Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞབས་རྗེས

Posted on 2011-01-252011-01-25 By ཁ་བརྡ་ 2 Comments on ཞབས་རྗེས

-འཚོལ་སྙེག་དང་བསམ་གཞིགས

དེ་ཉིད་བསོད་རྒྱལ

༡

ས་གཞི་ལ་ཁ་བས་གཡོགས་པའི་ནངས་མོ་དེར
ནམ་མཁའ་ནི་མདང་ཁ་བ་བབས་པ་དང་ཁྱོན་ནས་མི་འདྲ
སྔོ་སང་སང་། ཧ་ཅང་གི་འབྱམས་སུ་ཀླས
དེ་མཛེས་སྡུག་ཅིག་ཡིན་པས
མཛེས་སྡུག་གི་སྔ་རོལ་དེར་ངས་བསམ་བློ་ཞིབ་པར་བཏང་བ་ཡིན

ཁ་ན་རླངས་པ་དཀར་ལྷོག་ལྷོག་ཏུ་འཕྱུར་ཞོར
ལག་ཟུང་ཁ་ལ་ཡང་ཡང་དུ་ཁྱེར་བཞིན
རྐང་པ་ས་ལ་ཐཱག་ཐཱག་ཏུ་རྡེབ་ཞོར
ང་། དར་ལྕོག་མཐོང་སའི་རྒྱབ་རི་ཡི་ལམ་ལ་ཞུགས་པ་ཡིན

དེ་རིང་ཚེས་བཅོ་ལྔ་ཡིན་པས
རྒྱབ་རི་ལ་གསང་ཕུལ་པའི་ཉིན་མོ་ཡིན
ང། ཡར་ལངས་བ་འཕྱི་དྲགས་འདུག
ཁ་བ་ལ་རྐང་རྗེས་ཤིག་པར་ཟིན་འདུག

དྲང་མོར་བཤད་ན། རྐང་རྗེས་དེ་དད་ན
རང་ཉིད་ཀྱི་རྐང་བ་མི་གྲང་ལ་འགྲོ་བར་བདེ་མོད
དོན་གྱིས། དེ་གཞན་གྱི་རྐང་རྗེས་རེད
རང་ཉིད་ལ་རང་ཉིད་ཀྱི་རྐང་རྗེས་མཐོང་བའི་ས་ཁྲ་ཞིག་མཁོ་ཨང
ས་ཁྲ་དེ་ནི་ངས་རྟ་པར་སེམས་ཀྱི་མེ་ལོང་ལྟ་བུ་ཞིག་ལ་སྙམ་བཞིན་ཡོད
ང་། ལམ་ཁ་དེ་ནས་་ཡུན་རིང་ལ་ལངས་ནས་བསྡད་པ་ཡིན

མཇུག་མཐར་ངའི་སྙིང་གི་ཁ་གྲགས་སོང
རྐང་རྗེས་དེ་ལྟ་བཞིན་ལྟ་བཞིན
གསར་ཏུ་རང་ཉིད་ཀྱི་རྐང་རྗེས་ཤིག་པར་ཏེ་ལམ་ལ་ཆས

ངའི་ལྷམ་ནང་ལ་ཁ་བས་ཁེངས་སོང
ངའི་རྐང་པ་ཆབ་རོམ་ལས་ཀྱང་འཁྱགས་སོང
ངའི་པུས་མོ་རྡོ་ལ་རྡེབ་སོང
ངའི་ལག་གི་གསང་རྩི་ས་ལ་ལྷུང་སོང
ངའི་ལག་གི་གསང་ཆང་ཐང་ལ་བྱོ་སོང
ངའི་རྐང་པ་ད་དུང་མདུན་ནས་མདུན་དུ་བསྐྱོད

ཁོ་ཚོའི་རྐང་རྗེས་ནི་འཕར་བའི་རྐང་རྗེས་དང་འདྲ…………

འདི་ལྟར་རྒྱབ་རི་སྒང་ལ་ཐོན་དུས
མི་མང་པོ་གདའ། གསང་ད་དུང་ཕུལ་མི་འདུག
ང་རང་ཤིན་ཏུ་མཚར་བཞིན། དབུགས་འཚང་འཚང་གིས
ལག་གཡོན་པ་དཔྱི་མགོར་བཞག་ཏེ
འདི་འདྲའི་མི་ཚོགས་ཆེན་པོ་ལ
རྐང་རྗེས་གཅིག་མ་གཏོགས་མེད་པ་འདི་ཅི་ཡིན་ནམ་སྙམ

ཁོ་ཚོ་རང་ཉིད་ལ་མ་དགའ་བ་ཡིན་ནམ
ཁོ་ཚོ་ཕ་རོལ་ལ་དུངས་དྲགས་པ་ཡིན་ནམ
ཁོ་ཚོ་ལ་གཞན་གྱིས་བཙན་བྱས་པ་ཡིན་ནམ
ཁོ་ཚོས་ལམ་འདི་འདི་ལྟར་འདེནས་པ་ཡིན་ནམ

………………. …….. .. .

ཉི་མ་རི་རྩེ་ལ་ཤར་སོང

དཀར་སོབ་སོབ་ཀྱི་གསང་དུ་ལྷོག་ལྷོག་གིས་དགུང་ལ་འཕྱུར

༢

གསང་ཕུལ་ཚར་སོང་། ཕྱིར་ལོག་པའི་ལམ་བར་ཏུ

ཁོ་ཚོས་ངའི་རྐང་རྗེས་ལ་མཛུབ་མོས་ཀེར་ཏེ

ལ་ལས་འཕྱ་དགོད་ཀྱིས་སྐད་སྒྲ་སྒྲོགས

ལ་ལས་དེ་སུ་ཡི་ཡིན་མིན་གྱི་ཕན་ཚུན་ལ་དྲི་བ་འདྲི

ལ་ལས་བླུན་པོ་ཁ་ནག་འདི་ཡི་རང་སྡུག་རང་གིས་ཉོས་འདུག་ཟེར

ལ་ལས་སྙིང་རྗེ་ཁོ་ལ་རོགས་པ་ཡོད་ས་མ་རེད་ཟེར

ལ་ལས་ཞིབ་ལྟ་དང་ཡང་ལྟ་ཡང་ཡང་བྱེད

གང་ལྟར་ཀྱང་། སྐབས་དེ་དུས

ངས་རང་ཉིད་ཀྱི་རྐང་རྗེས་གསལ་བོར་མཐོང་སོང

ལ་ལ་ཧ་ཅང་གིས་དྲང་། ལ་ལ་ཧ་ཅང་གིས་འཁྱོགས

ལ་ལ་གསལ་ཞིང་། ལ་ལ་ཡང

སྔོན་ལ་གོམ་པ་ཇི་ལྟར་སྤོས་ཡོད་ཀྱང

ཤུལ་ཀྱི་རྐང་རྗེས་རེ་རེ་ངང་གསལ

ཁོ་ཚོ་ལ་རང་ཉིད་ཀྱི་རྐང་རྗེས་མེད་ལ

གཞན་གྱི་རྐང་རྗེས་སྨྲ་བའི་ཁ་ཡོད

རང་ཉིད་ལ་རང་ཉིད་ཀྱི་རྐང་རྗེས་ཡོད་ལ

གཞན་གྱི་རྐང་རྗེས་ལ་ལྟ་བའི་མིག་ཀྱང་ཡོད

ཁོ་ཚོས་ལོ་རབས་ནས་ལོ་རབས་ལ

འདི་ལྟར་གསང་ཕུལ་གྱིན་ཡོད

གསང་ཕུལ་བ་ལ་དྲོད་ཡོད་ཀྱང

རྐང་རྗེས་ལ་མིག་མེད་ཐལ

རང་ཉིད་ཀྱི་རྐང་རྗེས་ཇི་ལྟར་ཡང

རང་ཉིད་ཀྱི་རྐང་རྗེས་ཡིན་པས

དེ་རང་ཉིད་ཀྱིས་མཐོང་ན

སང་ཉིན་གྱི་གོམ་པ་འོད་ལྟར་གསལ

དེ་རྒྱལ་ཁ་ཤིག་ཅི་ལ་མིན

དེ་གསར་བརྐོ་བའི་གོ་རིམ་དང་འདྲ

དེ་བས། ངས་རང་ཉིད་ཀྱི་རྐང་རྗེས་བཙལ་ཏེ་རྙེད་ཐབས་བྱས

༣

ཕྱིར་སྔོན་མ་དར་ལྕོག་མཐོང་སའི་ལམ་ཁ་དེར་སླེབས་དུས

ཕྱིར་དར་ལྕོག་མཐོང་བའི་རྒྱབ་རི་ལ་ལྟ་དུས

ཧ་ལམ་ཉིན་གུང་ལ་ཐོན་འདུག་པས

ཁ་བ་ཇི་ལྟར་དཀར་ཡང་། ཇི་ལྟར་མཐུག་ཀྱང

ཆུ་ཡིན་པའི་རང་གཟུགས་མངོན

དེ་དུས། ཁོ་ཚོའི་རྐང་རྗེས་ལ་འདམས་འབག་ལངས་འདུག

དེ་དུས། རང་ཉིད་ཀྱི་རྐང་རྗེས་ལ་ཆུ་ཡིས་ཁེངས་འདུག

དེ་དུས། ངས་ཁོ་ཚོའི་རྐང་རྗེས་མཐོང་ཚར་སོང

དེ་དུས། ངས་རང་ཉིད་ཀྱི་རྐང་རྗེས་ཀྱང་མཐོང་ཚར་སོང

དེ་དུས། ཁོ་ཚོས་གཞན་གྱི་རྐང་རྗེས་མཐོང་ཡོད་ལ

དེ་དུས། ཁོ་ཚོས་རང་ཉིད་ཀྱི་རྐང་རྗེས་མཐོང་མེད

༤

ང་ནང་ལ་ཅཱལ་ཅཱལ་ཅཱལ་རྒྱུགས་ནས་སོང་བ་ན

སྤོ་བོས་ང་ལ་མོག་མོག་ཚ་བོ་ཚ་བོ་བཟོས་ནས་འདུག

ལམ་སང་ང་རང་མལ་ས་དྲོན་མོ་ནས་སྡོད་ཟེར་ཏེ

ཇ་འོ་མ་དང་མོག་མོག་ཚ་བོ་རེ་རེ་ངང་ང་ལ་སྤྲད་སོང

ང་། ཇི་འདྲའི་སྐྱིད་ཨང་། དགའ་ཨང་། སྐབས་དེར

འོན་ཀྱང་། སྤོ་བོས་ང་རང་གསང་ཕུལ་བར་ཇི་ལྟར་སོང་མིན་མི་ཤེས

དྲང་མོར་བཤད་ན། ནངས་མོ་དེར

གངས་ཤུལ་འཁྱགས་ཟེར་བ་ལྟར་ཧ་ཅང་གིས་འཁྱགས

ཡིན་ན་ཡང་། ང་རྒྱབ་རི་ལ་གསང་ཕུལ་དུ་མ་སོང་ན་མི་ཉན

སྤོ་བོ་ཡང་མི་འཐད་ཁོ་ཐག་ཡིན

དེ་རིང་། ཁྱིམ་མི་རེ་རེ་ངེས་པར་རྒྱབ་རི་ལ་ཕེབས་དགོས

དོན་གྱིས། འཛོམས་ཀྱང་འདུག

དེ་ང་ཚོའི་སྲོལ་རྒྱུན་ཞིག་ཡིན

ང་ཚོ་ཚང་མ་བླ་རི་ལྟ་བུའི་རྒྱབ་རི་ལ་གསང་ཕུལ་དུ་སོང་ཚར་བ་རེད

ཁོ་ཚོ་ལ་ངོས་མི་ཟིན་པའི་མཐུན་མོང་གི་རྐང་རྗེས་ཡོད

རང་ཉིད་ལ་ངོས་ཟིན་པའི་རང་ཉིད་ཀྱི་རྐང་རྗེས་ཡོད

རྗེས་ནས། ཁོ་ཚོ་གཅིག་པུ་གསང་ཕུལ་དུ་འགྲོ་མི་ཤེས

རྗེས་ནས། རང་ཉིད་ཁོ་ན་གསང་ཕུལ་དུ་འགྲོ་ཤེས

ཉིན་མ་གཅིག་འདི་ལྟར་འཇའ་སོང

ཨ་མས་བསྐོལ་བའི་འཐེན་ཐུག་རྒྱགས་སེ་འཐུང་སྟེ

སྤོ་བོས་ལས་བའི་མལ་ཁྲི་ལ་ལོག་ནས

ཨ་ཕས་བཟོས་བའི་ཉལ་ཐུལ་དེ་རྒྱབ་ལ་གོན་ཏེ

ཕུ་བོས་ཉོས་བའི་སྔས་འབོལ་ལ་སྙེས་ནས

དལ་ལྷོད་ལྷོད་། འཛུལ་དམུལ་དམུལ་ངང

བདེ་བར་གཉིད་ལ་ཤོར། སྐྱིད་པར་གཉིད་ལ་ཤོར

རྨི་ལམ་ན། ངས་རང་ཉིད་ཀྱི་རང་བཙན་ད་དུང་རྩོད་ཀྱིན་གདའ

རྨི་ལམ་ན། ངས་རང་ཉིད་ཀྱི་རྐང་རྗེས་ད་དུང་འཚོལ་གྱིན་གདའ

༥

ཕྱི་ཉིན་ཞོགས་པར་ལངས་མ་ཐག

གྲོང་པ་ འདི་ལ་རྐང་རྗེས་གཅིག་མ་གཏོགས་མེད་པའི་རྒྱུ་མཚན

ངས་བརྩེ་བའི་སྤོ་བོ་ལ་དྲིས་བ་ཡིན

སྤོ་བོས་རྐང་རྗེས་དེ་སྡེ་དཔོན་གྱི་རྐང་རྗེས་རེད

ཕ་མས་ཡང་མས་ནས་དེ་ལྟར་རེད

དེ་ནས་རྒྱབ་རི་ལ་འགྲོ་སའི་ལམ་འདི་གྲུབ་པ་རེད

དེ་ན་ཉེན་ཁ་དང་འཇིགས་ཡེར་ཁྱོན་ནས་མེད་ཟེར

སྐབས་དེར། ང་ལ་སེམས་ཁྲལ་ཅིག་ལངས་སོང

སྐབས་དེར། ང་ལ་ཐེ་ཚོམ་ཞིག་ཀྱང་སྐྱེས་སོང

……. …. ….. … .. .

…….. …. ……….

༦

ལོ་ཤས་འདས་སོང

ཁྲུང་ཁྲུང་ལྷོ་ལ་གཤར་གྱིན་པའི་ཉིན་མོ་ཞིག་ལ

སྡོང་ལོ་ས་ལ་ཟགས་ཀྱིན་པའི་ཉིན་མོ་ཞིག་ལ

རླུང་བུ་སིལ་སིལ་གཡུགས་བཞིན་པའི་ཉིན་མོ་ཞིག་ལ

ས་གཞི་འདི་ཡིས་མྱ་ངན་ཐེངས་ཤིག་བྱ་བར་ཚུགས

ས་སྲོད་དེར། དར་ལྕོག་ཐཱག་ཐཱག་ཏུ་བསྐྱོད་ཀྱིན་གདའ

ཐོལ་བྱུང་གིས་གོ་ཐོས་སུ། སྐད་ཆ་ན་མིག་ཆུ་ཡིས་འཚང་ཤུགས་ཤུགས

ཐོལ་བྱུང་གིས་ཚོར་བ་ལ། སྙིང་གསེང་ན་སྡུག་བསྔལ་གྱིས་སྐྱ་ལོག་ལོག

དེ་གཏན་ངན་ཞིག་ཅི་ལ་མིན

སྡེ་དཔོན་གཏན་དུ་གཉིད་སོང་ཟེར

ལྷིང་འཇགས་ཀྱི་རི་གྲོང

ལྷིང་འཇགས་ཀྱི་ཁུག་སོ་ན་དུ་ཁུང་གི་དུ་བ་ཡ་ལ་ཡང་བོར་རྒྱུ

དར་ལྕོག་རླུངགིས་བསྐྱོད་པའི་ཐཱག་སྒྲ

སུ་ཞིག་གིས་འགྲམ་ལྕག་ལ་གཞུས་བ་དང་འདྲ

མིག་ཆུ་ཐོར་བ་ནི་ཇི་འདྲའི་ཁུ་སུམ

ངུ་སྐད་ཤོར་བ་ནི་ཇི་འདྲའི་ཉམ་ཆུང་ཨང

༧

ཉིན་དེར། ལོ་དེ་ཡི་ཟླ་དེ་ཡི་ཚེས་བཅོ་ལྔ་རེད

ཐོ་རངས་ཀྱིས་ང་བསླངས་སོང་། སྲོལ་རྒྱུན་ལྟར

ང་། བླ་རི་ལྟ་བུའི་རྒྱབ་རི་ལ་གསང་ཕུལ་དུ་སོང་བ་ཡིན

ལམ་བར་ནས་མི་གཅིག་ལ་ཡང་འཕྲད་མ་སོང

རྒྱབ་རི་ལ་སླེབས་དུས། སྔོན་མ་ལྟར་མི་ཚོགས་མི་འདུག

ཁུ་སུམ་སུམ། རང་ཉིད་ཁོ་ནས་གསང་ཞིག་ཕུལ་བ་ཡིན་མོད

སྔོན་མ་ལྟར། གསང་ལ་དུ་བ་དང་དྲོད་ཁོལ་མི་འདུག

སྣང་ཚུལ་དེར། ང་ཁྱོན་ནས་ཧང་མ་སངས

སྣང་ཚུལ་དེས། ངའི་སེམས་པ་རྨང་ནས་སྐྱོ་སོང

སྣང་ཚུལ་དེས། ང་སེམས་ཁྲལ་གྱིས་མནར་སོང

རྒྱབ་རི་ལ་གསང་ཆད་འགྲོ་སྙམ་པའི

ཕྱིར་ལོག་པའི་ལམ་བར་ཏུ

སྡེ་དཔོན་དྲན་བཞིན་དྲན་བཞིན

སྡེ་དཔོན་འདི་ལྟར་བཞུད་པ་ལ་ཡིད་མ་ཚིམ

སྤུན་ཟླ་དྲན་བཞིན་དྲན་བཞིན

སྤུན་ཟླ་ཚོ་འདི་ལྟར་མ་ཕེབས་པ་ལ་སེམས་པ་སྐྱོ

སྡེ་དཔོན སྡེ་དཔོན་ཨང

སྤུན་ཟླ སྤུན་ཟླ་ཨང

༨

ང་། ནང་ལ་དལ་ཅག་གེ་སླེབས་དུས

ཆུང་མ་གཟུགས་མཐོང་བརྙན་འཕྲིན་ལ་འཁོར་འདུག

བུ་དང་བུ་མོས་གཡས་གཡོན་ནས་ཕར་རྒྱགས་ཚུར་རྒྱུགས་ཀྱིས

ཨ་ཕ་ཨ ་ཕ་ཨ་ཕ་ཟེར

དྲན་ངོགས་སུ་ཇ་འོ་མ་དང་མོག་མོག་ཚ་བོ་

ད་དུད་ཉན་ན་སྤྲོ་བའི་སྤོ་བོའི་གནའ་གཏམ་དག

གློག་བརྙན་ལྟར་འཆར་བྱུང

སེམས་པ་འདི་སྔར་ལས་སྐྱོ་སོང

ཁུ་སུམ་སུམ། སྒེའུ་ཁུང་གིས་ང་ལ་ལག་གཡུགས་བྱེད

ལྷིང་འཇགས་སེ། རྒྱང་རིང་གིས་ང་ལ་མིག་བརྡ་བྱེད

ཐོལ་གྱིས། རླུང་བུ་ཞིག་སྒེའུ་ཁུང་ལ་འཛུལ་ཏེ

ང་། བསམ་གཞིགས་ཀྱི་ཁྲོམ་་པ་ལས་ཡར་ལ་འཐེན

ང་། བྲལ་འཚུབ་ཀྱིས་ཁེངས་ཏེ། ལམ་སང

ཕྲུ་གུ་གཉིས་བོད་ཡིག་སློབ་འབྲིང་ལ་བརྫངས་བ་ཡིན་མོད

འཕྱི་དྲགས་སོང་སྙམ་པའི་འགྱོད་སེམས་ཀྱང་རབ་ཏུ་ཆེ

མཚན་མོ་དེར། ང་གཉིད་གཏན་ནས་ཁུག་ཐུབ་མ་སོང

ཡང་བསྐོར་དང་བསྐྱར་བསྐོར་གྱིས། བློ་ངོགས་སུ

རྒྱབ་རི་དང་རང་ཉིད་ཀྱི་རྐང་རྗེས

སྡེ་དཔོན་དང་རང་ཉིད་ཀྱི་སྤུན་ཟླ

ད་དུང་། ཨ་ཕས་བཟོས་བའི་ཉལ་ཐུབ་དང

སྤོ་ བོས་ལས་བའི་མལ་ཁྲི། ཕུ་བོས་ཉོས་བའི་སྔས་འབོལ

ཨ་མས་བསྐོལ་བའི་འཐེན་ཐུག་བཅས་རེ་རེ་ངང་ཤར་འོངས

སྦྲགས། ན་ཟུག་དང་སྐྱོ་གདུང་ལྷག་མ་ཞིག་གིས

སེམས་པ་མཐའ་དག་སྡུག་ལ་སྦྱར

ལུས་པོ་ཧྲིལ་བོ་ངལ་གྱིས་མནར

མཇུག་མཐར། ཨུ་ཚུགས་ཀྱིས་གཉིད་ལ་ཤོར

མཇུག་མཐར། མིག་ཆུ་ལ་བསྡོངས་གཉིད་ལ་ཤོར

རྨི་ལམ་ན། རང་ཉིད་ཀྱི་རང་བཙན་གྱི་དར་ཆ་དགུང་ན་ལྷབ་ལྷུབ་ཏུ་བསྐྱོད

རྨི་ལམ་ན། ཕྲུ་གུ་གཉིས་སོ་སོ་ན་རྒྱབ་རི་ལ་གསང་ཕུལ་དུ་འགྲོ་བཞིན་གདའ

སྙན་ངག

Post navigation

Previous Post: ཁོག་འདར་བརྒྱབ་སོང་།
Next Post: གྲང་ངར་ཁྲོད་ཧུའུ་ཅིན་ཐོ་ཡི་སྙིང་རླུང་སྟོད་དུ་འཚངས།

Comments (2) on “ཞབས་རྗེས”

  1. BBC says:
    2011-01-25 at 12:12 pm

    འདི་ལ་ཆོ་ཁྱོན་ནས་མི་འདུག དུས་ཚོད་འཕྲོ་བརླགས་རང་རེད།

  2. ཀླུ་སྨྱོན། says:
    2011-01-25 at 10:08 pm

    དག་ཆ་དེ་ཙམ་མི་འདུག ཡིན་ན་ཡང་སྙན་ངག་ལེགས་པོ་ཞིག་བྲིས་འདུག ཚོར་འདུ་རང་བྲིས་འདུག མཛེས་སྡུག་རང་བྲིས་འདུག དེ་ག་རང་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme