Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན་བཅུ་བ།

Posted on 2011-01-21 By དབང་ཕྱུག་ 12 Comments on གློག་ལམ་གྱི་བརྩེ་འཕྲིན་བཅུ་བ།

20ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།
ངའི་སེམས་ནང་ལྷུན་ཆགས་སུ་ཕེབས་པའི་བརྩེ་བའི་ཡིག་འབྲེལ་བ་ལགས།ཁྱེད་ཀྱི་སྤྲོ་སེམས་འཕེལ་བའི་འཆར་སྒོ་དང་།གཏིང་མཐའ་ཟབ་པའི་ཡིག་འབྲུ་དག་ནི་ཁ་བའི་འཁྱགས་ཀློང་ཆགས་པའི་དགུན་དུས་འདིའི་ཉི་འོད་ལས་ཀྱང་དྲོད་ཆེ་བས།ཕན་སེམས་དང་གཤིས་རྒྱུད་བཟང་པའི་སློབ་སྟོན་པ་ཁྱེད་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།
ངས་རང་ཉིད་ལ་ཡོད་ཆོག་པའི་ལས་སྐལ་བཟང་པོ་འདིར་ཡིད་སྨོན་བྱེད་བཞིན་ནམ་ཞིག་ན་རང་གི་རྨི་ལམ་གྱི་དག་ཞིང་འདིར་དངོས་མཇལ་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད།
བརྩེ་བའི་ཡིག་འབྲེལ་བ་ལགས།དེ་རིང་གནམ་གཤིས་གང་འདྲ་འདུག་་ཚོར་བ་གང་འདྲ་འདུག་་ཁྱེད་ཀྱི་ཉིན་མོ་དག་བག་ཕེབས་དང་སྤྲོ་སྐྱིད་ཀྱི་རང་བཞིན་ཡིན་ནམ།
སྟབས་ཉེས་པ་ཞིག་ནི།བརྡ་འཕྲིན་གྱི་བརྒྱུད་ལམ་སྤྱད་ནས་ངས་ཁྱེད་རང་ཅི་ཙམ་བསྔོག་འདོན་བྱས་ནའང་ཐུན་མོང་བའི་གནས་ཚུལ་དང་མཛའ་འབྲེལ་ཙམ་ལས་ངས་དམིགས་དབེན་གྱི་ནོར་བུ་དེ་ད་དུང་རྒྱུས་ལོན་མ་ཐུབ།
བརྩེ་བའི་ཡིག་འབྲེལ་བ་ལགས།ངས་ཁྱོད་ལ་ཕུལ་བའི་བསླད་མེད་ཀྱི་བརྩེ་དུང་འདི་ཅི་ཞིག་རེད།ཕྱི་ནང་མེད་པར་བཤད་པའི་ངའི་སེམས་གཏིང་གི་སྐད་ཆ་དག་ཅི་རེད།
ངས་ཁྱོད་ལ་ཁ་པར་ཨང་གྲངས་ཤིག་སྤྲད་རྒྱུའི་རེ་བ་བྱས་པ་ཡིན།ཁྱེད་ཀྱིས་ངའི་སྐད་གོ་འདོད་མེད་པ་རེད་དམ།
ང་ཡིས་རྒྱ་མཚོ་བརྡོལ་བ་ལྟ་བུའི་སེམས་གཏམ་འདི་དག་ཁྱེད་ལ་ངེས་པར་བཤད་དགོས།ཁྱོད་ཀྱིས་ང་ཡི་བརྩེ་བ་དང་ལེན་བྱེད་འདོད་མེད་ཀྱང་བློ་ཕམ་མེད།གནམ་འོག་གི་བདེན་པ་དང་།གནམ་འོག་གི་བརྩེ་བའི་རིན་ཐང་འདི་དག་ངས་ལྷ་ཆེན་དང་དཀོན་མཆོག་ཚོར་ཤེས་སུ་འཇུག་ན་འདོད།ཁོ་ཚོའང་གོ་མེད་ཚོར་མེད་ཀྱི་བཏང་སྙོམས་པ་རྐྱང་རྐྱང་ཡིན་ན།འཇིག་རྟེན་འདིའི་སྟེང་གི་དཀོན་མཆོག་དང་།འཇིག་རྟེན་འདིའི་སྟེང་གི་སྙིང་རྗེ།འཇིག་རྟེན་འདིའི་སྟེང་གི་ལས་དབང་ཚང་མ་སྟོང་སོང་བ་མིན་ནམ།ཉིན་མོ་དེ་ནས་ངས་འཇིག་རྟེན་ལ་སྐྱབས་བཅོལ་སའི་དམིགས་འདུན་ཞིག་མེད་སོང་བ་མིན་ནམ།
དོན་ངོ་མ་བརྩེ་བ་ཟེར་ན་ག་རེ་རེད།ཆ་སྙོམས་མིན་པའི་མི་ཚོར་འགྲེལ་བཤད་ཅི་ལྟར་རྒྱག་དགོས་སམ།དཀོན་མཆོག་གིས་སེམས་ཅན་ཐུན་མོང་ལ་གཟིགས་པའི་གནས་ལུགས་དེ་བདེན་ན།དཀོན་མཆོག་གི་རྗེས་འབྲངས་བ་ཚོས་གཞན་གྱི་བརྩེ་བ་དང་ལེན་བྱེད་མི་ཤེས་དོན་ཅི་རེད།འདི་ཡང་ལས་དབང་རེད་དམ།
མདང་དགོང་ཡང་ཚོར་བ་རྐྱེན་པོ་ཞིག་གིས་ངས་རང་གི་སྒེའུ་ཁུང་ལས་སྐད་ཅོར་བརྒྱབ་པ་ཡིན།ཁ་བའི་རྡུལ་ཕྲན་ཆགས་པའི་ཤིང་སྡོང་རིང་པོ་ཚོས་གྲང་རེག་གི་ན་ཟུག་བསྒོམ་བཞིན་མགོ་ལྕོག་ལྡེམ་ལྡེམ་བྱེད།རྣམ་ཤེས་མེད་པ་ཚོ་འགུལ་སྟངས་ཤིག་གིས་ངས་རང་གི་སེམས་པ་འདི་ཉིད་འཆི་རུ་འཇུག་མི་ཉན་པའི་ངེས་ཟིན་ཐོབ་སོང་།དགོང་དྲོ་རེ་རེ་དང་།ཞོགས་པ་རེ་རེར།ངས་རང་གི་སེམས་པ་འདི་ངུ་རུ་འཇུག་དགོས།སེམས་ལྡན་ཚོའི་གོ་ས་ནས་ངུ་རུ་འཇུག་དགོས།ངས་རང་ཉིད་བྲག་རྡོ་མིན་པའི་གནས་ལུགས་འདི་གསལ་བཤད་བྱེད་ན་འདོད།ངས་རང་ཉིད་ཀྱི་མིག་ཆུ་ལ་ན་ཟུག་ཡོད་པའི་རྨི་ལམ་གྱི་འཕག་འཚག་འདི་ཤེས་སུ་འཇུག་ན་འདོད།
ཁྱེད་ཀྱིས་ང་ལ་སྲིང་ཆུང་མ་ཞེས་འབོད་འདོད་ཡོད་ཟེར།ཁྱེད་ཀྱིས་ཅི་ལྟར་བོས་ཀྱང་འགྲིག་་གནམ་འོག་གི་གདོན་མོ་ཞེས་བོས་ཀྱང་འགྲིག་་ངའི་སེམས་པ་འདི་འགུལ་ཤུགས་ཅན་གྱི་ཚོར་བ་ཞིག་ཡིན་པ་མ་བརྗེད།ང་ཡིས་ཡོ་ར་གཉིས་པ་ཞིག་གི་མནར་གཅོད་མི་ཐེག་པ་མ་བརྗེད།
ང་ད་དུང་བརྩེ་བའི་ཕྱུག་ཡོད།ང་ད་དུང་ཡིད་ཆེས་ཀྱིས་ཁེངས་ཡོད།ངས་དྲང་བདེན་གྱི་བརྩེ་བའི་འབོད་སྒྲ་འདི་མུ་མཐུད་བསྒྲགས་རྒྱུ་ཡིན།
ཁྱེད་ཀྱི་ཏ་ཏའི་ཡ་ན་ནས།

འགྱུར་རྩོམ།

Post navigation

Previous Post: བཅོམ་ལྡན་འདས་དང་ང་ཚོ།
Next Post: མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཕྱིར་མིག་བལྟ་བ།༼༢༽

Comments (12) on “གློག་ལམ་གྱི་བརྩེ་འཕྲིན་བཅུ་བ།”

  1. ཚྭ་སྒང་ཕོ་ཉ། says:
    2011-01-21 at 7:18 am

    གྲོགས་པོ་ཁྱོད་ཀྱིས་བུ་མོ་དེ་ལ་མནར་བཅོད་དེ་འདྲ་གཏང་མི་ཉན་ཡ། བུ་མོ་དེས་བློ་གཅིག་སེམས་གཅིག་ཡིན་པ་འདྲ།

  2. རྒྱ་གྲམ་དམར་པོ་ says:
    2011-01-21 at 7:47 am

    ད་ཡིན་ན་ཅི་བྱེད་མོ་རང་ནི་ལྷད་མེད་བརྩེ་གདུང་རེད་ཁོ་ནི་དབྱིན་ཡིག་ཡར་རྒྱས་ཆེད་དུ་རེད་། ད་སྙིང་རྗེ་བོུ་དེ་་་་་་་་་་་་་་།

  3. ཇིང་སྲས་མིག་གསུམ་པ། says:
    2011-01-21 at 11:34 am

    བཀླགས་ཟིན་གྲོགས་པོ་མུ་མཐུད་དུ་་་།

  4. ཚོགས་ཆེན་ says:
    2011-01-21 at 11:40 am

    རྙིང་རྗེ་་ད་དུང་ལན་གསལ་པོ་མ་འདེབས་པ་དེ་ངོ་མ་ཁྲེལ་མེད་རང་རེད།

  5. ཚོགས་ཆེན་ says:
    2011-01-21 at 11:53 am

    ཀུན་དགའ་ལགས་ཀྱིས་ཞེ་དྲག་སྙན་པོ་བསྒྱུར་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ངོས་ཀྱི་བསམ་པར་བུ་མོ་ཏ་ཏས་ཡ་ནི་ཡོད་ཚད་བློས་བཏང་གིས་རང་སེམས་སོང་མི་དེ། །གཏན་གྱི་མདུན་མར་བྱུང་ན། རྒྱ་མཚོའི་ནང་ནས་ནོར་བུ། །ལེན་པ་དེ་དང་འདྲ་བྱུང་། ཞེས་གསུངས་པ་ལྟར་དང་། ཡིག་འབྲེལ་བ་ཁོ་པ་ནི་དེ་ལས་ལྡོག་ཏེ་བཟའ་མི་བུ་ཕྲུག་ཡོད་མཁན་ཁ་ཞེ་མི་མཚུངས་མཁན་ལས་མེད་ཉི་མ་གང་འཁྱོལ་བྱེད་མཁན་ངོ་མ་ཁྲེལ་མེད་རང་རེད།

  6. རྒྱ་གར་རྨ་བྱ། says:
    2011-01-22 at 1:06 am

    གློག་ལམ་གྱི་བརྩེ་འཕྲིན་འདིའི་སྙན་ངག་གི་མ་རྩ་༌༌༌༌༌༌༌༌བོུ་ཏ་ཏོར་དམིགས་བསལ་གྱི་ཁྱད་ཆོས་གང་ཞིག་མངོན་བཞིན་པ་ནི། བརྩེ་འཕྲིན་དང་ཐོག་གི་མཆན་བུ་དང་པོར་བཀོད་པའི་ངའི་མཐོང་སྣང་དང་སེམས་འཚོར་དེ་ད་དུང་ཡང་མི་བརྗེད་མ་ཡལ་མ་འབྲལ་བ་ཞིག་འདུག དེ་ནི། བུ་མོ་འདི་ལ་བོད་པའི་གོམས་གཤིས་དང་འབྲེལ་བ་༌༌༌༌༌༌༌རང་ལས་གཞན་པར་བགོ་འདོད་པ་དང་། སྟེར་སྤྲོ་བའི་རང་སེམས་དྲང་མོར་བཤད་པ་འདི་ལ་ང་རང་སེམས་པ་ཤོར་སོང་། ཡིག་གེར་བྲིས་ཚད་འདི་དག་ཀྱང་། མོ་རང་གི་སེམས་གཤིས་ངོ་མ་ལས་ཀུན་དགས་སྨན་སྣ་བཏབ་པ་ཞིག་ལའང་ངོས་འཛིན་བྱས་ཀྱི་མེད། ཡག་པོ་འདུག འཇིག་རྟེན་འདི་ནང་བློས་བཏང་གི་བརྩེ་བས་ཕོངས་པ་ལས། ཆགས་སྲེད་ཀྱི་བརྩེ་བས་མ་ཕོངས་པ་དེ་ཡིན། དེས་ན། ཁྱེད་ཀྱི་གོམས་གཤིས་འདི་འདྲ་བའི་དགོས་མཁོ་ཤིན་ཏུ་ཆེན་པོ་འདུག་པས། མུ་མཐུད་བྲིས་དང་ཡག་པོ་འདུག ཚེ་རིང་། བླ་མས་སྐྱོབས།

  7. ཨུ་པ་ says:
    2011-01-22 at 1:09 pm

    གནམ་འོག་གི་བདེན་པ་དང་། གནམ་འོག་གི་བརྩེ་བའི་རིན་ཐང་འདི་དག། ངས་ལྷ་ཆེན་དང་དཀོན་མཆོག་ཚོར་ཤེས་སུ་འཇུག་ན་འདོད། ཁོ་ཚོའང་གོ་མེད་ཚོར་མེད་ཀྱི་བཏང་སྙོམས་པ་རྐྱང་རྐྱང་ཡིན་ན། འཇིག་རྟེན་འདིའི་སྟེང་གི་དཀོན་མཆོག་དང་། འཇིག་རྟེན་འདིའི་སྟེང་གི་སྙིང་རྗེ། འཇིག་རྟེན་འདིའི་སྟེང་གི་ལས་དབང་ཚང་མ་སྟོང་སོང་བ་མིན་ནམ། ཉིན་མོ་དེ་ནས་ངས་འཇིག་རྟེན་ལ་སྐྱབས་བཅོལ་སའི་དམིགས་འདུན་ཞིག་མེད་སོང་བ་མིན་ནམ། འདི་ལ་བཏས་པ་ཡིན་ན་བུ་མོ་ཏ་ཏས་ཡ་ནི། ལྷད་མེད་པའི་བརྩེ་དུང་གྱི་མདམ་ལ་ཟུག་ག། ད་རྙིང་རྗེ་ད་དུང་ལན་གསལ་པོ་མ་འདེབས། ཡིན་ན་ཡང་། གལ་སྲིད་དཀུན་དགའ་ལགས་གྲ་པ་ཡིན་ན། ཐུགས་ཁག་མེད་བརྩེ་དུང་སྐོར་ལ་རྒྱུས་ཞན་པོ་ཡིན་ཙང་།

    ངའི་སེམས་པ་འདི་འགུལ་ཤུགས་ཅན་གྱི་ཚོར་བ་ཞིག་ཡིན་པ་མ་བརྗེད། ངས་རང་ཉིད་བྲག་རྡོ་མིན་པའི་གནས་ལུགས་འདི་གསལ་བཤད་བྱེད་ན་འདོད། ཉིན་བདའ་བཏང་འདུག་ག།

  8. མཐོང་གྲོལ། says:
    2011-01-22 at 1:12 pm

    ཡིག་འབྲེལ་བ་དེ་ལ་བོུ་དེ་དགོས་གི་མེད་ན་ངའི་ཡིག་ཟམ་ཁ་བྱང་དེ་མོ་ལ་སྤྲོད་རོགས་ང་རང་ལ་ཆ་བཞག་ན་རྣམ་པ་ཡང་འགྲིག་ཙམ་ཡོད་གཟུགས་པོ་རིང་པོ་ཡོད་སེམས་པ་ཡང་ཡག་ཐག་ཆོད་ཡོད་ལས་ཀ་ཧུར་པོ་ཡོད་བརྩེ་གདུང་ནི་དང་གཙང་ཆུ་ནང་བཞིན་ཡིན།ཧཧཧཧ རྩེད་མོ་ཡིན།

  9. མཐོང་གྲོལ། says:
    2011-01-22 at 1:14 pm

    ཀུན་དགའ་ལགས་ཡག་པོ་འདུག་མུ་འཐུད་ཡིན་ད་་་་་་་་།

  10. དབུ་རྩེ་ says:
    2011-01-23 at 10:04 am

    ཁྱོད་ཀྱི་ཡིག་སྒྱུར་དེ་བཟང་གི་ཡ། ཀློག་ཉན་འདོད་པོ་ཞིག་རེད་ཨ། འདི་ཡང་ཁ་བརྡ་ཚང་གི་བསོད་ནམས་ཤིག་རེད་ཡ།

  11. མིག says:
    2011-01-30 at 4:50 am

    ཀུན་དགའ་ལགས་ ད་ཁྱེད་ཀྱིས་མི་བསྒྱུར་བ་ཅི་ཡིན།
    ངས་ཁྱེད་ཀྱིས་བྶྒྱུར་བའི་བུ་མོ་ཏ་ཏའི་ཡ་ནའི་བརྩེ་འཕྲིན་ཧ་ཅང་གློག་འདོད་ཡོད་པས་མུ་མཐུད་དུ་འགོད་རོགས་ཞུ།

  12. ཚེ་རིང་། says:
    2011-02-04 at 11:38 am

    དངོས་གནས་དྲང་གནས་བུ་མོ་ཏ་ཏའི་ཡ་ནའི་བརྩེ་འཕྲིན་ཀློག་འདོད་ཡོད་ཀི ཀུན་དགའ་ལགས་མུ་མཐུད་དུ་བསྒྱུར་རོགས། ངས་སྨྱུག་གྲོགས་ཚོའི་ཚབ་བྱས་ཏེ་ཁྱེད་ལ་ཞུ་བ་ཐེངས་གཅིག་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme