Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་གཉེན་སྟོན།

Posted on 2008-06-21 By དབང་ཕྱུག་ No Comments on བཙན་བྱོལ་བོད་མིའི་གཉེན་སྟོན།

བཙུན་ཐར་ཚེ་རིང༌།

སྤྱིར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་ཡིན་ནའང༌། གསོལ་སྟོན་ཆེ་ཕྲ་ཆུང་གསུམ་འདྲ་མིན་ཐོག་རྒྱན་འཛུགས་པ་ནི་བཙན་བྱོལ་བོད་མིའི་གོམས་གཤིས་ལྟ་བུར་ཆགས་འདུག གཟའ་སྤེན་པའི་ཕྱི་དྲོར་འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཞིག་གི་གཉེན་སྟོན་དུ་སོང་བ་ཡིན། གཉེན་སྟོན་ཐོག་བོད་གཞུང་གི་གཞུང་ཞབས་ཁ་ཤས་དང་ཚོགས་པ་ག་གེ་མོའི་ཚོགས་གཙོ། ཚགས་པར་ག་གེ་མོ་ཞིག་གི་རྩོམ་སྒྲིག་ལས་རོགས། མེ་ལོག་ཁྲོམ་ལམ་གྱི་གཡས་ཟུར་གཡོན་ཟུར་གྱི་ཚོང་པ་ཆེ་ཆུང་ཁ་ཤས། ད་དུང་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དང་མ་མ་སོགས་ལས་རིགས་མི་གཅིག་པ་མང་པོ་ཞིག་འཛོམས་འདུག ནམ་རྒྱུན་གཉེན་སྟོན་དང་སྐྱེས་སྐར་ལ་སོགས་ལ་འགྲོ་དུས་ཤོག་ཕེ་དང་མ་ཅང་སོགས་མི་ཆོས་ཀུན་སྤྱོད་དང་འགལ་བའི་རྒྱན་འཛུགས་རྩེད་མོའི་རིགས་ལ་རོལ་བཞིན་པ་མཐོང་དུས། རྒྱུ་མཚན་ཅི་ཞིག་གིས་ཡིན་མིན་མི་ཤེས་ཀྱང༌། ང་རང་གཏན་ནས་བདེ་བོ་མེད་པ་ཞིག་ཆགས་ཀྱིན་འདུག ལྔ་བཅུ་ང་དགུ་ལོའི་ཛ་དྲག་ཉེན་འཕྲང་སྐབས་སུའང་བོད་རྒྱལ་ཁབ་ཆེན་མོའི་བཀའ་བློན་རྣམ་པས་ཅི་ལ་ཡང་མི་སྙམ་པར་མ་ཅང་དང་ཤོག་ཕེ་སོགས་ལ་བག་མེད་རྣམ་གཡེང་གི་དབང་གིས་བོད་རྒྱལ་ཁབ་ཆེན་མོ་ཤོར་བཅུག་པ་སོགས་ལོ་རྒྱུས་ལ་ཞིབ་འདང་རེ་རྒྱག་དགོས་ཀྱི་འདུག ཡིན་ནའང༌། ད་ལྟའང་ད་དུང་མགོ་བཀའ་བློན་ཁྲི་ཟུར་ནས་སྨད་མང་ཚོགས་དཀྱུས་མ་ཡན་གྱིས་ཚུལ་དེར་ཉམས་མྱོང་བླང་དོར་ཅི་ཡང་མེད་པར་སྔར་གྱི་ཕམ་ཁའི་ལམ་ལ་མུ་མཐུད་དུ་སྐྱོད་བཞིན་པ་འདི་ཅི་ཞིག་གིས་ཉེས་སོང༌།
ཉིན་དེར་ཡང་འདུ་ཚོགས་གསོལ་སྟོན་བཤམས་སའི་ཅོག་ཙེ་རེ་རེའི་སྒང་ལ་མ་ཅང་དང་ཤོག་ཕེ་བཞག་ཡོད་ལ། མགྲོན་པོ་རྣམས་ཀྱིས་ཀྱང་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་དམ་འཛིན་བྱས་ཏེ་མ་ཅང་དང་ཤོག་ཕེ་རྩེད་པ་དང༌། ཐོབ་ཤོར་གྱི་དངུལ་ཕར་སྟེར་ཚུར་ལེན་བྱེད་བཞིན་འདུག ང་ཚོའི་ཅོག་ཙེའི་མཐའ་འཁོར་གྱི་མི་རྣམས་རྒྱན་འཛུགས་རྩེད་མཁན་འདྲ་མེད་ལ། ང་ཚོས་གཞིས་སྡོད་བོད་ཆོལ་ཁ་གསུམ་གྱིས་རྒྱལ་ནག་ལ་ཞི་རྒོལ་བྱས་པ་དང་བྱེས་སྡོད་བོད་རིགས་ཚོས་ཕྱི་རྒྱལ་གང་སར་ཨོ་ལམ་ཕིག་དཔལ་འབར་བརྒྱུད་སྤྲོད་ལ་ངོ་རྒོལ་བྱས་པ་སོགས་འཛམ་གླིང་གང་སར་རླུང་ལྟར་གྲགས་པའི་རྒྱལ་སྤྱིའི་བོད་དོན་གླེང་པའི་སྐོར་གླེང་བཞིན་བསྡད།
སྤྱིར་བོད་གངས་ཅན་གྱི་གཉེན་སྟོན་གྱི་གོམས་གཤིས་ལ་ལུང་པ་རེ་ལ་ཆུ་རེ་དང་སྡེ་བ་རེ་ལ་སྲོལ་རེ་བཤད་སྲོལ་ཡོད་མོད། གཉེན་སྟོན་གོམས་གཤིས་ཅུང་ཙམ་མ་འདྲ་ནའང༌། མ་ཅང་དང་ཤོག་ཕེ་སོགས་རྒྱན་འཛུགས་རྩེད་མོའི་རིགས་གཏན་ནས་མེད་ལ། སྤྱོད་དགའ་ཆེ་ཤོས་ནི་དམངས་གླུ་དང་གཞས། གླུ་ཤགས། ཁ་མཚར་སོགས་ཀྱིས་མི་དམངས་དགོད་སྒྲ་ཆེར་ག་འདྲ་ཞིག་ནས་གཏོང་ཐུབ་མིན་དང༌། མི་མང་གི་སེམས་ངོར་དགོད་སྒྲའི་གང་བ་ན་དེའི་ཉིན་གྱི་གཉེན་སྟོན་བྲོ་བ་ཆེ་བར་གླེང་ཚུལ་ཡོད་པས། ཤ་མར་ཇ་ཆང་དང་སིལ་ཏོག་སོགས་ཀྱིས་སྣེ་ལེན་གཟབ་རྒྱས་བྱེད་པ་སྨོས་ཅི། ད་དུང་གཉེན་སྟོན་ཐོག་མི་མང་གི་དགོད་སྒྲའི་ཤུགས་ཆེ་ཆུང་ལ་བལྟ་བཞིན་རྟེན་འབྲེལ་རང་འགྲིག་གིས་བརྟག་དཔྱད་བྱས་པ་སོགས་ཀྱང་ཡོད།
བཙན་བྱོལ་གཞུང་གི་ཆེ་ས་ནས་མགོ་བཀའ་བློན་དང་ཆུང་ས་ནས་སྨད་མི་སེར་དཀྱུས་མ་ཚུན་གྱིས་རྒྱལ་བའི་བཀའ་ཟེར་བཞིན་ཁ་ནས་རླུང་ལྟར་སྒྲོག་བཞིན་ཡོད་ནའང༌། སྐྱབས་མགོན་རིན་པོ་ཆེས་རྒྱན་འཛུགས་སྤོང་བབ་ཐད་བཀའ་སློབ་རིམ་བཞིན་སྩལ་ཡོད་པ་གཞུང་ཞབས་རྣམས་པ་དང་ཚོགས་ག་གེ་མོའི་ཚོགས་གཙོ། ཚགས་པར་རྩོམ་སྒྲིག་ལས་རོགས་སོགས་ཀྱིས་གཏན་ནས་མ་ཐོས་དང་མ་མཐོང་བ་ག་ལ་ཡིན། དོན་དངོས་སུ་ང་ཚོས་མ་ཅང་དང་ཤོག་ཕེ་སོགས་ཀྱི་རྒྱན་འཛུགས་རྩེད་མོ་རིགས་ལ་སྤང་བླང་དོ་སྣང་མི་བྱེད་པར་ད་དུང་རང་དབང་ངམ་རང་བཙན་ག་འདྲ་ཞིག་རྩོད་དགོས་པ་དང༌། རྩོམ་པ་པོས་མི་མང་ལ་སྐུལ་སློང་དང་སྣེ་ཁྲིད་ག་འདྲ་ཞིག་བྱེད་དགོས་མིན་སོགས་ཡིད་ལ་ངང་ངམ་ཤུགས་ཀྱིས་ཤར་སོང༌།།

སྣ་ཚོགས།

Post navigation

Previous Post: སྒྱུ་མའི་དབྱངས་ལ་ཞུགས་པ།
Next Post: སྐྱུར་ལ་མངར་བའི་ཚོར་བ། ༼ཉིན་ཐོ་ལས་བཤུས༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme