Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་ལུས་བོད་མི་ཞིག་གིས་མི་རིགས་ལ་བཅངས་པའི་ཆོད་སེམས།

Posted on 2011-01-232011-01-23 By ཁ་བརྡ་ 4 Comments on གཞིས་ལུས་བོད་མི་ཞིག་གིས་མི་རིགས་ལ་བཅངས་པའི་ཆོད་སེམས།

ང་ནི་ནམ་རྒྱུན་བོད་མིའི་སྐྱིད་སྡུག་ལ་སེམས་ཁུར་བྱེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་དང་། རང་ནུས་གང་ཡོད་ཀྱིས་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་ཕྲན་བུ་ཙམ་སྒྲུབ་མྱོང་མཁན་ཞིག་ཀྱང་ཡིན། ཡིན་ནའང་། ཁ་སང་དེ་རིང་གི་བོད་ནང་གི་ན་གཞོན་ཤེས་ཡོན་ཅན་གཙོས་བོད་མི་ཡོངས་ཀྱི་སེམས་ཤུགས་དང་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བྱེད་སྟངས་སོགས་ལ་བལྟས་པ་ཡིན་ན། ང་ཚོ་ལ་རེ་བ་དང་། ང་ཚོས་ལོ་མང་རིང་དཀའ་ལས་རྒྱབ་པའི་ལས་དོན་ལ་རེ་འབྲས་ཡོད་པ་གདོན་མི་ཟ་སྙམ། རང་ཉིད་ཀྱི་བསམ་བློའི་སྟེང་ནས་བཤད་ནའང་མི་རིགས་ཀྱི་གནད་དོན་ངོ་ཤེས་པ་དང་རྒྱུས་ཡོན་ཐོབ་པ་ནས་བཟུང་། རང་གནས་སའི་ཁོར་ཡུག་ཆུང་ཆུང་དེ་ནས་ལས་དོན་ཕྲན་བུ་ཞིག་ནས་འགོ་བརྩམས་ཏེ། མི་རིགས་འདྲ་མཉམ་དང་། ཁེ་ཕན་རང་དབང་། དམངས་གཙོ། དད་མོས་རང་དབང་། སྨྲ་བརྗོད་རང་དབང་སོགས་ཀྱི་ཆེད་དུ་ཐེངས་མང་པོར་སྐད་འབོད་ཞུས་པ་ཡིན། ལྷག་པར་དུ་རང་གནས་སའི་ཁོར་ཡུག་ཆུང་ས་དེ་ནས་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་གི་རིན་ཐང་དེ་མང་ཚོགས་དཀྱུས་མ་རྣམས་ལ་ངོ་སྤྲོད་ཞིབ་རྒྱས་སུ་བཤད་ནས་མི་རིགས་ལ་བགས་ཆགས་ཟབ་མོ་འཐེབས་སུ་བཅུག་པ་ཡིན། དེ་འདྲའི་རྒྱུ་ཚོགས་ཆུང་ཆུང་སྒྲུབ་པའི་ཕན་འབྲས་ལའང་ཕ་ཡུལ་རེབ་གོང་ཡུལ་དུ་མི་རིགས་ཀྱི་ལས་དོན་ཆེད་མདོ་སྨད་ཡུལ་དུ་ཆེས་ཐོག་མའི་སྒྲོན་མེ་ཐེངས་མང་བསྒྲོན་མྱོང་། དེ་དང་ཕྱོགས་མཚུངས་སུ་བོད་ཡུལ་དུ་མི་རིགས་ཀྱི་ལས་དོན་ཆེད་སེམས་ཁུར་དང་ཕྱག་ལས་གནང་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། དཔེར་ན། དྲ་ལམ་དང་། དུས་དེབ། བོད་མི་རེ་ཟུང་གི་མི་ཚེ་ལོ་རྒྱུས་ཁག་ཏུ་མངོན་ལྐོག་མེད་པར་བོད་མིའི་གནས་ཚུལ་གསལ་བོ་བརྗོད་ཐུབ་པའི་སྙིང་སྟོབས་ཆགས་ཡོད། རྒྱུ་མཚན་དེའི་ཕྱིར། ང་ཚོ་ཡིད་མ་ཆད་ན། ང་ཚོ་ལ་རེ་བ་ཡོད། ཡིན་ནའང་། རྒྱལ་ཁབ་དང་། མི་རིགས། མི་སྒེར་གཞན། ད་དུང་དཀོན་མཆོག་མཁྱེན། རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་པའི་རེ་བ་གང་ཡོད་གཞན་ལ་མ་བཅོལ་བར་རང་སྟེང་ནས་ཁ་ཡོད་ལག་ཡོད་ཀྱིས་ལས་དོན་སྒྲུབ་རྒྱུ་གལ་ཆེ་སྙམ། རེ་བ་ཆེ་ཤས་ཞིག་ཡོད་པ་ནི། རྒྱལ་ཁབ་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་རྣམས་ཀྱིས་མི་རིགས་སྤྱིའི་ལས་དོན་ཐད་ནས་འབྲེལ་ལམ་གནང་རྒྱུ། དཔེར་ན། རྒྱལ་སྤྱིའི་རང་དབང་དྲ་ལམ་སྟེང་ནས་བོད་ཕྱི་ནང་གཉིས་ཀའི་ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་མི་རིགས་ལ་བཅངས་པའི་ལྟ་ཚུལ་ཐོག་ནས་བགྲོ་གླེང་གནང་རྒྱུ་དང་། དེ་འདྲ་བའི་རྒྱུ་ཚོགས་གཤིན་པོའི་སྟེང་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་དཔལ་འབྱོར་དང་། ཁྲིམས་ལུགས། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། ཆབ་སྲིད་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་སའི་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་རྒྱུ་ཁ་སང་དེ་རིང་གི་དུས་འདིར་ཧ་ཅང་གི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། གཙོ་བོ་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་བོད་མི་རྣམས་ཀྱིས་རང་ཉིད་ལ་འོས་པའི་ལས་དོན་མ་འཕྱུག་པའི་སྒོ་ནས་གོམ་པ་ཆུང་བགྲོད་བྱས་ཚེ། ང་ཚོ་ལ་བདེན་མཐའ་སེལ་བའི་སྐལ་བཟང་གི་ཉི་མོ་ཞིག་འཆར་བར་ཡིད་ཆེས་བརྟན་པོ་ཡོད། ང་ཚོ་ཚང་མ་དགའ་འོས་པའི་རླབས་ཆེན་གྱི་གཏམ་བཟང་ཞིག་ཡོད་པ་ནི་ལོ་རེ་ནས་ལོ་རེར་བཞིན་བོད་མི་རྣམས་ཀྱིས་མི་རིགས་ལ་བཅངས་པའི་གོ་རྟོགས་སད་ཡོད་པ་དང་། དེ་འདྲ་བའི་རྟེན་འབྲེལ་བཟང་བོའི་ཆོས་ཉིད་ལས་ང་ཚོ་ལ་རེ་བ་ཆེན་པོ་ཡོད། ཡིད་མ་ཆད། སྙིང་སྟོབས་བསྐྱེད་ཅིག

ཞེས་ཨ་མདོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འཚོ་བ་རོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་ནས།
སྤྱི་ལོ་༢༠༡༡ལོའི་ཟླ་༡བའི་ཚེས་༢༣ཉིན་གུས་ཕུལ།

འཕྲིན་ཡིག

Post navigation

Previous Post: གོང་ས་མཆོག་གི་བགྲེས་ཡོལ།
Next Post: “སྙན་ངག་པ”དང“རང་སྲོག་རང་གཅོད”རགས་གླེང་། (བོད་འགྱུར་མ)

Comments (4) on “གཞིས་ལུས་བོད་མི་ཞིག་གིས་མི་རིགས་ལ་བཅངས་པའི་ཆོད་སེམས།”

  1. ལ་རྒྱའི་བདག་པོ། says:
    2011-01-23 at 9:50 pm

    གཞིས་ལུས་བོད་མིའི་
    སྙིང་སྟོབས་དང།
    ་སེམས་ཤུགས།
    ལྷག་བསམ།
    ཆོད་སེམས།
    སྤོབས་པ།
    ལ་རྒྱ།
    ཆིག་སྒྲིལ།
    དུང་གཞེན་བཅས་ལ་བསམས་ན་དངོས་གནས་ང་ཚོ་ངོ་གནོངས་དགོས་པ་ཞིག་འདུག
    ང་ཚོས་ད་ནས་བཟུང་དང།་དེ་རིང་བཟུང།ད་ལྟ་བཟུང་རིག་པ་དང་གསལ་གྱིས་གཞིས་བོད་མིར་དོན་དམ་པའི་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་རེད།་་

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2011-01-23 at 11:18 pm

    ཁོང་གི་ཆོད་སེམས་འདི་སྙིང་གཏམ་ཞིག་གི་ཚུལ་དུ་སེམས་ལ་ཉར་ནས་ང་ཚོས་ཀྱང་རང་རང་ས་ནས་མི་སྒེར་རེ་རེ་ངོས་ནས་མི་རིགས་ཀྱི་ད་ལྟ་དང་མ་འོངས་བར་ཕན་པའི་བྱ་གཞག་རེ་རྩོམ་རྒྱུ་གལ་ཆེན་པོ་རེད།

  3. དཔལྡན་རྡོ་རྗེ། says:
    2011-01-24 at 12:03 pm

    གཞིས་ཡོད་བོད་རིག་སྤུན་ཟླ་རྣམས་ཀྱི་མཛད་རྗེས་ལ་མངོན་པར་བསྟོད།

  4. ཨུ་པ། says:
    2011-01-24 at 1:32 pm

    བོད་གངས་ཅན་ལྗོངས་ཀྱི་གཞིས་ལུས་པ་ལགས། ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ཞུམ་མེད། བོད་མི་རིགས་ལ་ཅང་བའི་གདུང་སེམས། ཁྱེད་རྣམས་ནི་དུས་ཀྱི་འཔའ་བོ་འཔའ་མོ་ཡིན་ལ་རེ་བ་དང་ཕུག་བསམས་ཡིན། སྐྱབས་མགོན་ནས་དུས་ནམ་ཡང་ཁྱེད་གཟིག་པར་ཤོགས།
    བཀྲིས་བདེ་ལེགས་ཤོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme