Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེལ་ཕོར་དུ།

Posted on 2008-06-21 By དབང་ཕྱུག་ No Comments on ཤེལ་ཕོར་དུ།

ཨ་འཇམ།

ལག་པའི་འདུ་འཛི་རྫས་ལ་བཞག་པ་ཡིས།།
རང་བྱུང་ཁམས་ཀྱི་རྨི་ལམ་རྡུལ་གྱིས་བཏུམ།།
ཤིང་ལེབ་གྲུ་བཞིའི་སྟེང་གི་སྣོད་དུ་ཡང༌།།
འཚོ་བཅུད་གཤེར་ཁུ་མི་ཡི་སྲོག་ལ་འགོས།།

དྭངས་གཙང་རང་བྱུང་འཁྱིལ་བའི་སྣང་བརྙན་གྱིས།།
གད་སྙིགས་ལུས་ལ་ཕབ་པའི་ཉམས་ཤིག་ཕྱིན།།
ཁ་བའི་འཚོ་བ་མཐོང་བའི་ཡུལ་ལྗོངས་ནི།།
ཤེལ་ཕོར་དཀར་པོའི་འོག་གི་གཏེར་ཁ་ཉིད།།

ཐ་མག་དུ་བར་འགྲོགས་པའི་ལྷོད་ཉམས་སུ།།
ཆུ་ཡི་གྲིབ་གཟུགས་བསྡུས་པའི་གཉེར་རིས་འཁོར།།
ཧུབ་གང་ཁྱོད་ལ་མཆོད་པའི་དྲན་རྟེན་དུ།།
འདྲེ་སྲིན་དོར་ནས་ངུས་པའི་ཚུལ་ཞིག་བྱུང༌།།

ཨ་མའི་སེམས་དང་འབྲེལ་བའི་ཆོས་ཉིད་ཀྱིས།།
ལྷ་དམག་རང་ལ་ཐེབས་པའི་འཛུམ་ཞིག་བྱུང༌།།
དྭངས་ཤེལ་ཕོར་བའི་ནང་གི་རྣམ་ཤེས་ནི།།
སྒྲུང་གཏམ་དམ་དུ་བཀྱིགས་པའི་ལེ་ཚན་ཡིན།།

མུན་པའི་ཁྲོད་ཀྱི་གསལ་པོའི་འཚོ་རྟེན་ལ།།
རྩ་ལམ་སྒྱུ་རྩལ་བཞུར་བའི་སྟོབས་ཏེ་བསྐྲུན།།
རྐང་རྩལ་སྙན་ངག་ཐེབས་པའི་སྟེགས་བུ་ནས།།
བཅོས་མའི་བཟོ་བཀོད་ཁ་དང་ཉེ་བ་མཐོང༌།།

སྐད་ཆའི་སྟེང་དུ་གནོན་པའི་ཆུ་ཚན་ཉིད།།
ལྕགས་རི་འོད་སྣང་ཅན་གྱི་བྱམས་ཀྱིས་བསྐྱངས།།
འཕྲུལ་ཆས་གཏུམ་པོས་སྒྲིག་པའི་ཡོ་བྱད་ནི།།
སྙིང་རྗེ་ཅན་གྱི་མི་ཡི་སྐལ་དུ་སྤེལ།།

ཇ་རོ་འཁོར་བའི་སྟེང་གི་ཐ་སྙད་འགའ།།
འོ་མར་འདྲེས་པའི་ཤོག་བུའི་ངོས་སུ་བྱུང༌།།
སློག་པ་ཅན་གྱི་མི་ཚོགས་མཚོ་མཐའ་ནས།།
ཅོག་ཙེ་སྟེང་ནས་འཕྲད་པའི་ལས་འདི་འགྲིག།

གྲུ་ག་རེ་རེའི་ཕོ་མོའི་མཆུ་སྒྲོས་ཀྱང༌།།
ཡང་ཡང་གླན་པས་བརྩེ་བ་མེད་པར་གྱུར།།
ཆགས་སྲིད་བོར་པའི་འདུ་ལོང་བར་གསེང་ནས།།
ཁེར་རྐྱང་སྙན་ངག་འདོད་པས་གདུང་སྟེ་ངལ།།

ཐོག་མའི་གད་སྙིགས་བྱུང་བ་བརྗེད་ཤུལ་ན།།
སེམས་ཀྱི་དམག་འཁྲུག་གསར་པ་བོར་ཏེ་སོང༌།།
རྒྱང་རིང་འོད་སྣང་དྲན་པའི་རི་རྩེ་རུ།།
ཐིགས་པ་ལན་གཅིག་རྙེད་པ་ཁྱོད་ལ་བཞག།

ཤེལ་ཕོར་ནང་ནས་མཐོང་བའི་གྲོང་ཁྱེར་དུ།།
བུ་མོ་ཞིག་གིས་འཕོངས་རྐུབ་གཡུགས་བཞིན་སོང༌།།
ཞབས་ཞུ་རྣམ་འགྱུར་ལེགས་པའི་ཟུར་མིག་གིས།།
ཟླ་བ་བསྟན་པའི་འོག་ནས་འདྲེད་འདི་ཤོར།།

རི་མོར་བྲིས་པ་དང་པོའི་རྣམ་ཤེས་ཅན།།
ཨུ་ཚུགས་རྡུལ་ལ་ཕབ་པའི་གཟུགས་ཤིག་བསླངས།།
ཆུ་ཡི་གྲོགས་སུ་གྱུར་པའི་ཐོན་རྫས་ཀྱིས།།
མི་ཡི་ཤ་ལ་གཅེས་པའི་སྲོག་ཅིག་བྱིན།།

འཚོ་བ་འདི་ཡང་ཕོར་བའི་དཀྱིལ་བརྒྱུད་ནས།།
ཚེ་ཡི་རྩ་ལམ་དེད་ནས་ཁྱོད་ལ་ཕྱོགས།།
འཛུགས་སྐྲུན་ལྷ་ཡི་ཐབས་ཀྱི་འཕྲུལ་སྣང་གིས།།
དེང་རབས་སྲང་ནས་འཕྲིན་འདི་ཤེལ་ལ་འཕོས།།

སྙན་ངག

Post navigation

Previous Post: ཞོགས་པའི་ཡར་སྔོན་གྱི་སྐད་ཆ།༼ཚན་པ་འགའ།༽
Next Post: སྒྱུ་མའི་དབྱངས་ལ་ཞུགས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme