Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦྲག་གླ་བར་ཟོས་དང་དཀའ་ངལ།

Posted on 2011-01-25 By དབང་ཕྱུག་ 17 Comments on སྦྲག་གླ་བར་ཟོས་དང་དཀའ་ངལ།

སྐྱེས་སར་ཀླུ་སྒྲུབ། ཧྥ་རན་སི།

བདུན་ཕྲག་འགའི་གོང་རྡ་སའི་གྲོགས་པོ་ཞིག་ལ་ཅ་ལག་འགའ་བསྐུར་བཅུག་པ་ཡིན། ཅ་ལག་དེ་ཚོར་སྤྱི་རྒྱ་བཅུ་གཉིས་ཙམ་ཡོད་ཁར། རང་ལ་མཚོན་ན་ཅུང་གལ་ཆེན་ཞིག་ཡིན་དབང་གིས། རྒྱལ་སྤྱིའི་མགྱོགས་འཕྲིན་བརྒྱུད་ལམ་DHLནང་བསྐུར་རོགས་ཞེས་བཤད་པར། གྲོགས་པོས་ཀྱང་དེ་ལྟར་བསྐུར་བའི་འགྲོ་ལུགས་ཚང་མ་གཉེར་འདུག འོན་ཀྱང་ཆེས་དགོད་བྲོ་བ་ཞིག་ནི། ངའི་གྲོགས་པོས་ཅ་ལག་བསྐུར་ལམ་དེ་DHLརྫུན་མ་ཞིག་ཏུ་འཁེལ་ནས། རྒྱ་གར་ལས་ཀ་པ་ཚོས་ཅ་ལག་བསྐུར་རིན་DHL གྱི་གོང་ཚད་ལྟར་ བླངས་ཏེ། ཅ་ལག་དངོས་སུ་བསྐུར་སྐབས་སྦྲག་ཁང་དཀྱུས་འགྲེ་ནས་བསྐུར་ཏེ་དངུལ་གང་ཙམ་ཞིག་བར་ཟོས་བྱས་འདུག་ཁར། ཁོ་ཚོས་ཁས་ལེན་འགན་ལེན་བྱས་པ་ལྟར་གྱི་དུས་བཅད་དེ་ལས་བདུན་ཕྲག་གཅིག་གི་དུས་ཚོད་འགོར་འགྱངས་བྱུང། འདི་ལྟར་བྱས་ནས་རང་ལག་ཏུ་སླེབས་སྐབས་པེ་རི་སིའི་སྦྲག་ཁང་དཀྱུས་མ་ཞིག་ནས་ངོ་ཤེས་ཤིག་གི་ཁ་བྱང་བེད་སྤྱོད་བྱས་པ་བརྒྱུད་དེ་རག
དང་ཐོག་ང་རྩད་གཅོད་བྱེད་དུ་འགྲོ་སྐབས་པེ་རི་སིའི་སྦྲག་ཁང་ལས་བྱེད་ཚོས་ཅ་ལག་དེ་ང་ལ་མི་སྤྲོད་པར། ངེས་པར་དུ་ངའི་ངོ་ཤེས་དེ་ཡོང་དགོས་ཚུལ་བཤད། ང་ཡང་ཅ་ལག་ནང་གི་དེབ་འགའ་ཀློག་འདོད་དང་། ཡང་ཡང་ཡོང་རྒྱུའི་དཀའ་ཚེགས་ལ་འཛེམས་ནས་ཅ་ལག་སྤྲོད་རེ་ཡང་ཡང་བྱས་རུང་། མཐར་རེ་བ་དོན་མེད་ཆགས་སྟབས། ལས་བྱེད་པ་དེ་ཚོའི་ཐོག་རླུང་ཡང་ཅུང་ཙམ་ལངས་ནས་ཕྱིར་རང་གི་སྡོད་གནས་སུ་ཡོང་། ཞིབ་ཏུ་བསམ་སྐབས་ང་དངོས་གནས་རླུང་ལངས་དགོས་ས་དེ་པེ་རི་སིའི་སྦྲག་ཁང་ལས་བྱེད་པ་དེ་ཚོ་མིན་པར། དང་ཐོག་ངའི་གྲོགས་པོར་མགོ་སྐོར་གཏོང་མཁན་གྱི་རྒྱ་གར་པ་དེ་དག་ཡིན་པ་ཡིད་ལ་འཁོར། ངས་ངང་སྒུག་བྱེད་བཞིན་པའི་དེབ་དང་འོད་སྡེར་དེ་དག་ད་བར་མ་སླེབས་པ་དེའང། པེ་རི་སིའི་སྦྲག་ཁང་ལས་བྱེད་པ་དེ་ཚོའི་ནོར་འཁྲུལ་མིན་པར། རྒྱ་གར་པ་དེ་དག་ཡིན་པ་ཡིད་ལ་འཁོར།
པེ་རི་སིའི་སྦྲག་ཁང་ལས་བྱེད་ཚོས་ཧ་ཅང་བརྟན་པོ་བྱས་ནས་ཅ་ལག་སྒང་གི་ཁ་བྱང་དེ་སུའི་ཡིན་གཙོར་བཟུང་གིས་ལས་ཀ་བྱས་པ་ནི། ཧ་ཅང་འགྲིག་པ་དང་འོས་འཚམ་ཞིག་ཡིན་མོད། འོན་ཀྱང་རྡ་སའི་རྒྱ་གར་པ་དེ་དག་གིས་ཆེད་མངགས་བར་ཁེ་ཤིག་རག་ཆེད་ལས་ཀ་འདི་ལྟར་གཉེར་པ་ནི་བྱེད་སྟངས་མ་རབས་ཤིག་མ་ཡིན་ནམ། ཇི་ལྟར་བྱས་རུང་། ཡུལ་གྱིས་བསྐལ་བའི་གནས་སྟངས་འདིའི་འོག་ང་ཁོ་ཚོའི་སར་སོང་ནས་རླུང་སྟོན་རྒྱུའི་གོ་སྐབས་མེད་ན་ཡང། རྒྱ་གར་པ་དེ་དག་གི་ལས་ཀ་བྱེད་སྟངས་དང། ལྷག་པར་རྒྱལ་སྤྱིའི་ནང་མིང་གྲགས་དང་ཆེ་མཐོང་ཡོད་པའི་DHL གྱི་མིང་ཐོག་ནས་ལས་ཀ་འདི་ལྟར་གཉེར་བ་ནི། སྒེར་ལ་བར་ཆད་དང་གྱོང་གུད་ཙམ་དུ་མ་ཟད། ཚད་ལྡན་གྱི་ཞབས་ཞུའི་ཚོང་ལས་སྡེ་ཚན་འདི་རིགས་ལ་གནོད་སྐྱོན་ཐེབས་བྱེད་ཅིག་ལས་མེད་སྟབས། འདི་སྐོར་ཆེད་དུ་གསལ་བཤད་བྱེད་པར་པེ་རི་སིའི་ནང་གི་DHL གྱི་ཞབས་ཞུའི་སྡེ་ཚན་ཞིག་བརྒྱུད་ནས་ཁོ་ཚོའི་ལས་ཁུངས་ཨ་མར་གནས་ཚུལ་འདི་རིགས་གསལ་བཤད་བྱེད་རེ་བྱས་པ་ཡིན་ལ། རང་གིས་ཀྱང་། སླད་མར་རྒྱ་གར་པ་ཞིག་གམ། ཡང་ན་རྒྱ་གར་གྱི་ལས་ཁུངས་ཤིག་ལ་རེ་མི་དགོས་པའི་རེ་སྨོན་བྱས་པ་ཡིན།
ང་འདིར་སླེབས་ནས་ཟླ་ཤས་རིང་། རྒྱ་གར་ནས་ཡི་གེ་དང་ཅ་ལག་ཐེངས་གསུམ་བསྐུར་བཅུག་པར། ཐེངས་དང་པོ་དེབ་ཁག་ཅིག་བསྐུར་ནས་སླེབས་སྐབས་རློན་པ་ཆགས་ནས་དེབ་ཀྱི་ཆ་ཤས་འགའ་བེད་མེད་ཆགས་ཚར་འདུག ཐེངས་གཉིས་པ་དེབ་ཅིག་ཞུ་དག་བྱེད་དགོས་པ་ཞིག་གི་པར་སློག་བསྐུར་བཅུག་པར། གནམ་སའི་སྲིབ་ཟན་དུ་གྱུར་ནས་མེད་པར་ཆགས། ཐེངས་གསུམ་པར་ཅ་ལག་འདི་བསྐུར་བཅུག་པར་བསྐུར་གླ་བར་ཟོས་བྱས་ཁར། ད་དུང་རྒྱ་གར་ནས་རྩད་གཅོད་བྱས་སྐབས། གནམ་གཤིས་ལ་ཁ་གཡར་ནས་མ་སླེབས་ཚུལ་སོགས་འདྲ་ཆགས་ཀྱི་རྫུན་གྱི་ཕྲེང་གོག་སྐྱོར། འདི་ལྟར་བསམ་ན། གནའ་སྔ་མོ་ཞིག་ལ་འཕགས་པའི་ཡུལ་དུ་གྲགས་པའི་ཡུལ་གྲུ་དེ་ད་ཆ་སོ་སྐྱེས་ཐ་མལ་བས་ཁེངས་པའི་ཡི་དྭགས་ཀྱི་ཡུལ་ཞིག་ཆགས་པ་ཡིན་ནམ།
ངོ་མ། འདི་འགྲོ་ལུགས་ཤིག་ཡིན་ནམ། ཉེ་སྔོན་ངས་པེ་རི་སི་ནས་ཨ་རིར་གནས་སྡོད་ངོ་ཤེས་ཤིག་ལ་ཅ་ལག་ཅིག་བསྐུར་སྐབས། DHL བརྒྱུད་ནས་བསྐུར་བར་དེ་རིང་བསྐུར་བ་སང་ཉིན་ཨ་རིར་ཡོད་པའི་ངའི་ངོ་ཤེས་དེའི་ལག་པར་འབྱོར་འདུག འོ་ན་རྒྱ་གར་པས་འདི་ལྟའི་ཞབས་ཞུ་ཞིག་ཅིའི་ཕྱིར་སྒྲུབ་མི་ཤེས་པ་ཡིན།

སྣ་ཚོགས།

Post navigation

Previous Post: ཧུའུ་ཅིན་ཐོའོ་ཨ་རིར་སླེབས་སྐབས། བོད་པའི་སྐད་འབོད་ཉིན་གསུམ་གྱི་སྙིང་བསྡུས་གཟིགས།
Next Post: ཆུང་ཆུང་སྐབས་ཀྱི་འབྲི་དེབ། ཆུང་ཆུང་སྐབས་ཀྱི་སྨྱུ་གུ།

Comments (17) on “སྦྲག་གླ་བར་ཟོས་དང་དཀའ་ངལ།”

  1. གཞོན་ནུ་ཟླ་མེད། says:
    2011-01-25 at 2:27 am

    ཚིག་ཟིན་ལ་རྒྱ་གར་སྦྲག་པ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ། ཚིག་ཤུགས་ལ་རང་གི་གྲོགས་པོ་རང་ལ་ཅ་ལག་བསྐུར་མཁན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ། རྩོམ་ཡིག་འུ་ཐུག་ཅིག་བྲིས་འདུག རྒྱ་གར་སྦྲག་པ་ལ་ཞུ་དག་གཏོང་ན་སྦྲག་འཛིན་ཁས་སོང་ནས་ལས་ཁུངས་བརྒྱུད་ནས་ཞུ་དག་གཏོང་དགོས་པ་རེད། དེ་མིན་གྲོགས་པོ་ལ་ཞུ་དག་གཏོང་དགོས་ན་འདི་ལྟར་དྲ་ལམ་ནས་ཞུ་དག་བཏང་ན་གྲོགས་པོ་ལས་རང་ཉིད་ལ་རིན་ཐང་མེད་པ་འདྲ་བོ་མཐོང་གི་འདུག ད་གང་ཡིན་ན་ཡིན། ཉལ་རན་སོང་།

  2. དེ་ཉིད་ says:
    2011-01-25 at 2:50 am

    རྒྱ་གར་ཚང་གིས་བར་ཁེ་སྐར་མ་གང་ཡིན་ཡང་ཟ་ནོ་ད་དུང་མི་ཤེས་སམ།
    གླེན་པ།

  3. སད་མི། says:
    2011-01-25 at 4:29 am

    བཀའ་ཁྲི་འགྲོ་བར་དཔེ་ཆ་དེ་འདྲ་ཤེས་དགོས་ཨེ་ཡོད་ན།དགའ་ལྡན་ཁྲི་པར་བསྐོ་ཡག་ནི་མ་རེད། གོང་ས་ལྔ་པ་ནས་བཟུང་ད་ལྟའི་བར་གྱི་བཀའ་ཁྲི་ཆ་ཚང་བར་དཔེ་ཆ་ཤེས་པས་མ་ཚད། ཉམས་ལེན་ཡང་གང་འཚམ་ཡོད་མཁན་རེད་དེ།བག་ཆགས་ག་རེ་བཞག་འདུགམདོ་དོན་ཆོས་ཁྲིར་འགྲོ་ན། ཆོས་ཤེས་དགོས་ལ། སྲིད་ཁྲིེར་འགྲོ་ན། སྲིད་ཤེས་དགོས་པ་རེད། སྲིད་ཁྲིར་འགྲོ་ན། སྲིད་པ་འདིའི་ཆབ་སྲིད་ཀྱི་གདན་ས་ཆེ་ཤོས་ཨ་རིའི་ཧ་ཝར་ནས་མིན་ན།གཞན་ག་ནས་འགྲོ་དགོས་པ་རེད་ཨ། ཁྱོད་ལྟར་ན།སྔ་ཕྱི་རིམ་བྱོན་གྱི་དགའ་ལྡན་ཁྲི་པ་ཚོ་ལའང་།ཆབ་སྲིད་ཤེས་ཀྱི་མ་རེད་ཅེས་པའི་ཀླན་ཀ་ངེས་པར་འཚོལ་དགོས་པའི་ཕྱིར། མ་གཞི་ནས་བཀྲས་མཐོང་གིས་ནང་ཆོས་དེ་འདྲ་ཤེས་ཀྱི་ཨེ་ཡོད་ན། སྐྱེས་སར་བུ། ཨ་ལན་ཞིག་ཤོག་དང་།

  4. ཚེ་རིང་སྐྱབས། says:
    2011-01-25 at 5:31 am

    སྦྲགས་གླ་ཆེན་པོ་བྱས་ཏེ་ཅ་ལག་བསྐུར་ན། སྦྲགས་ཁང་གི་འཛིན་ཡོད་པ་རེད། ཅ་ལག་དུས་ཐོག་མ་འབྱོར་སྐབས་འཛིན་དེ་ཁྱེར་ནས། སྦྲགས་ཁང་དུ་བསྟན་ན། སྦྲགས་གླ་དེ་ལྟར་བར་ཟོས་བྱེད་སྟངས་ཤིག་ཡོད་པ་མ་རེད།
    སྦྲགས་གླ་ག་ཚོད་སྤྲད་པའི་འཛིན་ངེས་པར་དུ་ལེན་དགོས་པ་རེད། འཛིན་བླངས་མེད་ན་གང་ཤེས།
    སྤྱིར་བཏང་ཤེས་རྟོགས་ཆེད་དུ་བྲིས་པ་ཡིན། སྐྱི་སེར་ཞེས་པ་དེ་མི་དགོས་པའི་རྙོག་གྲ་མང་པོ་བཤད། ཁོངས་འཁྱོལ་རྒྱུ་གཅིག་ཀྱང་མེད་མཁན་ཞིག་ཡིན།

  5. མི་ says:
    2011-01-25 at 10:10 am

    མ་རེད་མརེད། རྩོམ་འདིའི་བརྗོད་དོན་གཙོ་བོ་ནི་སྐྱ་སར་བ་ཁོ་བོ་ཧྥ་རིན་སི་ལ་ཐོན་ཡོད་ཟེར་བའི་གསར་བསྒྲགས་རེད། སྔོན་མ་བསྡོད་ས་དེ་ཇག་པ་རེད་ཟེར་གི་ཡོད་པ་རེད། ་ཁོ་ལྟོགས་ཤི་ཐེབས་བཅུགས་མེད་ནི་ཤེས་མི་འདུག ད་ལྟའི་བསྡད་ནི་ནོར་མི་འདུག་ཟེར་གི་འདུག ད་དུང་གཡོག་ལས་ཀྱི་ལག་ཁྱེར་རག་མེད་པས། བཤད་པ་སྔ་དྲགས་སོང་། ལག་ཁྱེར་རག་ཡང་གཡོག་ལས་ལས་ཐུབ་འདུག་སུས་ཤེས།

  6. མེ་ཏོག་དཀར་པོ། says:
    2011-01-25 at 10:20 am

    སྐུ་ཞབས་འདི་པ་ལ་དྲི་བ་ཁ་ཤས་ཤིག་ཡོད་ཀྱང་དེ་རིང་སྐབས་སུ་བབ་མིན་འདུག གཡུག་ཞོགས།
    Leave it now

  7. འཇིག་མེད་ says:
    2011-01-25 at 12:03 pm

    སྦྲག་ཁང་གི་སྐོར་བཤད་ན་རྒྱ་གར་རྒྱ་ནག་ལས་ཞེ་དྲག་གི་སྡུག་པ་འདུག་ རྒྱ་ནག་གི་སྦྲག་ཁང་རྒྱུད་བོད་ལ་དངོས་པོ་བཀུར་ན་ཧ་ལམ་མ་ཕྲོདཔ་བྱེད་ཀྱི་མིན་འདུག་་
    རྒྱ་གར་ལ་སྦྲག་ཁང་རྒྱུད་དངོས་པོ་བཀུར་ན་ཧ་ལམ་ཕྲོད་ཀྱི་མིན་འདུག་

  8. ལྷག་བསམ། says:
    2011-01-25 at 12:18 pm

    རྒྱ་ནག་གི་སྦྲག་ཁང་འཛམ་གླིང་ནང་ནས་སྡུག་ཤོས་ཀྱི་གྲས་རེད། ཉེ་ལམ་ངས་སྨན་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་གྲངས་སུམ་ཅུ་སོ་དྲུག་ཏག་ཏག་བོད་ལ་བཏང་བ་ཡིན། ལྷ་ས་ནས་སྦྲག་ཁང་ལས་བྱེད་པས་བརྐུས་འདུག འོན་ཀྱང་ད་ཆ་སྡུག་གྱོང་ཁྱེར་ནས་སྡོད་རྒྱུ་ལས་དེ་མིན་གྱི་ཐབས་ཤེས་གཞན་མི་འདུག

  9. BBC says:
    2011-01-25 at 12:23 pm

    རྒྱ་ནག་གི་སྦྲག་ཁང་འཛམ་གླིང་ནང་ནས་སྡུག་ཤོས་ཀྱི་གྲས་རེད། ཉེ་ལམ་ངས་སྨན་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་གྲངས་སུམ་ཅུ་སོ་དྲུག་ཏག་ཏག་བོད་ལ་བཏང་བ་ཡིན། ལྷ་ས་ནས་སྦྲག་ཁང་ལས་བྱེད་པས་བརྐུས་འདུག འོན་ཀྱང་ད་ཆ་སྡུག་གྱོང་ཁྱེར་ནས་སྡོད་རྒྱུ་ལས་དེ་མིན་གྱི་ཐབས་ཤེས་གཞན་མི་འདུག དངོས་གནས་ཐབས་སྐྱོ་པོ་འདུག

  10. སྐྱེས་སར་ཀླུ་སྒྲུབ། says:
    2011-01-25 at 2:10 pm

    རྩོམ་ཡིག་ཅེས་འབོད་འོས་མིན་ཇི་ལྟར་ཡང་། བསམ་ཚུལ་ཐུང་ཐུང་འདི་རྒྱ་གར་ཡིག་སྐྱེལ་པ་ཚོས་སུན་སྣང་བསྐུལ་བའི་དྲན་ཐོ་ཙམ་ཡིན་པ་ལས། འདིར་གྲོགས་པོ་དང་དེ་འབྲེལ་གྱི་གནས་ཚུལ་གང་ལ་ཡང་། སྐྱོན་བརྗོད་གང་ཡང་མེད་ལ། དེ་རིགས་སེམས་ནང་ལ་ཡང་དྲན་མི་སྲིད་པ་ཞིག་རེད།

    དེ་ནས་གཞན་ཞིག་གིས་ང་ཧྥ་རན་སིར་ཡོད་པ་ཁྱབ་བསྒྲགས་བྱས་ལུགས་བཤད་པ་དེ་ནི། ཤིན་ཏུ་དགོད་བྲོ་བ་ཞིག་ཡིན་ཏེ། དེ་རིགས་བསམ་མཁན་ནི། རང་ཉིད་ཕྱི་རྒྱལ་ཞིག་ཏུ་མ་སླེབས་པའི་དཀའ་ངལ་ནང་ཡོད་མཁན་ཞིག་ཡིན་པ་ཤོད་ཅི་དགོས།

    སྤྱིར་ཕྱི་རྒྱལ་དུ་ཡོད་པ་དེ་ཡ་མཚན་ཞིག་ཡིན་མིན། མི་རབས་མང་པོའི་རྗེས་ནས་ཧ་གོ་བ་ཞིག་ལས། དེ་རིང་སང་ཉིན་ཧ་གོ་རྒྱུ་ཞིག་མིན་ནོ།།

  11. གཞོན་ནུ་ཟླ་མེད། says:
    2011-01-25 at 2:33 pm

    རྒྱ་ནག་གི་སྦྲག་ཁང་ཧ་ལས་པ་ཡིན་མིན་ཡང་མི་ཤེས། ང་ལ་མཚོན་ན་རྒྱ་ནག་ནང་སྐྱོན་ཆ་མང་ཤོས་བྱུང་མྱོང་། གཅིག་བཞེས་ནིང་ལོ་རེད། གཡུ་སྙིང་ཉེར་ལྔ་སོགས་རིན་ཆེན་རིལ་བུ་མང་པོ་ཞིག་བསྐུར་བ་ཡིན། གར་སོང་འདི་སོང་གོ་རྒྱུ་མི་འདུག ད་ལོ་དེ་ནས་ཚུར་བོད་སྨན་ཁ་ཤས་གཏོང་རྩིས་བྱས་སྐབས་ཟི་ལིང་ནས། ཀ་ཀྲུང་བོད་སྨན་ཁང་གི་སྨན་མ་གཏོགས་སྦྲག་ཐོག་ནས་གཏོང་ཆོག་མི་མ་རེད་ཟེར་ནས་ཟི་ལིང་གི་སྦྲག་ཁང་ཨ་མ་ནས་ལབ་པ་རེད། ཀ་ཀྲུང་བོད་སྨན་ཁང་གི་སྨན་ཡོངས་རྫོགས་ཕྱི་རྒྱལ་ལ་བསྐུར་ན་ཁྲིམས་མཐུན་རེད་ཟེར། དེ་ནས་ཀ་ཀྲུང་བོད་སྨན་ཁང་གི་སྨན་སྣ་ཁ་ཤས་བཏང་པ་རེད། རེ་རེ་བཞིན་བོད་སྨན་ཁང་གི་འཛིན་ཡིག་དང་། ཟི་ལིང་སྦྲག་ཁང་གི་བརྟག་བྱེད་བྱས་པའི་ཡི་གེ ད་དུང་སྦྲག་ཁང་གི་འགན་ལེན་ཡི་གེ་སོགས་ཆ་ཚང་ཡོད་པ་རེད། འོན་ཀྱང་འདིར་སླེབས་དུས། ཁྱུང་ལྔ་སོགས་སྨན་ཁ་ཤས་ཚང་གི་མི་འདུག

  12. གཞོན་ནུ་ཟླ་མེད། says:
    2011-01-25 at 2:37 pm

    སྤྱིར་བཏང་རྒྱལ་ཁབ་མང་པོ་ཞིག་གི་སྦྲག་ཁང་དེ་གསང་བའི་ལས་ཁུངས་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་འདུག འོན་ཀྱང་སྨན་ལ་གསང་བའི་ལས་བྱེད་ཀྱིས་བརྟག་བྱེད་བྱེད་དགོས་པ་དེ་འདྲ་འ་ཡོད་ན།

  13. རྨ་ཆུའི་སྐལ་བཟང། says:
    2011-01-25 at 2:45 pm

    སྐྱེ་སའི་རྡ་ས་ནས༼ཀིར་ཏུ༽གྲྭ་ཚང་སོགས་ནང་སྐྲུག་མང་ཙམ་བྱས་ནས་མཐར་མི་གཡོག་ལ་རྒྱུག་ནས་དངུལ་
    བསོགས་བའི་གོ་སྐབས་ཞིག་ཐོབ་བ་འདྲ་ཡག་པོ་རེད་ལོ།

  14. སྤོབས་པ་མཐའ་ཡས། says:
    2011-01-25 at 4:48 pm

    སྦྲགས་ཁང་དང་འགག་སྒོ་ནས་སྨན་འདི་དམ་དྲག་ཆེ་གྲས་ཤིག་རེད། དེང་སང་བཟི་སྨན་འདྲ་མིན་དང་། དུག་རྫས་འདྲ་མིན། ནད་འབུ་འདྲ་མིན་ཁྱབ་སྤེལ་བྱེད་པ་དེ་ཞེད་སྣང་ཆེ་ཤོས་ཆགས་ཡོད་སྟབས་སྨན་ཟེར་བ་དེ་ཕན་ཚུན་ཁྱེར་བར་དོག་ཟོན་ཆེན་པོ་རེད། ལྷག་པར་ཡང་རྩྭ་སྨན་དང་སྲོག་ཆགས་ཀྱི་ཤ་རུས་སོགས་ཚོང་རྟགས་ཚད་ལྡན་མེད་པའི་རིགས་གཏན་ནས་གཏོང་གི་མ་རེད། སྐྱེས་སར་བ་ལ་སྨད་དགོས་དོན་མི་འདུག ཁོང་གི་དོན་དངོས་ཡོད་ཅིག་བཤད་པ་རེད། ང་ཚོ་ལ་ཕན་རེ་མ་ཐོགས་རུང་གནོད་མི་སྐྱེལ་བའི་སྐད་ཆ་ཤིག་རེད། ཐུགས་རྗེ་ཆེ་ཞེས་ཞུ་བར་འོས།

  15. ཀླུ་སྨྱོན། says:
    2011-01-25 at 5:03 pm

    སྐུ་ཞབས་ཀླུ་སྒྲུབ་ལགས་ཕྱི་ཡུལ་དུ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་གིན་ཡོད།

  16. བརྩོན་རྒྱམ་ says:
    2011-01-26 at 2:24 am

    ཀླུ་སྨྱོན་ནས་བཀྲ་ཤིས་བདེ་ལགས་ཞུ་འདུག་ཡིན་ཡང་དེ་བཀྲ་ཤིས་བདེ་ལགས་ཞུ་དགོས་པ་ཞིག་མ་རེད་གྲོགས་པོའི་ཅ་ལག་འབྱོར་བ་ལ་བཀྲ་ཤིས་བདེ་ལགས་ཞུས་ན་མ་རེད་དམ།   ངོ་མ་ངོ་དགའ་བཤད་ཤེས་ཀྱི་འདུག་ཧཧཧཧཧཧཧཧཧཧཧཧཧཧདེ་འདྲ་རེད་ཡ།

  17. རྔ་བ་ཚེ་སྐྱིད་ says:
    2011-01-26 at 2:38 am

    སྤྱིར་བཏང་། གོང་གི་བསམ་ཚུལ་གྱི་གཟས་ཕྱོགས་བལྟས་པ་ཡིན་ན། ཅ་ལག་ཅིག་བསྐུར་སྐབས་ཀྱི་བརྒྱུད་རིམ་ལ་དཀའ་ངལ་འཕྲད་སྐོར་ཡིན་ཡང་། ལྡོག་ཕྱོགས་ནས་གོ་བ་བླངས་ན། ཅ་ལག་སྐུར་མཁན་དེ་ཡང་རང་བཞིན་གྱིས་བཙིར་འདུག གང་ལྟར། བསམ་ཚུལ་འབྲི་མཁན་གྱི་འདོད་རྔམ་གྱི་འདུ་ཤེས་འཕྱུར་སྟངས་ཤིག་གསལ་སྟོན་བྱས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme