Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་སར་གླེང་དགོས་པ་དེ་ཡང་དོན་དག་གསར་བ་རེད་དམ།

Posted on 2011-02-042011-02-04 By ཁ་བརྡ་ 4 Comments on ལོ་སར་གླེང་དགོས་པ་དེ་ཡང་དོན་དག་གསར་བ་རེད་དམ།

བོད། ལྷ་ཀླུ་གཉན་གསུམ།

མི་ཚོས་རྒྱུན་དུ་ལོ་སར་གླེང་བ་དང་ལོ་སར་བ་དང་ཚང་མར་འཚམ་འདྲི་ཞུ་བཞིན་ཡོད་ལ། དེ་དང་འགྲོག་ནས་ཁ་གཡང་མི་ཉུང་བ་ཞིག་ཀྱང་འབོད་ཀྱི་ཡོད། དེ་ནི་ཆོས་ལུགས་ལ་དད་པ་ཡོད་མེད་དང་། ཕྱི་ནང་གི་གྲུབ་མཐའི་བར་མཚམས་དང་། མི་རིགས་ཀྱི་དབྱེ་བ་སོགས་གང་ཡང་མེད་པ་ཡིན། དེ་ནི་འགྲོ་བ་མི་སྤྱི་མཚུངས་ཀྱི་གོམ་གཤིས་ཤིག་ཆགས་ཡོད་པ་རེད།

འོན་ཀྱང་། ངས་འདི་ནས་དེ་རིང་གླེང་བཞིན་པ་དེ་ནི་རང་ཉིད་བོད་ལ་སྐྱེ་བའི་བོད་མི་ཞིག་་གི་དངོས་ནས་བོད་ཀྱི་ལོ་སར་འདི་གླེང་འདོད་འདུག་ལ། དེ་ཡང་བོད་མི་འདུས་བསྡོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ལོ་སར་སྟངས་ནས་བཤད་དེ་འོང་ན། མཚམས་རེར་ཟླ་ལྷག་གི་རྐྱེན་གྱིས་སྔ་གཞུག་ཤོར་འགྲོ་བཞིན་ཡོད། ད་ལོ་ཡང་དེ་ལྟར་སྔ་གཞུག་ཤོར་ཡོད་པ་རེད།

སྔ་གཞུག་དེ་ཡི་རྐྱེན་གྱིས་མདོ་སྨད་ཁུལ་གྱི་གཙོ་བའི་བོད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་གི་ལོ་སར་རྒྱ་རིགས་མི་དམངས་ཀྱི་གཙོ་བའི་མི་རིགས་གྲངས་ཉུང་ཁ་ཤས་ཀྱི་ལྷན་དུ་འཁེལ་ཡོད་པ་ཡིན་དུས། མི་ཁ་ཤས་ཀྱི་ནི་དེ་ནི་རྒྱའི་ལོ་སར་དུའང་བོད་ཀྱི་ཡོད་པ་རེད། དེ་ལྟར་ང་ཚོས་རྒྱ་རིགས་ཀྱི་ལོ་སར་ཡིན་པར་ཁས་ལེན་བྱེད་དགོས་དོན་གང་ཡང་མེད་པར་སྙམ། བཤད་ཚུལ་དུ་ང་ཚོ་བོད་ཀྱི་རྩིས་ཀྱི་འགྲོ་སྟངས་ལ་ལུག་གསར་དང་ལུག་རྙིང་ཟེར་ནས་འབོད་སྲོལ་ཡོད་པ་འདི་ནས་བྱུང་བ་འབོད་སྟངས་གནས་ཀྱང་ངོ་སྤྲོད་བྱས་ཡོད་པ་རེད། དེ་ཡིན་དུས་ང་ཚོས་བོད་མི་སྤྱི་བོ་ཡོངས་ཀྱིས་བོད་ཀྱི་ལོ་སར་ཟེར་བའི་དུས་ཚིགས་ཤིག་གཏན་འཁེལ་བྱེད་ཐུབ་པ་ཡིན་ན་ད་གཟོད་ང་ཚོར་དགོས་པ་དེ་རེད་ལ། ལོ་སར་སྟངས་དེ་ཡང་མི་རིགས་གཞན་དག་གི་གོམ་སྲོལ་དང་མ་འདྲིས་པ་ཞིག་ཆགས་ཐུབ་པར་འབད་པ་བྱེད་རྒྱུ་དེ་རེད་འདུག

སྣ་ཚོགས།

Post navigation

Previous Post: ཨ་མ་ལགས། ལོ་སར་བཟང་།
Next Post: ང་ཚོས་གདམས་པའི་མི་དེ་བཀའ་བློན་ཁྲི་པ་རྩེ་ཕུད་ཅིག་ཨེ་ཡིན།

Comments (4) on “ལོ་སར་གླེང་དགོས་པ་དེ་ཡང་དོན་དག་གསར་བ་རེད་དམ།”

  1. རིག་པའི་རྡོ་རྗེ། says:
    2011-02-04 at 10:43 pm

    བོད་ལྷ་ཀླུ་གཉན་གསུམ་ལགས།

    ༡༽བོད་ཀྱི་སྐར་རྩིས།

    བོད་རྩིས་ལ་གསར་རྙིང་ཟེར་བ་ཞིག་ཡོད་ནི་མ་རེད། བོད་ནང་དུ་ཤོད་བཞིན་པའི་ལུགས་རྙིང་དང་ལུགས་གསར་ཟེར་བ་གཉིས་ཀ་རྒྱ་རྩིས་རེད། དེའི་རྒྱུ་མཚན་གཤམ་དུ་འགོད་རྒྱུ་ཡིན།
    བོད་ཀྱི་སྐར་རྩིས་ནི་དུས་འཁོར་ལུགས་ཡིན་ལ། ཕྱི་ལོ་ ༡༠༢༧ ལོར་དུས་འཁོར་བོད་དུ་དར་བ་ནས་བཟུང་། དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་འདི་རྒྱ་ཆེར་དར་བ་རེད། ད་ལྟའི་ཆར་བོད་ཀྱི་ནང་ཆོས་ཟེར་བ་བཞིན་བོད་ཀྱི་སྐར་རྩིས་ཞེས་བོད་རང་གི་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད། དེའི་ལུགས་ལ་ཁྱིམ་བཅུ་གཉིས་དང་། སྒྱུ་སྐར་ཉེར་བདུན། ཉི་ཟླར་སྒྲ་གཅན་འཇུག་ཚུལ། གཟའ་ལྔ། ཞག་གསུམ་སོགས་རྒྱས་པར་ཡོད་ཅིང་། ཟླ་ལྷག་འདོན་སྟངས་ཐད། མདའ་རོའི་ལྷག་མར་ཐིག་ཤར་ན།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།། ཞེས་སོགས་གསུངས་པ་ལྟར། མདའ་ལྷག་སྟེ་ཟླ་བ་རེ་རེའི་མདའ་རོའི་ལྷག་མའི་ཐོག་ནས་ཟླ་ལྷག་འདོན་གྱིན་ཡོད་ལ། འདི་ལྷ་སའི་ཕྱོགས་ནས་ལན་ལེན་བྱེད་ཀྱིན་ཡོད། འོན་ཀྱང་ལྷ་སའི་ཕྱོགས་ནས་ཀྱང་རྒྱ་རྩིས་རྙིང་མའི་ལུགས་ཀྱི་དབུགས་སྒང་སོགས་ལེགས་ཆ་རྣམས་ཀྱིས་དུས་འཁོར་སྐར་རྩིས་ལ་ཁ་སྣོན་བྱས་ནས་ལོ་ཐོ་འདོན་བཞིན་ཡོད། འོན་ཀྱང་ལག་ལེན་གྱི་ཐོག་ནས་བོད་རང་གི་སྐར་རྩིས་གཙོ་བོར་གནང་གིན་ཡོད། དཔེར་ན་ཟླ་ལྷག་འདོན་སྟངས་ལྟ་བུ་རེད།

    ༢༽ རྒྱ་ནག་ཞིང་རྩིས།

    ༧གོང་ས་ལྔ་བའི་སྐབས་མེར་གེན་བཀའ་བཅུ་བ་ཟེར་བ་ཞིག་གིས། རྒྱ་ནག་ཞིང་རྩིས་བོད་བསྒྱུར་བྱས་པ་ནས་བཟུང་ད་ལྟའི་རྒྱ་རྩིས་འདི་བོད་ལ་དར་བ་རེད། རྩིས་འདི་གཙོ་བོ་ས་ཞིང་འདེབས་འཛུགས་ཀྱི་རྩིས་ཡིན་པས་ཞིང་རྩིས་ཟེར། འདི་ལ་ལུགས་གསར་དང་ལུགས་རྙིང་ཟེར་བ་གཉིས་ཡོད། ལུགས་གསར་ལུགས་ལ་ལོ་གཅིག་ལ་ཟླ་བ་ ༡༢ ཡོད་ཅིང་། ཟླ་དང་པོར་ཞག་ ༣༠ དང་ ༣༡ གང་རུང་ཡོད་ཅིང་། ཟླ་གཉིས་པར་ཞག་ ༢༨ དང་ ༢༩ ལས་མེད། རྒྱུན་ལྡན་དུ་ལོ་གཅིག་ལ་ཞག་ ༣༦༥ ཡོད། ཞག་ལྷག་ཡོད་ན་ ༣༦༦ གཏན་འཁེལ་བྱས་ཡོད་པས་སྟབས་བདེ་ཞིག་ཡིན་ཞིང་། རྩིས་འདི་ལ་ཉིན་ལྷག་ལས་ཟླ་ལྷག་མེད། གཙོ་བོ་ཉིན་ཞག་མའི་ལོ་རྩིས་ཤིག་རེད།
    ལུགས་རྙིང་ཟེར་བ་དེ་གཙོ་བོ་ཚེས་ཞག་མའི་དབང་དུ་བྱས་ཤིང་། ཟླ་གཅིག་ལ་ཞག་ ༣༠ དང་ ༢༩ ཡོད་ཅིང་། ཟླ་ལྷག་ཡོད་པའི་ལོར་ཟླ་ ༡༣ ཡོད། ལུགས་རྙིང་ལུགས་ཀྱི་ལོ་གསར་དེ་བོད་ཟླ་དང་པོའི་ཚེས་ ༡ ལ་འཁེལ་ཡོད་པ་དང་། བོད་མིའི་དམངས་ཁྲོད་དུ་ཁེར་རྩིས་གཉིས་རྩིས་ཟེར་བ་ཞིག་ཡོད་པ་དེ་དང་ཕལ་ཆེར་འདྲ་བོ་ཡོད་པས། བོད་རྩིས་ལ་ནོར་གྱིན་ཡོད། ཡིན་ན་ཡང་དེ་གཉིས་ཀ་རྒྱ་རྩིས་རེད།

    ༣༽ དེ་དང་བོད་རྩིས་བར་གྱི་འབྲེལ་བ།

    རྒྱ་ནག་ལུགས་རྙིང་ལུགས་ཀྱི་རྩི་ཚུལ་འདི་གཙོ་བོ་ཨ་མདོའི་ཕྱོགས་ནས་བོད་ཀྱི་སྐར་རྩིས་དང་མཉམ་དུ་བསྲེས་ཏེ་ལི་ཐོ་འདོན་གྱིན་ཡོད་པ་མ་ཟད། ཟླ་ལྷག་འདོན་སྐབས། རྒྱ་རྩིས་ལས། གནམ་སྟོང་དག་ལ་སྒང་ཤར་ན།། ཟླ་བ་དེ་ཉིད་བརྩེགས་པ་དང་།། སྒང་བྲལ་ཟླ་བ་ལྷག་པར་འདོད།། ཅེས་པར་ཁུངས་བཅོལ་ཏེ། རྒྱ་རྩིས་རྙིང་མའི་ལུགས་ཀྱི་དབུགས་སྒང་ཟེར་བ་གཉིས་ཡོད་པའི་སྒང་གི་ཐོག་ནས་ཟླ་ལྷག་འདོན་གྱིན་ཡོད། དེར་བརྟེན་བོད་ནང་ཁུལ་དུ་ཟླ་ལྷག་འདོན་ཚུལ་མི་མཐུན་པ་གཉིས་བྱུང་ཡོད། གནས་སྟངས་འདིའི་འོག་ད་ལྟའི་ཆར་རྩིས་འདི་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ཀྱི་གྲུབ་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། འདི་གཞན་གྱིས་བཙན་འཛུལ་བྱས་པའི་རྒྱུ་མཚན་ཞིག་མ་ཡིན་པར། བོད་རང་གིས་བྱས་པའི་ནོར་འཁྲུལ་རེད། ནོར་འཁྲུལ་འདི་ངེས་པར་ཡོ་བསྲིང་བྱེད་དགོས། ནོར་འཁྲུལ་ཡོ་བསྲིང་ཇི་ལྟར་བྱེད་དགོས་སྙམ་ན། ད་ནས་བཟུང་ཨ་མདོའི་རྩིས་རིག་སྨྲ་བ་རྣམས་ཀྱིས་ཟླ་ལྷག་འདོན་སྐབས། མདའ་རོའི་ལྷག་མར་ཐིག་ཤར་ན།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།། ཞེས་གསུངས་པ་ལྟར། བོད་རང་གི་དུས་འཁོར་སྐར་རྩིས་ལ་གཞི་བཅོལ་ཏེ་ཟླ་ལྷག་འདོན་དགོས། འོན་ཀྱང་རྒྱ་རྩིས་ཀྱི་ལེགས་ཆ་ཡོངས་རྫོགས་དོར་དགོས་པ་མིན་ནོ།།

    ༤༽ ཧོར་ཟླ་དང་བོད་ཟླའི་ཁྱད་པར།
    བར་སྐབས་ཤིག་ནས། ང་ཚོར་བོད་ཟླ་ལ་ཧོར་ཟླ་ཟེར་བའི་སྲོལ་ངན་ཞིག་དར་ཡོད། དེ་སོག་པོ་ཡོན་རྒྱལ་རབས་ཀྱི་ཇིན་གིར་རྒྱལ་པོས། ༡༢༡༧ ལོར་མི་ཉག་དབང་དུ་བསྡུས་ཏེ། དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལོ་གསར་དུ་བསྒྱུར་བ་ཞིག་ཡིན་ཞིང་། ས་སྐྱ་བས་བོད་ལ་དབང་སྒྱུར་སྐབས་བོད་ཀྱི་ལོ་གསར་ཀྱང་དེ་ལྟར་བྱེད་དགོས་པའི་བཀའ་ཕབས་པ་ཞིག་རེད། འོན་ཀྱང་ཐ་སྙད་ཀྱི་ཐོག་ནས་མི་འདྲ་བ་མ་གཏོགས་དོན་ལ་གཅིག་པ་ཡིན་པས་སྐྱོན་ཆེར་མེད་མོད། བོད་ཟླ་ཞེས་བརྗོད་ན་དགེ་མཚན་ཆེ་ལ། ད་ལྟའི་ཆར་བོད་ཟླ་ཞེས་བརྗོད་བཞིན་ཡོད་པ་ཤིན་ཏུ་ལེགས།

    ༥༽ བོད་རྩིས་གཅིག་གྱུར་གྱི་ཕན་ནུས།

    གོང་དུ་བཤད་པའི་རྩི་ཚུལ་མི་འདྲ་བ་གཉིས་བྱུང་བའི་རྐྱེན་གྱིས་བོད་ནང་ཁུལ་དུ་རྩིས་མི་མཐུན་པ་གཉིས་བྱུང་ཞིང་། ནང་པའི་དུས་ཆེན་ཁག་ཀྱང་གཅིག་གྱུར་ཡོང་ཐུབ་མེད། དཔེར་ན། ལྷ་སའི་ལུགས་ལ་ཟླ་ལྷག་ཡོད་ན། ཨ་མདོར་མེད་པ་འདྲ་བོ། ཨ་མདོར་ཡོད་ན་ལྷ་སར་མེད་པ་འདྲ་བོ་ཆགས་ཏེ། གང་ལྟར་བོད་ནང་ཁུལ་དུ་ཟླ་ཚེས་མི་མཐུན་པ་བྱུང་ཡོད།
    དེས་ན་ང་ཚོས་མ་འོངས་པའི་ཁེ་ཕན་དང་། དགོས་པ་རྒྱུ་མཚན་གཞི་ལ་བཞག་སྟེ་འདི་ངེས་པར་གཅིག་གྱུར་བཟོ་དགོས། དེ་དགོས་ན་མི་མཐུན་པའི་ཕྱོགས་གཅིག་དོར་དགོས། འོ་ན་གང་དོར་དགོས་སྙམ་ན། བོད་རང་ལ་ཡོད་ཅིང་ཕུན་སུམ་ཚོགས་པའི་རྩིས་རིག་འདི་གཅེས་འཛིན་བྱས་ནས། ཅིག་ཤོས་དོར་དགོས། འོན་ཀྱང་ངས་རྒྱའི་རིག་གནས་ཡིན་པས་དོར་དགོས་ཟེར་གྱིན་མེད། གཙོ་བོ་དགོས་དབང་དང་ཁེ་ཕན་ཞིག་གི་ཆེད་དུ་རེད། གལ་ཏེ་ང་ཚོས་རྩིས་ལུགས་འདི་དོར་ཐུབ་པ་ཡིན་ན་ཕན་ཐོགས་ཅི་ཞིག་ཡོད་སྙམ་ན། དེས་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་གཅིག་གྱུར་དང་། དེ་ལ་བརྟེན་པའི་ཆོས་ཕྱོགས་ཀྱི་དུས་ཆེན་ཚང་མ་གཅིག་གྱུར་ཆགས་ཀྱི་རེད། དཔེར་ན་ནང་པའི་དུས་ཆེན་ཆེ་ཤོས་ས་ག་ཟླ་བ་དང་། ལྷ་བབ་དུས་ཆེན་སོགས་ལྟ་བུ་རེད། ད་དུང་གནད་འགག་གཙོ་བོ་གཅིག་ཡོད་པ་ནི། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཕལ་ཆེ་བ་ནང་ཆོས་དང་འབྲེལ་བ་ཡོད་པས། ཆོས་ཕྱོགས་ནས་གཅིོག་གྱུར་བྱུང་པ་ཡིན་ན་ཕྱོགས་ཡོང་ནས་གཅིག་གྱུར་ཡོང་བ་ལ་ཕན་ཐོགས་རླབས་ཆེན་ཡོད། ང་ཚོས་ནམ་རྒྱུན་རྡོག་རྩ་གཅིག་སྒྲིལ་ཟེར་གི་ཡོད་མོད། རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་ན། ཐོག་མར་ཡུལ་སྐད་དང་། རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་སོགས་ནས་འགོ་བཙུགས་ཏེ་གཅིག་གྱུར་བྱེད་དགོས། ད་ལྟའི་ཆར་ང་ཚོར་སྐད་དང་ཡུལ་སྲོལ་སོགས་གཅིག་གྱུར་ཕར་ཞོག ཐ་ན་ཟླ་ཚེས་ཀྱང་གཅིག་གྱུར་ཞིག་མེད་ན། ང་ཚོས་གཅིག་བསྒྲིལ་ཅི་ལྟར་བྱེད་དགོས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན། གཅིག་བསྒྲིལ་ཟེར་བ་དེ་ཤིན་ཏུ་གལ་ཆེན་པོ་རེད། ལྷག་པར་བོད་མི་རིགས་ལ་མཚོན་ན་དེ་བས་གལ་ཆེན་ཞིག་རེད། དེ་འདྲ་ཡིན་དུས་ད་ནས་བཟུང་ང་ཚོས་འདི་ནས་མགོ་བརྩམས་ཏེ། བོད་ཆོལ་ཁ་གསུམ་གྱི་ཆོས་ཕྱོགས་ཀྱི་དུས་ཆེན་སོགས་གཅིག་གྱུར་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། ལྷག་པར་དུ་གནད་དོན་འདིའི་ཐད་བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པའི་སྡེ་ཁག་དང་། དེའི་ནང་ནས་ཀྱང་སྐར་རྩིས་རིག་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་འབད་བརྩོན་གནང་དགོས། འདི་ང་ཚོའི་རྩ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། མ་འོངས་བོད་རྒྱལ་ཁབ་སླར་གསོ་བྱུང་བའི་སྐབས་སུ་ཡང་། རྒྱལ་ཁབ་བརྟན་པོ་དང་འཕེལ་རྒྱས་ཀྱི་རྨངས་གཞི་ཆགས་ཡོད།

  2. ཀརྡོ་རབ་འབྱམས་པ་ says:
    2011-02-05 at 1:33 am

    རིག་རྡོར་ལགས་ཀྱིས།
    “རྡོག་རྩ་གཅིག་བསྒྲིལ་ བྱེད་དགོས་ན། ཐོག་མར་ཡུལ་སྐད་དང་། རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་སོགས་ནས་འགོ་བཙུགས་ཏེ་གཅིག་གྱུར་བྱེད་དགོས། ད་ལྟའི་ཆར་ང་ཚོར་སྐད་དང་ཡུལ་སྲོལ་སོགས་གཅིག་གྱུར་ཕར་ཞོག ཐ་ན་ཟླ་ཚེས་ཀྱང་གཅིག་གྱུར་ཞིག་མེད་ན། ང་ཚོས་གཅིག་བསྒྲིལ་ཅི་ལྟར་བྱེད་དགོས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན། གཅིག་བསྒྲིལ་ཟེར་བ་དེ་ཤིན་ཏུ་གལ་ཆེན་པོ་རེད། ལྷག་པར་བོད་མི་རིགས་ལ་མཚོན་ན་དེ་བས་གལ་ཆེན་ཞིག་རེད།” ཟེར་བ་འདི་དངོས་གནས་རྒྱུ་མཚན་ཡོད་རེད་གདའ། ཀུན་གྱིས་སོམས་ཤིག

  3. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-05 at 8:56 am

    གཅིག་སྒྲིལ་དགོས་ན་སྟོབས་ཤུགས་གཅིག་སྒྲིལ་དང་བསམ་བློ་གཅིག་སྒྲིལ་དགོས་པ་ལས་ཚེས་གྲངས་གཅིག་སྒྲིལ་མི་དགོས།
    གཅིག་འགྱུར་དགོས་ན་ནུས་པ་གཅིག་འགྱུར་དང་བསམ་བློ་གཅིག་འགྱུར་དགོས་པ་ལས་ཡོད་ཚད་གཅིག་འགྱུར་མི་དགོས།

  4. རྨ་ཆུའི་སྐལ་བཟང། says:
    2011-02-05 at 5:03 pm

    གྲོགས་པོ་ལགས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ།
    ང་ལ་བློ་སྐྱེད་ཡང་མི་ཉུང་བ་ཞིག་རག་སོང་དེ་ནས་རང་གི་བསམ་ཚུལ་ལའང་རྒྱབ་སྐྱོར་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme