Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།

Posted on 2011-01-282011-01-28 By ཁ་བརྡ་ 3 Comments on སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།

་བཀྲ་ཤིས

སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།
སྤྱི་ཁྱབ་རང་བཞིན་གྱི་ལྟ་བའི་ཁ་ཕྱོགས་ངོས་ནས་འདས་ཟིན་པའི་མི་ལོ་ལྔ་བཅུའི་རིང་གི་ལོ་རྒྱུས་ཁྲོད་དུ་ཕྱིར་མིག་ཐེངས་ཤིག་འཕངས་ན།རྒྱ་འདེའི་དམར་པོའི་ཧམ་སེམས་ཀྱི་འདྲེ་ལག་བོད་དུ་བརྐྱངས་པའི་ཉིན་དེ་ནས་བཟུང་།༧གོང་ས་མཆོག་ིས་མི་རིགས་ཤིག་གི་བདེ་སྡུག་ཐོད་དུ་ཁུར་ནས་མི་ཡུལ་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཞིང་།་་་རང་གི་ཆེས་གཅེས་འོས་པར་འོས་པའི་ཕ་ཡུལ་དང་རྒྱང་ཐག་ཤིན་ཏུ་རིང་བའི་ཧི་མ་ལ་ཡའི་ཚུར་རོལ་དུ་ལ་རྒྱ་དང་སྙིང་སྟོབས་བྲང་ལ་ཉར་ཞིང་།བདེན་པ་དང་ཞི་བའི་མཚོན་ཆ་ཐོགས་ནས།མི་ལོ་ཉེར་དགུའི་རིང་ལ་རང་གཙང་ལྟ་བའི་འོག་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་སྟེ་རང་བཙན་གཙང་མ་ཁོ་ན་བརྩོན་ལེན་བྱས་པ་རེད།་ཡིན་ཡང་ཕྱི་ལོ་༡༩༧༩་ལོར་རྒྱ་ནག་གི་དབུ་ཁྲིད་ཏུན་ཞའོ་ཕིན་གྱིས་རང་བཙན་ཕུད།་དེ་མིན་གྱི་གནད་དོན་གང་ཡིན་ཡང་ཞི་བའི་གྲོས་མོལ་བརྒྱུད་ནས་ཐག་གཅད་ཆོག་པའི་མནའ་ཚིག་དང་།ལྷག་པར་དུ་རྒྱལ་སྤྱིའི་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་།བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ།་གླིང་ཆེན་ཨེ་ཤེ་ཡའི་ཞི་བདེའི་མཉམ་གནས་བཅས་ཀྱི་ཆེད་དུ།བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ཁ་གསར་ཏུ་བཏོད་པ་རེད་ལ།ཆབ་སྲིད་ཀྱི་སྒྲོམ་གཞི་དང་ལངས་ཕྱོགས་འདིའི་འོག་ནས་ང་ཚོས་མི་ལོ་སུམ་བཅུའི་རིང་ལ་རྒྱ་ནག་གཞུང་དང་མཉམ་དུ་ཞི་བའི་གྲོས་མོལ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐུབ་པར་ཡིད་ཆེས་བྱས་པ་རེད།འོན་ཀྱང་ཆེས་ཡིད་སྐྱོ་བ་ཞིག་ནི་ང་ཚོས་དབུ་མའི་ལམ་གྱི་ཆབ་སྲིད་སྒྲོམ་གཞི་འོག་བོད་ཀྱི་དཀའ་རྙོག་སེལ་ཐུབ་པར་ཅི་ཙམ་ཡིད་ཆེས་བྱས་པའི་ཚོད་ཀྱིས།ང་ཚོ་དང་ང་ཚོའི་རྨི་ལམ་དབར་གྱི་ཁ་ཐག་དེ་ཙམ་གྱི་རིང་དུ་འགྲོ་གི་ཡོད་པ་དེ་རེད།གང་ཡིན་ཞེ་ན།ང་ཚོས་རང་བཙན་བློས་གོང་བྱས་ནས་ཚད་མཐོའི་རང་སྼིད་རང་སྐྱོང་གི་ཐོག་ལ་བབས་ཤིང།་དེ་ནས་མི་རིགས་ས་གནས་རང་སྐྱོང་ཐོག་ལ་མར་བབས་ནས་རྒྱ་ནག་གཞུང་ལ་གུ་ཡངས་ཀྱི་རྣམ་འགྱུར་ག་ཚོད་བསྟན་ཡང་།རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱིས་རང་བཙན་དང་ཕྱེད་ང་བཙན།རྣམ་པ་འགྱུར་བའི་རང་བཙན་སོགས་རྩོད་ཀྱིའདུག་ཅེས་ལབ་ནས།བོད་གཞུང་དང་མཉམ་དུ་གྲོས་མོལ་བརྒྱུད་ནས་དཀའ་རྙོག་སེལ་བའི་འདུན་པ་ཁྱོན་ནས་མེད་པ་གསལ་བོ་བསྟན་ཡོད་ལ།ཉེ་བའི་ལོ་འགའི་རང་གི་བོད་མིའི་ཞི་རྒོལ་ཁག་ལ་མཐའ་གཅིག་ཏུ་དྲག་གནོན་བྱས་པ་སོགས་གང་གི་ཐད་ནས་བལྟས་ཀྱང་།རྒྱ་ནག་གཞུང་གིས་བོད་ཐོག་ལ་བཟུང་བའི་སྲིད་ཇུས་ཇེ་མཁྲེགས་ཏུ་སོང་ཡོད་པ་གསལ་བོ་ཡིན་པས།ང་ཚོས་གཡོ་སྒྱུ་ཅན་གྱི་སྤྱང་ཀའི་ཁྱུ་ཚོགས་ལ་རེ་ལྟོས་ཀྱི་མིག་ཟུང་བགྲད་པ་ལས།རང་ཉིད་ཀྱི་ནུས་སྟོབས་ཁག་ངོས་ཟིན་པའི་ཐོག་ནས་ང་ཚོའི་མེ་པོ་གོང་མ་ཚོས་བཞག་པའི་རང་བཙན་གྱི་ཐོབ་ཐང་གི་ངོ་བོ་དང་རིན་ཐང་བསམས་ནས།་ད་ནི་ང་ཚོས་རང་དབང་རང་བཙན་གྱི་ལོངས་སྤྱོད་ཕྱིར་དུ།རང་དབང་རང་བཙན་གྱི་ཁ་གཡང་དང་འབོད་སྒྲ་གླིང་བཞིར་བསྒྲགས་ནས་ཅིས་ཀྱང་འཐབ་རྩོད་བྱེད་དགོས་ཨང།
བོད་མི་འཚོ་གནས་བྱེད་དགོས་ན་ང་ཚོར་རང་བཙན་དགོས།
རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་།གཉིས་ཀ་བོད་མིའི་ངོ་བོ་མ་བརླག་པར་སའི་གོ་ལའི་ས་སྒང་རིལ་མོ་འདིའི་སྒང་ཏུ་འཚོ་བཞེས་དང་ཡུན་གནས་ཐུབ་ཆེད་བཏོན་པའི་ཆབ་སྲིད་ཀྱི་ལམ་སྲོལ་ཤ་སྟག་ཡིན་མོད།འོན་ཀྱང་སྐབས་འདིར་དྲི་བ་ཆེ་ཤོས་ཤིག་ནི་ང་ཚོས་ད་ལྟ་འཆད་བཞིན་པའི་མི་རིགས་རང་སྐྱོང་གི་དགོས་འདུན་འདིའི་འོག་ནས་མ་འོངས་བོད་ཀྱི་རང་དབང་གི་གནས་བབ་དང་འཚོ་གནས་ཁག་དོན་དངོས་ཐོག་ཁག་ཐེག་བྱེད་ཐུབ་མིན་དེ་རེད།
༢༠༠༨་ལོའི་ཟླ་༡༡་པའི་ནང་ང་ཚོའི་གཞུང་ཕྱོགས་ནས་བོད་མིའི་མངོན་འདོད་གང་ཡིན་གསལ་བོའི་སྒོ་ནས་ཡིག་ཆའི་ནང་བཀོད་དེ་རྒྱ་ནག་གཞིང་ལ་སྤྲད་ཀྱང་།རྒྱ་ནག་གཞུང་གིས་ཡིག་ཆ་དེ་འགོ་ནས་མཇུག་དབར་གྱི་དོན་ཚན་ཆ་ཚང་ཁས་བླངས་མེད་ལ།དེ་རྗེས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གཅོ་འཛིན་ཀྲེའུ་ཝེ་ཆོན་གྱིས་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ཏུ་རྒྱ་ནག་གིས་འཆད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་ནི་རྒྱལ་ཕྲན་མནའ་འབྲེལ་གྱི་ལམ་ལུགས་མིན་ལ།་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་བའང་མ་ཡིན།་ལྷག་པར་ཏཱ་ལའི་བླ་མའི་བཤད་བཞིན་པའི་ཚད་མཐོའི་རང་སྲིད་རང་སྐྱོང་ཡང་མིན་པའི་ད་ལྟའི་རྒྱ་ནག་གུང་ཁྲན་འོག་གནས་པའི་བོད་རང་སྐྱོང་ལྗོངས་ལ་གོ་ཡི་ཡོད་ཅེས་ལབ་ཡོད་ལ།རྒྱ་ནག་གཞུང་གིས་མིང་དོན་མཚུངས་བའི་རང་སྐྱོང་སོགས་ནམ་ཡང་ཁས་ལེན་མི་བྱེད་ཅེས་གལ་བོར་གསུངས་ཡོད།འདས་ཟིན་པའི་རྒྱ་ནག་གི་སྲིད་ཇུས་འཕོ་འགྱུར་དང་།་ད་ལྟའི་ཆབ་སྲིད་ཀྱི་སགྲོམ་གཞི་གང་གི་ཐད་ནས་བལྟས་ཀྱང་རྒྱ་ནག་གཞུང་གིས་ང་ཚོར་རང་བཙན་དང་རང་སྐྱོང་གི་གནས་བབ་གང་ཡང་སྤྲད་འཆར་མེད་པ་མིག་མཐོང་ལག་ཟིན་དང་ཟུར་བལྟས་ལེབ་མཐོང་རེད་ལ།གལ་ཏེ་བོད་ལ་རང་སྐྱོང་གི་གནས་བབ་ཞིག་སྤྲད་པའི་དབང་ཏུ་བཏང་ཡང་།ཧམ་སེམས་དང་སྒེར་གཅོད་ཀྱི་ལྟ་བ་ཤུགས་ཆེ་བའི་རྒྱ་ནག་གཞུང་འཛིན་པ་ཚོའི་དབང་འོག་ནས་ང་ཚོའི་མ་འོངས་པའི་འཚོ་གནས་ཁག་ཐེག་བྱེད་ཐུབ་མིན་ང་ཚོས་ད་ལྟའི་ཧོང་ཀོང་གི་བརྡར་ཤའམ་ར་སྤྲོད་བྱེད་ཐུབ།
དེར་བརྟེན་ང་ཚོ་མུ་མཐུད་ནས་འཙོ་གནས་བྱེད་དགོས་ན་ང་ཚོར་རང་བཙན་དགོས་ལ།ང་ཚོར་དེ་ལས་ལྷག་པའི་གདམ་ཀ་གཞན་མེད་པ་ཧ་གོ་དགོས།

ང་ཚོས་ཡིད་ཆེས་མཐའ་དག་རང་ཉིད་ལ་བཅོལ་དགོས།
ང་ཚོས་རང་བཙན་བློས་གཏོང་བྱས་ན།ང་ཚོའི་མི་རིགས་འདིས་་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་བཏང་བ་མ་ཟད།འབྱུང་འགྱུར་གྱི་རང་བཙན་འཐབ་རྩོད་པ་ཚོའི་མདུན་མཆོང་གི་ལམ་ཁ་བཀག་པ་དང་གཅིག་མཚུངས་ཡིན་པས།སོ་སོའི་མི་རིགས་ཀྱི་འཚོ་གནས་ཆེད་དུ་དཀའ་ངལ་དང་ན་ཟུག་ཇི་འདྲ་བསྲན་དགོས་ཀྱང་།ང་ཚོས་རང་བཙན་གྱི་ལྟ་བ་ནམ་ཡང་དོར་མི་འོས་ཨང་།
དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་བུ་མང་པོ་ཞིག་གིས་རྒྱ་ནག་ནི་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཡིན་པས།ད་ཆ་རང་བཙན་རྩོད་ལེན་བྱེད་པ་ནི་ནམ་ཡང་མངོན་འགྱུར་བྱེད་མི་ཐུབ་པའི་རྨི་ལམ་རང་རེད་ཅེས་བརྗོད་ཀྱི་ཡོད།་ཡིན་ཡང་ང་ཚོའི་རང་བཙན་གྱི་འཐབ་རྩོདནི་སྲིད་དང་མི་སྲིད་ཀྱི་གནད་དོན་ཞིག་མིན་པར་དགོས་དང་མི་དགོས་ཀྱི་གནད་དོན་ཞིག་རེད།
རྒྱ་ནག་གི་རྩོམ་པ་པོ་ཚའོ་ཁྲང་ཆིན་གྱིས་བོད་མིའི་རྨི་ལམ་རང་བཙན་ཁོ་ན་ཡིན་ཅེས་དང་སྤྱང་ཀི་དང་ལུག་གཉིས་ནམ་ཡང་མཉམ་དུ་ཡོང་ཐབས་མེད་ཅེས་གསུངས་པ་བཞིན།ང་ཚོས་རང་ཉིད་མངོན་འདོད་དང་གནས་བབ་ཧ་གོ་བའི་ཐོག་ནས།སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་འཇོག་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རོགས་སྐྱོར་ལ་རེ་ལྟོས་བྱེད་པ་ལས།བོད་ཕྱི་ནང་གཉིས་ཀྱི་མཐུན་སྒྲིལ་གྱི་དཔུང་བ་གཅིག་ཏུ་སྦྲེལ་ནས་འཐབ་རྩོད་བྱས་ན་དགའ།གནའ་མིའི་བོད་ཀྱི་གཏམ་དཔེ་ཞིག་ལ་མི་ལ་བརྩོན་འགྲུས་ལྡན་གྱུར་ན།།མི་འགྲུབ་བྱ་བ་གང་ཡང་མེད།།ཅེས་གསུངས་པ་བཞིན།རྔུལ་ཆུ་དང་ཟུངས་ཁྲག་ག་ཚོད་འབུལ་དགོས་བྱུང་ཡང་།ནམ་ཡང་སེམས་ཤུགས་མ་ཆགས་པར་འབད་བརྩོན་བྱས་ན།ང་ཚོས་རང་དབང་གི་ཉི་གཞོན་གསར་བ་གངས་རིའི་ལྗོངས་སུ་བསུ་ཐུབ་ངེས།སྤྱིར་ང་ཚོར་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་མཁོ་ལ།རྒྱ་ནག་གི་ཤེས་ཡོན་པ་དང་མི་དམངས་ཚོའི་རམ་འདེགས་ཀྱང་མེད་དུ་མི་རུང་ཡང་།འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་གསར་བ་ཀོ་སོ་བོ་དང་ཤར་ཀྲེ་མོག་སོགས་རང་བཙན་རྩོད་ལེན་བྱས་ནས་གྲུབ་འའབྲས་ཐོབ་པའི་རྒྱལ་ཁབ་སོགས་ལ་བལྟས་ན་ང་ཚོས་གསལ་བོར་ཤེས་རྟོགས་ཐུབ་པ་ནི་ཁོང་ཚོའི་རང་བཙན་ཕྱིའི་རྒྱལ་ཁབ་ཀྱིས་ལེགས་སྐྱེས་སྤྲད་པ་མ་ཡིན་ལ།ཁ་གཏད་མི་རིགས་ཀྱི་ཤེས་ཡོན་པའི་གདུང་སེམས་མཉམ་བསྐྱེད་ལ་བརྟེན་ནས་རེག་པ་མ་ཡིན་པར།རང་ཉིད་ཀྱིས་ཤ་ཁྲག་གི་འགྲོ་གྲོན་བཏང་བའི་ཉེར་ལེན་ལ་བརྟེན་ནས་ཐོབ་པ་ལོ་རྒྱུས་ཀྱིས་ཚུར་ཁ་གྲགས་ཡོང་གི་ཡོད་སྟབས།ང་ཚོས་ཀྱང་བདེན་ལུགས་འདི་ལ་ངེས་ཤེས་རྙེད་པའི་ཐོག་ནས་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་ནི་བོད་མིའི་འཚོ་སྡོད་ཀྱི་རེ་བ་ཡག་ཤོས་དེ་ཡིན་པ་ཧ་གོ་དགོས།
མཇུག་གཏམ་མདོར་བསྡུས་མ།
ང་ཚོ་ཚང་མས་ཤེས་གསལ་ལྟར།ད་ལྟའི་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་རྩ་དོན་དེའི་འོག་ནས་བོད་མིའི་རང་དབང་དང་འཚོ་གནས་ཁག་ཐེག་བྱེད་མི་ཐུབ་པས།ང་ཚོས་ངེས་པར་དུ་རང་བཙན་གྱི་བགྲོད་ལམ་ཐོག་ཏུ་མི་རབས་ག་ཚོད་བརྗེ་དགོས་བྱུང་ཡང་།དཀའ་སྡུག་གི་ལོ་ཟླ་ཅི་ཙམ་བསྐྱལ་དགོས་ཀྱང་།་མུ་མཐུད་ནས་མདུན་བསྐྱོད་བྱེད་དགོས།
ང་ཚོ་ངེས་པར་དུ་གསོན་ན་སྟོབས་དང་ལྡན་པར་གསོན་དགོས་ལ།་ཤི་ན་འོད་དང་ལྡན་པར་འཆི་དགོས།ངའི་ནང་མི་སྤུན་ཟླ་ཚོ།ང་ཚོ་མུན་འཐོམས་ཀྱི་ལམ་ཁར་ལེ་དབར་སྟོང་ཕྲག་བགྲོད་པ་ལས།རང་ཉིད་ཀྱི་རྨི་ལམ་གྱིས་བཞེངས་པའི་ཡང་དག་པའི་བགྲོད་ལམ་ཐོག་གོམ་གང་སྤོ་ཐུབ་ནའང་།གྲུབ་འབྲས་བླ་ལྷག་ཏུ་འབྱུང་ངེས་པས།སོ་སོའི་ཐོབ་ཐང་གི་ཕྱིར་དང་།སོ་སོའི་རང་དབང་གི་ཕྱིར།སོ་སོའི་འཚོ་གནས་ཀྱི་ཕྱིར་ཡང་དག་པའི་རང་བཙན་གྱི་ལྟ་པའི་ཐོག་ཡང་ཡང་འཐབ་རྩོད་བྱས་ཏེ་མིའི་རིགས་ཀྱི་ཆབ་སྲིད་ལོ་རྒྱུས་ཁྲོད་དུ་མི་རིགས་ཤིག་གིས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱས་པའི་དེབ་ཐེར་གསར་བ་འབྲི་དགོས།

རྩོམ་རིག

Post navigation

Previous Post: སྙིང་གི་ཚི་ལུ།
Next Post: པཎ་ཆེན་རིན་པོ་ཆེའི་སྲུང་མདུད།

Comments (3) on “སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།”

  1. ལྷག་བསམ། says:
    2011-01-28 at 12:52 pm

    ཁྱེད་རང་གིས་བྲིས་ཨང་། ངས་ཀློག་ཆོག ཐང་བདེ་མོ་བྱུང་དུས་གླུ་ཨ་ལ་ཐ་ལ། འགག་དོག་པོ་བྱུང་དུས་བླ་མ་ཨོ་རྒྱན་པདྨ།

  2. ཚོགས་ཆེན་ says:
    2011-01-28 at 4:57 pm

    གཉིས་སྨན་དབུ་མའི་ལམ་དེ་༧༤ལོ་ནས་གཏན་ཕེབས་ཟིན་པ་ཞིག་མ་ཡིན་ནམ? ཡིན་ནའི་སེམས་ཤུགས་ལ་བསྔགས་བརྗོད་ཞུ་ཁོ་ཐག་ཡིན།

  3. བཀྲ་ཤིས། says:
    2011-01-30 at 6:14 am

    རྩོམ་ཡིག་འདིའི་ཁ་བྱང་ལ་མི་རབས་གསར་བའི་འཚོལ་སྙེགས་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme