Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་མཐའི་ཚོར་སྣང་།

Posted on 2011-02-012011-02-01 By ཁ་བརྡ་ 1 Comment on ས་མཐའི་ཚོར་སྣང་།

གཡུ་དྲུག་དཀར། རྡ་ས།
ས་ཆེན་པོའི་པང་དུ་ཉལ་ནས་མཐའ་མེད་པའི་ནམ་མཁར་ཅེར་ཡང་རུང་། ཁྱེད་ལ་རང་གི་རྐང་འོག་གི་ས་གོར་མོ་འདི། ས་མཐའ་ཡིན་ལ། རང་ས་མིན་པའི་བདེན་དཔང་གང་གིས་བྱས་སམ། ཉིན་མོའི་འདུ་འཛིའི་ཁྲོད་དང་མཚན་མོའི་རྨི་ལམ་གྱི་ཁྲོད་གང་ཡིན་རུང་། ཁྱེད་ཀྱིས་ཡུལ་འདི་རང་ཡུལ་མིན་པར། གཞན་ཡུལ་ཡིན་པར་ཇི་ལྟར་བསྙོན་སོང་། དགའ་བའི་དགོད་སྒྲའི་ྐློང་དང་སྡུག་གི་ངུ་སྐད་ཀྱི་ཁུག་པ་གང་དུའང་། ཁྱེད་ཀྱིས་ཁྱིམ་འདི་རང་ཁྱིམ་མིན་པར། རྡོ་གཞུང་ཞིག་ཏུ་འཛིན་པ་ཅི་ཡིས་བྱས་སམ།
རེད། དེ་དག་ནི་ངའི་སེམས་སྟེང་ནས་ནམ་ཡང་འཇག་མྱོང་མེད་པའི་ཚོར་སྣང་ངོ་མ་སྟེ། ས་མཐའི་ཚོར་སྣང་གིས་བསྐྱེད་པ་རེད། ངའི་བྲང་ཁོག་ན་དུས་རྒྱུན་ཚོར་སྣང་འདི་འདྲ་ཞིག་ཡོད་པས། སེམས་པ་ནམ་ཡང་བདེ་ལ་འབབ་ཐབས་བྲལ་ལ། ངའི་སྙིང་རྩ་ཚོར་སྣང་འདི་འདྲ་ཞིག་གིས་བསྡམས་ཡོད་པས། ས་འདིའི་ཉིན་མཚན་དུས་དྲུག་གི་ཞལ་ཟས་རོ་བརྒྱ་ལྟ་བུའི་འབྲས་སྡེར་མ་བཅུ་དང་ངྷ་ལི་ཕོར་བ་བརྒྱ། བག་ལེབ་གཅིག་སྟོང་ཐམ་པ་ཟས་ཀྱང་། ངའི་ཤ་ཁྲག་གི་བཅུད་དུ་མི་འགྱུར་བར་མ་ཟད། ཤ་ཁྲག་གདོས་བཅས་ཀྱི་རང་ལུས་འདོམ་པ་གང་བོ་ཡང་དེ་འདྲའི་ལྷོད་ལྷོད་ཅིག་མ་རེད། ད་དུང་། ཁ་ཐང་ན་ཡོད་པ་དང་སེམས་བར་དོ་ན་གནས་བ་དག་གིས་ང་ཚོ་རང་དབང་ལུང་པར་སླེབས་ཡོད་ཅེས་ཁ་ཕོ་སྒྲོག་མོད། ང་ལ་རང་ཉིད་རང་དབང་ལུང་པར་སླེབས་པའི་ཚོར་སྣང་ཞིག་ཡེ་ནས་མ་སླེབས་པར་མ་ཟད། ངའི་བྲང་ཁོག་ས་མཐའི་ཚོར་སྣང་གིས་གཅུན་ཡོད་པས། ངའི་སེམས་ཁོང་སྐྱོ་སྡུག་དང་སུན་སྣང་། ཡི་མུག་དང་རེ་ཆད། གུ་དོགས་དང་འཕང་སེམས་བཅས་ཀྱིས་ནོན་ལ། ཐ་ན་རེ་དོགས་དང་འཇིགས་སྣང་ཆེན་པོ་ཞིག་ཀྱང་ངང་གིས་མཆེད་འདུག
སེམས་ཁོང་གི་ཚོར་སྣང་དེས་དབང་གིས་རང་ཉིད་མྱི་གསོན་པོ་ཡིན་ཡང་། ལྷག་རླུང་གིས་བདས་པའི་ལོ་མ་སྐམ་པོ་ཞིག་ལྟར་ཚོར་བས། ངས་རང་ལའང་རྩ་བ་བརྟན་ཅིང་རྩེ་མོ་དགུང་ལ་ཟུག་པའི་རང་གི་བླ་ཤིང་སྟེང་གི་གནས་ཡུལ་དྲོན་མོ་ཡོད་པ་དང་། ལྗང་མདོག་གིས་འཚེར་བའི་རང་གི་ཁ་དོག་ཡོད་པ། བསིལ་རླུང་ལྡིང་ཞིང་མེ་ཏོག་གིས་ཁེབས་པའི་རང་གི་དབྱར་གཞུང་གི་འཚོ་བ་ལྡན་པ་དང་་། རང་གི་མཛེས་སྡུག་ངོམ་ཆོག་པའི་གནམ་དང་ས་ཞིག་ཡོད་པ། གཞན་ལུས་ཀྱི་ངལ་དུབ་སེལ་ཞིང་སེམས་ཀྱི་སྡུག་བསྔལ་གཞོམ་པའི་རང་གི་གྲིབ་གཟུགས་གདའ་བ་དང་། རང་དབང་གིས་གཡོ་བའི་རང་གི་ཁོར་ཡུག་ཡོད་པ་བཅས་ཡང་ཡང་དྲན་ཞིང་བསམ་དགོས་ཤིང་།
ཚོར་སྣང་འདིའི་ངོགས་ནས་གཡོ་སྒྱུ་དང་དྲག་རྩུབ། མེ་མདའ་དང་མེ་སྒྱོགས། རྒོལ་གཏམ་དང་སྡིགས་སྨོད་བཅས་ཀྱིས་མངོན་ལྐོག་གཉིས་དང་ཉེ་རིང་གཉིས། རྒྱབ་མདུན་གཉིས་བཅས་ཁྱོན་ཡོངས་ནས་སྨག་མེད་རྩ་མེད་དུ་བཏང་ཟིན་པའི་ཕ་ཡུལ་གྱི་རང་དབང་དང་ཐོབ་ཐང་། ཞི་བདེ་དང་འདྲ་མཉམ། བརྟན་བརླིང་དང་འཆམ་མཐུན། ཁེ་དབང་སོགས་འོད་ཟེར་དང་རྣམ་ཤེས་ཀྱི་ཕུང་བོ་ཆེན་པོ་ཞིག་ཏུ་སྦྲུམ་ཞིང་། ང་དང་ལྷན་དུ་འཇིག་རྟེན་གྱི་བདེན་པ་དང་གནས་ལུགས་ལ་གཏུགས་བཤེར་རྒྱག་གིན་ཡོད་པས། ངའི་ཞེ་བདེ་འགྲོ་བ་ཞིག་དང་ཡིད་ཚིམ་འགྲོ་བའི་དུས་ཤིག་ཡོད་སྲིད་དམ། ཚོར་སྣང་འདིའི་ངོགས་ནས་ཞི་བའི་བཅིང་འགྲོལ་དང་རིག་གནས་གསར་བརྗེ། ནུབ་བརྒྱུད་ཐོན་འབྱེད་དང་རྒྱལ་གཅེས་ཆོས་གཅེས་ལྟ་བུའི་སྔོན་ཆད་གསུམ་གྱི་སྐྱོ་སྡུག་གི་ལོ་རྒྱུས་ཁྲོད། ཕྱི་གངས་རིའི་ལྕགས་རི་མཐོ་ཞིང་ནང་རྫ་རིའི་མཁར་རྩ་བརྟན་པོའི་དབུས་སུ། སྤང་སྔོན་མོའི་གདན་གྱིས་ཁེབས་པའི་བོད་ཆེན་པོའི་བླ་མཁར་བཙན་གྱིས་རྒྱ་མཁར་རྒྱ་ཡུལ་དུ་བསྒྱུར་བ་དང་། ཡབ་མེས་ཚོའི་སྒེར་ཚུགས་ཀྱི་འཚོ་བཅུད་ནོག་མོ་སྟེ། སྦྲང་དཀར་རྩམ་པ་དང་འབྲུ་མར་སེར་བོ། གངས་ཆབ་སྔོན་མོ་སོགས་རྒྱ་ཟས་རྒྱ་ཆུ་རུ་བསྒྱུར་བ་སོགས་ཤ་གསེང་རུས་གསེང་ལ་སིམ་ཡོང་བ་དང་། དུས་ད་ལྟའང་བདེན་པའི་འགྲེང་གཟུགས་ལྟ་བུའི་བོད་མི་དཔའ་བོ་དཔའ་མོ་རྣམས་ཤ་ཉོག་རུས་ཉོག་ཏུ་བཏང་ནས་མ་ཉེས་ཁག་གཡོགས་ཀྱིས་ཁྲིམས་ལ་སྦྱར་ཏེ། ཕ་ཡུལ་གྱི་རི་ལུང་ཐང་གསུམ་བཙོན་དོང་མུན་དོང་དུ་སྒྱུར་བཞིན་པ་དང་། གནས་ལུགས་དང་རྒྱུ་འབྲས་བློ་མིག་གི་དཔང་དུ་བཙན་པའི་བོད་མིའི་རྣམ་ཤེས་ལའང་རྡོག་བརྫིས་གཏོང་རྐྱང་གིས་ཕ་ཡུལ་གྱི་ལམ་ཡོད་ཚད་ཀྱི་མགོ་རྔ་མེད་པར་གཤིན་རྗེ་འཕྲང་ལམ་དུ་སྒྱུར་བཞིན་པ་བཅས་རྗེན་པར་མཐོང་ན། འུ་ཐུག་དང་སྐྱོ་གདུང་གི་ྐློང་ནས་སྙིང་གསོན་པོའི་འཕར་ལྡིང་ཡང་འཇགས་ཚོད་རེད།
ཚོར་སྣང་འདིའི་ངོགས་ནས་ངའི་མིག་ལམ་སྐྱ་ཐིང་ཐིང་། སེམས་ཀྱི་རླབས་རྒྱུན་གྲང་ཤུར་ཤུར་འཕར་མཆོང་ཞིང་ཚུར་ལྡིང་ཡོང་ལ། རླུང་བུ་ཕྲ་མོ་རེས་ཀྱང་ངའི་ཁ་དོག་སྐྱ་བོ་བསུབ་རྐྱང་བྱེད་པ་དང་། རང་ལུས་སྐམ་པོར་རྡོག་བརྫིས་གཏོང་རྐྱང་བྱེད་པས། རང་ཚུགས་མེད་པའི་ངའི་འཚོ་བར་དོན་སྙིང་ཅི་ཞིག་ཡོད་དམ། གཞན་ཡུལ་དུ་ང་ཚོ་ནི་གད་སྙིགས་ཀྱི་ཕུང་བོར་གྱུར་བའི་ལོ་མ་སེར་བོ་དེ་དག་དང་ཨ་ན་མ་ན་རེད། ང་ཚོར་རང་ལུས་སྐྱ་བོ་འདི་རྡོ་ལ་མི་བརྡེབ་པ་དང་། ཆུ་ལ་མི་བསྐྱུར་བ། མེར་མི་བསྲེག་པའི་འགན་ལེན་སུ་ཡིས་བྱས་ཡོད་དམ། ཚེ་སྲོག་ལ་འགན་ལེན་མེད་པའི་གནས་ཚང་འདིར། ང་ཚོའི་བློ་ཁ་ཅིའི་ཕྱིར་བདེ་འམ། སྐྱབས་བཅོལ་ལག་འཁྱེར་གྱི་ཤོག་ངོས་རེ་རེའི་སྟེང་ན་ང་ཚོའི་རང་ཚུགས་དང་དབང་ཐང་ཅི་ཙམ་གསལ་ཡོད་དམ། ཅི་ཡང་མེད་པའི་ས་མཐའ་ནས་ང་ཚོས་འདི་ལྟ་བུའི་མགོ་བོ་སྐམ་པོར་ཇི་ལྟར་ཡར་འགྱོག་དགོས་མིན་གྱི་གདེང་ཡེ་ནས་མི་འདུག
ས་མཐའི་ཚོར་སྣང་གིས་གཅུན་པའི་མི་ལོ་བཅུ། སྨྲེང་སྐྱོ་དང་ངུ་ངག་ལ་བརྒྱུས་པའི་མི་ལོ་བཅུ། ལོ་ཁྲི་མ་འབུམ་གྱི་བསྐལ་བ་ལས་ཀྱང་རིང་བའི་སྣང་བ་འགོག་མེད་དུ་འཆར་ཞིང་། ཕྱིར་རྟོག་དང་སེམས་འགྱུ་སྣ་ཚོགས་ཀྱིས་སྡུག་ལ་གཏད་པའི་ལོ་ཟླ་དང་ཉིན་ཞག་རེ་རེའི་འཁོར་འདས་ཁྲོད་དུ། ང་ལ་དྲན་གདུང་གི་གཟེར་ཁ་ཕོག་པས། སེམས་ཀྱི་རྨ་ཁ་ཆེ་རུ་ཆེ་རུ། ན་ཟུག་གི་གཟེར་ཁ་རྒོད་དུ་རྒོད་དུ། མིག་ཆུ་དང་ངུ་ངག་འདྲེས་མའི་འགྱུར་ཁུག་ཅི་ཙམ་རླུང་ལ་བསྐུར་ཡོད་ཨང་།།

སྣ་ཚོགས།

Post navigation

Previous Post: བོད་ནང་གི་སློབ་ཕྲུག་བུ་མོ་ཞིག་ལ་ཕྱི་རྒྱལ་གྱི་གྲོགས་པོས་སློབ་གསོ་བརྒྱབ་པ།
Next Post: ངེད་ཀྱི་འོས་ཤོག་དེ་ངེད་ཀྱི་ཐོབ་ཐང་ཡིན།

Comment (1) on “ས་མཐའི་ཚོར་སྣང་།”

  1. ཀེ་ཏ་ཀ says:
    2011-02-01 at 7:39 am

    ཁག་མི་འདུག འོན་ཀྱང་། མི་ནི་རེ་བ་ཙམ་ལ་བརྟེན་ནས་འཚོ་བཞིན་པའི་སྲོག་ཆགས་ཤིག་ཡིན་པས། རེ་བ་མ་བོར་ན་མི་སེམས་མི་འཆི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme