Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སྙན་ངག་པ”དང“རང་སྲོག་རང་གཅོད”རགས་གླེང་། (བོད་འགྱུར་མ)

Posted on 2011-01-24 By དབང་ཕྱུག་ 4 Comments on “སྙན་ངག་པ”དང“རང་སྲོག་རང་གཅོད”རགས་གླེང་། (བོད་འགྱུར་མ)

རྩོམ་པ་བོ། ཙེའེ་ལིས་ཞོ་ཆོའོ།
རྟ་ནག་སྐལ་བཟང་ལུང་རིགས་ཀྱི“བསྒྱུར།

རྩོམ་འདིའི་བརྗོད་དོན་ཏེ་འཆི་བ་ནི་སྐྱེ་བོ་ཀུན་གྱིས་བཀུར་ལ་བསྙེངས་པའི་བརྗོད་གཞི་ཞིག་གོ། བདག་རང་ཉིད་ནི་སྙན་ངག་པ་ཞིག་མིན་སྟབས་རྩོམ་ཡིག་འདི་འབྲི་བའི་དུས་ཉིད་དུ་བདག་གི་གྲོགས་པོས་ཀྱང་འདི་སྐད་དུ། སྙན་ངག་པ་གཤའ་མ་ཞིག་མིན་ཚེ་སྙན་ངག་པའི་ནང་སེམས་ཀྱི་སྡུག་བསྔལ་དག་ཚོར་བས་མྱོང་དུ་མེད་དོ་ཞེས་སོ།། དེ་ལྟ་ནའང་། བདག་གིས་གཟིམས་ཁྲི་མཐའ་ཅན་དུ་བགྱིས་པའི་སྙན་ངག་པ་དག་གི་སྙན་ངག་ཀློག་ཐེངས་རེ་རེ་ལ་ཁོང་དག་གི་ནང་སེམས་ཀྱི་མྱོང་བ་རྣམས་བདག་རང་ཉིད་ཀྱིས་ཚོར་བས་ཟིན་ཅིང་། རྣམ་ཤེས་དང་བདེན་དོན་གྱི་འགལ་བའི་ཁྲོད་དུ་བཞུད་ཟིན་པའི་སྙན་ངག་པའི་སྐད་ཆ་དག་གིས་ནི། བདག་རང་ཉིད་དམ་དུ་བསྡམས་ཟིན་པའི་འཆིང་ཐག་གཞན་ཞིག་གཏོར་ནས་ཡོང་ལ། ཆེས་ཐ་མའི་རང་དབང་ཞིག་དང་མཛེས་སྡུག་ཅིག་གི་ཕྱོགས་སུ་ཡང་བསྐྱར་གསོན་པའི་མྱོང་བ་ཞིག་གྲུབ་སོང་བ་དེའོ།།

སྙན་ངག་པའི་རང་སྲོག་རང་གཅོད་ལ་མཚོན་ནས་བཤད་ན་སྐྱེ་བོ་དག་ལ་སེམས་ཁྲལ་ལྷག་མ་ཞིག་བསྐྱེད་སོང་བ་ཡིན་ཏེ། སྙན་ངག་པས་ཅིའི་ཕྱིར་རང་སྲོག་བཅད་དང་གཅོད་པའི་ཐད་དུ་གླེགས་བམ་མང་བོ་ཞིག་ཀྱང་སྤེལ་མྱོང་བས་སོ།། སྐྱེ་བོ་རེ་འགས་འདི་སྐད་དུ། སྙན་ངག་པས་གསར་གཏོད་ཀྱི་འབྱུང་ཁུངས་བརླགས་ཤིང་སྟོར་བས་ཡང་བསྐྱར་སྙན་ངག་འབྲི་མི་ཐུབ་པའི་སྐབས་ཉིད་ན་རང་སྲོག་འདོར་རོ་ཞེས་སོ།། ཡང་རེ་གཉིས་ཀྱིས་སེམས་ཁམས་རིག་པའི་ལྟ་ཚུལ་གཞིར་བཟུང་ནས་སྙན་ངག་པའི་བཀག་སྡོམ་དང་སྐྱོ་སྣང་ལ་དབྱེ་ཞིབ་བྱེད་ལ། ཡང་ལ་ལས་འགན་འཁྲི་ཅི་ཡང་མ་དམིགས་པའི་ཚོད་དཔག་འདི་འདྲ་བ་བྱེད་དེ། སྙན་ངག་པས་རང་སྲོག་ལེན་པ་ནི་སྙན་གྲགས་བླ་ན་མཐོ་བའི་ཆེད་དུའོ་ཞེས་སུ་སྐད་དོ།། ང་ཚོས་རང་སྲོག་རང་གཅོད་ཀྱི་དཔྱད་བརྗོད་ལ་གུས་པས་འདུད་པ་ནི་རང་སྲོག་གཅོད་པོ་ཡི་སྙན་ངག་མཁན་གང་ལ་བསྟི་སྟངས་བྱེད་པ་དང་འདྲ། དེ་ལྟ་ནའང་། སྙན་ངག་པའི་རང་སྲོག་རང་གཅོད་ལ་དཔྱད་པས་བརྗོད་པ་གང་ཡིན་ནའང་སྙན་ངག་པའི་ལུས་ཕུང་ལས་ལོགས་སུ་གྱེས་ན་མི་འགྲིག་སྟེ། སྒྱུ་རྩལ་བ་སུ་ཡིན་ནའང་སྒྱུ་རྩལ་གྱི་ཁོལ་བོ་ཡིན་པས་དང་། སྒྱུ་རྩལ་གྱི་ཁྲོད་དུ་ཚེ་སྲོག་བསྟིམས་ཏེ་ཡོད་པས་སོ།། སྙན་ངག་ནི་སྒྱུ་རྩལ་གྱི་རྗེ་བོ་ཡིན་པ་དང་། ལྷག་པར་དུ་སྙན་ངག་པ་ནི་སྙན་ངག་གི་གཤམ་དུ་དམན་སུ་འཛིན་པ་བོ་ཉག་གཅིག་དེ་ཡིན་པས་འདི་ལྟར་བྱུང་ན་ནི་སྒྱུ་རྩལ་ཟང་མ་ཡིན་པ་དེ་དང་། སྙན་ངག་མཁན་ཡང་སྙན་ངག་པ་གཤའ་མ་ཡིན་པ་དེའོ།།

དང་བོ། འཆི་བ་བོ་རང་ཉིད་ནི་རྨད་དུ་བྱུང་བའི་སྙན་ངག་ཅིག་གོ།

གནའ་བོའི་གྷི་རིག་སིར་འདི་འདྲའི་ལྷ་སྒྲུང་ཞིག་བདོག་སྟེ། ཨ་ཕོ་ལོ་ཡི་དགའ་རོགས་ཤིའི་པེའར་བུམ་པའི་ནང་དུ་གནམ་ཐག་བརྒྱབས་ནས་ཤི་ལ་ཉེ་ཚེ་བུས་པ་ཡིས་འདི་སྐད་དུ་གསོལ་ཏོ།། “ཤིའི་པེའར། ཁྱོད་ལ་ཅི་ཞིག་དགོས།” ཤིའི་པེའར་གྱིས་བཤད་རྒྱུར། “ང་འཆི་དགོས། དེའི་རྗེས་སུ་སྙན་ངག་ཅིག་འགྲུབ་པོ།” སྙན་ངག་གི་འཇིག་རྟེན་ཁམས་སུ་འཆི་བ་ཞིབ་ཏུ་འབྲི་བའི་སྙན་ངག་མཁན་ཡིན་ན་ངག་གི་དབང་ཕྱུག་ཡིན་པར་མ་ངེས་ཀྱང་། ངག་གི་དབང་ཕྱུག་དག་གིས་ངེས་པར་དུ་འཆི་བ་ཞིབ་ཏུ་འབྲི་བ་ཡིན་ནོ།། སྙན་ངག་པ་པོའུ་ལོ་ཚི་ཅེས་འདི་སྐད་དུ། སྙན་ངག་གིས་འཆི་བའི་བྱ་འགུལ་འབྲི་བ་ཡིན་ནོ་ཞེས་སོ།། སྙན་ངག་པ་རེ་འགས་སྐད་ཆ་ལྟར་ན། སྐྱེས་པ་ནི་ནག་ཉེས་དང་། གསོན་པ་ནི་སྡུག་བསྔལ་ལོ།། འཆི་བ་ནི་དེ་ལྟ་བུའི་བྱེ་བྲག་གི་གསོན་ཉམས་ལྡན་པ་འབའ་ཞིག་ཏུ་ལགས་ན་འཆི་བ་ནི་རྨད་དུ་བྱུང་བའི་མཛེས་པ་དང་། སྐྱོ་བ། སྐྱོ་ཡང་བརྗིད་ཆགས་པ་བཅས་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་བའི་ཡུལ་ལྗོངས་ཤིག་ཡིན་ནོ།།

སྒྱུ་རྩལ་བས་རབ་ཏུ་ཤིན་ཏུ་འབད་ཅིང་འབུངས་ཏེ་རྒྱུན་ཆད་པ་མེད་པར་འཚོལ་ཞིབ་བྱ་ལ། ཆ་རྐྱེན་ཚད་མས་མ་དམིགས་པའི་ངང་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྒྱུ་རྩལ་ལས་རིགས་ཀྱི་ཆེད་དུ་བསྟབ་པ་ཡིན་ནོ།། སྒྱུ་རྩལ་བ་གཤའ་མ་ཞིག་ཡིན་ཚེ་སྒྱུ་རྩལ་འབའ་ཞིག་ལ་དབང་སྒྱུར་བའི་ནུས་ཕྱོད་གདའ་ཡང་རང་ཉིད་ཀྱི་ལས་དབང་བསྒྱུར་དུ་མི་བཏུབ་ཅིང་། ཚེ་སྲོག་དེ་ལས་ཀྱང་ངོ་།། སྙན་ངག་པ་ཞིག་ལ་མཚོན་ན་འཆི་བ་ནི་རྨེག་མེད་དུ་སོང་བ་དང་། དྲན་པས་སྟོར་བ་ཞིག་མ་ཡིན། དེ་ལས་ཀྱང་འཆི་བ་ནི་དུས་གཏན་དུ་གནས་ཐུབ་པ་ཞིག་དང་། སྙན་ངག་ནི་ཚེ་ཚེ་རབས་རབས་སུ་གནས་ངེས་པ་ཞིག་གོ།། རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རླབས་ཆེ་བའི་སྙན་ངག་གི་དོན་དུ་བསྟབ་པར་བྱ་བ་ནི་སྙན་ངག་པའི་སེམས་ཀྱི་མཐའ་མཇུག་གི་ཕུགས་རེ་ངོ་མ་དེ་ཡིན་ནོ།། འཚོ་བའི་ཁྲོད་ཀྱི“ཐ་མལ་བ”བ་སྟེ། ཟླ་མོ་དང་། གཞུང་ལས། གྲོགས་པོ་ལྟ་བུར་ཆ་བཞག་ན་ཚང་མ་སྐྱོ་བའི་སྙན་ངག་པའི་སྐྱོ་བའི་ཉེར་ལེན་དུ་རེད་སྐད། འཚོ་བའི་ཁྲོད་ཀྱི་ཨ་ཕ་དང་ཟ་མ་མོའི་ཟླ་བོར་གྱུར་པའི་སྙན་ངག་པ་ཡེ་ཏེས་ཀྱིས་འགན་འཁྲི་ཅི་ཡང་མེད་པའི་ཟོལ་གྱིས་ཤ་ལས་ཆད་པའི་མཚེ་མའི་བུས་པ་དང་བྲོ་འཚལ་བའི་ཟླ་མོ་རྦད་ཀྱིས་དོར་ནས་རང་སྲོག་བཅད་སོང་། དེ་ལྟ་ནའང་། སྙན་ངག་པ་གཤའ་མ་ཞིག་ཡིན་ན་འདི་ནི་ཆེས་རབ་དང་ཕུལ་གྱི་བདམས་ཀ་ཞིག་སྟེ། རང་སྲོག་རང་གཅོད་དང་། རང་ཉིད་ཀྱི་ལུས་ཕུང་ཆ་ཚང་ཡང་སྙན་ངག་གི་དུམ་བུ་རེ་རེ་ཡིན་པས་ཡོད་ཚད་སྒྱུ་རྩལ་གྱི་ཆེད་དུ་ཡིན་པས་སོ།།

གཉིས་པ། སྙན་ངག་པ་འཚོ་བ་དང་ཁོའི་ལུས་ཕུང་ལ་མི་དབང་སྟེ། དམར་ཧྲེང་གི་རྣམ་ཤེས་ཉག་གཅིག་ལ་དབང་བས་སོ།།

སྒྱུ་རྩལ་བའི་སེམས་ཀྱི་བརྩམས་ཆོས་ནི་རང་བྱུང་གི་སྟོབས་ཤུགས་ཤིག་སྟེ། ཁོའི་ལུས་སྟེང་ན་བདོག་པའི་རང་བྱུང་གཉུག་གནས་ཀྱི་གཏུམ་སྤྱོད་དེས་ཁོའི་དམིགས་ཡུལ་མངོན་གྱུར་བགྱི་ལ། ནམ་ཞར་དོགས་ཟོན་བགྱི་ཐབས་བྲལ་བའི་མངོན་གསལ་གྱི་འཆི་བ་དང་ལུས་པོ་དུམ་བུ་སྟོང་དུ་འགས་པའི་ཚོར་བ་སོགས་ཀྱང་བརྩམས་ཆོས་ཀྱི་ཚོར་བས་དངོས་སུ་ཟིན་ཐུབ་པ་ཞིག་རེད་སྐད་དོ།། དེ་ལྟ་ནའང་། རང་ཉིད་ཀྱི་བརྩེ་དུང་མི་བཟོད་པའི་བཟེ་རེ་བའི་སྒྱུ་རྩལ་བརྩམས་ཆོས་དག་ནི། ཕལ་ཆེར་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་མིན་ནོ།།

ཧེ་ཙི་མ་གཤེགས་སྔ་རོལ་ཏུ་ཆང་ཁང་ཞིག་གི་སྦྱིན་བདག་ལ་ཁོང་གིས་འདི་ལྟར་བསྙད་དེ། “ཁྱེད་ཀྱིས་བདག་ལ་མྱོས་བྱེད་སྟོབས་ཤིག་དང་། བདག་གིས་ཁྱེད་ལ་སྙན་ངག་གྱེར་བར་བྱའོ།།” དེ་ལྟ་ནའང་། ཆང་ཁང་སྦྱིན་བདག་གིས་འདི་སྐད་དུ། “བདག་གིས་ཁྱོད་ལ་མྱོས་བྱེད་བསྟབ་ཏུ་རུང་ངོ་།། དེ་ལྟ་ནའང་། འདི་ནས་སྙན་ངག་གྱེར་བར་མི་རིགས་སོ་ཞེས་སོ།།” སྙན་ངག་ཚེ་སྲོག་ཏུ་གྲུབ་པའི་ཧེ་ཙི་ལ་མཚོན་ནས་བཤད་ན་འདི་ནི་སྙན་ངག་ལ་དམེ་བོ་བཟོས་པ་ཡིན་པར་གདོན་མི་ཟ་བ་ཞིག་གོ།། སྙན་ངག་དང་འཚོ་བ། རྣམ་ཤེས་དང་བདེན་དོན་གྱི་འགལ་འདུའི་ཁྲོད་དུ་འཚོ་མཁན་གྱི་སྐྱེ་བོ་དག་དང་། གཞན་དུ་ན་རྣམ་ཤེས་ཁྲོད་ཀྱི་སྙན་ངག་པ་གང་ག་ནི་སྡུག་བསྔལ་བ་འབའ་ཞིག་རེད་དེ། འདི་ལྟ་བུའི་བཙོ་སྲེག་གི་ཁྲོད་དུ་རང་ཉིད་བརླགས་ཤིང་སྟོར་ལ་སླར་ཡང་རྙེད་པར་འགྱུར་བ་གཞར་ནས་མེད་དོ།། མཇུག་མཐའི་བརྩེ་བ་ཕྱིར་ལོག་པ་ནི་དེ་འདྲའི་དྭངས་གཙང་ཞིག་གོ། ཧེ་ཙིའི“གྲོ་ཞིང་”ནི་དེ་ལྟའི་བསྙད་དཀའ་བ་ཞིག་ཡིན་ནའང་། རབ་རིབ་ཀྱི་འཚོ་བ་དེས་ཧེ་ཙིའི་གཟུགས་ཕུང་ཡོད་ཚད་ལ་ཁྲག་དང་རྨ་ཡིས་ཁེངས་པ་བཟོས་སོང་ངོ་།།

ཆེས་ཐ་མར་ཧེ་ཙིས་སྙན་ངག་པའི་ན་བཟའ་རྦད་ཀྱིས་དོར་ནས་སྐྱོ་བའི་ཟློས་གར་གྱི་དཔའ་བོ་ཞིག་ཏུ་གྱུར་སོང་བ་ཡིན་ཏེ། ཧེ་ཙིས༼རླབས་ཆེ་བའི་སྙན་ངག༽ཁྲོད་དུ་འདི་ལྟར་བྲིས་ཡོད་དེ། རླབས་ཆེ་བའི་སྙན་ངག་ནི་བརྩེ་དུང་གི་སྙན་ངག་མ་ཡིན་ལ། བརྩེ་དུང་མཚོན་པའི་སྙན་ངག་ཀྱང་མིན། གདོད་མའི་རྒྱུ་ཆ་མཚོན་པའི་སྙན་ངག་དེ་བས་ཀྱང་ལྟ་ག་ལ་ཞིག་གོ། རླབས་ཆེ་བའི་སྙན་ངག་ནི་རྣམ་ཤེས་དམར་རྗེན་མ་རེ་རེའོ།།

གསུམ་པ། རང་སྲོག་རང་གཅོད་ནི་སྙན་ངག་པའི་ནོངས་པ་མིན་ནོ།།

སྐྱེ་བོ་ཀུན་ལ་རང་གཤིས་མི་འདྲ་བ་དགུ་ཞིག་གདའ་སྟེ། འདི་ལ“མིའི་རྣམ་པ་དགུ”ཞེས་འབོད། རང་གཤིས་གཅིག་ལའང་ལེགས་ཉེས་ཀྱི་ཆ་གཉིས་སུ་འདུ་བའི་ཕྱིར་ན་མི་ཚེ་འཐུས་སྒོ་ཚང་བ་ཞིག་གཞར་ནས་མེད་དོ།། མི་གཤིས་གང་འདྲ་ཞིག་ཡིན་ཡང་དེ་དག་གི་སྤུས་ཚད་ནི་ཚང་མ་ནི་ཕ་མའི་སྐྱེས་སྟོབས་ཀྱིས་བསྩལ་བའི་ལེགས་སྐྱེས་འབའ་ཞིག་གོ།། སྒྱུ་རྩལ་བའི་རང་གཤིས་ལ“སྐྱོ་སྣང་གི་འཆར་ཡན་རིང་ལུགས་པ”ཞེས་སུ་འབོད་དེ། སྐྱོ་ངལ། སེམས་གཅོང་། སེམས་སྡུག་ནི་ཁོ་ཚོའི་སྐྱེས་ཐོབ་ཀྱི་ཁྱད་ཆོས་རེད་པས་སུས་ཀྱང་བསྒྱུར་དུ་མི་བཏུབ་ནའང་། ལེགས་པའི་ཕྱོགས་སུ་སྤོ་བར་སྙོམ་སྒྲིག་དང་ཚོད་ལྟ་ཐུབ་པ་ཞིག་ཡིན་ནོ།།

མིའི་མི་ཚེ་ནི་ཆ་མི་ཚང་བའི་མི་ཚེ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཀྱང་མཚམས་ཆད་དུ་མེད་པའི་ཆད་པ་ཁ་གསབ་ཀྱི་ལོ་རྒྱུས་སོ།། སྙན་ངག་པའི་འཐུས་སྒོ་ཚང་བ་ནི་སྙན་ངག་འཚོལ་སྙེག་གི་འཐུས་སྒོ་ཚང་བ་རེད་ལ། འཐུས་སྒོ་ཚང་བའི་སྙན་ངག་འབའ་ཞིག་བདོག་པས། ད་གདོད་སྙན་ངག་པ་འཚོ་བའི་སྡུག་བསྔལ་ལས་བསྐྱབ་ཐུབ་པ་དང་། ཁེར་རྐྱང་གི་རྣམ་ཤེས་ལ་སེམས་གསོ་ཐོབ་སོང་བ་དེའོ།། འཐུས་སྒོ་ཚང་བའི་སྙན་ངག་གི་འཚོལ་སྙེག་ཉིད་ནི་འཚོ་བ་ལས་བརྒལ་བར་བྱེད་པ་དང་། ཚེ་སྲོག་སྒྲིབ་པར་བྱེད་པ་ཅན་གྱི་བདག་ཉིད་ཡིན་སྟབས་སྙན་ངག་པའི་རང་སྲོག་རང་གཅོད་ནི་འཐུས་སྒོ་ཚང་བའི་ནང་སེམས་ཀྱི་འཚོལ་སྙེག་ཡིན་ནོ།། ཁོ་ཚོར་མཚོན་ན་འཆི་བ་ནི་སྐྱོ་བའི་ཟློས་གར་ཞིག་མ་ཡིན་ཏེ། འདི་ནི་སྙན་ངག་པའི་ལས་དབང་ངམ་ཕུགས་རེ། ད་དུང་ལ་རྒྱའམ་གཟི་བརྗིད་ཀྱང་ཡིན་པས་སོ།།

སྙན་ངག་པས་མཚམས་ཆད་པ་མེད་པར་རང་སྲོག་བཅད་མྱོང་ལ། ད་དུང་མུ་མཐུད་ནས་གཅད་ངེས་པ་ཡིན་ནོ།། འཚོ་བའི་བརྙས་སྨོད་དང་སྤྱིར་བཏང་བའི་འཚོ་བ་འདི་འདྲ་ཞིག་ལས་ཁྱད་དུ་འཕགས་པའི་ངང་འཆི་བ་ནི་དོན་སྙིང་གདོས་སུ་ཆེ་བ་ཡོད་དོ།། རང་སྲོག་རང་གཅོད་ནི་སྙན་ངག་པར་མཚོན་ནས་བཤད་ན་བརྗིད་ཅིང་མཛེས་པའི་སྙན་ངག་གི་ལེའུ་ཞིག་རེད་ཨང་། དེ་ལྟ་ནའང་། ང་ཚོས་སྔར་བཞིན་སྐྱེ་བོའི་དབུགས་ཀྱི་རྒྱུ་བ་གཅོད་པའི“སྒྱུ་རྩལ་གྱི་བྱ་སྤྱོད”འདི་ལ་ཡིད་རྟོན་པ་མི་སྲིད་དེ། སྙན་ངག་པ་སྙན་ངག་ལ་མི་དབང་། འཚོ་བའི་ལས་སྐལ་ལ་དབང་། བུས་པ་ལ་དབང་། ཟླ་མོ་ལ་དབང་། གྲོགས་པོ་ལ་དབང་ཞེས་འཛེར་བས་སོ།། རང་སྲོག་རང་གཅོད་ལས་དབང་དུ་གྲུབ་པའི་དབང་དུ་བཏང་ན། སྐྱོ་སྣང་ནི་སྐྱེས་ཐོབ་ཀྱི་ཁྱད་ཆོས་རེད་པས་ང་ཚོས་ནམ་ཡང་བསྒྱུར་དུ་མི་བཏུབ་བོ།། དེ་ལྟ་ནའང་། འཚོ་ཞིང་གཞེས་པའི་སྙན་ངག་པ་དག་དང་། གཟིམས་ཁྲི་མཐའ་ཅན་དུ་བགྱིས་པ་སྙན་ངག་པ་དག ད་དུང་མཉམ་དུ་ལོངས་ཤོག་དང་། རླབས་ཆེ་བའི་སྙན་ངག་པ་ཕུའུ་ཤིའི་ཅིན་གྱི་སྙན་ངག་ཅིག་དབྱངས་སུ་འདྲེན་པར་བྱའོ།།

གལ་སྲིད་འཚོ་བས་ཁྱེད་ཉིད་བསླུ་བར་བྱ་ན

སྐྱོ་སྐྱོ་མ་བྱེད་ཅིག

ཁྲོ་བ་མ་མཛད་ཅིག

སྡུག་བསྔལ་གྱི་ཉི་མར་སེམས་ཀྱི་ཞི་བདེ་མཁོ

སྤྲོ་སྐྱིད་ཀྱི་དུས་ཚོད་རིང་མིན་བླ་ཐབས་སུ་བསླེབ་པར་ཡིད་རྟོན་མཛོད་ཅིག

༢༠༡༡། ༡། ༢༢། ལ་རང་མལ་དུ་བསྒྱུརད།

འགྱུར་རྩོམ།

Post navigation

Previous Post: གཞིས་ལུས་བོད་མི་ཞིག་གིས་མི་རིགས་ལ་བཅངས་པའི་ཆོད་སེམས།
Next Post: སྐུ་དྲག་བཀས་བཀོད་རྒྱུད་འཛིན་གྱི་ཉེས་ཞྭ་གཡོག་དགོས་དོན་ཅི།

Comments (4) on ““སྙན་ངག་པ”དང“རང་སྲོག་རང་གཅོད”རགས་གླེང་། (བོད་འགྱུར་མ)”

  1. ཚེ་བསམ། says:
    2011-01-24 at 4:43 am

    ཤིན་ཏུ་ལེགས།

  2. དཔལ་ལྡན says:
    2011-01-24 at 10:12 am

    རྟ་ཡི་ཆོལ་གའི་ནང་ནས།།
    རྟ་ནག་ཅིག་ཐོན་བྱུང་།།
    མི་ཡི་ཆོལ་ཁའི་ནང་ནས།།
    མི་ནག་ཅིག་ཐོན་ད།།

  3. གསང་གྲོལ། says:
    2011-01-24 at 1:24 pm

    རྟ་ནག་པའི་སྒྱུར་རྩོམ་བཀླགས་ཟིན།

  4. དེ་ཉིད་བསོད་རྒྱལ says:
    2011-01-25 at 1:12 am

    ིིའུ་ཚགང་གི་རང་གྲོལ་གྱི་་འཆི་རྐྱེན་“སྙན་ངག་པས་“རང་སྲོག་རང་གཅོད་བྱས་པ་ཡིན་ནམ་གཞན་ཞིག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme