་ཞིག་ཡིན། དེའི་སྔོན་དུ་ཡུལ་དེའི་ཇག་རྐུན་ཚོགས་པ་ཞིག་གིས་ཞོགས་པ་སྔ་མོ་ཞིག་ལ་ངེད་ཚང་གི་ཁང་བ་ལ་འཇབ་རྒོལ་བྱས་ཏེ་ངའི་ཨ་མ་དང་ཨ་ཕ་གཉིས་དམར་གསོད་བཏང་བ་རེད། དེར་བརྟེན། སྐབས་དེར་ང་གཅིག་བུ་འཚོ་གནས་བྱུང་ནས་བདག་མེད་དུ་གྱུར་ཏེ་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་ད་ལྟ་ཁྱིམ་མཚེ་རྒྱལ་ཁབ་ Senegal་ གྱི་ས་མཚམས་ཤིག་ཏུ་གནས་སྤོར་བྱས་ཡོད། གནས་དེ་རུ་ང་ནི་ཡུལ་དེའི་སྲུང་སྐྱོབ་ཚོགས་པ་ཞིག་གི་འོག་ཏུ་སྐྱབས་བཅོལ་བ་ལྟར་དུ་སྡོད་བཞིན་ཡོད་པས། ངེད་ལ་དཔལ་འབྱོར་གྱི་འཚོ་བའི་ཆ་རྐྱེན་གང་ཡང་མེད། ཡིན་ནའང་། ངེད་ཀྱིས་ཁོ་ཚོའི་རྩིས་འཁོར་བེད་སྤྱོད་བྱས་ཏེ་ཁྱེད་ལ་གློག་ཡིག་འདི་བཏང་བ་ཡིན། ད་ལྟ་ཁྱེད་རང་ང་ལ་དགའ་བོ་ཡོད་མེད་ཀྱི་གནས་ཚུལ་མང་བོ་ཤེས་འདོད་བྱུང་བ་དང་། ངེད་ཀྱིས་བཏང་བའི་ཡི་གེ་འདི་ནི་ཁྱེད་ཀྱིས་སྣང་མེད་དུ་མི་འཇོག་པར་ང་ལ་ལན་ཞིག་གནང་བར་ཞུ། ངེད་ནི་ཡུལ་འདིའི་སྐྱབས་བཅོལ་གྱི་གནས་བབ་འོག་ཏུ་བསྡད་ནས་མཚར་ལོངས་བྱུང་ཡོད་ནའང་ངའི་མཛེས་སྡུག་ལྡན་པའི་ལང་ཚོའི་མེ་ཏོག་ནི་རྣམ་པར་བཀྲ་ཞིང་དགའ་བའི་ཉམས་དང་ལྡན་པས་ཁྱེད་ལ་དོན་ཡོད་ཀྱི་བདེན་པའི་འབྲས་བུ་ཞིག་འབྱུང་ངེས་ཡིན། ཁྱེད་ཀྱིས་ངའི་གནས་ཚུལ་རྣམས་གསལ་བོར་ཤེས་རྟོགས་བྱུང་བའི་རྗེས་སུ་ངེད་ཀྱིས་ཁྱེད་ལ་དགོས་ངེས་ཀྱི་རེ་འདུན་ཟབ་མོ་ཞིག་འདོན་རྒྱུ་ཡིན། དེར་བརྟེན། འུ་གཉིས་དངོས་སུ་འཕྲད་པའི་གོ་སྐབས་བཟང་བོ་ཞིག་གི་ནང་དུ་ངེད་ཀྱི་བརྩེ་དུང་གི་བདེ་སྐྱིད་ཡོད་ཚད་ཁྱེད་ལ་ཕུལ་ནས་ཡ་མཚན་གྱི་འོད་སྣང་ཞིག་འཕྲོ་ངེས་ཡིན་པར་ཐེ་ཚོམ་མེད། ང་རང་ཁྱེད་ལ་ཡིད་ཆེས་ཀྱི་རྣམ་པས་ཁེངས་ནས་མཐའ་དོན་དུ་འུ་གཉིས་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་ཞིམ་མངར་ལྡན་པའི་བརྩེ་དུང་གི་འཚོ་བ་ཞིག་རོལ་པར་ཞུ། ངེད་ཀྱིས་ཡུལ་འདིའི་སྐྱབས་བཅོལ་པའི་བཞུགས་སྒར་ནང་དུ་དཀའ་ངལ་གྱི་གནས་བབ་ཀྱི་འོག་ཏུ་ཁྱེད་ལ་འབྲེལ་བ་བྱེད་བཞིན་པ་ཡིན། འདི་རུ་བཙོན་ཁང་ཞིག་གི་ནང་དུ་སྡོད་པ་དང་འདྲ་ཞིང་ངའི་རེ་བར་ལས་དབང་ཟབ་མོ་ཞིག་ལ་བརྟེན་ནས་ངེད་ཉིད་མགྱོགས་མྱུར་འདི་ནས་ཕྱི་ལ་འཐོན་ཐུབ་པར་སྨོན་བཞིན་ཡོད། ངེད་ཀྱི་སྤུན་མཆེད་ཚང་མ་དམག་འཁྲུག་གི་ནང་དུ་འདས་གྲོངས་སུ་ཕྱིན་པས་ད་ལྟ་ངེད་ལ་སྤུན་མཆེད་གཅིག་ཀྱང་མེད་པ་རེད། ཁྱེད་ཀྱིས་ང་ལ་ཨང་གྲངས་00221-771589499་འདིའི་ཐོག་ནས་ཁ་པར་བཏང་སྟེ་ང་ལ་སྐད་ཆ་འཆད་འདོད་ཡོད་ཅེས་ལབ་ན་ངའི་གྲོགས་མོས་ངེད་སྐད་གཏོང་གི་རེད། དེ་ནས་ངེད་གཉིས་ཀྱི་མ་འོངས་པའི་སྐོར་ལ་སྐད་ཆ་ལྷུག་པོར་བཤད་ཆོག དེར་བརྟེན། ཁྱེད་ཀྱིས་ང་ལ་ངེས་པར་དུ་རོགས་རམ་ཞིག་བྱེད་དགོས་པ་ནི་ང་རང་ཁྱེད་ལ་དངོས་སུ་ཐུག་པར་ཨ་ཧྥེ་རི་ཁ་ནས་ཡོང་བའི་ཆེད་དུ་གནམ་གྲུའི་འཛིན་བྱང་ཞིག་ཉོ་བར་ངེད་ལ་སྒོར་མོ་འདང་ངེས་པ་ཞིག་མེད་པས། དང་བོར་ཁྱེད་ཀྱིས་ངའི་དངུལ་འཛིན་གྱི་སྟེང་དུ་སྒོར་མོ་ཏོག་ཙམ་བསྐུར་རོགས་གནོངས། ངའི་དངུལ་ཁང་གི་འཛིན་བྱང་ཨང་གྲངས་ནི་ངེད་གཉིས་དངོས་སུ་སྐད་ཆ་བཤད་པའི་རྗེས་སུ་ཁྱེད་ལ་བསྐུར་ངེས་ཡིན། ངེད་ཀྱི་གནད་དོན་འདི་ཚང་མ་ཁྱེད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས་ངེས་པར་དུ་ཐུགས་ལ་འཛིན་པར་ཞུ། དེ་མཚུངས་སུ་འདིར་ངའི་འདྲ་པར་ཞིག་ཀྱང་ཁྱེད་ལ་བསྐུར་ཡོད། ཁྱེད་ཀྱིས་ང་ལ་ངེས་པར་དུ་ཁ་པར་ཞིག་བསྐྱོན་ནས་ངེད་ཀྱི་གནས་ཚུལ་ཚང་མ་བདེན་པ་ཡིན་མིན་ལ་རྩད་གཅོད་གནང་བར་ཞུ།

ཁྱེད་ལ་བརྩེ་བ་དང་མཉམ་དུ།

མཛེས་མ་ལི་ལན་གྱིས་ཨ་ཧྥེ་རི་ཁ་ནས་ཕུལ།

འཕྲིན་ཡིག

Post navigation

Previous Post: རྩོམ་ཡིག་འགྲན་བསྡུར།
Next Post: གཏུབས་གསོད་བྱས་པའི་བསྟན་དར་ལགས་གླེང་བ།

Comments (7) on “ཨ་ཧྥེ་རི་ཁའི་བུ་མོ་ཞིག་གི་འཕྲིན་ཡིག”

  1. BBC says:
    2011-02-08 at 1:03 pm

    ཡི་གེ་འདི་རིགས་ལ་ཡིད་ཆེས་རྩ་བ་ནས་གནང་རྒྱུ་མེད། ང་ལ་སྔོན་མ་ནས་བུ་མོ་མཛེས་མའི་དཔར་དང་། ད་དུང་ཕ་མས་བཞག་པའི་རྒྱུ་ནོར་ཨ་སྒོར་ས་ཡ་མང་པོ་ཡོད་པས་མཉམ་སྤྱོད་བྱས་ཆོག་ཟེར་བ་སོགས་མི་མགོ་བསྐོར་གཏོང་ཡས་ཀྱི་ཡི་གེ་གྲངས་མེད་འབྱོར་མྱོང་། བྱས་ཙང་དོན་མེད་དཀའ་ལས་ཁག་རོགས་རེད།

  2. ལོ་ལོན། says:
    2011-02-08 at 2:33 pm

    ཡ་ད་། མོ་དགའ་ཁ་ཤེས་ཞིག་ཡོད་ལ་། ད་རྒྱུག་ཡ།

  3. གཙང་རིགས། says:
    2011-02-08 at 5:31 pm

    BBC ཕྱི་མོ་ཞིག་གི་རིག་འོག་ལ་ཤོར་ཡོད་ས་རེད།  ཐམས་ཅད་དེ་འདྲ་ཨེ་ཡིན་ནམ། གང་ལྟར་ཁྱེད་རང་གིས་གཟབ་གཟབ་གནང་ན་ཡག་པོ་རེད།  ཧཧ

  4. རྒྱ་གར་རྨ་བྱ། says:
    2011-02-09 at 5:38 am

    བཙན་བྱོལ་བོད་མིའི་མི་རབས་སྟོང་ལ་ཉེ་བའི་དུས་སྐབས་ཛ་དྲག་འདི་འདྲར། རང་གི་མི་རིགས་ལ་དོ་ཕོག་འགྲོ་ངེས་ཀྱི་བརྩེ་འཕྲིན་རྫུན་མ་འདི་ལྟར་བོད་སྐད་དུ་སྤེལ་བ་ནི་ཆེས་ཐབས་དུག་ཅིག་ཡིན་པ་ལས་ལེགས་པའི་རྟགས་སུ་མ་མཐོང་། བརྩེ་འཕྲོན་འདི་ཨོན་ཡིག་རང་དུ་བཞག་ན་མི་དགའ་འམ།

  5. gureo says:
    2011-02-09 at 8:58 am

    རྨ་མགུར་སངས་རྒྱམ་ལགས་ ཁྱེད་ཀྱིས་ཡི་གེ་འདིའི་མ་ཡིག་བབྱིན་ཡིག་ང་ལ་གཅིག་བསྐུར་ཐུབ་བམ ། གལ་ཏེ་ཐུབ་ན་འདིའི་ནང་དུ་བསྐུར་རོགས་ཞུ
    gangchenpa59@yahoo.com

  6. ལོ་ལོན། says:
    2011-02-09 at 3:00 pm

    ཨོ་ལེ་། ཁ་ཤེས་ཞིག་འདི་འདྲ་བྱས་སྒོར་ལྡོག་འགའ་རེ་བཙལ་མཁན་ཡང་ཡོད་ཀི།
    བོད་བསྒྱུར་བྱས་ནས་དཀའ་ལས་རྒྱག་སྟང་ལ་ལྟས་ན། ཁ་ཤེས་ཞིག་གི་། ཧེབ་ཆེན་གྱི་མགོ་བོ། ཧེབ་ཆེན་གྱི་གཡོག་ནས་། འདོད་ཆགས་ཀྱི་བྱ་བ་མགོ་ཆག་ལས་ཡོད་པ་འདྲ་།

  7. བསྟན་སྒྲོལ། says:
    2011-03-22 at 9:19 pm

    སྤྱིར་བུ་མོ་ཞིག་གིས་བརྩེ་འཕྲིན་གཏང་བར་ཡ་མཚན་སྐྱེ་དགོས་མིའདུག་ཀྱང། ཡིག་སྒྱུར་བས་བོུས་སྐུར་སའི་དགའ་རོགས་ཀྱི་མིང་དང་གནས་ཡུལ་བྲིས་མེད་པ་དེ་ངོ་ཡ་མཚན་སྐྱེས་བྱུང་། གཅིག་བྱས་ན་ཁོ་རང་གིས་རྟོག་བཟོས་བྱས་ཏེ་བྲིས་པ་ཡིན་སྲིད། རྨ་མགུར་སངས་རྒྱམ་ལགས་ཁྱོད་ཀྱིས་བུ་མོ་དེེའི་ཡི་གེ་ངོ་མ་དེ་གུས་མོར་ལན་གཅིག་གཏོང་རོགས་གནང།
    tsepal_88@yahoo.com

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme